སྐུ་ཞབས་བྱམས་པ་དང་ཕོ་གསར་ཁེ་ཐི་གཉིས་གཉེན་སྒྲིག་པ། Posted on 2010-01-172010-01-17 By ཁ་བརྡ་ 235 Comments on སྐུ་ཞབས་བྱམས་པ་དང་ཕོ་གསར་ཁེ་ཐི་གཉིས་གཉེན་སྒྲིག་པ། གཤམ་གྱི་སྦྲེལ་ཐག་བསྣུན་ནས་གཟིགས་རོགས། ཚན་པ་དང་པོ། ཚན་པ་གཉིས་པ། ཚན་པ་གསུམ་པ། ཚན་པ་བཞི་པ། ཚན་པ་ལྔ་པ། ཚན་པ་དྲུག་པ། གསར་འགྱུར།
དངོས་གནས་ཁེར་མཚར་རེད། དེང་སང་བོད་པ་རྣམས་ཀྱིས་ཡར་དཔེ་ཞ་ལ་མི་བལྟ། མ་དཔེ་ལྷམ་གོག་ལ་བལྟ་ཟེར་བ་གཅིག་མཚུངས་རེད། ཁྱེད་རྣམས་ཀྱིས་གཟིགས་དང། ཡ་མཚན་རེད།
དེ་ལ་ཡ་ཅི་མཚར་།མིའི་འདོད་ཆགས་དང་།བརྩེ་དུང་སྐྱེ་ཚུལ་འདྲ་གིན་མ་རེད་།དེ་ལྟར་འཇིག་རྟེན་མིའི་མཐུན་མཇུག་གི་ཁྱིམ་ཚང་རོལ་སྟངས་ཡང་འདྲ་གིན་མ་རེད་།རྐུབ་ནང་ལ་རྒྱག་བསམ་མཁན་ཕལ་ཆེར་སྐྱེས་བ་ཚང་མ་རེད།ཁྱོད་སྐྱེས་བ་ཞིག་ཡིན་ན།ཁྱེད་ཡང་དྲན་ཡོད་ཀྱིན་རེད་སྙམ།
ཁྱོད་ཅི་ཞིག་ལ་ངོ་ཚ།མི་གཞན་པ་ཞིག་གིས་མི་ཞིག་ལ་བརྩེ་བ་སྤྲད་ན།་ཁྱོད་འདུག་མི་ཐུབ་པ་ཤིག་གང་ནས་སླེབས་སམ།དེ་ངོ་མ་འ་འ་འ
སྔོན་མ་ནེའུ་ཡོད་ལ་རྒད་པོ་མགོ་སེར་ཅིག་གིས་དྲི་བ་འདི་འདྲ་ཅིག་བཀོད་སོང་། ཁོས་བཤད་ན་ཡེ་ཤེ་ཆོས་གཞུང་དང་ཁ་ཆེའི་ཆོས་གཞུང་ན་མཚན་མཐུན་ཆང་ས་དེ་འགོག་གི་ཡོད་པ་རེད་ཟེར་ནས་མི་རྣམས་གླེང་གི་ཡོད་པ་རེད། འོན་ཀྱང་ནང་ཆོས་གཞུང་ལུགས་ན་མཚན་མཐུན་ཆང་ས་འགོག་གི་ཡོད་པ་རེད་དམ་དེ་ལ་ཆོག་མཆན་ཡོད་པ་རེད། ཆོས་གཞུང་གི་ཚིག་ཅིག་སྟོན་ཐུབ་བམ་ཟེར། ངས་དེ་ལ་ལན་རྒྱག་མ་ཐུབ། དྲ་གྲོགས་ཚོས་དེ་ལ་ནང་ཆོས་ཀྱི་ལྟ་ཚུལ་དང་གཞུང་ཚིག་ཅིག་རྙེད་ཐུབ་བམ། རྒད་པོ་མགོ་སེར་དེ་ཡང་མཐོ་སློབ་དགེ་རྒན་ཅིག་རེད། ཁོང་ཆང་ས་རྒྱག་ས་ནི་ཧ་བ་རེ་གཙུག་ལག་སློབ་གྲྭའི་དགེ་རྒན་ཅིག་རེད། ཁོང་གཉིས་ཀ་ཡང་མཚན་མཐུན་ཆང་ས་རེད་འདུག
གཞིས་ལུས་བོད་པ་། ད་ཁྱེད་ཅི་ཤིག་བྱེད་བསམ་གིན་།་ཕ་ཡུལ་གང་གི་སྐོར་ཡིན་ཚུལ་དྲིས་ནས་།་མི་དཀར་ཅིག་མག་པ་ལེན་བསམ་གིན་མེད་ར་
མེ་རི་གཏོར་མཁན་ལགས། ངས་ཁོ་ཡི་ཕ་ཡུལ་དྲིས་ན་ཁྱོད་ལ་གནོད་པ་ཅི་ཡོད། ཁྱོད་སྐུ་ཞབས་བྱམས་པ་ལགས་ཡིན་ནི་མིན་ནམ།
མེ་རི་གཏོར་མཁན་ལགས། ངས་ཁོ་ཡི་ཕ་ཡུལ་དྲིས་ན་ཁྱོད་ལ་གནོད་པ་ཅི་ཡོད། ཁྱོད་སྐུ་ཞབས་བྱམས་པ་ལགས་ཡིན་ནི་མིན་ནམ།
ད་དཀོན་མཆོག་གསུམ། བོད་པ་འདི་ཚོར་དགད་མོ་བསླང་རྒྱུ་དེ་འདྲ་བྱེད་རྒྱུ་འདུག རླིག་པ་སྐྱག་ཁུང་ནང་དུ་བཏང་ནས་དྲི་མ་ཁ་རོགས་ཡིན་འགྲོ འདི་ཚོས་ག་རེ་བྱེད་ཀྱི་ཡོད་རེད་ད། ཨ་ཁྱད་མཚརརརརརརརརརརརརརརརརརརརརར།
ངས་དེ་རིང་ཁ་བརྡ་ཡོངས་དུས་བཏབ་ངན་ནས་མཚན་ཐུན་གཉེན་སྒྲིག་བྱེད་མཁན་གྱི་བོད་མི་ཡིན་ཟེར་མཁན་དེ་མཐོང་བ་ནི། རྣམ་རྟོག་ཟ་སོང་། མཆན་བུ་ནང་བལྟ་དུས་ནང་པ་སངས་རྒྱས་པའི་ཆོས་ནང་འགྲིགས་ཀྱི་ཡོད་པ་རེད་མདོག་མདོག་བྲིས་འདུག ང་ཡིད་ཆེས་མེད་པར་དགེ་བཤེས་ལགས་ལ་ཁ་པར་བཏང་པས། དགེ་བཤེས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ནང་མཚན་མཐུན་སྤྱད་ན་མི་དགེ་བ་བཅུའི་ཟེར་བའི་ནང་ལོག་གཡེམ་རེད་ཟེར་གྱི་འདུག ཨ་ཁ་ཁ་། སྡིག་པ་རེད་འདུག
ཨ་རོགས་ཚོ། འགྲོ་བ་མིའི་ཐོབ་ཐང་ཟེར་ན་འདི་ལའང་གོ་དགོས་པ་མ་ཡིན་ནམ། མཚན་མཐུན་མི་ཚེ་མཉམ་སྐྱེལ་བྱས་པར་གཞན་ལ་འཚེ་བ་མི་བྱེད་པ་མ་ཡིན་ནམ།
མེ་རི་ལགས། སངས་རྒྱས་ཀྱི་གསུངས་བོད་ལ་འགྱུར་བ་པོ་ཏི་༡༠༩ འགྱུར་ཡོད་ཟེར་གྱི་ཡོད་པ་རེད། དེའི་ནང་ན་ཡོད་མེད་སྐད་ཆ་དྲིས་པ་ལས། བོད་པའི་ལུགས་སྲོལ་དང་། སྤྱི་ཚོགས་ཀྱི་ལུགས་སྲོལ་འདྲི་གི་ཡོད་པ་མ་རེད། དྲི་བ་ཡག་པོ་ཀློག དེ་ནས་ལན་རྒྱབ་ན་འཕྱིས་ཡོད་པ་མ་རེད། ཁོང་ཚོས་ཡུལ་ལུང་གང་ཞིག་གི་ལུས་སྲོལ་དང་མཐུན་མི་མཐུན་ལ་རེ་བ་རྒྱག་གི་ཡོད་པ་མ་རེད། ཁོང་ཚོས་མཚན་མཐུན་ཆགས་སྤྱོད་དེ་འཛམ་བུ་གླིང་དུ་ཁྲིམས་མཐུན་ལ་བསྒྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ཆོས་ལུགས་ཞིག་གི་རྒྱབ་སྐྱོར་བཙལ་གྱི་ཡོད་པ་རེད།
མེ་རི་ལགས། སངས་རྒྱས་ཀྱི་གསུངས་བོད་ལ་འགྱུར་བ་པོ་ཏི་༡༠༩ འགྱུར་ཡོད་ཟེར་གྱི་ཡོད་པ་རེད། དེའི་ནང་ན་ཡོད་མེད་སྐད་ཆ་དྲིས་པ་ལས། བོད་པའི་ལུགས་སྲོལ་དང་། སྤྱི་ཚོགས་ཀྱི་ལུགས་སྲོལ་འདྲི་གི་ཡོད་པ་མ་རེད། དྲི་བ་ཡག་པོ་ཀློག དེ་ནས་ལན་རྒྱབ་ན་འཕྱིས་ཡོད་པ་མ་རེད། ཁོང་ཚོས་ཡུལ་ལུང་གང་ཞིག་གི་ལུས་སྲོལ་དང་མཐུན་མི་མཐུན་ལ་རེ་བ་རྒྱག་གི་ཡོད་པ་མ་རེད། ཁོང་ཚོས་མཚན་མཐུན་ཆགས་སྤྱོད་དེ་འཛམ་བུ་གླིང་དུ་ཁྲིམས་མཐུན་ལ་བསྒྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ཆོས་ལུགས་ཞིག་གི་རྒྱབ་སྐྱོར་བཙལ་གྱི་ཡོད་པ་རེད།
མདོར་ན་ད་ལྟའི་བར་དུ་ཆོས་ཡེ་ཤུ་དང་། ཁ་ཆེ། འཇོའུ་ཤུ་སོགས་ནས་མཚན་མཐུན་ལ་ཆོས་གཞུང་རང་ནས་ངོས་ལེན་བྱེད་ཀྱི་ཡོད་ས་མ་རེད། དེ་བས་ན་ང་ཚོ་ནང་ཆོས་ཀྱི་གཞུང་ན་དེ་ལ་ངོས་ལེན་བྱེད་ཀྱི་ཡོད་དམ། ཡང་ན་བཀག་འགོག་བྱེད་ཀྱི་ཡོད་མེད་ཐད་གསུང་རབ་ཅིག་ཡོད་དམ་དྲི་བ་བཀོད་པ་ཡིན།
བྱ་རྒོལ་རྒྱལ་བོའི་བསམ་ཚུལ་དེ་བགེ་བཤེས་ལགས་ཀྱི་གསུང་བ་ཙམ་མ་ཡིན་པར་སངས་རྒྱས་རང་གི་ཚིག་ཅིག་རྙེད་ཐུབ་བམ། གལ་ཏེ་ཐུབ་ན་འདིར་བཀོད་རོགས་གནང་ཐུགས་རྗེ་ཆེ། དེ་མིན་བོད་ཀྱི་བླ་མ་དང་དགེ་བཤེས་ཡིན་ཟེར་མཁན་ཚོས་གསུངས་པ་ལ་ཁྲིམས་དཔོན་ནམ་ཁྲིམས་ཁང་ནས་ངོས་ལེན་མེད་དེ། བོད་ཀྱི་དགེ་བཤེས་གཅིག་གི་འགྲིག་གི་རེད་ཟེར་ན། གཞན་ཞིག་གི་འགྲིག་གི་མ་རེད་ཟེར། དེའི་རྐྱེན་གྱིས་མཐའ་གཅིག་ཏུ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
ཡ་མཚར་།་མཚན་མཐུན་གྱི་སྐོར་ལ་སྐད་ཆ་རེ་བཤད་ན་།མི་འགའ་ཤས་ཀྱིས་མཆན་གཉིས་རེ་རྒྱབ་ཡོང་གིན་འདུག་།སྐྲག་ནི་ཟིག་རེད་།་དེ་འདྲ་ངར་ཟིག་ལངས་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ།་ ཀུན་དགའ་བོ་མངའ་མདོ་ཡི་ནང་གི་རྫུས་སྐྱེས་ཀྱི་སྐབས་སུ་ཕོ་ལས་བུ་སྐྱེ་བ་ཤིག་བཤད་མེད་དམ་སྙམ་གིན་འདུག་མོད་།་ད་དངོས་གནས་སེམས་ལ་དྲན་གིན་མི་འདུག་།་ཨ་ཁུ་ཚང་ཁོམ་པ་ཡོད་ན་མངའ་མདོ་ཅིག་ཀློག་དང།་
གནས་ཚུལ་འདི་སྔ་མོ་ནས་ཤེས་ཡོད། བོད་མི་འདིའི་སྐོར་ལ་ཡང་ཅུང་རྒྱུས་ཡོད། ཁོང་གིས་བཤད་ན། སྔ་མོ་ཁོང་གིས་ཐབས་ཤེས་གང་ཡོད་བཏོན་ཏེ་བུད་མེད་མཉམ་དུ་དགའ་རོགས་སྒྲིག་པ་ཡིན་མོད། ཐབས་ཤེས་ཅི་ཡང་མི་འདུག ཁོང་གི་བརྩེ་སེམས་དང་འདོད་ཆགས། དུངས་བ་ཡོད་ཚད་སྐྱེས་བ་ཕྱོགས་སུ་ཤོར་འགྲོ། བོད་མིས་འདི་ལ་ངེས་ལེན་མེད་པ་ཤེས་བ་མ་ཟད་། རང་ཉིད་ལ་དཀའ་ངལ་ཡོད་པ་ཡང་ཚོར་ཡོད་ཟེར། མཐར་མར་གཉེན་སྒྲིག་བྱས་ཏེ་གཉེན་དང་གྲོགས་མང་པོས་རྒྱབ་སྐྱོར་ཐོབ་འདུག ད་ནི་ཨ་རིའི་མངའ་སྡེ་མང་བོ་ཞིག་ཏུ་ཁྲིམས་མཐུན་གྱིས་གཉེན་སྒྲིག་བྱེད་ཆོག ཉེར་ཆར་གསར་འགྱུར་ཁག་ཏུ་ཨ་རིའི་རྒྱལ་སའི་གྲོང་ཁྱེར་ནང་ཕོ་ཡིས་ཕོ་དང་མོ་ཡིས་མོ་ལ་ཁྲིམས་མཐུན་གྱིས་ཆང་ས་རྒྱབ་ཆོག ད་ནི་བོད་མི་མགོ་མཁྲེགས་པོ་རྡོ་འདྲ་བ་ཚོས་ཀྱང་ཅིས་ཀྱང་འདི་ནི་ངེས་ལེན་བྱེད་འོས་དང་རྒྱབ་སྐྱོར་གནང་འོས་སུ་འདུག
བུ་བུ་དང་མཉམ་དང་གཉེན་སྒྲིག་བྱེད་རྒྱུ་འདི་ཧ་ལས་པོ་མཐོང་གི་མེད་རུང་། བོད་ཀྱི་བུ་ཞིག་དབྱིན་ཇིས་བུ་ཞིག་མཉམ་དུ་ངོ་ཚ་དང་བྲལ་ནས་གཉེན་སྒྲིག་བྱེད་པ་འདི། བོད་ཀྱི་ལུགས་སྲོལ་གཏོར་གཤིགས་བཏང་བ་འདི་ལས་ཚབ་ཆེ་སུ་གང་གིས་བཟོ་རྒྱུ་ཡོད་མ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་མི་དགེ་བཅུ་གང་ཡང་རུང་བ་སུས་བྱེད་ན་གནང་བ་མེད། སུ་ལ་ཡང་བྱེད་རྒྱུ་ཡོད་མ་རེད་ཟེར་ནས་བསླབ་བྱ་རྒྱག་གི་རེད་ལ། ནང་པའི་དགེ་བསྙེན་ཡན་ལ་དཀག་ཡོད་རེད། དགེ་བཤེས་ཡིན་ཟེར་བ་རྣམས་ལ་ཡང་ཁ་ཤས་ཀྱི་དྲི་བ་ལ་ལན་མེད་ཟེར་བ་དེ་ནང་ཆོས་མི་དགེ་བཅུ་སྤོང་དང་དགེ་བ་བཅུ་སྒྲུབ་ལ་ལག་ལན་ཚུལ་བཞིན་བསྟར་གྱི་མེད་པའི་རྒྱུ་མཚན་རེད། འདོད་ལོག་སྤྱོད་པ་སྤོང་དགོས་ན་ག་འདྲ་སྤོང་དགོས་རེད་ཟེར་སློབ་སྦྱོང་གནང་དང་། ལན་ལས་སླ་བོ་བྱེད་ནས་ཤེས་ཀྱི་རེད། དེ་ཙམ་མ་གཏོགས་ལབ་ཉན་ཁོ་རང་བྲོ་མ་སོང་། ང་ནི་དངོས་ནས་ཤིན་ཏུ་ཀླད་རྙིང་ཡིན་པ་དེ་རིང་རེད་མ་གཏོགས་ངོ་ཤེས་མ་སོང་། དངོས་གནས་སྐྱུགས་མེས་ལོང་སོང་།
བྱ་རྒོད་ཀྱི་དྲི་སའི་དགེ་བཤེས་དེས་གསུངས་པ་བདེན་པ་རེད། འདོད་ལོག་སྤྱོད་པ་ནམ་ཡང་མི་རུང་བ་དེ་ནང་པ་སངས་རྒྱས་པའི་ཁྲིམས་རེད། ནང་པ་སངས་རྒྱས་པས་རྒྱབ་སྐྱོར་བྱེད་མདོག་མདོག་བྱེད་ན་ཆབ་སྲིད་འཁྲབས་པ་རང་རེད།
སྐུ་ཞབས་ཕ་རོ་སྐུ་ཞབས་མ་རོའི་སྐུ་ཞབས། ཕ་རྒྱོ་མ་རྒྱོ་ལས་ཀྱང་སྡུག གལ་སྲིད་ཁོ་བརྩེ་བ་ནང་ལ་ལྷུང་ཡོད་ནའང་། གློག་བརྙན་འདི་འདྲ་བཟོ་ནས་ཀུན་ལ་མངོན་གསལ་དོད་པོ་བཟོ་ཡ་འདི་དངོས་གནས་བོད་ཀྱི་ཞབས་འདྲེན་རེད། བོད་ཀྱི་ལུགས་སྲོལ་དེ་བོད་ཀྱི་བདེན་དོན་ལེན་པའི་ཆེད་སྲུངས་སྐྱོབས་བྱེད་འདོད་མཁན་སུ་གང་གིས་ངོས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་མ་རེད་བསམ་གྱི་འདུག ངས་ནི་དུས་ནམ་ཡང་ངོས་ལེན་དང་རྒྱབ་སྐྱོར་ཞུ་ཐུབ་ས་མ་རེད། ཕ་རྒན་དེས་ཀྱང་ཁོའི་བུ་ལ་དབྱིན་ཇིས་བུ་ཞིག་མི་ཚེའི་སྐྱེལ་རོག་རེག་པ་སྤོབས་པ་ཞི་བོ་སྐྱེས་སོངས་ཟེར་སོང་། ང་ནི་ཕ་རྒན་དེ་ལ་ཡང་དངོས་ནས་ཞེན་པ་ལོག་སོང་་གོ།
ངས་སྔོན་ཆད་བོད་ཀྱི་དགེ་བཤེས་ཤིག་ལ་།་སྟུ་ལྡག་ན་སྐྱིད་པོ་ཡོད་པ་དང་།དེ་བཞིན་མཇེ་བུ་མོ་ཚོའི་ཁ་ནང་དུ་བཅུག་ན་ཚོར་བ་སྐྱིད་པོ་སྐབས་འགར་མོ་མཚན་ནང་ལ་རྒྱབ་པ་ལས་ཀྱང་སྐྱིད་པོ་འདུག་ཅེས་ལབ་པར་།ཁོས་ང་ནི་མ་རུང་ལྟས་ངན་ས་སྟེང་ན་མེད་མཁན་།བོད་ཀྱི་ཡུལ་སྲོལ་གཏོར་བཤིག་གཏོང་མཁན་ཤིག་རེད་ཅེས་ཁ་རྡུང་མང་པོ་བཏང་སོང་།ལོ་སྔོན་མ་ཤིག་ལ་དགེ་བཤེས་རྒྱ་མོ་ཤིག་གི་སྡོམ་པ་རྫོགས་ནས་།་ད་ལྟ་ནམ་ཐུག་ན་།ང་ལ་མགོ་སེར་མ་ཤིག་ངོ་སྤྲོད་བྱེད་དང་་སྟུ་ཤིག་ལྡག་དགོ་གིན་ཟེར་རེ་འདུག་གིན་འཇུག་ནི་མ་རེད་། འ་རོགས་།དེང་སང་བོད་ཀྱི་བུ་མོ་ཚོས་ཀྱང་མ་ལྡག་ན་དགའ་རོགས་སྒྲིག་མི་སྒྲིག་གིན་།ངོ་མ་དུས་ཤིག་འགྱུར་བ་ཐེབས་སོང་ཟིག་ཡ།
