༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་དབུ་འབྱེད་སྨོན་ལམ་གསུངས་པ། Posted on 2014-03-062014-03-06 By ཁ་བརྡ་ 10 Comments on ༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་དབུ་འབྱེད་སྨོན་ལམ་གསུངས་པ། གློག་བརྙན་།, གསར་འགྱུར།
ད་ལྟ་དགྱ་གཞུང་གིས་འཐུས་མི་ཚོགས་ཆེན་ཟེར་བ་སྐོང་འཚོགས་བྱེད་བཞིན་པའི་སྐབས་སུ། ཨ་རིས་༧གོང་ས་མཆོག་གྲོས་ཚོགས་གོང་མའི་སྒོ་འབྱེད་ལ་ཆེད་དུ་གདན་འདྲེན་ཞུས་པ་ནི་ཇི་འདྲའི་དུས་ཚོད་ཡག་ཤོས་ཤིག་རེད་ཨང་། ཨ་རི་ཚང་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།
བསིལ་ལྡན་ལྗོངས་འདིའི་ཕན་བདེ་མ་ལུས་པ།། གང་ལས་འབྱུང་བ་བསམ་འཕེལ་ཡིད་བཞིན་ནོར།། ༧རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཡི།། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།
ཨ་རིའི་གྲོས་ཚོགས་གོང་འོག་ནས་༸གོང་ས་ཡིད་བཞིན་ནོར་བའི་སྐུའི་མཛད་འཕྲིན་གསུམ་ལས་དང་པོ་ཆོས་ལུགས་མཐུན་སྒྲིལ་ལ་རྒྱབ་སྐྱོར་དང་། གང་གི་དགོངས་ཕྱོགས་ལ་ཆེ་བསྟོད་ཞུས་པ་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ།
མགོན་སྐྱབ་དཔུང་གཉེན། གངས་ཅན་མི་རིགས་ཡོངས་ཀྱི་མགོན། ། ཉམས་ཆུང་མི་རིགས་ཡོངས་ཀྱི་སྐྱབས། ། ལས་ཟད་སེམས་ཅན་ཡོངས་ཀྱི་དཔུང་། ། ཛམ་གླིང་ཆེ་རྒུ་ཡོངས་ཀྱི་གཉེན། །
སྐུ་གསུང་ཐུགས་ཁྱབ། སྤྱན་རས་གཟིགས་དབང་མི་ཡི་གཟུགས། ། ལྷ་མོ་དོན་གྲུབ་གཞོན་ནུའི་མཚན། ། བསྟན་འཛིན་རྒྱ་མཚོས་ནང་བསྟན་འཛིན། ། ཏྰ་ལའི་བླ་མ་ཀུན་ཁྱབ་མཛེས། །
སྐུ་གསུང་ཐུགས་བརྟན། ལྷ་མོས་ལུང་བསྟན་དོན་གྲུབ་འཁྲུངས། ། མདོ་སྔགས་ཟུང་འབྲེལ་ཁྱེད་ཀྱི་གསུང་། ། བྱམས་དང་བརྩེ་བས་ཀུན་མཁྱེན་ཐུགས། ། ༸སྐུ་ཚེ་བརྒྱ་དང་བཅུ་གསུམ་བརྟན། །
གངས་རི་རྭ་བས་བསྐོར་བའི་་་་་་ གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ། ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གྱུར་ཅིག ། གོ་ལ་ཟླུམ་པོ་ཡོངས་ཀྱི་་་་་ གོ་ལ་ཟླུམ་པོ་ཡོངས་ཀྱི་ཞིང་ཁམས་སུ། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ། ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གྱུར་ཅིག །
ཚད་མེད་བཞི་ལྡན། བསྟན་དགྲ་ལའང་འཁོན་དུ་མི་འཛིན་བདེ་བར་སྨོན་ཤིང་ཐུགས་དཀྱིལ་བྱམས།། ཉམས་ཆུང་ལུས་ཅན་སུ་ལའང་མི་དོར་སྡུག་ཀུན་རྩད་བྲལ་སྤྱོད་པར་མཛེས།། མདོར་ན་དགྲ་གཉེན་ཀུན་ལའང་ཁྱད་པར་དབེན་ཅིང་བཏང་སྙོམས་ཆེན་པོ་སྟེ།། དུས་རབ་འདིའི་གོ་ལའི་ཟླུམ་པོར་དགྱེས་ཞལ་འཛུམ་པའི་ཁོ་ནར་ཅན།།