དགེ་བཤེས་ལ་ཡང་ཁ་པར་རྒྱུད་ནས་དྲིས་པས་དགེ་བཤེས་ལགས་ཀྱིས་མི་དགེ་བ་བཅུའི་ནང་ལོག་ཡེམ་ཟེར་བ་ཞིག་ཡོད། དེ་ལ་ལྔ་ཡོད། དེའི་ནང་། ཁ་དང་རྐུབ་ནང་གྱོ་བ་དང་ལྷ་ཁང་ནང་གྱོ་བ་དང་སྐྱེས་དམན་གཞན་པ་ལ་གྱོ་བ་སོགས་ཡོད་ཟེར། གཞོན་ནུ་ཟླ་མེད། ལོག་གཡེམ་ངོ་ཤེས་ན་དེ་ག་ཡིན་པ་འདྲ། དེ་མིན་དགེ་བཤེས་ཀྱི་དཔེ་ཆ་ང་ལ་མེད་དུས་ང་གང་དུ་འཚོལ་དགོས་ཤེས་མ་སོང་། ད་དགེ་བཤེས་ལ་དྲི་བར་ཡང་ངོ་ཚ་བ་འདུག་ ཡང་ཀྱར་མ་དྲིས་རོག
ཧཧཧཧ བྱ་རྒོད་རྒྱལ་བོ་ཐུགས་རྗེ་ཆེ་གནང་། ངོ་ནས་དོན་ཐོག་ནས་བཤད་ན་དེ་ག་རང་ཡིན་པ་འདྲ། ལམ་རིམ་ཆེན་མོ་ན་ལོག་གཡེམ་ལ་ལྔ་ཙམ་གསུངས་པའི་ནང་དུ་བགྲོད་བྱ་མ་ཡིན་པ་ཟེར་བ་ཅིག་ཡོད་ས་རེད། དེ་མཚན་མཐུན་ལ་ཆགས་པ་སྤྱད་པ་དེ་ཡིན་ས་རེད། འོན་ཀྱང་མཚན་མཐུན་ཆགས་སྤྱོད་མཁན་ནང་དུ་རིགས་ཁ་ཤས་འདུག མི་ཁ་ཤས་ཕོ་ཡི་ལུས་ལ་ཚོར་བ་དང་བསམ་སྤྱོད་ཡོངས་སུ་རྫོགས་པ་མོ་ཡིན་མཁན་དེ་འདྲ་ཡོད་ས་རེད། དེ་བཞིན་དུ་ལུས་མོ་ཡིན་ལ་བསམ་སྤྱོད་ཡོངས་རྫོགས་ཕོ་ཡིན་མཁན་དེ་འདྲ་ཡང་ཡོད་པ་རེད། དེ་དག་མཚན་མཐུན་ལ་མ་གཏོགས་དགའ་གི་མེད་པ་འདྲ་འདུག དེ་དག་ལ་ཡང་འཇིག་རྟེན་གྱི་དགའ་བདེ་ནི་དགོས་པ་རེད། གཞན་ཡང་འཁོར་ཡུག་གི་དབང་གི་མཚན་མཐུན་དེ་འདྲ་ཡོང་དགོས་པ་ཡང་ཡོད་ས་རེད། དགེ་རྒན་ཆེན་མོ་ཅིག་ལ་ངས་དྲི་བ་བཀོད་མྱོང་། ཁྱོད་ཕོ་ལ་ཆང་ས་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཁོས་ལན་འདི་ལྟར་འདེབས། ཁོ་རང་ཤི་བའི་རྗེས་སུ་ཁོ་རང་ལ་ཡོད་པའི་ཁང་པ་འདི་དང་དངུལ་ཁང་གི་ཡོད་ཚད་ཁོ་རང་ཆང་ས་རྒྱག་ས་དེར་དབང་བའི་ཆེད་དུ་ཡིན་ཟེར། གལ་ཏེ་ཆང་ས་མ་རྒྱབ་ན་ཁོ་རང་ཤི་བའི་ཤུལ་ཏུ་དེ་དག་ཁོ་ལ་དབང་གི་མེད་པ་འདྲ་། འདི་ཁྲིམས་ཐོག་གི་སྐད་ཆ་ཞིག་ཡིན་ས་རེད། ཨ་རི་ན་ཡང་མངའ་སྡེ་ཡོངས་རྫོགས་ན་མཚན་མཐུན་ཆང་ས་དེ་ཁྲིམས་མཐུན་མིན་པ་འདྲ་འདུག དེ་ན་སྐོར་ཞིག་གིས་དེ་རྦད་དེ་ཁྲིམས་མཐུན་བཟོ་ཆེད་འབད་བརྩོན་བྱེད་ཀྱི་ཡོད་ས་རེད།
ཡོད་ཚད་ལད་མོར་དགའ་བའི་མི་དག་གིས།། དགོས་པའི་བྱ་བ་ནང་དུ་མི་འདྲེན་པར།། མི་དགོས་བྱ་སྤྱོད་ནང་འདྲེན་བྱེད་པ་འདི།། མི་རིགས་འདི་ཉིད་འཇིག་པའི་སྔ་ལྟས་རེད།། མ་ཤི་ན་རིག་རྒྱུ་མང་། རྒྱག་ན་དྲན་རྒྱུ་མང་། མ་བྱེད་ཟེར་ནས་མེད་ན། མི་བྱེད་བྱ་བ་གཅིག་ཀྱང་མེད། ད་ནི་བོད་པ་འདི་འདྲའི་རིགས་ནི་དངོས་ནི་འདོད་ཆགས་ཀྱི་སྨྱོས་པ་གཅིག་པ་ཡིན་ཡང་། འདོད་ཆགས་དེ་ལ་ཡང་སྐྱེ་བ་གྲུབ་པའི་ཤ་ཡི་ཨུ་ཁུངས་ཤིག་དང་ཤ་ཡི་ཁུངས་ཤིག་ཡོད་པ་དེ་ལ་ཡང་ངེས་ལེན་བྱེད་མ་ཐུབ་པར། དེ་ལས་ཕར་རྒྱབ་ཀྱི་འདོད་ཆགས་ལ་བརྩེ་དུང་ཟེར་ནས་མིང་དེ་ཚོ་མ་བཏགས་ཡག་པོ་རེད། སྐད་ཆ་འདི་གོ་མཁན་དག་གིས་རང་གི་བུ་ཕྲུག་གི་འདོད་པ་ལ་བསྟུན་པ་དེ་ཡང་རང་དབང་ཤེས་མཁན་ཡིན་ཟེར་བ་དང་རང་་དབང་ལ་དགའ་མཁན། རང་དབང་ལ་བརྩི་བཀུར་ཡོད། རང་གི་བུ་ཕྲུག་ལ་ཤ་ཚ་ཡོད་ཟེར་མཁན་དང་། འཛམ་གླིང་གི་མི་དམངས་ཀྱི་མདུན་བསྐྱོད་ལ་དགའ་བསུ་ཡོད་ཟེར་མཁན་དེ་ཚོ་ཡིན་ངེས། འོན་ཀྱང་་་་་་་་་་་་་་་་་་་
ད་ལོ་ཡུ་ནན་ཞིང་ཆེན་ནས་རྒད་པོ་ལོ་ལོན་གཉིས་ཆང་ས་རྒྱབ་འདུག དེ་རྒྱ་ནག་པ་རེད། བོད་པ་རེད་མི་འདུག རྒྱ་ནག་ནང་དུ་དེ་གསར་འགྱུར་ཆེ་ཤོས་ཞིག་རེད་འདུག རྒྱ་ནག་གཞུང་གིས་ད་དུང་གཉེན་སྒྲིག་དཔང་ཡིག་སྤྲད་མེད་པ་རེད་ཟེར། འོན་ཀྱང་རྒྱ་ནག་ནང་དུ་མཚན་མཐུན་ཆང་ས་ལ་ཁྲིམས་མཐུན་བྱེད་དགོས་ཟེར་མཁན་མང་པོ་ཡོད་ས་རེད། རྒྱུ་མཚན་རྒྱ་ནག་ན་ཕོ་ཡི་ལུས་ལ་མོ་ཡི་བསམ་སྤྱོད་ཅན་ཤིན་ཏུ་མང་བའི་རྐྱེན་གྱི་རེད།
ཁ་སྔོན་ང་ཡོད་ས་འདིར་སྐྱེ་སྨན་རྒན་འགོ་ཅིག་ངུ་བཞིན་འདུག ད་དུང་རོགས་པ་བྱེད་རོགས་ཟེར། རྒྱུ་མཚན་མོ་རང་གི་བུ་མོ་ལོ་ ༢༣ ལ་སོན་པ་ཤིན་ཏུ་ནས་རྣམ་པ་ཡག་པོ་ཅིག་ཡོད་པ་དེ་བུ་མོ་ཅིག་ལ་ཆང་ས་རྒྱབ་པའི་རྐྱེན་གྱིས་རེད་འདུག རྒན་མོ་དེས་ཤོད་རྒྱུར། མོ་རང་གི་ཁྱིམ་ཚང་དེའི་བུ་རབས་ཚ་རྒྱུད་ཚང་མ་ནང་པ་ཡིན་པས་ཆོས་ལུགས་ངོས་ནས་དང་། ཡང་རིགས་རྒྱུད་ཀྱི་ངོས་ནས་མཚན་མཐུན་ཆང་ས་རྒྱགས་ཆོག་གི་མ་རེད་ཟེར་ནས་ངུ་བཞིན་འདུག དྲ་གྲོགས་ཚོས་གསུངས་ན་དེ་ལ་རོགས་པ་ཅི་ལྟར་བྱེད་དགོས་པ་རེད། ཁྲིམས་ལུགས་དང་མ་འགལ་བའི་ཐོག་ནས་ཤོད་དང་།
རྒན་མོ་དེས་བཤད་སྟངས་ལ་ལྟོས་ན་མོ་རང་གཙོ་བོ་མོ་རང་གི་བུ་ཕྲུག་ལ་བསླབ་བྱ་རྒྱགས་སྟངས་འགྲིག་མི་འདུག་པས་སངས་རྒྱས་ཀྱི་ཆད་པ་བཅད་མི་ཡོང་ངམ་སྙམ་ནས་ཞེད་ཀྱི་ཡོད་ས་རེད།
ཧཧཧ,་མི་དར་མ་གཉིས་འཐད་པ་བྱུང་ནས་ཕན་ཚུན་གྱི་སྐྱག་ཁུང་ནང་ལ་རྒྱག་ན་ང་ཚོ་འདུག་མི་ཐུབ་རྒྱུ་ཤིག་གང་ན་ཡོད་། དེང་སང་བུ་དང་བུ་མོ་ཚང་མའི་ཁ་ནང་དང་རྐུབ་ནང་དུ་རྒྱག་གིན་ཡོད་པ་རེད་།དེ་ཡང་མི་ཆོག་རྒྱུ་བཅའ་རྒྱུ་ཡིན་ནམ།
མཁྱེན་ལྡན་པ་མང་པོས་མཚན་མཐུན་གྱི་ཆགས་སྤྱོད་དེར་བརྒོལ་གཏམ་བཏང་བྱེད་ཀྱི་གཏན་ཚིགས་ངོ་མ་ནི་མི་དགེ་བཅུའི་ནང་ཚན་གྱི་ལས་ཡིན་པས་མི་རུང་ཞེས་བཤད་འདུག སྤྱིར་མི་དགེ་བཅུ་པོ་ལ་གནང་བ་མེད་པ་བདེན་ངེས་ཀྱང་ཁྱིམ་པ་སོ་སོར་སྐྱེ་བོ་ཕལ་ཆེར་བ་མི་དགེ་བཅུའི་རྭ་བ་ལས་བརྒལ་ཐུབ་པ་དཀའ་ལ་དེ་ལས་དུས་དབང་གིས་ཕོ་མོ་ཕལ་ཆེ་བས་ཆགས་སྤྱོད་ཀྱི་དུས་ལ་ངེས་གཏན་མེད་བཞིན་ཉིན་མོ་མི་ཚངས་བ་མི་སྤྱད་པ་མི་སྲིད་པ་ལྟ་བུར་ཆགས་ཡོད་པས་དེ་མཚུངས་ལས་དམིགས་བསལ་གྱི་ཉེས་པ་མེད། ད་དུང་ཁོས་བརླ་རྒྱག་ལས་སྐུབ་འཛུགས་བྱེད་ཀྱིན་མེད་ན་ནི་གྲྭ་སི་དགེ་བཤེས་དག་དང་མཚུངས་པས་ཁོ་ལ་ཉེས་པ་སྒྲོག་ཏུ་མེད།
གཞོན་ནུ་ཟླ་མེད་ངོ་ཚ་བ་ནི་གློག་བརྙན་འདིའི་རྐྱེན་གྱིས་ཁོས་སྔར་གྲྭ་སར་ཡོད་དུས་བརླ་རྒྱག་དང་སྐུབ་འཛུགས་བྱས་པ་དེ་དག་དྲན་སོས་ཏེ་གློག་བརྙན་ལ་བལྟ་མི་ཐུབ་པར་ངོ་ཚ་བ་རེད་ཁག་མེད
མི་རིང་བར་ཨ་མདོ་རེབ་ཀོང་གླིང་རྒྱའི་ཕོ་གསར་ཞིག་དང་ཁ་ན་ཌའི་མགོ་སེར་ཞིག་གིས་ཁ་ན་ཌའི་བན་ཁོ་བར་ནང་འཆང་ས་རྒྱག་རྒྱུ་རེད་ཟེར་། དེ་ནི་ཆེ་ཐོག་མའི་ཨ་མདོའི་མཚན་མཐུན་གཉེན་སྒྲིག་ཡིན་ས་རེད།
ཀུན་གསལ་ཟེར་བའདིས་ཨ་མདོ་རེབ་ཀོང་གླིང་རྒྱ་ཡི་ཕོ་གསར་ཞིག་ཟེར་བ་འདི་ཅི་རེད། བོད་ཆོལ་ཁ་གསུམ་ཧ་གོ་ཡི་མེད་དམ། ཁོ་རྒྱ་ཡིན་ན་ང་ཚོ་ལ་ཇུས་ཏོག་ག་རེ་ཡོད།
ཇོ་བོ་རྗེའི་ཚིག་ཟིན་དེ་ཉིན་མོ་དང་སྣང་བཅས་གཉིས་ཀ་ལ་དཔེ་དག་དུ་འདུག་ན། སྣང་བཅས་ཟེར་བ་འདི་དག་མ་ཡིན་ས་རེད། རྒྱུ་མཚན་གཞན་ལ་སྣང་བར་སྤྱོད་ན་དེ་ནི་མ་རབས་ཐ་ཤལ་གྱི་སྤྱོད་སྟངས་དང་༎ ལྷག་པར་དུ་རང་གི་བྱིས་པར་སྣང་བཅས་སྤྱོད་ན་དེ་ནི་མ་རབས་ཐ་ཤལ་ཡིན་པས་སྣང་བཅས་སྤྱོད་པ་སྤྱོད་པ་ལོག་གཡེམ་ཟེར་གྱི་ཉིན་མོ་སྤྱོད་པ་མིན་ནོ། མདོར་ན་ཉིན་མོ་ཟེར་བ་སྣང་བཅས་ཀྱི་དོན་ལོག་གཡེམ་གྱི་སྐབས་འདིར། ཡང་དྲི་བ་གཅིག་ནི་གལ་དེ་རྒད་པོ་ཅིག་གིས་རང་གི་ཆུང་མ་ལ་ནོར་ནས་བུ་མེད་གཞན་ཅིག་ལ་སྤྱད་ན་ལོག་གཡེམ་ཡིན་ནམ། རྒྱུ་མཚན་གཞན་གྱི་ཆུང་མ་ནི་བགྲོད་བྱ་མ་ཡིན་པའོ།
ཁ་ཤས་ཀྱིས་རེབ་ཀོང་གླིང་རྒྱ་ཟེར་ནས་མ་ཀློག་པར་རེབ་ཀོང་གླིང་ཅེས་ཀློག དེའི་རྗེས་སུ་རྒྱ་ཡི་ཕོ་སར་ཟེར་ནས་ཀློག་པ་རེད ཧཧཧ ད་གོ་ལོག་རྐྱང་རྐྱང་མ་གཏོགས་ག་བ་གོ་གི་རེད། སྦྱོར་ཀློག་རྒྱག་སྟངས་ཡག་པོ་སྦྱང་ན་དེ་ནས་དོན་མ་རེག་ན་ཡང་དོན་དང་ཉེ་བ་ཞིག་རེག་གི་རེད། སྦྱོར་ཀློག་རྒྱག་མ་ཤེས་ན་འདི་ལྟར་ས་ཆའི་མིང་ཚིག་དེ་ཡང་ཆ་བྱས་ནས་མི་རིགས་ལ་འཁྲུལ་འགྲོ་གི་ཡོད་པ་རེད།
ནང་ཆོས་ནས་བཤད་ན་མཚན་མཐུན་གཉེན་བསྒྲིགས་པ་དེ་ལོག་གཡེམ་ཡིན་པ་ཐེ་ཚོམ་མེད། དེའི་རྒྱུ་མཚན་ནི་མི་དགེ་བཅུའི་ནང་བགྲོད་བྱ་མ་ཡིན་པ་བཤད་ཡོང་དུས་མཚན་མཐུན་གྱིས་གང་ལ་བྱས་ཀྱང་བགྲོད་བྱ་མ་ཡིན་པར་གྱུར་ཡོད་པས་ཡིན། འོན་ཀྱང་དེ་ནི་ནག་ཉེས་ཅན་གྱི་ཁྲིམས་འགལ་མིན་པས་འགྲོ་བ་མིའི་ཐོབ་ཐང་ནས་བཤད་ན་མ་འགྲིགས་པ་ཞིག་ཨེ་ཡོད། གྲྭ་བའི་སྤྱི་ཚོགས་ནང་ནས་རྒྱུན་རིང་འཚོ་བ་བསྐྱལ་ནས་དགེ་འདུན་པའི་ཡོན་ཏན་དེ་མ་གླེང་བར་སྐྱོན་དེ་ཁྲོམ་བསྒྲགས་བྱས་ན་མི་འཚམས་པ་དང་མི་འོས་པ་ཞིག་རེད། ཁྱོད་ཅག་གྲྭ་གྲལ་ནས་བུད་པ་དེ་རང་ཉིད་མ་བྱུང་བ་ཡིན་པ་ལས་གྲྭ་ཚང་རྣམས་ལ་མི་ཤེས་ཤེས་མདོག་གིས་ཤུགས་ནས་དམའ་འབེབས་བྱས་ན་ལན་པོ་མི་འདུག སེམས་ཅན་སུ་ཞིག་ཡིན་རུང་སངས་མ་རྒྱས་བར་དུ་སྐྱོན་ཀུན་ཟད་མིན་པས་དགེ་འདུན་པ་མང་ཆེ་བ་དེའི་ཁོངས་སུ་འདུ་འོ། འདི་འབྲི་མཁན་ནི་བོད་ཀྱི་རིག་གཞུང་གི་སྙིང་བཅུད་དེ་དགེ་འདུན་པས་ཟིན་ཡོད་པར་ཡིད་ཆེས་ཡོད་མཁན་གྱི་ཕོ་གསར་ཞིག་ཡིན། གྲྭ་ལོག་གྲྭ་བའི་ཞབས་འདྲེན་དང་བསྟན་པའི་དགྲ་རུ་མི་འགྱུར་བའི་སྨོན་ལམ།
ད་དངོས་གནས་དགོད་རྒྱུ་ཡོང་གིན་འདུག་།ཁ་ཡང་བགྲོད་བྱ་མ་ཡིན་།རྐུབ་ཡང་བགྲོད་བྱ་མ་ཡིན་།སོར་མ་གཉིས་ཀྱི་བར་ཡང་བགྲོད་བྱ་མ་ཡིན་།་དེ་ནས་མཇེ་ཤུབས་ནང་ཡང་འགྲོད་བྱ་མ་ཡིན།ཞིབ་ཏུ་བསམ་བློ་བཏང་ན་ཐམས་ཅད་བགྲོད་བྱ་མ་མིན་།་འདོད་ཆགས་རེད།སྟུ་གཅིག་པོ་ནང་བགྲོད་བྱ་ཡིན་ན།་ལུག་དང་ར་མ་ཐམས་ཅད་ཀྱི་སྟུ་འགྲོད་བྱ་ཡིན་ནམ།
གངས་རིའི་བུ་ནས་ངོ་ནས་དྲང་ནས་བླ་མའི་གསུངས་འདྲ་བ་ཅིག་གསུངས་འདུག བླ་མ་ཅིག་ཡིན་ན་ཡང་དེ་ལས་ལྷག་ཅིག་སྐབས་འདིར་གསུངས་རྒྱུའི་ཆེད་ཡོད། གྲྭ་ལོག་དེ་ཚོས་ཁ་ཤས་ནས་རང་ཉིད་ཀྱི་ཉེས་བ་འགེབས་ཆེད་དགོན་སྡེ་ཁག་ལ་ཁ་བཏང་ན་རང་ཉིད་ཀྱི་བྱས་ཉེས་དེ་སྐྱོན་མེད་པ་ཅིག་ཆགས་མི་ཡོངས་ངམ་སྙམ་གྱི་ཡོད་ས་རེད་མོད།
བགྲོད་བྱ་མ་ཡིན་པ་ལ་སློབ་དཔོན་རྟ་དབྱངས་ནས་གསུངས་པ། གཞན་བཟུང་ཆོས་ཀྱི་རྒྱལ་མཚན་འཛིན།། རིགས་ཀྱིས་བསྲུངས་དང་རྒྱལ་བོས་བསྲུངས།། གཞན་གྱིས་བླངས་པའི་སྨད་འཚོངས་དང་།། ཉེ་དུ་དག་དང་འབྲེལ་བ་དང་།། དེ་དག་བགྲོད་བྱ་མིན་པ་ཡིན།། ཞེས་དང་། ཡུལ་མིན་པ་ལ་ཡང་སློབ་དཔོན་རྟ་དབྱངས་ནས། དམ་ཆོས་མཆོད་རྟེན་སྐུ་སོགས་དང་།། བྱང་ཆུབ་སེམས་དཔའི་བཞུགས་གནས་སོགས།། མཁན་པོ་དང་ནི་སློབ་དཔོན་དང་།། ཕ་མ་དྲུང་ན་གནས་པ་ནི།། ཡུལ་མིན་དེ་རུ་མི་བྱའོ།། གསུངས།། དུས་མིན་པ་ལ་སློབ་དཔོན་རྟ་དབྱངས་ནས། དེ་ལ་དུས་མིན་བྱ་བ་ནི།། ཟླ་མཚན་འཛགས་དང་སྦྲུམ་མ་དང་།། བུ་ཆུང་དང་བཅས་མི་མོས་དང་།། སྡུག་བསྔལ་ཡིད་མི་བདེ་སོགས་དང་།། ཡན་ལག་བརྒྱད་གནས་དུས་མིན་ཡིན།། གསུངས་སོ།། རིགས་པའི་རལ་གྲི་ནས་གསུངས་འདོད་མེད་ཟེར་བ་ནི་ངས་བལྟ་ཚུལ་བྱས་ན་མི་འགྲིག རྒྱུ་མཚན་ང་ཚོས་ནང་ཆོས་ཅུང་ཟད་ཤེས་པ་དེ་ཚོས་ནང་ཆོས་ནང་ན་ག་རེ་ཡོད་པ་དེ་ངེས་པར་དུ་བཤད་དགོས་སྙམ།།
བོད་ཀྱི་རྒྱལ་གླུ་འདི་ཁྲི་བྱང་རིན་པོ་ཆེ་ནས་བྲིས་པ་རེད་ཟེར་བ་ཅིག་གོ་མྱོང་མོད། འོན་ཀྱང་ཁུངས་དག་མོ་ཅིག་བཤད་ཀྱི་མེད། ངེས་པར་དུ་མཁོ་ན་ང་ཡོད་སར་གཞུང་ཞབས་རྒན་གྲས་ཅིག་ཡོད་ཁོང་གི་ཤེས་ཀྱི་རེད། ཁོང་བོད་ནས་བཟུང་རྡ་ས་བཅས་སུ་རྒྱུན་རིང་པོར་གཞུང་ཞབས་རེད། མཁས་པ་ཅིག་གི་མིང་ཡང་ཡོད་པ་རེད། འདྲི་དགོས་ན་དྲིས་མཆོག་མོད། དོན་དག་ཆེན་པོ་མེད་ན་ངས་ཁ་པར་བརྒྱུད་ནས་དྲི་བ་འགོད་ཀི་མེད། རྗེས་མ་ཅིག་ལ་མཉམ་འཛོམས་ཅིག་གི་སྐབས་སུ་ཁ་བརྡའི་འགྲོས་དང་བསྟུན་ནས་དྲིས་ཆོག་རྩམ་དགའ་ལགས།།
ང་ཚོ་ནི་མིའི་ཐུན་མོང་གི་ཁེ་དབང་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་མཁན་དང་མིའི་རིགས་ལ་འདྲ་མཚུངས་ཀྱི་རང་དབང་ཞིག་དགོས་པར་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་དང་མི་རབས་ཤིག་གི་ངོས་ནས། མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་བདེ་སྐྱིད་འཚོལ་སྟངས་ལ་ངོས་ལེན་བྱ་དགོས་པར་འདོད། རྩ་དང་ཚོར་བ་མི་འདྲ་བ་ཡོང་ངེས་པ་སོགས་ལ་ང་ཚོས་ངོས་ལེན་བྱ་དགོས་ལ། ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད།
དེ་རིང་ཚེ་རིང་སྐྱིད་ལ་ཅུང་ཟད་ངོ་རྒོལ་ཡོད། གང་ཡིན་ཟེར་ན། འཛམ་བུ་གླིང་འདིའི་ནང་དུ་འགྲོ་བ་མི་རང་རང་གི་འདོད་པ་དང་བསྟུན་བསྡད་ན་མ་བག་མར་ལེན་པ་དང་། མིང་སྲིང་ཕན་ཚུན་བསྙེན་སྒྲིགས་བྱེད་པའི་ལུགས་སྲོལ་སོགས་མང་པོ་བྱུང་བ་རེད། དེ་དག་ལ་ཡང་འདོད་པ་ཡོད་ནས་དང་། འདོད་པ་འགོག་མཁན་གྱིས་དགག་མ་ཐུབ་ནས་བྱུང་བ་རེད། ཁྱོད་ཀྱིས་བསམ་ན་ལུགས་སྲོལ་དེ་འདྲ་བྱུང་ན་ཡང་ངོས་ལེན་བྱ་དགོས་བསམ་གི་འདུག་གམ།
ཡིན་ན་ཡང་ཁོང་གཉིས་མིང་སྲིང་སོགས་གང་ཡང་མ་རེད། གནས་སྟངས་དེ་ཁ་ཁ་ཞིག་རེད། དེ་གཉིས་མཉམ་དུ་ཡོང་ཐབས་མེད། དམིགས་བསལ་གྱིས་ཁྱེད་ཀྱིས་ཁོང་ཚོའི་གཉེན་སྒྲིག་གི་གོ་རིམ་ཆ་ཚང་ལ་ཅིག་ལྟོས་དང་། བརྩེ་དུང་དང་བཟའ་ཚང་ནི་འཁྲུག་སྤྱོད་ཁོ་ནའི་གནད་དོན་ཞིག་མིན་པ་ཧ་ཅང་གིས་གསལ་བོ་བརྗོད་འདུག་ལ། བྱམས་བརྩེ་དང་ཡིད་ཆེས། བདག་སྐྱོང་དང་སེམས་ཁུར། མཛའ་བ་དང་དུང་ཞེན་ཡོད་ཚད་གཅིག་ཏུ་བསྡུས་མི་འདུག་གམ། ལྷན་སྐྱེས་ཀྱི་དངོས་ཁམས་ཆགས་རིམ་ཐོག་ནས་སྐྱེས་པ་ཁ་ཤས་ཤིག་སྐྱེས་པར་དགའ་བ་དང་བུད་མེད་ཁ་ཤས་ཤིག་བུད་མེད་ལ་དགའ་བ་ནི་ངས་ལས་སླ་བོའི་ངང་ནས་ངོས་ལེན་བྱེད་ཐུབ་ཀྱིན་འདུག དེ་ལས་ཀྱང་ངས་མི་དང་མིའི་བར་དུ་བྱམས་བརྩེ་དང་འཆམ་མཐུན་གྱིས་ཚེ་གང་གི་གཏན་གྲོགས་གདམས་ཆོག་པར་ངོསལེན་བྱེད་ཀྱིན་ཡོད་ལ། གཏམ་གྲོགས་ཤིག་ཡིན་ན་ངེས་པར་དུ་མཚནམཐུན་དང་ཡང་ན་ངེས་པར་དུ་བྱིས་པ་སྐྱེས་དགོས་པར་ངོས་ལེན་བྱེད་ཀྱིན་མེད། དེ་བས་ངས་འདི་ལྟ་བུའི་གནད་དོན་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ང་འདི་ལྟ་བུའི་ལྷད་མེད་པའི་རྒྱུད་རིམ་གྱིa་བརྩེ་དུང་ལ་ཡིད་སྨོན་ཡང་ཤོར་གི། ་ད་དུང་བརྗོད་རྒྱུ་ཞིག་ལ། ངས་ཁྱེད་ཀྱིས་ངེས་པར་དུ་ངོས་ལེན་བྱ་དགོས་ཟེར་གྱིན་མེད་མོད། ང་རང་གི་ངོས་ནས་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ལྷག་པར་དུ་སྙིང་རྗེ་རྒྱུད་ན་སྐྱེས་པའི་ང་ཚོའི་ནང་བ་ཞིག་ཡིན་ན་དེ་ལས་ཀྱང་དེ་ལྟར་བྱ་ཐུབ་དགོས་པར་འདོད།
ང་རང་གི་ངོས་ནས་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ལྷག་པར་དུ་སྙིང་རྗེ་རྒྱུད་ན་སྐྱེས་པའི་ང་ཚོའི་ནང་བ་ཞིག་ཡིན་ན་དེ་ལས་ཀྱང་དེ་ ལྟར་བྱ་ཐུབ་དགོས་པར་འདོད། ཚེ་རིང་སྐྱིད་ལགས། ཉིད་ཀྱིས་གོང་དུ་གསུངས་མ་ཐག་པའི་ཚིག་དེར་ང་རང་གཏན་ནས་འཐད་པ་མིན། ནང་བའི་སྙིང་རྗེ་བྱེད་སྟངས་དེ་འདྲ་ཞིག་ལ་འཁུར་ནས་འགྲོ་རྒྱུ་ཡིན་དུས། མི་དང་དུད་འགྲོའི་བར་དུ་བརྩེ་བ་བྱུང་གི་ཡོད་ལ། དེ་ཡི་རིགས་ཀྱིས་ཀྱང་གཉེན་སྒྲིག་བྱེད་པར་ཁྱེད་ཀྱིས་རྒྱབ་སྐྱོར་ཞུ་ཐུབ་ཀྱི་ཡོད་དམ། དེང་སང་ནུབ་ཕྱོགས་ཀྱི་བུད་མེད་མི་ཉུང་བ་ཞིག་གིས་སྐྱེ་བའི་ཚབ་དུ་ཁྱི་གཉར་སྲོལ་དར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེར། ཁྱེད་ནས་དངོས་ནས་ཁྲིམས་ཐོག་ནས་ངེས་ལེན་བྱེད་ཐུབ་ཀྱི་འདུག་གམ། རྒྱུ་འབྲས་དང་གནས་ལུགས་ཟེར་བ་དེ་ནི་མིའི་ལྷན་སྐྱེས་ཀྱི་ཕོ་མོའི་གྲུབ་སྟངས་ལ་ཞིབ་དུ་བསམ་བློ་བཏང་ནས་བཤད་ན་ཡག་པོ་འདུག དེ་མིན་ཐབས་ཅད་ལད་མོས་རྗེས་སུ་རྒྱུགས་པ་ཡིན་ན། རྒྱ་གར་གྱི་ཡུལ་གྲུ་ཞིག་ན་མ་བག་མར་ལེན་པའི་ལུགས་སྲོལ་དར་བ་རེད་ལ། དེ་ཡི་ལུགས་སྲོལ་ད་དུང་ཡང་ཕལ་ཆེར་ཉམས་མེད་པ་ཞིག་གོ་རྒྱུ་འདུག དེ་ལ་ཡང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་འདུག་གམ། མ་བུའི་བརྩེ་བ་ལ་དངོས་ནས་ལྷད་ཡོད་པ་མ་རེད། འོན་ཀྱང་། མ་བུའི་བརྩེ་དུང་ཡིན་པ་ལས། འཁྲིག་སྲེད་ཀྱི་བྱ་བུའི་དབང་དུ་སོང་བ་ཡིན་ན་འགྲིག་གི་འདུག་གམ་ལགས། བསམ་བློ་ཞིབ་དུ་གཏོང་། ཡོད་ཚད་རང་དབང་ཟེར་བ་དང་། འགྲོ་བ་མིའི་ཐོབ་ཐང་ཟེར་ནས་ཁ་ནང་དུ་ཡོང་ཚད་རེ་གསུངས་པ་ཡིན་ན། དངོས་ནས་ཁག་པོ་ཆགས་ངེས་ཡིན།
རྩ་ཁམས་ཆགས་སྟང་གིས་མི་ལས་དུད་འགྲོ་དགའ་ཆེ་བ་ཡོང་སྲིད། ཞེན་ཆགས་ཀྱི་བརྩེ་གདུང་སྐྱེ་སྲིད། སྡུག་བསྔལ་ཡོད་ཚད་ལ་སྙིང་རྗེ་སྐྱེ་དགོས་ཀྱང་། སྙིང་རྗེ་དེ་ཡང་རྣམ་དཔྱོད་ཟེར་ན་འདྲ། ཤེས་རབ་དང་མཉམ་དུ་འགྲོག་དགོས། རང་རེས་བོད་ཀྱི་བཟང་སྤྱོད་ཟེར་ཇི་ཙམ་བགྲངས་ཀྱང་། མཚན་འཐུན་གཉེན་སྒྲིགས་བྱེད་པར་མོས་འཐུན་དང་ཁས་ལེན་བྱེད་ཐུབ་ན། ད་རྒྱ་གཞུང་གིས་བོད་ཀྱི་བཟང་སྤྱོད་རྩ་མེད་བཏང་བའི་སེམས་ཁུལ་དང་སྡུག་བསྔལ་བྱེད་དགོས་དོན་མི་འདུག གང་ལྟར་ནུབ་ཕྱོགས་པས་སྟུག་པ་ཞིམ་པའི་ཟས་སུ་བགྲང་ན་ཡང་། ལེགས་ཆ་མཐོང་བའི་དག་སྣང་ཆེན་མོ་འདི་སྐྱེས་ཕྱིན། བོད་ཀྱི་གོམས་གཤིས་དང་བཟང་སྤྱོད་ཟེར་བ་ཞིག་གང་ཟག་དེའི་ངོར་མེད་པར་སྣང་།
ཚེ་རིང་སྐྱིད་ལགས་ཀྱིས་བྱམས་བརྩེ་དང་བརྩེ་བ་སོགས་གླེང་ཡོང་དུས་སྨོན་པ་ཤོར་འོས་པ་ཞིག་འདུག ཡིན་ན་ཡང་ད་དུང་ངོས་ལེན་བྱ་མི་ཐུབ་པ་ཞིག་ཡོད་པ་ནི་བྱམས་བརྩེ་དང་བརྩེ་སེམས། སྙིང་རྗེས་དབང་གིས་སྤྱོད་པ་ཁ་ཤས་འགོག་དགོས་པ་ཡོད་ནི་རེད། ང་ཚོ་ཅུང་ཆུང་སྐབས་སུ་ཕ་མ་རང་གི་བུ་ཕྲུག་ལ་བྱམས་བརྩེ་མེད་མཁན་ཅིག་ག་ལ་ཡོད་ཀྱང་། བྱ་སྤྱོད་ཁ་ཤས་ན་ཚོད་མ་སྨིན་པའི་དབང་གིས་སམ། བསམ་བློ་གཏོང་མ་ནུས་པ་ཁ་ཤས་ལ་ཕ་མས་དགག་དགོས་པ་ལོས་ཡོད། དེ་བཞིན་དུ་ཕ་མས་འགོག་མ་ཐུབ་པ་ལུགས་སྲོལ་གོམས་གཤིས་ཀྱིས་འགོག་དགོས་པ། དེས་ཀྱང་འགོག་མ་ཐུབ་པ་ལ་ལ་ཞིག་ལ་ཆོས་ལུགས་ཀྱིས་འགོག་དགོས་པ་དག་ཀྱང་ལོས་ཡོད། ད་དུང་དེས་ཀྱང་འགོག་མ་ཐུབ་པ་ལ་ལ་ཞིག་རྒྱལ་ཁྲིམས་ཀྱིས་འགོག་དགོས་པ་དག་ཀྱང་ཡོད། སྤྱིར་བཏང་ནས་བཤད་ན་གཅིག་གཅིག་སེམས་པ་མཐུན་སོང་ན་བཀག་འགོག་བྱེད་རྒྱུ་འདི་ངོ་ནས་སྡུག་ཐུག་གི་བྱ་བ་ཞིག་ལོས་ཡིན་རུང་། ད་སྡུག་ཐུག་གི་བྱ་བ་མཛུག་ཐུར་ཟེར་བ་དེ་ཡིན་རྒྱུ་རེད།
གོང་གི་གནད་དོན་དེས་ཐད་། བསམ་ཚུལ་མེད་ཡང་། འདི་དང་འབྲེལ་བའི་སྒྲུང་ཐུང་ཐུང་ཞིག་བཤད་། སྔོན་མ་ང་ཚོའི་གུང་ཧྲེ་ནང་བོད་པའི་ཕོ་གསར་ཞིག་ཡོད་པ་། ཁོས་ནི་མཚན་རེད་ཞེས་གུན་གྱི་བཤད་རྒྱུར་གྱུར་། རྗེས་སུ་ཁོ་ལ་བག་མ་ཞིག་བླང་ཡང་ཁོ་གཉིས་མ་འགྲིགས་ན་ཁ་བྲལ་། ཁོས་ལས་རོགས་ཕོ་གསར་ཞིག་གི་བཤད་རྒྱུར་ཉིན་ཞིག་ཁོ་གཉིས་བྱ་བའི་དབང་གི་ས་གནས་ཞིག་འགྲོ་དགོས་བྱུང་བས་མ་ཚད་ས་གནས་དེར་འགྲོན་ཁང་སྐོན་པས་ཉལ་ཁྲི་གཅིག་གི་ཐོག་དུ་ཁེལ་བའི་། ་་ ཨ་རྒྱ་ཤ་། ངུ་ཚོ་དགོང་མོ་དེར་ད་གཞེས་大衣གོན་ནས་ཉལ་བསྡད་པ་ཡིན་་ ཟེར་
ཨཨ་ ཁྱོད་ཚོ་ཁག་མི་འདུག། གོང་གི་གློག་བརྙན་དེ་ལ་ཐེང་གཅིག་ལྟོས་བའི་། ང་ ཐོད་བྱུང་དུ་སྐྱུག་རྒྱུ་ཞིག་ཡོང་ནས་བསྡད་སོང་། དེ་དགོང་ནུབ་ཚ་འཐུང་ས་མེད་གི་། ཞི་ལུ་དེས་ཕ་མ་གཉིས་ག་ངར་ག་། ང་ཡིན་ན་། དཀོན་མཆོག་གསུམ་། ད་གླ་སའི་གློའུ་སེ་ཞིག་ཆགས་ནས་། ཅིག་ཨ་རོ་ཞེས་བོས་ན་ཡང་གི་ནི་མ་རེད་། ང་རྩ་ལྷོད་་སོང་གཡག་ལྡོམ་ཞེས་བོས་ན་ང་རང་འབོད་གི་ཡོད་པ་ཡང་གོ་ནི་མ་རེད་།