གངས་ཅན་འགྲོ་བའི་སྐྱབས་མགོན་དམ་པའི་མཛད་འཕྲིན་འོད་སྟོང་རྒྱས་པར་དགའ་བསུ་ཞུ།དགྲ་བོ་རྒྱ་དམར་གྱི་སྙིང་རྩ་འདར་ངེས་རེད།
༧གོང་ས་མཆོག་གིས་མཛད་འཕྲིན་འདི་ལྟ་བུ་རྒྱས་དགོས་དོན་ནི་སྤྱིར་འཛམ་གླིང་ཞི་བདེ་དང་ཡང་སྒོས་བོད་མི་རིགས་ཀྱི་ལས་དབང་ལ་ཆེད་ཡིན་སྟབས། ༧གོང་ས་མཆོག་སྐུ་ཚེ་སྲིད་མཐའི་བར་བརྟན་པའི་སྨོན་འདུན་གྲངས་མེད་ཞུ། དེ་དང་ལྷན་ང་ཚོས་ཀྱང་༧གོང་ས་མཆོག་སྐྱབས་སུ་མཆི་ཞེས་པའི་ཚིག་དེ་ཙམ་བཞག་པར་ཁོང་གིས་བཀའ་སློབ་གང་ཞིག་གནང་ཡོད་པ་དེ་དག་སྒྲུབ་ཐབས་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད།
ད་ལྟ་དགྱ་གཞུང་གིས་འཐུས་མི་ཚོགས་ཆེན་ཟེར་བ་སྐོང་འཚོགས་བྱེད་བཞིན་པའི་སྐབས་སུ། ཨ་རིས་༧གོང་ས་མཆོག་གྲོས་ཚོགས་གོང་མའི་སྒོ་འབྱེད་ལ་ཆེད་དུ་གདན་འདྲེན་ཞུས་པ་ནི་ཇི་འདྲའི་དུས་ཚོད་ཡག་ཤོས་ཤིག་རེད་ཨང་། ཨ་རི་ཚང་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།
བསིལ་ལྡན་ལྗོངས་འདིའི་ཕན་བདེ་མ་ལུས་པ།།
གང་ལས་འབྱུང་བ་བསམ་འཕེལ་ཡིད་བཞིན་ནོར།།
༧རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཡི།།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།
ཨ་རིའི་གྲོས་ཚོགས་གོང་འོག་ནས་༸གོང་ས་ཡིད་བཞིན་ནོར་བའི་སྐུའི་མཛད་འཕྲིན་གསུམ་ལས་དང་པོ་ཆོས་ལུགས་མཐུན་སྒྲིལ་ལ་རྒྱབ་སྐྱོར་དང་། གང་གི་དགོངས་ཕྱོགས་ལ་ཆེ་བསྟོད་ཞུས་པ་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ།
མགོན་སྐྱབ་དཔུང་གཉེན།
གངས་ཅན་མི་རིགས་ཡོངས་ཀྱི་མགོན། །
ཉམས་ཆུང་མི་རིགས་ཡོངས་ཀྱི་སྐྱབས། །
ལས་ཟད་སེམས་ཅན་ཡོངས་ཀྱི་དཔུང་། །
ཛམ་གླིང་ཆེ་རྒུ་ཡོངས་ཀྱི་གཉེན། །
སྐུ་གསུང་ཐུགས་ཁྱབ།
སྤྱན་རས་གཟིགས་དབང་མི་ཡི་གཟུགས། །
ལྷ་མོ་དོན་གྲུབ་གཞོན་ནུའི་མཚན། །
བསྟན་འཛིན་རྒྱ་མཚོས་ནང་བསྟན་འཛིན། །
ཏྰ་ལའི་བླ་མ་ཀུན་ཁྱབ་མཛེས། །
སྐུ་གསུང་ཐུགས་བརྟན།
ལྷ་མོས་ལུང་བསྟན་དོན་གྲུབ་འཁྲུངས། །
མདོ་སྔགས་ཟུང་འབྲེལ་ཁྱེད་ཀྱི་གསུང་། །
བྱམས་དང་བརྩེ་བས་ཀུན་མཁྱེན་ཐུགས། །
༸སྐུ་ཚེ་བརྒྱ་དང་བཅུ་གསུམ་བརྟན། །
གངས་རི་རྭ་བས་བསྐོར་བའི་་་་་་
གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གྱུར་ཅིག །
གོ་ལ་ཟླུམ་པོ་ཡོངས་ཀྱི་་་་་
གོ་ལ་ཟླུམ་པོ་ཡོངས་ཀྱི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གྱུར་ཅིག །
ཚད་མེད་བཞི་ལྡན།
བསྟན་དགྲ་ལའང་འཁོན་དུ་མི་འཛིན་བདེ་བར་སྨོན་ཤིང་ཐུགས་དཀྱིལ་བྱམས།།
ཉམས་ཆུང་ལུས་ཅན་སུ་ལའང་མི་དོར་སྡུག་ཀུན་རྩད་བྲལ་སྤྱོད་པར་མཛེས།།
མདོར་ན་དགྲ་གཉེན་ཀུན་ལའང་ཁྱད་པར་དབེན་ཅིང་བཏང་སྙོམས་ཆེན་པོ་སྟེ།།
དུས་རབ་འདིའི་གོ་ལའི་ཟླུམ་པོར་དགྱེས་ཞལ་འཛུམ་པའི་ཁོ་ནར་ཅན།།