ཁྱོད་ཚོས་ང་ལ་ཇི་ལྟར་ཁ་རྡུང་བཏང་ཡང་འགྲིག ཡིན་ཡང་ངས་ངོསལེན་བྱེད་ཀྱིན་ཡིན་པ་མ་ཟད། རྩ་ཁམས་ཆགས་སྟངས་དང་ལྷན་སྐྱེས་ཀྱི་སེམས་རྒྱུད་སོགས་ལ་ངོས་ལེན་བྱ་ཐུབ་ཀྱིན་འདུག གོང་ནས་མི་ཞིག་གིས་ལྷན་སྐྱེས་ཀྱི་ཕོ་མོའི་ཆགས་སྟངས་གཞི་ལ་བཞག་ནས་ཟེར་ནས་ཅིག་ལབ་འདུག ངས་ཀྱང་དེ་ཟེར་བ་ཡིན། བོད་ལ་ཡང་མ་ནིང་ཟེར་བ་ཡོད་པ་མ་ཡིན་ནམ། མི་སྟོང་ཕྲག་གཅིག་གི་ནང་ནས་གཅིག་དེ་སྐྱེས་ཁམས་དང་རྩ་ཁམས་ཆགས་རིམ་མ་འདྲ་བ་ཡོད་སྲིད་ལ། སྔོན་མ་ཡིན་ན་དེ་ནི་རང་སྐྱོན་ཞྀག་དང་ཡང་ན་བཅོས་རྒྱུ་མེད་པ་ཞིག་ཏུ་ངོས་འཛིན་གྱིས་མི་མང་པོ་ཞིག་གིས་སྡུག་བསྔལ་རུམ་ལ་བཅུག་ནས་བུད་སོང་བ་རེད། བར་ཞིག་ནས་མི་ཁ་ཤས་ཀྱིས་རང་ཉིད་གཙོས་པའི་རང་ཉིད་དང་འདྲ་བའི་མི་དེ་ཚོའི་མངོན་འདོད་འགྲུབ་ཆེད་འཐབ་རྩོད་ཀྱིས་ཁྲིམས་མཐུན་ལྟ་བུའི་གནས་བབས་ཤིག་ལ་སླེབས་ནས་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་ཐུབ་ཀྱིན་ཡོད་པ་རེད། ཡིན་ཡང་ད་བར་ཞིག་ལ་ལྷན་སྐྱེས་ཀྱིས་མ་ནིང་ལྟ་བུ་མིན་ཡང་དེ་དཔེ་གསར་ལྟ་བུ་ལ་བརྩི་མཁན་ནམ་ཡང་ན་བཟའ་ཚང་དང་དགའ་རོགས་ཀྱི་འགལ་ཟླ་སོགས་ཀྱིས་མཚན་མཐུན་བཙན་གྱིས་སྡེབས་མཁན་ཡོད་པ་རེད། འདི་ཚང་མར་རྒྱུ་རྐྱེན་མ་འདྲ་བ་ཡོད་རེད། ཡིན་ཡང་ལྷན་སྐྱེས་ཀྱིས་སྐྱེས་ཁམས་ཆགས་རིམ་གྱི་མི་དེ་ཚོར་ངས་ཅིས་ནས་ཀྱང་ངོས་ལེན་བྱ་རྒྱུ་ཡིན། བདེ་བ་འདོད་པ་གཅིག་པ་རེད། ཁྱེད་ཀྱིས་བུད་མེད་དང་མཉམ་དུ་མཉམ་སྤྱོད་ཀྱིས་བདེ་བ་འབྱུང་གི་ཡོད་ན་ཁོང་ལ་ཡང་དེ་ལྟ་བུ་མཚན་མཐུན་མཉམ་སྡེབས་ཀྱིས་འདེ་བ་འབྱུང་མི་ཆོག་པ་ག་ལ་ཡོད། དེའི་རྐྱེན་གྱིས་དཔེ་གསར་དང་བཙན་གྱིས་སྡེབས་བཞིན་པ་སོགས་མ་ཡིན་པར་ལྷན་སྐྱེས་ཀྱི་རྩ་ཁམས་ཆགས་རིམ་ཀྱིས་དེ་ལྟར་བྱ་དགོས་རིགས་ལ་ངས་ངོས་ལེན་བྱ་རྒྱུ་ཡིན། ཡ་རབས་བཟང་སྤྱོད་ཟེར་བ་ནི་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་པ་ཙམ་གྱིས་མཚོན་པ་ཡིན་ནམ། རྐུ་འཕྲོག་བཅོམ་གསུམ། རྒྱལ་ཚོང་མྱི་གསོད་ཀྱི་ལས་ནི་བྱེད་ཀྱིན་མེད།་་ངས་དེ་ལྟ་བུའི་ནག་ཉེས་ལ་བསམ་གྱིན་མི་འདུག ད་དུང་ཞུ་རྒྱུ་ཞིག་ལ་མི་དང་དུད་འགྲོ་ཟེར་ན་ངས་མི་ཤེས་མོད། མི་དང་མིའི་བར་དུ་དེ་ལྟ་བུའི་བརྩེ་དུང་དང་མཐུན་སྡེབས་ཡོང་གི་ཡོད་ན་དེར་ངོས་ལེན་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་དེ་རིང་གི་མི་འདི་གཉིས་ཀྱི་གཉེན་སྒྲིག་གི་གོ་རིམ་བར་ནས་ཕན་ཚུན་ལ་དམ་ཚིག་ཕུལ་བའི་ཡི་གེ་དེ་ཚོ་ནི་དེ་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་། ༼་ཁྱེད་རང་སུ་ཡིན་པ་དེ་ལ་ང་རང་དགའ་གིན་འདུག་དང་། ཡང་ཐུགས་ཁུར་དང་བྱམས་བརྩེ། ནམ་ཡང་ང་ཡི་ཕྱོགས་སུ་ལངས་པའི་གཤིས་སྤྱོད་སོགས་ལ་ང་རང་དགའ་བོ་འདུག༽་ལ་སོགས་པའི་ཚིག་དེ་ཚོ་ངོ་མ་ཡག་པོ་འདུག་ལ། དེ་ནི་མིའི་རིགས་ཀྱི་རྣམ་ཤེས་སྒུལ་བར་བྱེད་པའི་གོ་རིམ་ཞིག་རེད།
ཚེ་རིང་སྐྱིད་ལགས། ཁྱེད་རང་གི་འདོད་པ་རྒྱལ་གྱུར་ཅིག ཁྱེད་རང་གི་བསམ་ཚུལ་རྒྱལ་གྱུར་ཅིག ཁྱེད་རང་གི་མདུན་བསྐྱོད་རྒྱལ་གྱུར་ཅིག ནམ་ཞིག་ཁ་ཕྱིར་ལ་འཁོར་ནས་འགྱོད་པ་མ་སྐྱེ་རོགས། རིག་གཞུང་ཟེར་ནས་སྐད་རྒྱག་དགོས་ཆེན་པོ་ཞིག་མེད་ཚོད་རེད། ད་ནི་ཉིད་རང་ལྟ་བུའི་བསམ་ཤེས་དང་ཡོན་ཏན་ཅན་ཡིན་ཟེར་མཁན་དག་ལ་རེ་བཞག་བྱེད་པ་ནི། རང་གི་རིགས་གཞུང་རྒྱ་མིས་མངོན་གསལ་དོད་པོས་གཏོར་བ་ལས་ཀྱང་འཇིགས་སུ་རུང་བའི་གནས་ཚུལ་དག་གི་སྔོན་བརྡ་གཏོང་གི་འདུག གང་ལྟར། ཁྱེད་རང་གི་བསམ་ཚུལ་རྒྱལ་གྱུར་ཅིག ཁྱེད་རང་གི་འདོད་པ་རྒྱལ་གྱུར་ཅིག ཁྱེད་རང་གི་སེམས་འགུལ་རྒྱལ་གྱུར་ཅིག ཁྱེད་རང་གི་མི་གཤིས་ལ་བཅིངས་པའི་ལྷག་བསམ་རྒྱལ་གྱུར་ཅིག བོད་པ་འདི་ཚང་གི་བསམ་བློ་བ་ཁྱེད་འདྲ་བ་དག་རྒྱལ་གྱུར་ཅིག བོད་པ་ཚང་གི་ནང་ཆོས་ཁ་ལ་འཁྱེར་ནས་སྙིང་རྗེ་ཟེར་བ་གོམ་པའི་བུ་མོ་ཁྱེད་རང་ལྟ་བུ་དག་རྒྱལ་གྱུར་ཅིག ནམ་ཡང་། ཁྱེད་རང་རྒྱལ་གྱུར་ཅིག འུ་གཉིས་ཀྱིས་བསམ་ཚུལ་མ་མཐུན་པ་དེ་ཡི་སྟབས་ཀྱིས་ངས་དེ་རིང་འདི་ནས་ཁྱེད་རང་གི་བསམ་ཚུལ་རྒྱལ་གྱུར་ཅིག་ཟེར་ནས་ཁ་གཡང་སྒྲོག་པ་དེར། ཁྱེད་ཉིད་ཚུགས་པ་མི་ཟ་བར་ཤོག
གནད་དོན་ཁྱེད་དང་འུ་གཉིས་རྒྱལ་ཕམ་གྱི་དབྱེ་བ་ཞིག་མ་ཡིན་པས་ང་རྒྱལ་དགོས་པའི་ཁ་གཡང་དེ་ཡང་མི་དགོས་མོད། བསམ་ཚུལ་མ་འདྲ་བ་བྱུང་ན་ལམ་སེང་རྒྱ་མི་དང་བསྡུར་བའམ་ཡང་ན་དོར་རྒྱལ་བསྟེན་མཁན་དང་བསྡུར་བ་དེ་དག་ནི་མི་ནག་པོ་བཟོ་འདོད་ཀྱི་བསམ་བློ་ཙམ་ལས་གཞན་གང་ཡང་མ་ཡིན། གནད་དོན་འདི་རྒྱལ་སྤྱིའི་སྤྱི་ཚོགས་མང་པོ་ཞིག་ཏུ་ཀུ་ཡངས་དང་བསམ་ཤེས་ཀྱིས་ཁྲིམས་མཐུན་ལ་ཆགས་ཚར་བའི་གནད་དོན་ཞིག་ཡིན་པས་ང་དང་ཁྱེད་་ཀྱི་རྒྱལ་ཕམ་ལ་འགྲོ་གིན་མ་རེད་ལ། ངས་མ་གཞི་ནས་བསམ་ཚུལ་ཞིག་ཤོད་དུས་ང་རང་གི་བསམ་ཚུལ་ཤོད་ཀྱིན་ཡོད་པ་ལས། ཕ་རོལ་བས་ངའི་བསམ་ཚུལ་ངོས་ལེན་བྱ་དགོས་པའི་རེ་བ་འཛིན་གྱིན་མེད་ལ།་ངས་ཀྱང་གཞན་གྱི་བསམ་ཚུལ་བཙན་གྱིས་དང་ལེན་བྱ་སྲོལ་མེད། ང་ཚོ་ཚང་མ་ལ་ཐུན་མོང་གི་བསམ་བློ་དང་རྣམ་དཔྱོད་མེད་དུས། སོ་སོ་ལ་སོ་སོའི་ལྟ་བ་རེ་ཡོད་རྒྱུ་རེ་འདོད། དེ་བས་འདིར་ཉིད་ཀྱིས་ང་རྒྱལ་དགོས་པའི་ཟུར་ཟའི་ཁ་གཡང་འབོད་དོན་མེད། གལ་ཏེ་འདི་ལaaཏ་བུའི་གནད་དོན་ལ་ངོས་ལེན་བྱ་ཐུབ་ཀྱིན་མེད་ན། ངས་ནི་ང་རང་མིའི་གཞི་རྩའི་མངོན་འདོད་དང་རང་དབང་ལ་འཐབ་རྩོད་བྱེད་མཁན་ཞིག་ང་རང་མིན་པའི་བསམ་བློ་འཛིན་གྱིན་ཡོད། གཞན་ངས་ཞུ་རྒྱུ་ཞིག་ལ། དྲ་ཚིགས་ནང་གི་མི་ཞིག་གིས་ང་དང་བསམ་ཚུལ་མ་མཐུན་པས་གཏིང་ནད་ལ་བཟུང་ཏེ་ངའི་འདྲ་པར་མང་པོ་ཞིག་གི་མགོ་བཅད་དེ་གཟུགས་གཞན་གྱི་སྟེང་ལ་སྦྱར་ནས་དྲ་ངོས་ལ་བཀྲམས་ཀྱིན་ཡོད་པས། ད་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ངོ་མ་ཇི་ལྟར་མི་ཞིག་བྱ་དགོས་མིན་ཡང་ཤེས་པ་མི་འདུག དེ་བས་འདི་ལྟ་བུའི་ཐབས་རྡུགས་དང་འུ་ཐུག་གི་བྱ་ངན་སྤེལ་མཁན་ཚོ་ཡང་བོད་མི་རེད་ཨང་།
སྐུ་ཞབས་བྱམས་པ་དང་ཁེ་ཐི་གཉིས་ཀྱི་གཉེན་སྒྲིག་ལ་སེམས་གཏིང་ནས་དགའ་བས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ངའི་གོང་གི་དྲ་བརྙན་དོན་ཚན་དང་པོ་གཅིག་བལྟས་པ་ཡིན། སེམས་འགུལ་ཐེབས་ནས་ཅུང་ཟད་མིན་ན་མིག་ཆུ་ཤོར་སོང་། སྐུ་ཞབས་བྱམས་པ་ལགས་ནས་ད་བར་སྤྱི་ཚོགས་གུ་དོག་ཅིག་གི་འགོག་རྐྱེན་དང་ཟུར་འབུད་སོགས་དཀའ་ངལ་ཅན་གྱི་ཀྱག་ཀྱོག་གི་བརྒྱུད་ལམ་མང་པོ་ཞིག་བརྒྱུད་ལོས་ཡོད་སྙམ་བྱུང་། ཁོང་གི་ནང་མི་གཉེན་བཤེས་ཚོའི་ངོས་ལེན་ཐོབ་པར་ཡང་ཡིད་སྐྱོ་བའི་ལོ་རྒྱུས་མང་པོ་ཞིག་བགྲང་རྒྱུ་ཡོད་རྒྱུ་རེད། དཀའ་ངལ་གྱི་ལོ་ཟླ་མང་པོ་ཞིག་བརྒྱུད་མཐར་མཐའ་མཇུག་རང་གི་སྙིང་གི་དུམ་བུ་དང་མཉམ་གཉེན་སྒྲིག་གི་གོ་སྐབས་རེག་པ་ནི་སུ་ཡིན་ན་དགའ་འོས་པ་ཞིག་དང་སེམས་འགུལ་ཐེབས་པ་ཞིག་ཅི་ལ་མིན། མཚན་མཐུན་འདོད་བརྩེ་ནི་ཕན་ཚུན་ལ་ཤུགས་རྐྱེན་དང་དཔར་བཀབ་བྱེད་རྒྱུ་ཡོད་པ་ཞིག་མིན་པར་ཆུང་བྱིས་པའི་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་པ་རེད། དེས་ན་ལྷན་སྐྱེས་སུ་ཡོད་པའི་དགའ་མོས་དེ་ནི་གཞན་དང་གཞན་ལ་གནོད་པའི་ལས་ཅན་ཞིག་མིན་ཕྱིར་ང་ཚོས་དང་ལེན་བྱེད་རྒྱུ་ལས་ཡོད་པ་མ་རེད་བསམ། མཚན་མཐུན་ཆགས་སྤྱོད་གསར་གནས་ནང་སླེབས་མ་སླེབས་མ་གཏོགས་སྤྱི་ཚོགས་གང་སར་སྔོན་མ་ནས་ཡོད་པ་ཞིག་རེད། ང་ཚོས་དོ་སྣང་མ་བྱས་པ་མ་གཏོགས་བོད་སྤྱི་ཚོགས་ནང་ཡང་སྔོན་མ་ནས་ཡོད་པར་འདོད། ངའི་ཕ་ཡུལ་ན་སྒྲོལ་མ་སྐྱབས་ཟེར་བའི་སྐྱེས་པ་ཞིག་ཡོད། ཁོ་ཆུང་དུས་ནས་སྐད་ཆ་བཤད་སྟངས་དང་ལས་སྟངས་བྱེད་སྟངས་ཚང་མ་བུ་མོ་འདྲ་བོ་ཞིག་ཡོད་པ་རེད། ཁོ་ཤིས་ཚང་ལ་མག་པ་ཕྱིན་ཡང་རྗེས་སུ་བཟའ་འཐོར་བྱུང་ནས་ཕྱིར་ཡོང་བ་རེད། ད་ལྟ་སྐལ་བཟང་གྭ་རིས་ཟེར་བའི་ཁྱོ་ག་ཞིག་དང་མཉམ་ཁྱིམ་ཚང་གཅིག་བྱས་བསྡད་ཡོད་པ་རེད། ཁོས་ཟོག་བཞོ་བ་སོགས་ཀྱིས་མཚོན་པའི་བུ་མོ་ཚོའི་ལས་ཀ་ལ་བུ་མོ་ཚོ་ལས་ཀྱང་བྱང་ཆ་ལྡན། ཡིན་ནའང་ངའི་ཕ་ཡུལ་དུ་ཁོ་གཉིས་མཚན་མཐུན་ཆགས་སྤྱོད་བྱེད་མཁན་ཡིན་པར་དོགས་པ་ཟ་མཁན་སུ་གང་ཡང་མི་འདུག་ལ་དེ་འདྲའི་ཐ་སྙད་གོ་ཡང་ཡོད་པ་མ་རེད། དེ་ནས་རྨ་ཆུ་རྫོང་ན་སྐྱེས་སྨན་ཞིག་དང་བུ་མོ་ཞིག་མཉམ་དུ་བསྡད་ཡོད་པ་རེད་ཟེར། མོ་གཉིས་སྔོན་མ་ཞིག་ནས་ཁྱོད་ཀྱིས་མ་ཟ་ན་ངས་མི་འཐུང་ཟེར་བའི་གྲོགས་མོ་ཡག་པོ་གཉིས་ཡིན་འདུག་ཀྱང་། རྗེས་སུ་བུ་མོ་དེ་གཞན་ལ་མནའ་མར་ཕྱིན་ཡང་དེ་རུ་མ་བསྡད་པར་བཟའ་འཐོར་བྱས་ཏེ་སྐྱེས་སྨན་དེ་དང་མཉམ་དུ་བསྡད། དེ་ནས་བུ་མོ་མནའ་མར་འགྲོ་སའི་མི་ཚང་དང་སྐྱེས་སྨན་དེ་གཉིས་ཁ་མཆུར་ཐུག་པ་དེ་འདྲའང་བྱུང་འདུག ཁ་ཤས་ཀྱིས་སྐྱེས་སྨན་དེ་ལ་ཕོ་མཚན་ཡོད་པ་རེད་ཟེར་འདུག་པར། མོས་ཁྱེད་ཚོ་ཡིད་མི་ཆེས་ན་ངའི་འོག་ཁྱེད་ཚོར་བསྟན་དགོས་ཟེར་ནས་གྱོད་བཤད་སྐབས་མོ་ལ་གླགས་འཁེལ་མི་འདུག ད་རུང་རེབ་ཀོང་འཇའ་མོ་ནའང་ཁྱོ་ག་བུ་མོ་འདྲ་བ་ཞིག་ཡོད་པ་རེད་ཟེར། ཁོས་སྐྱེས་སྨན་ཞིག་ལ་ཆང་ས་རྒྱབ་འདུག་ཀྱང་རྗེས་སུ་བཟའ་འཐོར་བྱུང་འདུག ཐེངས་གཅིག་ཁོ་པེ་ཅིང་ལ་ཟབ་སྦྱོང་ཞིག་ཏུ་ཡོང་སྐབས་ངའི་གྲོགས་པོ་ཞིག་དང་ཉལ་ཁང་གཅིག་ཏུ་འཁེལ། དབྱར་ཁ་ཚ་བ་ཆེ་སྐབས་ངའི་གྲོགས་པོས་སྣང་དོགས་གང་ཡང་མེད་པར་ཉལ་ཁང་ནང་དམར་ཧྲེང་བྱས་བསྡད་ན་ཁོ་ངོ་ཚ་ནས་མིག་ཡང་ལྟ་ཐུབ་གི་མི་འདུག་ཟེར། མཚམས་རེར་ཁོ་ཚོ་ཕྱི་ལོགས་སུ་འགྲོ་སྐབས་ཁོ་བུ་མ་རེད་བུ་མོ་རེད་ཟེར་ནས་རང་གི་ལག་ཁྱེར་སྟོན་དགོས་པ་དེ་འདྲའང་ཁ་ཡར་བྱུང་འདུག ད་རུང་དྷ་སར་ཡོངས་སུ་གྲགས་པའི་སྨན་པ་ཡེ་ཤེས་དོན་ལྡན་ཡང་ཡོད་པ་རེད། ཤ་རྐྱང་རྐྱང་ཟ་མཁན་གྱི་སྤྱི་ཚོགས་ཤིག་ནང་རང་བཞིན་གྱིས་ཤ་མི་ཟ་བར་རྩྭ་ལྡུམ་ཟ་མཁན་ཞིག་བྱུང་ན་དེ་ནི་རང་གཤིས་ཡིན་པས་ཞབས་འདྲེན་ཟེར་ནས་བསྡིགས་པ་ནི་གཞན་གྱི་གཟུགས་ཁམས་ལ་རྒྱུས་ལོན་བྱེད་མ་ཐུབ་པ་ལས་གཞན་ཅི། འཇར་མན་དུའང་བོད་པ་ཞིག་ནས་ཁོ་རང་མཚན་མཐུན་འདོད་བརྩེ་བྱེད་མཁན་ཡིན་པའི་ཁྱབ་བསྒྲགས་ལོ་ཁ་ཤས་ཀྱི་གོང་ནས་བྱས་སོང་ང། ཁོས་བཤད་པ་ལྟར་ན། ཁོ་རང་ཆུང་དུས་ནས་བུ་ཡི་གཟུགས་ཁོ་ནར་དགའ་བ་ལས་བུ་མོ་ལ་དགའ་གི་མེད་པ་རེད། རྗེས་སུ་ཁོའི་གྲོགས་པོ་ཡག་ཤོས་ལ་རང་གི་གནས་སྟངས་ཏེ་གསང་བ་བྱས་ཏེ་བཤད་པར། གྲོགས་པོ་ཧ་ལས་ཧང་སངས། ཞེ་མེར་ལངས། ཁོ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་བཅད་པ་མ་ཟད་མི་གཞན་ལའང་འུར་ཏེ་ཁོ་ནི་མིའི་སྤྱི་ཚོགས་ནང་གི་འདྲེ་རུ་བཟུང་སྟེ་དེ་རུ་འདུག་མ་ཐུབ་པ་སོགས་སེམས་སྐྱ་མོ་སྐྱོ་བས་ཁེངས་དགོས་པའི་སྒྲུང་སྐྱོ་བོ་མང་པོ་བརྗོད་འདུག མཐར་འཇར་མན་དུ་སླེབས་ནས་རང་གི་གནས་སྟངས་ཡོངས་བསྒྲགས་གནང་འདུག ད་དེ་ཡིན། མི་གཞན་གྱི་རང་བཞིན་ལྷན་སྐྱེས་ལ་ངན་བརྗོད་བྱེད་པ་དེ་ཡག་པོར་མི་མཐོང་། ང་ཚོའི་རྟགས་འཇུག་ནང་། ཕོ། མོ། མ་ནིང་། མོ་གཤམ། ཤིན་ཏུ་མོ། འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་སོགས་མང་པོ་ཞིག་ཡོད་པ་དེ་ཡང་གཞི་རྩ་མེད་པ་ཞིག་གང་ང་ཡིན། མདོར་དེད་ན། མིའི་ལྷན་སྐྱེས་ཀྱི་སྐྱེ་གནས་ལ་འཕྱ་དམོད་བྱེད་པ་ནི་ཙི་ཙིས་ཨ་བྲ་ལ་མཇུག་མ་མི་འདུག་ཟེར་ནས་འཕྱ་ལས་རྒྱབ་པ་དང་གཅིག་པ་རེད། ཙི་ཏའི་ཡུལ་དུ་ཕྱིན་པ་ན།། རྐང་གཉིས་པ་ལ་མིར་མི་བརྩི།།
ཆང་སའི་སྟེང་ན་བོད་པའི་ཨ་མ་ལགས་ཅིག་ཀྱང་འདུག ཕལ་ཆེར་ཁོའི་ཨ་མ་མིན་འགྲོ། ང་ངོ་མ་ཧང་སངས་གི་འདུག མོ་རང་ལ་འདི་འདྲ་ཞིག་ངོས་ལེན་བྱེད་ཐུབ་པའི་བློ་སྐྱེད་དང་སྙིང་སྟོབས་དེ་ཅི་ལྟ་བུར་སླེབས་པ་ཡིན་ན་སྙམ། བར་ལ་མི་མངགས་ནས་གོ་སྐོན་བློ་འགུགས། རྒྱུ་མཚན་སྦྱངས་བཤད་མང་པོ་ཞིག་བྱས་ལོས་ཡོད་འདོད། ང་ཚོའི་བུ་བུ་མོ། ཚ་བོ་ཚ་མོ་ཚོའི་ནང་ཡང་དེ་འདྲ་བྱུང་མ་སྲིད་པ་མ་རེད། བསམ་རྒྱ་ཆེ་ཙམ་བྱེད་དགོས་པ་རེད། དེ་ནི་རང་བཞིན་ལྷན་སྐྱེས་ཡིན་པས་བཅོས་རྒྱུ་ཅང་ཡོད་པ་མ་རེད། སྐྱེ་བ་སྔ་ཕྱིར་ཡིད་ཆེས་མཁན་ཞིག་ཡིན་ན་དེ་ནི་སྐྱེ་བ་སྔོན་མའི་ལས་རེད། ཐོད་པ་ལ་བརྐོས་པའི་རི་མོ་རེད།
ད་གནས་ཚུལ་བཤད་ན་གནས་ཚུལ་བཤད། བལ་ཡུལ་དང་བོད་ཀྱི་རྒྱལ་མཚམས་ནས་བོད་པའི་བྱི་ལི་ཁ་ཤས་རྒྱ་དམག་གིས་བཟུང་ནས་བཙན་འཛགས་བྱས་འདུག དེའི་ནང་གི་བྱི་ལི་ཅིག་གིས་བཤད་ན། རྒྱ་རྒན་དེ་ཚོས་གཅིག་འཛགས་ན་སྐྱག་ཁུང་ཚ་ན་ཨར་མི་བརྟན་གི་ཟེར། ད་ཡིན་ན་མཚན་མཐུན་ཚོ་ཚ་གི་ཡོད་ན་མེད་ན། ཧཧ
དེ་ཕྱོགས་སུ་འདི་ནི་ཧང་སང་བ་ཅི་ཡང་མ་རེད་ཟེར། ཁོ་གཉིས་མཉམ་དུ་སྡད་ནས་ལོ་མང་བོ་ཕྱིན་པ་དང་། ཕ་མ་གཉིས་ལ་རྒྱུས་ལོས་ཡོད། མཚམས་རེ་བོད་པ་ཚོགས་སར་མཉམ་དུ་ཡོང་གི་འདུག་ཟེར། སྔ་ལོ་ཆང་ས་རྒྱབ་འདུག
དུས་ཚོད་དང་གནས་སྟངས། སྤྱི་ཚོགས་ཀྱི་འགྱུར་བ་སོགས་ཕྱོགས་མང་པོ་ཞིག་ལ་བསམ་ན། བོད་ཀྱི་གསར་བུ་ཞིག་ཕྱི་རྒྱལ་གྱི་གསར་བུ་དང་གཉེན་བསྡེབས་པ་འདི་ཁྱད་མཚར་མ་རེད། འོན་ཀྱང་། ང་ཚོ་བོད་དང་རྒྱ་གར། ཨ་རི་སོགས་གང་དུ་གནས་སྡོད་བྱེད་ཀྱང་། ང་ཚོས་རང་གི་མིག་དེ་བོད་པའི་མིག་ཡིན་པ་ཧ་གོ་བའི་སྒོ་ནས་བལྟ་དགོས་རྒྱུ་འདུག ང་ཚོ་ཕྱི་རྒྱལ་བ་མ་རེད། ང་ཚོ་མགོ་སེར་མ་རེད། ང་ཚོ་མིག་ལྗང་ཡང་མ་རེད། ང་ཚོ་བོད་པ་རེད། ང་ཚོའི་རིག་གཞུང་མགོ་སེར་ཚོ་དང་ཐ་དད་རེད། ང་ཚོའི་སྐད་ཡིག་མགོ་སེར་ཚོ་དང་ལོགས་ཀ་རེད། ང་ཚོས་དད་མོས་བྱེད་སའི་ཆོས་ཀྱང་ཡེ་ཤེས་དང་ཁ་ཆེ་སོགས་དང་ཁ་ཁ་རེད། དང་པོ། ང་ཚོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྟེང་ན། བུ་བུ་ལ་གཉེན་སྒྲིག་པའི་གོམས་སྲོལ་འདི་ཡོངས་གྲགས་མིན། ཡོངས་གྲགས་ནས་ངེས་ལེན་ཡང་མེད། ཡོངས་གྲངས་ནས་དགའ་མོས་ཀྱང་མེད། གཉིས་པ། ང་ཚོས་དད་མོས་བྱེད་སའི་ནང་བསྟན་ཤེས་རིག་གི་གཞུང་ན། བུ་བུ་ལ་གཉེན་སྡེབ་ན་འགྲིག་མི་འགྲིག་གི་སྐད་ཆ་མེད་སྙམ། འོན་ཀྱང་། ཤངས་དང་ཁ་སོགས་སྤྱོད་པ་ལ་ལོག་གཡེམ་ཟེར། ལོག་གཡེམ་འདི་ལུས་ཀྱི་མི་དགེ་བ་ཡིན། གསུམ། བུ་བུ་ལ་གཉེན་སྒྲིག་ན། ང་ཚོས་དེ་ལ་ངོ་རྒོལ་བྱེད་མི་ཉན། མི་སྒེར་གྱི་བརྩེ་དུང་དང་མི་ཚེའི་རང་དབང་ལ་ང་ཚོས་བརྩི་བཀུར་ཞུ་དགོས། འོན་ཀྱང་། འདི་ཚོའི་རིགས་མང་དུ་ཕྱིན་ན། ང་ཚོའི་རིག་གཞུང་དང་གོམས་གཤིས་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཞིག་ཡོང་སྲིད་པ་ཞིག་རེད། འདི་ལ་ང་ཚོས་གཟབ་དགོས། བཞི། ང་ཚོར་གཅིག་རང་གཅིག་ཡོད་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་འདི་ཡིན། འདི་གཙང་མ་བྱས་ནས་ཉར་སྟངས་ལ་བསམ་བློ་གཏོང་དགོས། ལྔ་། ཐབས་སྐྱོ་ས་ནས་བཤད་ན། བུ་བུ་ལ་གཉེན་སྒྲིག་པ་འདི་བོད་པའི་སྤྱི་ཚོགས་ཁྲོད་ན་ཡོངས་གྲགས་མིན་རུང་། བུས་བུ་ལ་འཁྲུག་སྤྱོད་བསྟེན་པ་ནི་མང་པོ་ཡོད། འདི་གཙོ་བོ་གྲ་ས་ཁག་ན་ཡོད་། གྲ་སའི་གྲ་རྟ་ཟེར་བ་འདི་དེ་ལ་གོ། གོ་ཐོས་ལྟར་ན། ད་ལོའི་འཇང་དགུན་ཆོས་ཀྱི་སྐབས་སུ་ཡང་། གྲ་བ་འགས་སོག་པའི་གྲ་བ་ཞིག་ལ་བཙན་གཡེམ་བྱས་ནས་རྙོག་དྲ་མང་པོ་བྱུང་སོང་ཟེར། ད་དུང་། བོད་པའི་སྤྱི་ཚོགས་ཀྱི་མི་འབོར་ལ་བལྟས་ན། བུ་གཅིག་ལ་བུ་མོ་གསུམ་ཡོད་པའི་ཚད་རེད། བུ་ཚོས་ཀྱང་བུ་ཞིག་བཙལ་དགོས་བའི་ཚད་ལ་སླེབས་མེད།
ཨ་རོག་ཆ་བོ་ད་འདིའི་བསྐོར་ལ་ང་ཚོས་ཅང་བཤད་ནས་ཡོང་རྒྱུ་ཡོད་ནི་རེད། ཁོ་གཉིས་ཀར་ཕན་ཚུན་འདོད་པ་ཡོད་ཐོག་ནས་གཉེན་སྒྲིག་བྱས་པ་ཡིན་དུས། དེ་ལ་ང་ཚོས་ཡག་བཙོག་བཤད་ནས་ཆི་ཟིག་ཡེད། དེ་ནི་ཁོ་གཉིས་ཀའི་འདོད་པ་རེད་ལགས། དེ་ལས་ང་ཚོས་བོད་སྤྱི་ཚོགས་ནང་ལ་སླར་ཡང་། འདི་མོ་འདི་མི་དར་བའི་ཐབས་ཤེས་རེ་ཡོད་མེད་བལྟས་ན་ཧྲ་གིན་འདོད་ཀི།
རིག་འཛིན་དྲི་ཚིག་འགའ་ཤས་ཡོད་།་ གཅིག་།་ཁྱོད་སྐྱེས་བ་ཤིག་ཡིན་ན་།་མཛེས་མ་ཧ་ལས་བ་ཤིག་ཡོང་ནས་ཁོ་མོ་སྟུ་ལྡག་ཟེར་ན་ལྡག་གིན་ཡིན་ནམ་མིན། གཉིས།་ཁྱོད་མཛེས་མ་ཞིག་ཡིན་ན།་ཁྱེད་རང་གི་དགའ་རོགས་གིན་མཇེ་ནུ་མྱོང་ངམ་མེད་། གསུམ།་བོད་ཁམས་ཕྱོགས་ན་།་བུད་མེད་ཅིག་ལ་།་སྐྱེས་ལྔ་ཡོད་མཁན་ཡོད་འདུག་པས་།་དེ་ཚོ་ལ་བསམ་ཚོད་ཅི་ཡོད།་ བཞི།་ཁོ་གཉིས་བཟའ་སྒྲིག་བྱས་ན་།་ཁྱོད་བརྩེ་དུང་ལ་གནོད་པ་ཅི་འདུག་།ཁོ་གཉིས་ལ་དེ་ལྟར་ཕྲག་དོག་བྱས་དགོས་ནི་རྒྱུ་མཚན་ཅི་རེད། ལྔ།་ཁྱོད་གྲྭ་སའི་གྲྭ་བ་ཚོས་གྲྭ་བྱེད་ཡོད་ཚུལ་དང་།་དེ་བཞིན་བྱམས་པ་གཉེན་སྒྲིག་ལ་ཁོང་ཁྲོ་ལངས་སོར་བལྟས་ན་ཁོས་ཁྱེད་ཀྱི་སྙིང་ན་བའི་བྱ་བ་ག་རེད་བྱས་སོང་། དྲི་ལན་རེ་རེ་ལ་ལན་རེ་འདེབས་རོགས་།
བུ་བུ་ལ་གཉེན་སྒྲིག་སྟངས་ཀྱི་རིགས་འདི་ཚོ། ང་ཚོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྒང་ནས་ཇི་ལྟར་ངོས་ལེན་བྱེད་དགོས་མིན་དང་དེས་ང་ཚོའི་རིག་གཞུང་ལ་ཤུགས་རྐྱེན་ཅི་ཞིག་ཡོང་མིན་སྐོར་ལ་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་འདུག རྒད་པོ་ང་ལ་མཚོན་ན། རང་གི་ཞི་མོས་ཕྱི་རྒྱལ་གྱི་ཞི་མོ་ཞིག་དང་མཉམ་དུ་གཉེན་སྒྲིག་གི་ཡིན་ལབ་ན། རྩ་བ་ནས་འགོག་ཐུབ་ས་མ་རེད་དེ་ཁ་ཏ་སློབ་གསོ་ཡག་པོ་ཞིག་གཏོང་ས་རེད། རྒྱ་གར་དང་བལ་ཡུལ། བོད་དེ་བ་ལ་འཁྲིད་ནས་ཁྱོ་ཀ་ཕོ་འདྲ་བཙལ་འཇུག་ས་རེད། ཐོད་པ་ན་ལས་མེད་ན་ལས་མེད་རེད་མ་གཏོགས། ང་ཕ་མའི་ངོས་ནས་བྱེད་དགོས་བ་ཚང་མ་བྱེད་ས་རེད། ཕ་མས་བུ་ཕྲུག་གི་མདུན་ལམ་ལ་འགན་འཁྱེར་སྟངས་ལ་ཡང་བསམ་བློ་མང་པོ་གཏོང་རྒྱུ་འདུག
རྩམ་དགའ་ལགས་།་ འདི་མི་དར་བའི་ཐབས་ཤེས་ཤིག་བཅའ་ཐབས་ཡོད་པ་མ་རེད་།ཁོའི་མཇེ་གཅོད་རྒྱུ་ཡིན་ན་མ་གཏོགས་།ཁོའི་ཁྱོད་དང་།་ང་དང་།་མི་གཞན་ལ་གནོད་པ་ཅི་ཡང་གཏོང་གིན་མི་འདུག་།་ཁོའི་ཁུང་དུ་གང་གི་ནང་རྒྱག་རྒྱུ་དེ་ཁོ་རང་གི་འདོད་པ་ཡིན་ནོ་བྱོས་།་དེ་བཞིན་ཁྱོད་མོ་ཤིག་ཡིན་ན་།་འཛུབ་གུ་གཏོང་རྒྱུ་དང་།་མཇེད་གཏོང་རྒྱུ་།་མགྱིག་གི་མཇེ་གཏོང་རྒྱུ་ཚང་མ་ཁྱེད་ཐག་གི་ཆོད་།་གཞན་ལ་མ་འདྲི།
རྩམ་དགས་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་འདུག ང་ཚོས་བོད་པའི་སྤྱི་ཚོགས་དང་བོད་པའི་རིག་གཞུང་སོགས་ལ་བོད་པ་རང་ངོས་ནས་ལྟ་སྟངས་དང་མ་འོངས་པར་དེ་ལ་འགྱུར་བ་ཇི་འདྲ་འགྲོ་མིན་དང་དེ་ལ་་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་སྐོར་ནས་སྐད་ཆ་བཤད།
མཚན་མཐུན་འདོད་པ་ནི་སྐྱེས་པ་ནས་རང་ཆས་སུ་ཡོད་པ་ཞིག་རེད་ཟེར། དེ་ལ་བཅོས་ཐབས་ཡོད་མ་རེད། བོད་སྤྱི་ཚོགས་ནང་ཡང་སྔོན་མ་ནས་ཡོད་པ་རེད། ཕྱི་བསྒྲགས་མ་བྱས་པར་གསང་བ་བྱས་བསྡད་ཡོད་པ་རེད། སྤྱི་ཚོགས་ལ་ངོས་ལེན་མེད་ན་གསང་བ་མ་བྱས་རང་བྱས་རེད།
རིག་འཛིན་ངའི་འདི་ལྟར་བསམ་གིན་ཡོད་།་བོད་པ་ཚང་གི་ཕ་མ་དང་།་ཉེ་འཁོར་།་བྱིས་བ་།་ནད་པ་ཚོ་ལ་གཉེན་སྒྲིག་བྱེད་ཆོག་མིན་ལས་།་གཞན་ཨུ་ཁུང་ནང་དུ་ཅི་ཞིག་འཇུག་རྒྱུ་ཡིན་མེད་དེ་མི་སྒེར་གྱི་བྱ་བ་ཞིག་རེད་ཟེར་ནས་བཞག་ན་དགའ་།་
ད་སྐྱབས་བཅོལ་བ་ཚོ་ཕ་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་དྲུག་ཅུ་སོང་ཐལ། དེའི་རིང་ལ་བོད་པའི་རང་དབང་གི་ཆེད་དུ་མི་རྩོད་པར། ས་མཐའ་ཞིག་ནས་ཉི་མ་ནམ་ཚ་འཕུད་བྱེད་ཙམ་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཁ་ནས་རང་དབང་ཟེར་ནས་འཛམ་གླིང་ཤར་ནུབ་ཀྱི་བར་ལ་དྲ་ཐོག་ནས་འདི་འདྲ་དགོས་མེད་མང་པོ་རྩོད་དེ་འདུག་པ་ནི་ཉི་མ་འགྲོ་ཐབས་ཙམ་རེད།
བཀུར་འོས་མེ་རི་གཏོར་མཁན་ལགས། ངས་རྩ་བ་ཉིད་ནས་ཁོ་གཉིས་ཀའི་གཉེན་སྒྲིག་འདི་ལ་སྐྱོན་རྒྱག་གིན་མེད། མ་ཟད་དེ་ཁོ་གཉིས་ཀའི་འདོད་པ་རེད་ཅེས་བཤད་ཡོད། གྲོགས་པོ་ཁྱོས་བལྟས་ན་འདི་མོ་འདི་ང་ཚོའི་བོད་སྤྱི་ཚོགས་ནང་ལ་དར་ཁྱབ་སོང་ན་ཧྲ་གིན་ཨེ་འདོད་ཀིན། ད་བར་དུ་བུ་དང་བུ། མོ་དང་མོར་གཉེན་སྒྲིག་བྱས་པའི་ལོ་རྒྱུས་བོད་ནང་བྱུང་མྱོང་ཨེ་ཡོད། དེང་སང་བཅོས་སུ་དཀའ་བའི་ནད་རིགས་མང་ཆེ་བ་གང་ལས་ཡོང་གིན་འདུག འདི་ཙམ་ལ་ཡག་པོ་བསམ་བློ་གཏོང་ན་འདི་མོ་འདི་དར་ཉན་རྒྱུ་ཨེ་རེད་ལགས།
རིག་འཛིན་ལགས་ནས་བཤད་ནོ་གནས་ལུགས་ཡོད་ཀི འདི་མོ་འདི་མི་དར་བའི་ཁྱད་དུ་ཕ་མས་འགན་ཁུར་དགོས་ལོས་དགོས། བཙན་དབང་གིས་འགོག་མ་ཐུབ་རུང་ཁ་བརྡར་ཡག་པོ་གནང་ན་ཅིག་བྱས་ན་ཕན་ནི་རེད་ལགས།
རྩམ་དགའ་ལགས།་ མི་གཞན་ལ་གནོད་པ་མེད་ན་།དར་རྒྱུ་ཤིག་ཡིན་ན་དར་གིན་ཤིག།དེ་ལ་གནོད་པ་མེད་གིན་ཡ།སྔོན་ཆད་བོད་པ་ཚང་མས་སྟུ་ལྡག་པ་དང་མཇེ་ནུ་བ་སོགས་བཤད་ན་བྲོས་འགྲོ་གིན་རེད།ད་ལྟ་དེ་མ་བྱ་ན་མི་ཆོག་པ་འདྲ་བ་ཤིག་ཆགས་གིན་འདུག་།དེ་ལ་གནོད་པ་ཅི་ཡང་མེད་གིན།ང་69བྱ་རྒྱུ་དངོས་གནས་དགའ་བོ་ཤིག་ཡིན།་ཁྱོད་དེ་འདྲ་ཤིག་མ་ཡིན་ནམ།རྩེད་མོ་ཡིན
རེད་རེད་་་་་་རང་དབང་ནི་མིའི་བདེ་སྐྱིད་ཀྱི་གཞི་རྩ་ངོ་མ་དེ་ཡིན་དུས་དེ་རང་ཉིད་ཀྱི་ཁེ་དབང་གཏོགས་པ་ཞིག་ཀྱང་ཡིན་རབས་བཤད་འདུག དེས་ན་དེ་ལ་གཞན་གྱིས་ཐེ་ཇུས་བྱས་ནས་ཟུར་ཟ་དང་འཕྱ་དམོད་བྱེད་པའི་དབང་ཚད་མེད་ཅེས་མཛངས་མ་ཚེ་སྐྱིད། མཁས་པ་མགོན་ཕྱག ཁ་བདེ་མེ་རི་བཅས་ཀྱིས་བཤད་པ་ལྟར་ཁས་ལེན་རྒྱུ་རེད། རྒྱུ་མཚན་དེས་ད་ནས་བཟུང་དོལ་རྒྱལ་བརྟེན་མཁན་དང་རྒྱ་དམར་རྒྱུག་ཁྱི་བྱེད་མཁན་དག་ཀྱང་རང་དབང་རེད། དེ་དག་བོད་མི་ཐ་ཤལ་བ་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་པ་དང་བརྗོད་པའི་དབང་ཚད་མེད་པ་རེད། ད་དུང་ནང་འཛིན་དང་རྐུན་རྒྱག་བྱེད་པ་མ་ཟད་དེ་ལས་ཚབས་ཆེ་བར་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་བརྒོལ་མཁན་དེ་དག་ཀྱང་རང་དབང་རེད།
ནང་ཆོས་ཀྱི་ནང་དུ་སྟོང་ཉིད་ཅེས་པའི་ཐ་སྙད་ཅིག་གིས་བཟང་ངན་དང་བདག་གཞནགཅིག་ཏུ་སྦྲེལ་བའི་ལྟ་གྲུབ་དེས་བོད་རྩ་སྟོང་འགྲོ་ལ་ཉེ་བར་ཆགས་སོང་། འཚོ་གནས་ཀྱི་ནང་དུ་རང་དབང་ཞེས་པའི་ཐ་སྙད་དེས་ཡ་རབས་དང་མ་རབས་གཅིག་ཏུ་སྦྲེལ་ནས་ཐུན་མིན་བོད་ཀྱི་གོམས་གཤིས་དེ་རིང་འདིའི་ཚད་ལ་སླེབས་སོང་། ད་ནི་གཞོན་ནུ་ཟླ་མེད་ཁྱེད་ཀྱིས་ཀྱང་སྔར་གྱིས་གྲྭ་ཆུང་དེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ངས་མེ་རི་གཏོར་མཁན་ཟེར་བ་འདིའི་དྲི་བ་ཚོར་ལན་བརྒྱབ་མེད། མི་འདིས་མཆན་བུ་རྒྱག་སྟངས་ལ་དམིགས་ཡུལ་གཞན་ཞིག་གི་ཡོད་གི།ངས་དེ་ཚོ་ཚང་མར་ཞིབ་འཇུག་བྱེད་ཀྱི་ཡོད། མི་འདི་སུ་ཡིན་ངོ་གཙང་མ་འཕྲོད་སོང་ན་། དེ་ནས་སྐད་ཆ་ལྷོད་ལྷོད་བཤད།
མིའུ་ཕྲུག་ལགས་། ང་ཁྱོད་ལ་ཧ་ལས་།ཧོན་ཐོར་སོང་།ཁྱེད་རྐུབ་ལ་འཛག་མཁན་དང་།རྒྱ་ནག་དང་དོལ་རྒྱལ་སོགས་བསྡུར་གིན་ཡོད་པ་དེ་དངོས་གནས་རིགས་པ་ཡ་མཚར་བ་ཤིག་རེད།ཁྱེད་དེ་འདྲ་རྐུབ་ལ་རྒྱག་མཁན་ཚོ་དང་།སྟུ་ལྡག་མཁན་ཚོ་མི་དགའ་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།ངས་དོན་དག་གཉིས་ཡོད་གིན་འདོད་། གཅིག་།ཁྱེད་དུས་རྒྱུན་སེམས་ན་།མཇེ་སྐྱག་ཁུང་ནང་ལ་རྒྱག་པ་ཤིག་དང་།སྟུ་ལྡག་པ་ཤིག་སེམས་ལ་དྲན་ནས་གཉིད་ཡང་ཡོང་གིན་མེད་པ་འདྲ་།་དྲི་ཚིག་ནི་ཁྱེད་རང་གི་དེ་ལྟར་དྲན་གིན་འདུག་གམ། གཉིས་།མཚན་མཐུན་བཟའ་སྒྲིག་བྱེད་པ་ཤིག་གིས་ཁྱེད་ཀྱི་ཕོ་མོ་བར་གྱི་བརྩེ་དུང་དེ་ལ་འཇིགས་སྣང་སྐུལ་གིན་ཡོད་པ་འདྲ།མཚན་མཐུན་བཟའ་སྒྲིག་གི་ཆགས་པ་སྤྱོད་སྟངས་ཀྱིས་།་ཁྱེད་ཀྱིས་ཆགས་པ་སྤྱོད་སྟངས་ལ་འཇིགས་སྣང་གཏོང་གིན་ཡོད་ན་།་ རྒྱ་ནག་གིས་ང་ཚོའི་མི་བསད་།རྟ་དེད་།ས་འཕྲོག་།བཙམ་གཡེམ་བྱས་ནས་ལོ་ལྔ་བཅུ་ལྷག་ཙམ་འགྲོ་གིན་ཡོད་པ་རེད། དོལ་རྒྱལ་གྱིས་མི་བསད་།་ནང་ལ་རྙོག་དྲ་ལངས་།སྒྲིག་འཛུགས་ཀྱི་འགྲིག་ལམ་མ་བརྩི་།རྒྱ་མི་ལ་རྒྱབ་སྐྱོས་བྱས་ནས་ད་ང་ཚོས་ང་རྒོལ་བྱ་གིན་ཡོད་ནི་རེད། ཁྱེད་རང་ཕོ་ཤིག་གིས་བཙན་གཡེམ་བྱས་ཡོད་ན་།རྒྱལ་ཁབ་དེའི་ཁྲིམས་ལུགས་ལ་གཏུག།དེ་མིན་མི་དར་མ་བསམ་ཤེས་མི་གཉིས་འཐད་པ་བྱུང་ནས་།ཕན་ཚུན་གྱི་རྐུབ་ཁུང་ནང་ལ་རྒྱག་རྒྱུ་དང་།་སྟུ་ལྡག་ན་ང་ལ་བསམ་འཆར་མེད་།དེས་ངའི་དགའ་ཕྱོགས་ལ་གནོད་པ་ཅི་ཡང་གཏོང་གིན་མི་འདུག།་ཧཧཧ
སྤྱིར་ལུས་ཁམས་ཆགས་སྟངས་ཀྱི་དབང་གིས་རྐུབ་ན་རླིག་རིལ་ཡོད་ཀྱང་ནང་བློའི་འཁྱེར་ཕྱོགས་སོགས་ཡོངས་ནས་ཕོ་དང་འདྲ་བའི་བུད་མེད་མང་བོ་ཡོང་གི་ཡོད་པ་དང། ཡང་ཁག་ཅིག་མཚར་ལོངས་བྱུང་རྗེས་གཤགས་བཅོས་བཏང་ནས་རླིག་རིལ་བཅད་ནས་མོ་མཚན་བཟོ་པ་དང་བྲང་ངོས་གཤགས་ནས་ནུ་རྫུན་བཟོས་པས་བུ་མོ་ཞིག་མཐོང་ན་སྔོན་ནས་ཆ་རྒྱུས་ཡོད་མཁན་ཞིག་སྔོན་མར་ཁོ་ཕོ་རེད་ཅེས་མ་བྷབཤད་ན་ཤེས་ཐབས་མེད་པའི་མཛེས་མ་ད་ལྟ་ཉི་ཧོང་དང་ཐེའུ་ལན་བྷབྷཊི་ན་མཐོང་རྒྱུ་མཐོང་རྒྱུ་མང་བ་དང་། ད་དུང་དེ་དག་གི་ཁྲོད་ཡོངས་ཁྱབ་རང་བཞིན་གྱིས་བརྙན་འཕྲིན་མདོ་འཛིན་པ་དང་གར་མ་སོགས་སྐད་གྲགས་ཅུང་ཙམ་ཡོད་པ་ཡུལ་དེ་དག་ན་མང་གི་ཡ། ད་དུང་ངས་དུས་ཚོད་དེ་གསལ་བོ་མི་དྲན་རུང་ལོ་ཤས་སྔོན་སྐྱེས་དུས་སུ་ཕོ་ལུས་ཡིན་པ་རྗེས་སུ་མོ་རུ་བསྒྱུར་བའི་མཛེས་མ་དག་གིས་འགྲན་བསྡུར་ཞིག་ཐེའུ་ལན་ཊི་ནས་བྱས་པ་དང་། སྐབས་དེར་ཨང་དང་པོ་ཐོབ་མཁན་དེ་ཉི་ཧོང་ནས་ཡིན་ཞིང་མིང་ལ་ཧའུ་རོའུ་ན་ཡས་ཟེར་ད་ལྟ་མོས་ཉི་ཧོང་དུ་ཁྱབ་ཆེས་པའི་བརྙན་འཕྲིན་སོགས་སྟེང་རྒྱུན་ལྡན་མཐོང་རྒྱུ་ཡོད་པའི་གྲས་ཤིག་རེད། གསར་བུ་ཚོས་མཐོང་མ་ཐག་ངོ་མ་སེམས་ཤོར་ས་ཞིག་ཡོད་ཡ་དྲ་བྱང་འདི་ནས་གཟིགས་དང་མཐོང་ཐུབ་འོན་ཀྱང་མཛེས་མ་པར་རིས་མ་གཏོགས་ཡི་གེ་རྣམས་ཉི་ཧོང་ཡི་གེ་ཡིན་པས་དགོངས་དག་ཞུ། http://www.avexnet.or.jp/haruna-ai/index.html http://ameblo.jp/haruna-ai/
མཚན་མཐུན་འདོད་བརྩེ་ནི་རང་ཉིད་ལ་སྐྱེས་པ་ནས་ལྷན་སྐྱེས་སུ་ཡོད་པའི་དགའ་བ་དང་འདོད་མོས་ཤིག་ལ་རང་ཉིད་ཞུགས་པ་ཙམ་རེད། དེས་གཞན་ལ་གནོད་པ་གང་ཡང་བྱེད་གི་ཡོད་པ་མ་རེད། རང་དབང་ཟེར་བ་དེའི་གོ་བ་ལེན་ཤེས་དགོས་པ་རེད། རང་དབང་ཡིན་ཟེར་ནས་མི་གསོད་པ་དང་། མི་ལ་གཅར་རྡུང་། སྤྱི་ཚོགས་ནང་ལ་དཀྲུག་ཤིང་། གཞན་དང་གཞན་ལ་གནོད་པའི་ལས་བྱས་ན་ཆོག་གི་མ་རེད། གཏམ་བརྗོད་རང་དབང་ཡིན་ཟེར་ནས་མིའུ་ཕྲུག་ནང་བཞིན་དཀྲུག་ཤིང་གི་སྐད་ཆ་བཤད་བསྡད་ན་དེ་འོས་ཤིང་མཚམས་པ་ཞིག་ཏུ་མཐོང་དཀའ།
ད་དུང་མགོན་པོ་ཕྱག་གཉིས་པས་ཞབས་འདྲེན་དེའི་ཨ་མ་ཡི་བློ་སྟོབས་ལ་ཧ་ལས་སོང་ཟེར། རྒྱུ་མཚན་ནི་མོས་དེ་ལྟ་བུའི་གནས་ཚུལ་ཚབས་ཆེན་ཞིག་ལ་བསམ་བློས་ངོས་ལེན་བྱེད་ཐུབ་འདུག་ཟེར། དེས་ན་ཁོས་སྔར་རྒན་དམ་པ་དཀྲུངས་མཁན་གྱི་ལག་དམར་དེ་དག་གི་བློ་སྟོབས་ལ་ཡང་ཧ་ལས་ཡོད་རྒྱུ་རེད
མིའུ་ཕྲུག་།་ངའི་ཕ་ཡུལ་ཁམས་ཕྱོགས་གཏམ་རྒྱུད་འདི་འདྲ་བ་ཞིག་ཡོད་པ་རེད་།མི་ཚང་ཤིག་ལ་བུ་མོ་མཛེས་མ་དཔེར་མེད་པ་ཤིག་དང།ཁོ་ཚོའི་སྡེ་བའི་དགོན་པའི་ནང་ན་བླ་མ་གྲུབ་ཐོབ་ཅིག་ཀྱང་ཡོད་པ་རེད་།བུ་མོ་སྡེ་བ་གཞན་ཤིག་གི་གཞོན་ནུ་ཤིག་ལ་བརྩེ་བ་ཆགས་ནས་གནའ་མ་འགྲོ་གྲབས་བྱེད་།ཁྱིམ་མིས་བླ་མ་ལ་མོ་འདེབས་གིན་བཅུག་པ་རེད་།་བླ་མས་གཞོན་ནུ་དེ་ནི་མ་རུངས་བ་ཤིག་ཡིན་ཚུལ་།སྲུང་མ་མི་ཡག་ཚུལ་།འཇིག་རྟེན་གྱི་འཁོར་བ་ལ་སྙིང་བོ་མེད་ཚུལ་།འདོད་ཆགས་ཟེར་བ་འདི་ཡག་པོ་མེད་ཚུལ་སོགས་ལབ་ནས་།བཀག་འགོག་བྱས་ནས་སོགས་བུ་མོ་དེ་གནའ་མ་འགྲོ་རྒྱུ་བཀག་འགོག་བྱས་ནི་རེད།བུ་མོ་དེས་བླ་མའི་ཁ་ལ་མ་ཉན་པར་ཕོ་གསར་དེ་དང་མཉམ་དུ་ཆང་ས་རྒྱབ་པ་རེད་།དེ་ནས་བླ་མས་གྲྭ་བ་དང་གྲོང་བ་ཚང་མ་སྐུལ་སློང་དང་།ཁ་མཁྲུག་བཤད་ནས་བུ་མོ་དེ་ཡག་པོ་མེད་ཚུལ་དང་།སྲུང་མ་སོགས་ཡག་པོ་མེད་ཚུལ་ལབ་ནས་།བུ་མོ་དེ་དང་མི་དགའ་བ་རྣམ་འགྱུར་མང་པོ་བསྟན་ནི་རེད།ཁྱིམ་མི་དང་སྡེ་བའི་མི་ཚང་མས་བླ་མ་འདི་བུ་མོ་འདི་ཐོག་ལ་འདི་འདྲ་ཤིག་ག་རེ་ཡིན་ནམ་ཟེར་ནས་དོགས་པ་ཟོས་ནས་བསྡད་པ་རེད།་ཉིན་ཞིག་བུ་མོ་ལ་ཕྲུ་གུ་ཤིག་སྐྱེས་བ་རེད་།་ཕྲུ་གུ་མཚར་ལོངས་བྱུང་ཡོང་དུས་།བླ་མ་དེ་པར་ལ་བརྒྱབ་པ་ནང་བཞིན་བྱུང་བ་རེད་།་དེ་ནས་སྡེ་མི་ཚང་མས་ཧ་གོ་ནས་།་གཏམ་དཔེ་འདི་འདྲ་ཤིག་ཁྱབ་ཡོད་ནི་རེད།དགའ་ན་བཀག་འགོག་བྱས་།་མི་དགའ་ན་བསྟོད་པ་བྱས་།
མིའུ་ཕྲུག་འདིའི་མཆན་སྔ་ཕྱི་རེའི་བར་ཡང་སྐད་ཆ་ཆེན་པོ་བཟོས་འགྲོ་གི་རེད། ངས། ་་མོ་རང་ལ་འདི་འདྲ་ཞིག་ངོས་ལེན་བྱེད་ཐུབ་པའི་བློ་སྐྱེད་དང་སྙིང་སྟོབས་དེ་ཅི་ལྟ་བུར་སླེབས་པ་ཡིན་ན་སྙམ། ་་ཞེས་བྲིས་པ་དེ། མིའུ་ཕྲུག་གིས། ་་མོས་དེ་ལྟ་བུའི་གནས་ཚུལ་ཚབས་ཆེན་ཞིག་ལ་བསམ་བློས་ངོས་ལེན་བྱེད་ཐུབ་འདུག་ཟེར། ་་ ཟེར་ནས་ངའི་སྐད་ཆ་དེའི་ངོ་བོ་རྦད་དེ་བསྒྱུར་འདུག ངས་དེ་གནས་ཚུལ་ཚབས་ཆེན་དེ་འདྲར་མཐོང་གི་མེད། ངས་དེ་ལྟར་བཤད་དགོས་དོན་བོད་མི་རྒན་པ་མང་པོ་ཞིག་འདི་འདྲའི་སྐོར་ལ་མིའུ་ཕྲུག་ནང་བཞིན་བསམ་བློ་གུ་དོག་ཡིན་རྒྱུ་རེད་བསམ་གི་ཡོད་པ་རེད་དེ། མོ་དེ་ལཏར་མིན་པར་བསམ་རྒྱ་ཆེན་པོ་རེད།
མགོན་ཕྱག།ང་ཁྱོད་ལྟ་བ་དེ་གཏན་ནས་འཐད་གིན་མི་འདུག་།ང་ཚོ་གཞོན་སྐྱེས་ཚོ་ལས་རྒན་པ་དེ་ཚོ་བློ་ཁོག་ཆེན་པོ་རེད།ལྷག་པར་ཏུ་ཕོ་མོ་འཁྲིག་སྤྱོད་ཀྱི་ཐད་ནས།སྔོན་ཆད་ཁྱོ་ཤུག་གཉིས་གང་ཡིན་ཡང་མི་བཞན་ལ་ཆགས་པ་སྤྱད་ན་བཟའ་ཚང་འཐོར་འགྲོ་ཟེར་བའི་སྐད་ཆ་ཤིག་གོ་རྒྱུ་མི་འདུག།ཁྱིམ་ཐབ་བྱས་ནའང་ཕོ་མོ་གང་ཡིན་ཡང་དགའ་རོགས་བཙལ་རྒྱུ་དཔེ་འདྲ་བ་ཞིག་ཆགས་བསྡད་འདུག།ང་ཚོ་ཡུལ་ལ་།སྐྱེས་ཕོ་རབ་ཡིན་ན་སྟུ་ཁ་མི་རྩོད་ཟེར་བ་གཏམ་དཔེ་ཤིག་ཡོད་ནི་རེད།ད་ལྟ་ཁྱེད་བསམ་བློ་ཐོངས་དང་།མིའུ་ཐུང་གི་རྒན་མོའི་མི་གཞན་ལ་ཆགས་པ་སྤྱད་ན་།ཁོ་ག་རེ་བྱས་གིན་རེད།
ཁྱོད་བདེན་པ་རེད། འཁྲིག་སྤྱོད་ཕྱོགས་བོད་མི་ཚོ་གུ་ཡངས་པོ་ཡོད་པ་རེད། ངས་བཤད་པ་དེ་མཚན་མཐུན་འདོད་བརྩེའི་སྐོར་ཡིན་དེ། གཅིག་བྱས་ན་དེ་ལའང་ཉམས་ཞིབ་ཅིག་མ་བྱས་ན་བཤད་ཁག་པོ་རེད། ཁྱོད་བདེན། མི་རིགས་གཞན་ལ་ཆང་ས་རྒྱག་པ་སོགས་ལ་བོད་མི་རྒན་པ་དེ་ཚོ་ངོ་མ་བསམ་བློ་གུ་ཡངས་པོ་རེད། ཁོ་ཚོས་ངོས་ལེན་བྱེད་ཐུབ་གི་འདུག གལ་སྲིད་ངས་ཁྱོ་ག་ཞིག་ལ་གཉེན་སྒྲིག་བྱས་ནས་ཕ་ཡུལ་ལ་ཁྲིད་ཕྱིན་ན་ད་ཅི་འདྲ་ཞིག་ཆགས་གི་ཡོད་མེད་མི་ཤེས། གནས་ཚུལ་དེ་ཕལ་ཆེར་ཕ་ཡུལ་གྱི་མཐའ་ཡས་པའི་རྩྭ་ཐང་ལ་ཤོང་མི་ཤོང་བཤད་ཁག་པོ་རེད།
བཙན་བྱོལ་གྱི་བོད་ལ་མཚོན་ན་རྒྱོ་རྒྱག་སྟངས་ལ་ཡར་རྒྱས་ཆེན་པོ་སོང་ཡོད་རེད། བོད་དོན་ཐད་ལ་ཡར་རྒྱས་གང་ཡང་སོང་ཡོད་པ་མ་རེད། མ་འོངས་པར་མནའ་མ་མགོ་སེར་རེ་དང་མནའ་མ་ཕོ་གསར་རེ་བོད་ནང་དུ་ཁྲིད་འགྲོ་རྒྱུ་དང་བུ་ཕྲུག་རིགས་རྫོད་རེ་དང་འདིའི་ཐད་ཀྱི་རིགས་གཅིག་རྐང་འཛིན་པ་རེ་བྱེད་རྒྱུ་ད་ལྟའི་ལས་འགན་ཡིན་པ་འདྲ།
ཁམས་ཕྲུག་།སྐད་ཆ་དེ་ང་འཐད་པ་འདུག་།བོད་མི་བོད་མི་ལ་ཆང་ས་རྒྱག་རྒྱུ་དེ་ང་འཐད་པ་འདུག་།ཨུ་ཁུང་གང་གི་ནང་རྒྱག་རྒྱུ་ཡིན་མེད་མི་སྒེར་གྱི་ཐག་གཅོད་རྒྱུ་བྱ་།་ད་བོད་ལ་ཕན་པའི་ལས་ཀ་བྱེད་བསམ་ན་རྒྱ་ནག་གི་མེ་ཡི་ལྕགས་རི་དམར་པོ་གཏོར་རྒྱུའི་ཐབས་ལམ་ལ་བསམ་བློ་ཐོངས་།དེ་མིན་སྐུ་ཞབས་རྐུབ་ལ་བསམ་བློ་མ་གཏོང་།
གོང་དུ་བཀོད་པའི་མཛེས་མ་དེའི་པར་རིས་མཐོང་སོང་ངམ་དྲ་ཐོག་འདི་འདྲ་ཞིག་གསལ་འདི་ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་སྡོད་ཡོད་ཅེས་འཆར་འདི། གང་ལྟར་མཛེས་མ་དེ་མཐོང་མ་ཐད་སེམས་པ་ཤོར་ས་ཞིག་འདུག ཕར་བལྟ་ཚོད་ལ་བྱ་སྤྱོད་ཡོངས་རྫོགས་ངོ་མ་བུད་མེད་དངོས་གནས་ཞིག་ཁྱད་པར་ཅུང་ཟད་ཡོད་པ་མ་རེད་ལ་དོན་གྱིས་ཞབས་ཀྱི་རླིག་རིལ་བཅད་པ་དང་བྲང་ངོས་ཀྱི་ནུ་མ་གཉིས་པོ་གཤགས་བཅོས་བྱས་ནས་བཟོས་པ་ཞིག་ཡིན་པ་ལས་དེ་མིན་གཤིས་སྤྱོད་ཡོངས་རྫོགས་བུད་མེད་ཅིག་དང་འདྲ་ནི་རེད། དྲ་བྱང་འདིར་གཟིགས་དང་ཤེས། http://www.avexnet.or.jp/haruna-ai/index.html དེང་ཉི་ཧོང་སོགས་སུ་འདིའི་རིགས་དར་ཁྱབ་ཀྱང་ཆེན་པོ་རེད་ལ་མི་རྒན་གཞོན་ཚང་མའི་སེམས་སུ་རྒྱུན་ལྡན་ཞིག་ཏུ་ཆགས་ཡོད་པ་རེད།
བོད་མིས་ནང་ཁུལ་ཆང་ས་རྒྱབ་བསྡད་ན་མི་འབོར་ཡར་རྒྱས་འགྲོ་གི་མ་རེད། བོད་མི་ས་ཡ་དྲུག་ཡོད་ན་དེ་རེ་རེས་མི་རིགས་གཞན་པ་རེར་ཆང་ས་རྒྱབ་ན་ས་ཡ་བཅུ་གཉིས་ཆགས་པ་རེད། ད་ལྟ་རྒྱ་མི་ལ་བུད་མེད་ཉུང་སྐྱོན་ཆགས་ཡོད་པའི་སྐབས་འདིར་ཕོ་རྒོད་རེ་རེས་རྒྱ་མོ་རེ་རེ་བོད་ལ་ཁྲིད་ཡོང་ཐུབ་ན་དེ་ཡང་མི་གྲངས་སྤེལ་ཐབས་ཀྱི་དམག་འཁྲུག་ཅིག་རེད། མི་རིགས་གང་ཡིན་མིན་དེ་གཙོ་བོ་མ་རེད། གཙོ་བོ་བོད་མི་རིགས་ཀྱི་ངོ་བོ་སྲུང་འཛིན་བྱེད་རྒྱུ་དེ་རེད། རྒྱ་དང་ཁ་ཆེ་ཚོས་བོད་མོ་ཚོ་རྐུས་འགྲོ་གི་ཡོད་སྐད་འདུག ཚུར་རྐུ་བྱས་ན་ཕར་ཡང་རྐུ་བྱེད་དགོས་པ་རེད། གལ་སྲིད་དོ་བདག་སོ་སོར་འདོད་པ་ཡོད་པ་ཡིན་ན། མཚན་མཐུན་གཉེན་སྒྲིག་བཤད་ཅི་དགོས་སྟེ། ཁྱོ་ག་གཅིག་གིས་སྐྱེས་སྨན་དུ་མ་བསྟེན་པ་དང་། བུད་མེད་གཅིག་གིས་ཁྱོ་ག་དུ་མ་བསྟེན་ཆོག་པར་རང་དབང་གི་ཁྲིམས་ཁ་ཡངས་པོ་ཞིག་བཟོ་དགོས་པ་རེད། ཁྲིམས་ཟེར་བ་ནི་མི་ལ་དབང་ཡོད་བྱེད་སྤྱད་ཅིག་མིན་པར་མིའི་འདོད་མོས་ལ་སྲུང་སྐྱོབས་དང་གནོད་འགལ་གྱི་རིགས་བཀག་སྡོམ་བྱེད་སྤྱད་ཅིག་རེད།
སྤྱིར་ཕོ་མོ་ཕན་ཚུན་འགྱུར་རྒྱུ་ཡོད་པ་ཞིག་བཤད་མོད་དེ་དོན་ལ་གནས་པ་ཞིག་ཀྱང་རེད། སྐྱེས་དུས་ཕོ་མཚན་ཡོད་པ་ལས་གཞན་ཚང་མ་མོ་ཡི་རིགས་སུ་གཏོགས་པ་མང་བོ་ཡོད་ལ་ཆེད་མཁས་སྨན་པ་ཁག་ཅིག་ཟེར་དོན། དེའི་རིགས་མའི་མངལ་དུ་ཡོད་སྐབས་མའི་ལུས་སེམས་སུ་རྒྱུན་ལྡན་མ་ཡིན་པའི་དཀའ་ངལ་འདྲ་མིན་འཕྲད་པ་ལ་བརྟེན་ནས་ཕྲུག་གིས་ལུས་སོགས་འཚར་ལོངས་ཡོངས་རྫོགས་བྱུང་མ་ཐུབ་པ་རེད་ཟེར་མཁན་ཡོད། ཡང་བསྐྱར་མཛེས་མ་ཞིག་དྲ་བྱང་བཏང་ཡོད་དེ་གཟིགས་དང་། http://www.tsubaki-ayana.jp/ མོ་ཡང་དེང་ཐོག་སྐྱེས་དུས་ཕོ་རྟགས་ཐོགས་པ་ཞིག་ཡིན་ལ་རྗེས་གཤགས་བཅོས་བྱས་ནས་མོ་རུ་བསྒྱུར་བ་དང་མཉམ་དུ་ཉི་ཧོང་དུ་དེང་ཐོག་དེབ་སྐྱེལ་བྱས་ཟིན་པའི་ཕོ་མིང་དེ་ཡང་མོ་རུ་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཟིན་པ་ཞིག་རེད།
ཚེ་རིང་སྐྱིད་ལགས། ཁྱེད་ཀྱིས་འདི་འདྲ་གསུངས་འདུག གཞན་ངས་ཞུ་རྒྱུ་ཞིག་ལ། དྲ་ཚིགས་ནང་གི་མི་ཞིག་གིས་ང་དང་བསམ་ཚུལ་མ་མཐུན་པས་གཏིང་ནད་ལ་བཟུང་ཏེ་ངའི་ འདྲ་པར་མང་པོ་ཞིག་གི་མགོ་བཅད་དེ་གཟུགས་གཞན་གྱི་སྟེང་ལ་སྦྱར་ནས་དྲ་ངོས་ལ་ བཀྲམས་ཀྱིན་ཡོད་པས། ད་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ངོ་མ་ཇི་ལྟར་མི་ཞིག་བྱ་དགོས་མིན་ཡང་ཤེས་པ་ མི་འདུག དེ་བས་འདི་ལྟ་བུའི་ཐབས་རྡུགས་དང་འུ་ཐུག་གི་བྱ་ངན་སྤེལ་མཁན་ཚོ་ཡང་བོད་མི་ རེད་ཨང་། སྐད་ཆ་འདི་ཚོ་བདེན་པ་ཡིན་ན་ནི། དངོས་ནས་ཡག་པོ་མ་རེད། མི་དེ་ཡི་རིགས་ནི་ཤེས་པ་ཡིན་ན་ཡིན་གཅིག་མིན་གཅིག་དྲ་ཐོག་དུ་འཁྱེར་ནས་ཤོག ང་ཚོས་རང་གི་རིགས་ཀྱིས་མིའི་ནོར་འཁྲུལ་བྱེད་ཀྱི་ཡོད་པ་དེ་དག་གླེང་དགོས། ངས་འདི་ནས་གསལ་བོ་ཞིག་བཟོ་དགོས་པ་དེ་ནི་འུ་གཉིས་དྲ་ཐོག་འདི་ནས་མཚན་མཐུན་ཆགས་སྤྱོད་ཀྱི་སྐོར་ལ་བསམ་ཚུལ་མ་མཐུན་པ་དེ་ལས། ཉིད་ལ་ཚུགས་པ་ཟ་བ་དང་གཏིང་ནད་འཛིན་དགོས་པ་དེ་འདྲ་གང་ཡང་མེད་ལགས། གལ་ཏེ། ངས་ཉིད་ལ་ཚིག་ཁ་ཤས་རེ་རང་གི་བསམ་ཚུལ་བཤད་པ་དེ་ཉིད་ལ་འཕོག་འདྲ་ཡོད་ན་དགོངས་དག་ཞུ། ད་ནི་ཤེས་སོང་། རྗེས་ཕྱོགས་ནས་ཁྱེད་ཉིད་ལ་རྩོད་པ་བྱེད་པ་དང་བསམ་ཚུལ་བགྲོ་གླེང་མི་བྱེད་ཁོ་ཐག་ཡིན། གང་ཡིན་ཟེར་ན། ཉིད་ཀྱིས་སྐད་ཆ་བཤད་ཕྱོགས་ལ་བལྟས་དེ་འོང་དུས། ཁྱེད་ལ་གཏིང་ནད་བྱེད་མཁན་ལྟ་བུ་ཞིག་དུ་གསུངས་བཞིན་འདུག ང་ནི་ཁྱེད་ལ་གཏིང་ནད་འཛིན་དགོས་པའི་གནད་དོན་དེ་འདྲ་རྩ་ནས་མེད་པ་ཐུགས་འཇག་འཚལ་ལོ།
བསམ་ཚུལ་མ་འདྲ་བ་ཞིག་སླེབས་ན་ངེས་པར་དུ་ཁྱོད་རྒྱལ་ང་ཕམ་མམ་ཡང་ན། ལམ་སེང་རྒྱ་ནག་དང་སྦྱར་མཁན་དེ་འདྲར་ངས་ང་དགའ་བོ་མེད་ཟེར་བ་ལས་གཞན་གང་ཡང་བཤད་མེད། ངས་དེར་གསལ་བཤད་ཙམ་བྱས་པ་ཡིན། མི་སུ་ལ་ཡང་རང་རང་གི་རྣམ་དཔྱོད་དང་བློ་དཀྱེད། བསམ་བློ་ལ་དཔག་པའི་ལྟ་བ་རེ་ཡོད་ཆོགམོད། ལྟ་བ་གང་ཞིག་ཚད་མར་འགྱུར་བར་སུས་ཀྱང་ཚད་མའི་དོན་འགྲེལ་དང་རྒྱབ་ལྗོངས་ཤིག་མཚོལ་ཐུབ་གི་མ་རེད། ངས་དུས་ནམ་ཡང་བསམ་ཚུལ་ནི་བསམ་ཚུལ་རང་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བསམ་ཚུལ་དེར་གླེང་དགོས་པ་ཡང་རང་གི་འོས་འགན་རེ་འདོད་ཀྱིན་ཡོད། ཡིན་ན་ཡང་བསམ་ཚུལ་གང་མང་གི་ཐོག་ནས་མི་མང་པོ་ཞིག་གིས་དུས་ནམ་ཡང་སྒེར་སྤྱོད་དང་སྒེར་གཤིས་ལ་གནོད་པའི་ལས་ཀ་མང་པོ་ཞིག་འདི་ལྟ་བུའི་གནད་དོན་འོག་ནས་བརྩམས་ཡོང་གི་འདུག དྲ་གྲོགས་ལགས། དྲ་འབུ་ཞིག་གིས་ངའི་པར་ཞིག་ཨེ་ཤ་ཡའི་བུད་མེད་ཅིག་གི་གཅེར་གཟུགས་སུ་སྦྱར་ནས་ད་དུང་དེའི་རྒྱབ་ཏུ་བོད་ཀྱི་རྒྱལ་དར་ཞིག་བཞག་ནས་ཡར་བཀྲམས་མར་བཀྲམས་བྱས་ཡོད་པ་དེ་ཉིན་ཤས་གོང་གི་བྱ་བ་ཞིག་ཡིན། གནད་དོན་དེར་ཧང་སངས་ཡ་མི་འདུག་ལ། ང་སྒེར་གྱི་ཡིག་སྒམ་དུ་ཡང་དེ་ལྟ་བུའི་གནས་ཚུལ་མང་པོ་བྱུང་མྱོང༌།
ཨ་ལ་ལ་ལ། མདངས་དགོང་འདི་ཚོས་བྲིས་ཡོད་ཀི་ཡ། གཉིད་མ་ཁུགས་པ་འདྲ་འདུག ངོ་ནས་རང་རིགས་ལ་ཤ་ཚ་ཞིག་ཐུགས་ཁུར་ཡོད་པའི་རྟགས་སུ་མངོན། འོན་ཀྱང་ང་དོགས་པ་ཡོད་པ་ཁ་ཤས་སྐོར་ལ་བགྲོ་གླེང་བྱས་མི་འདུག དེ་ནི་སྐྱག་ཁུང་ནང་དུ་བྱས་པའི་སྐབས་སུ་ཚ་རྒྱུ་ཡིན་པ། བྱས་པའི་རྗེས་སུ་སྐྱག་དྲིས་ཉལ་ཁང་ཡོངས་རྫོགས་རྒྱང་རྒྱུ་ཡིན་པ། རྒན་འགོ་ཆགས་ན་སྐྱག་པ་འགོག་ཐུབ་རྒྱུ་མིན་པ། ད་རུང་ཁ་ཤས་ཀྱིས་བཤད་ན་སྐྱག་ཁུངས་ནས་ན་ཚ་འཇིགས་སུ་རུང་བ་ཞིག་ཀྱང་འགོས་གི་ཡོད་སྐད་འདུག འོ་ད་རུང་གཅིག་ནི་ཆགས་པ་སྤྱོད་སྐབས་འོ་བྱེད་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་གཅིག་གི་སྐུབ་ལ་རྒྱོ་ན་གཅིག་གི་ར་ཀོག་ཀྱེན་དུ་ལངས་ཡོད་ན་ འོ་འོ་ད་ཀ་འདྲས་ཟིག་ཆགས་པ་སྤྱོད་དགོས་པ་རེད། དེ་ལས་ངོ་ནས་དྲངས་ནས་ཚེ་རིང་སོང་ན་རིག་རྒྱུ་མཐོང་རྒྱུ་མང་གི་ཡ།
ཚེ་རིང་སྐྱིད་ལགས། ཁྱེད་ཀྱི་བཤད་པ་གནས་ལུགས་ཡོད་ཀི ངས་དངོས་ནས་འདྲ་དཔར་དེ་འདྲ་བེད་སྤྱོད་གཏོང་མཁན་དག་གི་མི་དེ་ཚོ་དངོས་ནས་ཤེས་ན་འདོད་ཀྱང་། ཤེས་ཀྱང་ཕན་ཐོག་གང་ཡོད། རེ་བ་ལ་མི་དེ་དག་གིས་རང་ནོར་ལ་བསམ་ཤེས་ཤིག་བྱེད་ཐུབ་པར་ཤོག
བྱིས་འཛགས་དང་མཚན་མཐུན་འདོད་བརྩེ། ཁ་དང་བཤང་བགྲོད་མཇེ་ནིས།ལྕེ་ཉུག་སོགས་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་ཞེས་པ་ལྟར་རྐྱེནཔ་རླུང་གི་བརྡ་འཕྲིན་གསར་བའི་བརྒྱུད་ལམ་ནས་སའི་གོ་ལ་འདིའི་གྲུ་ཟུར་ཀུན་ཏུ་ཁྱབ་འགྲོ་བཞིན་པ་རེད། སྔོན་ཆད་་ལས་མང་ནས་མང་དུ་འཕེལ་འགྲོ་བཞིན་པ་རེད། ད་ཡིན་ན། སྔོན་མ་བྱིས་འཛགས་བྱེད་མ་མྱོང་མཁན། མཚན་མཐུན་འདོད་བརྩེའི་ཚོར་ཤུགས་སླེབས་མ་མྱོང་མཁན། ཁ་དང་བཤང་ལམ་ལ་བཏང་མ་མྱོང་མཁན། ཁ་འཇི་དང་ལྕེ་ཉུག་བྱེད་མ་མྱོང་མཁན་དང་དབང྄་རྩའི་ཆགས་བཀོད་ཐང་ཐང་དང་འགྲིག་བསྡད་ཡོད་མཁན་ཚོའི་དབང་རྩ་དང་སེམས་ཁམས་ལའང་སྒུལ་སྤྲུགས་ཐེབས་ཀྱིན་ཡོད་པ་རེད།། སྔོན་བྱུང་མཁས་བ་ཞིག་གིས། གོམས་ན་སླ་བར་མི་འགྱུར་བའི།།དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་པ་བདེན་པ་རེད། ཡིན་ནའང་གོམས་ཚད་ལོབས་ཚད་ཚང་མ་རང་དབང་གི་ཁ་གཡང་དང་དཀྱེལ་ཡངས་ཀྱི་ཀློང་ཡངས་ནས་བཏང་སྙོམས་སུ་འཇོག་དགོས་པའི་ངེས་པ་ཡང་ཡོད་པ་མ་རེད།
འཇིབ་ལྡག་དང་ལྕེམ་ཉུག་སོགས་བདེ་བ་བསྐྱེད་པའི་མཆོག་དམ་པ་ཡིན་ཡང་། འདོམས་ཀྱི་འབུ་སྲིན་བཤང་ལམ་དུ་བསྐྱེད་པ་དང་བཤང་ལམ་གྱི་ཕྲ་འབུ་ཁ་་དང་།ཁའི་འབུ་ཕྲ་འོག་ཏུ་སྐྱེལ་ནས་འབུ་སྲིན་གྱི་གནས་ཡུལ་སྤོ་བ་འདི་ན་ཚ་གསར་བ་བསྐྱེད་པ་དང་ཁམས་འཁྲུག་པའི་ལས་རྩོམ་པར་བསམས་ཚེ། རང་འགྲིགས་མཚན་ལམ་དུ་བསྐྱོད་པ། མཛུབ་དཀྲུགས་དང་ཡན་ལག་ལྔ་བས་བསྲུབས་པ། བརླ་བར་དུ་བསྐྱོད་པ། འགྱིག་མཚན་གྱིས་བསྐྱོད་བགྲོད་སོགས་འཕྲོད་སྟེན་ལ་དེ་འདྲ་མི་གནོད་བསམས།།
རྩོམ་སྒྲིག་པ་ལགས་།འདི་དྲ་ཚིགས་དངོས་སུ་བཀོད་རོགས་མཛོད། རྒྱ་ནག་མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ། མེ་རི་གཏོར་མཁན་ནས། གོང་དུ་ངོ་སྤྲོད་བྱས་ཡོད་པ་བཞིན།་རྒྱ་ནག་གཞུང་གིས་མེ་རིའི་ལྕགས་རི་ཟེར་བ་དེ་བེད་སྤྱད་ནས་རྒྱ་ནག་ས་ཁོངས་ཀྱི་ཕྱི་ཡི་དྲ་རྒྱ་ཚང་མ་རྒྱ་ནག་ཏུ་ནང་ལོགས་སུ་འགྲོ་སྐབས་བྱེ་མ་བཙག་པ་ནང་བཞིན་བཙག་ནས།་གཞུང་གི་མི་འདོད་པའི་དྲ་རྒྱ་ཚང་མ་འགོག་ཐབས་བྱེད་བཞིན་ཡོད་པ་རེད་། ཇི་ལྟར་འགོག་བཞིན་ཡོད་དམ་ཞེ་ན། དང་པོ་།་གྲངས་གནས་ཟེར་བ་དབྱིན་ཇིའི་སྐད་དུ་IP address་དང་རྒྱའི་སྐད་དུ་ 网络地址་ཟེར་བ་དེ་འགོག་བཞིན་ཡོད་པ་དང་།་འདི་ནི་དྲ་ཚིགས་ཡོང་ཁུངས་ཀྱི་ཕྱི་མཛོད་ལྟ་བུ་ཡིན་པས་འདི་བཀག་པ་ཡིན་ན།་མཛོད་ཀྱི་སྒོ་རྒྱབ་པ་ནང་བཞིན་།དྲ་ཚིགས་འཆར་མི་ཐུབ་པ་ཞིག་བཟོ་ཡོང་དགོས་རེད།་ གཉིས་།་ཁ་བྱང་གཙོ་བོ་DNS་Domain Name System ་领域名称系统དྲ་གནས་ཀྱི་ཁ་བྱང་གཙོ་བོ་དེ་བཀག་ནས་།་ཁ་བྱང་དེའི་ནང་དུ་འགྲོ་མི་ཐུབ་པ་ཞིག་བཟོ་ཡོང་དགོས་བ་རེད་།་http://www.tibet.net་ལྟ་བུའི་བོད་གཞུང་དྲ་ཚིགས་ལྟ་བ་ལ་མཚོན་ན་།་དྲ་ཚིགས་ཀྱི་མིང་ཆ་ཚང་བ་།གོང་གི་མེ་རིའི་ལྕགས་རི་ནང་ནས་ཐར་མི་ཐུབ་པ་ཞིག་བཟོས་ཡོད་པ་རེད་།་ གསུམ་།་སྤྱིའི་མཛོད་ཁ་བྱང་URL Uniform Resource Locator 一致资源定址器 HTTP་ཟེར་བ་དེ་ཡིན་ཞིང་།འདིས་དྲ་ཚིགས་ཀྱི་མཛོད་གང་དུ་ཡོད་པའི་ཕྱོགས་སྟོན་བཞིན་ཡོད་།་མེ་རིའི་ལྕགས་རི་ནང་ཕྱོགས་སྟོན་མི་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་རེད་། བཞི།ཁུག་མ་བཙག་པ་Packet Filtering་封包过滤་ཟེར་བ་ནི་ཚིག་དང་ཚིག་སྤྱོར་མི་འདྲ་རྣམས་།བཀག་ཏེ་།་མེ་རིའི་ལྕགས་རི་ནང་དུ་ཐར་མི་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་དེ་ལ་ཟེར་།་དཔེར་ན་རྒྱ་ནག་ནང་ནས་རྒྱ་ཡིག་དང་དབྱིན་ཇིའི་རྒྱལ་བ་རིན་པོ་ཆེ་དང་།་བོད་རང་བཙན་ཟེར་བ་སོགས་བཙལ་སྟོན་ཁུང་མིག་ཏུ་སྤྱར་ན་།་རྒྱ་ནག་རང་གི་ལྟ་བ་མཚོན་པའི་དྲ་ཚིགས་ཐོན་པ་ལས་།་མེ་རིའི་ལྕགས་རི་ཕྱི་ལོགས་སུ་དྲ་ཚིགས་ཡོང་མི་ཐུབ་པ་བཟོ་ཡོད་པ་རེད་།་བོད་ཡིག་བཀོལ་མཁན་མཚོན་ན་།་འདི་ཤིན་ཏུ་གལ་ཆེན་པོ་རེད་།་རྒྱ་ནག་གི་བཙལ་སྟོན་དྲ་བ་ཆེ་ཤོས་http://www.baidu.com་སོགས་ལ་བོད་ཡིག་རྩ་བ་ཉིད་ནས་འཆར་རྒྱུ་མེད་པ་བཟོས་ཡོད་པ་དང་།་ རྒྱ་ནག་ནང་ཁུལ་དུ་ཡོད་པའི་http://www.google.cn དང་ཕྱི་རུ་ཡོད་པའི་གཉིས་ཀྱི་ནང་དུ་བོད་ཡིག་བཙལ་སྟོན་བྱེད་ཐུབ་ཀྱིན་འདུག་།་རྒྱ་གཞུང་གི་བོད་ཡིག་གི་ཚིག་གང་དང་ཚིག་སྤྱོར་གང་འདྲ་ཤིག་ད་དུང་བཙལ་མི་ཐུབ་པའི་གྲས་སུ་བཞག་ཡོད་པ་མ་ཤེས་། ལྔ་།་དྲ་གནས་ཁ་བྱང་བཞན་དུ་བསྒྱུར་པ་།་དཔེར་ན་མི་ཞིག་བསམ་བཞིན་དུ་།་བོད་གཞུང་གི་དྲ་ཚིགས་བཙལ་ན་།་དེ་ལ་མི་འགྲོ་བར་རྒྱ་གཞུང་གི་བོད་དོན་་སྐོར་གྱི་དྲ་ཚིགས་སུ་འགྲོ་བཞིན་པ་ལྟ་བུ་རེད་། མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ། རྒྱ་གཞུང་གི་སྒོར་དུང་ཕྱུར་ཁ་ཤས་དང་།་མི་ཁྲི་ཕྲག་ཁ་ཤས་བེད་སྤྱད་ནས་།་དྲ་རྒྱ་ལ་དོ་དམ་དང་།་ཕྱི་ནང་གཉིས་ཀྱི་དྲ་ཚིགས་བཀག་འགོག་བྱེད་བཞིན་ཡོད་མོད་།་མེ་ཡི་ལྕགས་རི་ནི་ལས་སླ་བོ་གཏོར་ཐུབ་པ་ཡོད་།་བོད་ནང་གི་བོད་པ་ཚོས་ཀྱང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལྟར་ཐབས་ཤེས་འགའ་སྤྱད་ན་།་ཕྱིའི་དྲ་རྒྱ་ཚང་མ་བལྟ་ཐུབ་པ་མ་ཟད་།་རྒྱ་ནག་གཞུང་གི་་གཏན་ནས་ཤེས་བ་མེད་པ་ཞིགབཟོ་ཐུབ་ཀྱིན་རེད་།ཐབས་ཤེས་འདི་ལ་བོད་སྐད་དུ་ལྕགས་རི་གཏོར་བ་ཞེས་བསྒྱུར་ན་ལེགས་ཞིང་།་རྒྱ་མི་དག་གི་代理主机་་ཞེས་དང་ཐབས་ཤེས་དེ་བེད་སྤྱོད་གཏོང་མཁན་གྱི་མི་དག་གིས་རྒྱ་ནག་གི་སྐད་དུ་་翻墙་་དོན་གྱི་ལྕགས་རི་ལས་མཆོང་བ་ཟེར་གྱིན་ཡོད་པ་དང་།་དབྱིན་ཇིའི་Proxy serverཟེར་གྱིན་ཡོད།་ དང་པོ་ཕྱི་རྒྱལ་དུ་ཡོད་པའི་།་ལྕགས་རི་ལས་མཆོང་བྱེད་ཀྱི་ཅ་ལག་མང་པོ་བཟོས་ཡོད་པ་དང་།་དེའི་ནང་ནས་སྙན་གྲགས་ཅན་གྱི་ཅ་ལག་རང་གི་གློག་ཀླད་ནང་དུ་བཅུག་དགོས་། ཕྱི་རྒྱལ་དུ་ཅ་ལག་འདི་ལྟ་བུ་ཤིན་ཏུ་མང་པོ་ཡོད་པ་དང་།་མང་ཆེ་ཤོས་སྒོར་སྐར་མ་གང་ཡང་མི་དགོས་།་རིན་མེད་དུ་འབུལ་བཞིན་ཡོད་།་སྐད་གྲགས་ཆེ་ཤོས་ནི་རྒྱ་ནག་གི་ཧྥ་ལོན་གུང་དག་གིས་བཟོ་བའི་FREEGATE་་མིང་ལ་རང་དབང་གི་སྒོ་ཆེན་ཟེར་དེ་ཡིན་ཞིང་།་འདི་མི་སྒེར་སོ་སོའི་གློག་ཀླད་ནང་དུ་བཅུག་པ་ཡིན་ན་།རྒྱ་ནག་གི་མེ་རིའི་ལྕགས་རི་ནང་ནས་རང་དབང་གི་ཕར་ཚུན་འགྲོ་ཐུབ་པ་ཤིག་ཡོད་པ་རེད་།་ང་ཚོ་ཕྱི་ན་ཡོད་པའི་བོད་མི་ཡོངས་ཀྱིས་ནང་རང་གི་གྲོགས་པོ་དང་།་ཉེ་འཁོར་ཚང་ལ་ལབ་ཏེ་།་ཅ་ལག་འདི་གློག་ཀླད་ནང་དུ་བསྡུ་ཐུབ་པ་བྱ་དགོས་།་ངའི་གྲོགས་པོ་འགའ་ཤས་ཀྱི་འདི་བེད་སྤྱོད་ནས་།་དུས་རྒྱུན་ཁ་བརྡ་དང་།་ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།་བོད་གཞུང་གི་དྲ་རྒྱ་སོགས་ལ་བལྟས་ནས་ལོ་འགའ་ཤས་འགོར་བཞིན་།་གནད་དོན་གཅིག་ཀྱང་བྱུང་མི་འདུག་།་གཞུང་འབྲེལ་མ་ཡིན་ཚོགས་པའི་དམངས་གཙོ་དོན་གཉེར་བ་ཚོས་ཀྱང་ཅ་ལག་འདི་བཀོལ་སྤྱོར་བྱ་དགོས་བའི་རེ་བ་འདོན་གིན་འདུག། གཉིས།་རྒྱ་ནག་ནང་གི་དྲ་ཚིགས་སྟེང་ནས་།་དྲ་འཕྲིན་སོགས་དང་་ཁ་བྱང་མི་བཟོ་བ་།་རྒྱ་ནག་དྲ་འཕྲིན་མང་ཆེ་ཤོས་ཀྱི་རྗེས་སུ་cnཟེར་བ་དེ་ཡོད་ཅིང་།དེ་མེད་པ་ཡང་མང་པོ་འདུག།།་གང་ལྟར་ཞབས་ཞུའི་ས་ཚིགས་Server 服务器 རྒྱ་ནག་དུ་ཡོད་པ་རྣམས་ཀྱི་དྲ་འཕྲིན་བེད་སྐྱོབ་གཏོང་རྒྱུ་མེད་།དཔེར་ན་རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་སྒེར་གྱི་འཕྲིན་ཡིག་སོགས་བལྟ་བསམ་ན་།ཐད་ཀར་དྲ་རྒྱའི་ཞབས་ཞུའི་ས་ཚིགས་ལ་ཁ་པར་ལམ་སང་ཁ་པར་བཏང་ན་།་ཁོ་ཚོས་ཁ་ཕྱེ་ནས་བལྟ་ཐུབ་གིན་རེད།རྒྱུ་མཚན་ནི་རྒྱ་ནག་སྲིད་གཞུང་གིས་དྲ་རྒྱ་ཚོགས་པ་གང་བཤད་ཀྱང་ཁོ་ཚོས་ཁས་ལེན་དགོས་ནི་རེད་།ཁོ་ཚོ་ལ་དེ་ལྟར་མིན་ཟེར་བའི་དབང་ཆ་ཡོད་པ་རེད།་ལོ་འགའ་ཤས་ཀྱི་སྔོན་ལ་རྒྱ་ནག་ཡ་ཧོ་ཡིས་རྒྱ་ནག་དམངས་གཙོ་དོན་གཉེར་བ་གཉིས་ཀྱི་འཕྲིན་ཡིག་གི་གསང་གྲགས་སྤྱི་བདེ་ལས་ཁུངས་ལ་བྱིན་ཏེ།མཐར་སྤྱི་བདེ་ལས་ཁུངས་ཀྱི་མི་དེ་གཉིས་འཛིན་བཟུང་བྱས་ཏེ།ལོ་འགའ་ཤས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།རྒྱུ་མཚན་དེའི་དབང་གིས་གྷོ་གྷིལ་གྱི་དྲ་འཕྲིན་གྱི་རང་གི་ཞབས་ཞུའི་ས་ཚིགས་དེ་རྒྱ་ནག་གི་ཕྱི་རོལ་ན་ཡོད་པ་དང་།ཉེ་ཆར་རྒྱ་གཞུང་གིས་ཨ་རི་ལ་བོད་ཀྱི་སློབ་མ་ཤིག་གི་དྲ་འཕྲིན་གྱི་གསང་གྲངས་སོགས་ཁྲིམས་འགལ་གྱི་སྟེང་ལེན་གྲབས་བྱེད་དུས་གྷོ་གྷིལ་གྱིས་ཤེས་ནས།རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པ་སོགས་གནས་ཚུལ་དེ་བྱུང་བ་རེད་། གོང་གསལ་གྱི་ཐབས་ཤེས་དེ་གཉིས་བེད་སྤྱད་ནས་བོད་ནང་གིས་བོད་པ་ཚོས་རྒྱ་ནག་གཞུང་གིས་ཤེས་བ་མེད་པར་།་ཕྱི་ལོགས་ཀྱི་དྲ་རྒྱ་ཚང་མ་བལྟ་ཐུབ་པ་དང་།གསང་འཕྲིན་བསྐུར་ཐུབ་།འདི་ཤིན་ཏུ་གལ་ཆེན་པོ་རེད་།་བོད་དོན་རྒྱལ་སྐྱོབ་ཚོགས་པ་ཤིག་གི་ངེས་པར་ཏུ་ལས་ཀ་འདི་བྱེད་དགོས།བོད་ཀྱི་གསར་འགྱུར་ཁག་ནས་འདི་ཁྱབ་སྤེལ་རྒྱ་ཆེན་པོ་བྱེད་དགོས་།ལྷ་ཁང་གསེར་ཁང་སྟོང་གཅིག་བཞེངས་བ་ལས་།བོད་ནང་གི་དད་ལྡན་དག་ལ་སྐྱབས་མགོན་ཏཱ་ལ་བླ་མའི་གསུང་གོ་ལ་ཕན་ཐོགས་པ་དེ་དགེ་བ་ཆེ་།རང་དབང་ཅན་གྱི་རྒྱལ་ཁབ་ནས་རྔམ་སྟོན་ལ་ཐེངས་སྟོང་འགྲོ་བ་ལས་།བོད་ནང་གི་མི་གཅིག་ལ་ཕྱི་ནང་གི་དྲ་རྒྱ་བལྟ་ཐུབ་པའི་སློབ་སྤྱོང་སྤྲད་ན་དེ་ལ་ནུས་བ་ཆེ།བོད་ཀྱི་ཚགས་པར་འགོད་མཁན་དང་།རླུང་འཕྲིན་བཤད་མཁན་དག་གི་ངེས་པར་ཏུ་འདི་སྐོར་གྱི་གསར་འགྱུར་མང་པོ་སྤེལ།བོད་གཞུང་ལའང་འདིའི་རྒྱུ་མཚན་ཤོད།དེ་བཞིན་བོད་ནང་གི་བོད་མི་ཚོ་ལ་ཁ་པར་གཏོང་དུས་འདི་སྐོར་གྱི་ཁ་བརྡ་བྱོས།
ཡ་ཡ་མེ་ཡི་ལྕགས་རི་སྟོར་མཁནལགས། བོད་ནང་ནས་ youtube བཀག་ནས་རྒྱུན་རིང་སོང་ཟིན། དེ་ན་བོད་ནང་ནས་དེ་ལ་བལྟ་བའི་ཐབས་ཤེས་གོ་བདེ་ཞིག་གསུངས་རོགས།།
གཅིག་།FREEGATE་ཟེར་བ་དེ་རང་གི་གློག་ཀླད་ནང་དུ་བླུགས་།་ གཉིས་།་དེ་ཐོག་ཏུ་གནན་ན་དྲ་ཚིགས་ཤིག་ཐོན་ཡོང་ གསུམ་།་དྲ་ཚིགས་དེའི་དེའི་གོང་གི་དྲ་གནས་ཁ་བྱང་ལ་youtube་སྤྱར་ན་།་youtube་ཐོན་ཡོང་གིན་རེད།
སྔོན་མ་ཟིག་ཀ་རྒྱ་ནག་ཚང་གི་སྲིད་ཇུས་ཟིག་ཡིན་ནས་ན། སྡེ་བ་ཚོ་བ་ཚོའི་སྲིད་ཇུས་ཟིག་ཡིན་ནས་མི་ཤེས་ལ། ལུག་དང་ར་མ་ལ་སྟོན་ཁ་ཕྲུ་གུ་རྩེབ་ཀི་མི་འཇུག་ཟེ་ནས། ད་ར་བོ་ཐོད་ལིག་དང་ལུག་ཁྲོམ་ཕོ་ལུག་ཚོ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་རི་སྒང་ཅིག་ལ་བཞག་པ་རེད། དེར་བལྟ་རྟོག་བྱེད་མཁན་སྡེ་བའི་ནང་གི་ཕོ་སར་སྟག་འདྲ་བ་གཉིས་རེ་གཉིས་རེ་བཏང་བ་རེད། ར་ཐིག་དང་ལུག་ཐིག་ཚང་མས་ར་ཁང་ལུག་ཁང་ནས་དེང་སང་གི་མཚན་མཐུན་ཆགས་སྤྱོད་ཀྱི་འགོ་བཙུགས་དང་ཟིག ད་བསམ་བློ་ཟིག་བཏང་དུས་ཁོང་ཚོ་ད་དེང་རབས་ཅན་དང་རང་དབང་རང་འཐད་ཟེར་རྒྱོ་རེད་ཡ། ང་ཚོ་སྡེ་བའི་བྱི་ལི་ཟིག་གཉིད་ཁུག་ནས་རྨི་ལམ་སྐྱིད་པའི་སྒང་ལ་རྐུབ་ཟེར་ནོ་ཚ་ཤག་སེ་བུད་སོང་ཟིག གཉིད་གཅིག་སད་དུས་གཞན་དེས་མཇེ་ར་རྐོག་འདྲ་བོ་ཁོའི་རྐུབ་ལ་བཙུགས་བསྡད་ཡོད་ཟིག བྱི་ལི་དེ་རླུང་ལངས་ཐག་ཆོད་ནས་ལུག་རྫི་ནས་མ་བསྡད་པར་སྡེ་བ་ནང་དུ་བྲོས་ཡོང་ནས་སྡེ་དཔོན་ཚང་ལ་སྙན་ཞུ་ཕུལ་དང་ཟིག སྐད་ཆ་དེ་སྡེ་བའི་ནང་ལ་རླུང་ལྟར་གྱགས་སོང་ཟིག དེ་ནས་དེ་རྒད་པོ་གཞན་པ་དེའི་སྐྱེས་སྨན་གྱིས་ཤེས་སོང་ནས་རྒད་པོ་ལ་གཟའ་འཁོན་ཇ་རྒ་རྡུང་རྡུང་ཡེ་དང་ཟིག་ཡ།
བུ་མོ་གཡུག་སྟེ་བུའི་སྒང་ལ་མཆོངས་པ་དང་། བོད་ཀྱི་སྐད་ཡིག་གཡུག་སྟེ་སྐད་ཡིག་གཞན་པའི་སྟེང་མཆོངས་པ། གྲྭ་ལ་གཡུག་སྟེ་སྐྱ་ཆས་ལ་འཇུ་པ་བཅས་ཀྱི་བསམ་སྤྱོད་ལ་ཁྱད་པར་ག་རེ་ཡོད་དམ།
ཁྱད་པར་མང་པོ་ཡོད་པ་རེད།བུ་མོ་གཡུགས་ཏེ་བུའི་སྒང་ལ་མཆོངས་བོ་ནི་།ཁྱེད་རང་གི་བུ་མོའི་ཚོའི་སྟུ་ལྡག་པ་ནང་བཞིན་རེད།མི་ཁ་ཅིག་གི་བློ་ངོར་ཤོངས་དཀའ་ཡང་།ཁྱེད་རང་གི་བུ་མོ་བདེ་བ་ཚད་མེད་པ་ཤིག་མྱོང་རྒྱུ་ཡིན་པ་མི་ཚད་།མོ་མཚན་ནང་ནས་སྟུ་ཆུ་བཞུར་ནས།གདན་ཡང་རློན་པ་བཟོ་བ་ཤིག་ཡོང་གིན་རེད།ཁྱེད་རང་གི་བུ་མོ་བདེ་བ་ཚད་མེད་མྱོང་ན་ཁྱོད་རང་ལ་བདེ་བ་ཚད་མེད་སྤྲད་གིན་རེད། གྲྭ་བ་ལོག་དགོས་བ་ནི་མཇེ་ལངས་ནས་མ་ཐུབ་ནི་རེད་། བོད་ཡིག་མ་སྤྱང་བ་གཞན་གྱི་སྐད་ཡིག་སྤྱོང་ནི་རྒྱུ་མཚན་འགའ་ཤས་ཡོད་ནི་རེད། གཅིག་།་བོད་ཡིག་སྤྱང་ས་མེད་སོང་ནི་རེད། གཉིས།་སྤྱོང་མ་འདོད་ནི་རེད། གསུམ།་སྤྱོང་ཡང་མ་ཤེས་ནི་རེད། བཞི་།སྤྱང་གིན་མ་བཅུག་ནི་རེད། ལྔ་།་གཞན་གྱི་འུ་ཁུང་གང་གི་ནང་རྒྱག་པ་ལ་སེམས་ཁྲལ་མ་བྱེད་། དྲུག།་གཞན་གྱི་རྐུབ་ལ་སེམས་ཁྲལ་བྱེད་པ་ལས།རྒྱ་ནག་གི་མེ་ཡི་ལྕགས་རི་གཏོར་ཐབས་ལ་ལས་ཀ་ཤིག།
ཨ་རོག་འདི་ཆི་ཟིག་མ་ཉན་ནི་རེད་ཀོ མཆན་འདེབས་སའི་མེ་ཏོག་ཐང་དེ་རང་ཅིག་ལ་འགྱུར་སོང་ཟིག འདྲེ་ལག་སོར་མོའི་རྡོ་རྗེ་འདི་ཅིག་ལ་ཐུག་སོང་ཟིག་ཨ་ཁ་ཁ།
རྩམ་དགའ་དེ་རིང་ད་ཁྱོའུ་སྐྱོན་མིན་ནི་འདྲ་ཟིག་རེད། ཁ་བརྡ་དྲ་རྒྱ་ལ་སྐྱོན་ཟིག་ཡོད་ས་རེད། ངས་མཆན་ཁ་ཤས་བཏབ་ཡོད་ན་ཡང་ཐོག་མར་ཤར་བསྡད་ཡོད་ཀི དེའི་རྗེས་ནས་མེད་སོང་ཟིག ཕལ་ཆེར་དྲ་རྒྱའི་སྐྱོན་ཡིན་པ་འདྲ། དྲ་བདག་གི་ཅིག་བཟོ་དགོས་པ་དེ་འདྲ་མིན། ད་དྲ་ལམ་འདི་ལ་ང་ཚོའི་ཀླད་པ་དང་འདྲ་གི ཚན་རིག་ཟེར་ན་ལ་འཚམ་འཚམ་ལ་ཧོན་ལོག་རྒྱུ་དང་། སྨྱོན་པ་ཆགས་རྒྱུ་ཡོད་ས་རེད་ཡ།
ལྷན་རྒྱས་ལབ་གླེང་ཡག་པོ་གནང་འདུག ངལ་གསོ་བའི་ཆེད་དུ་ལྷན་རྒྱས་རྣམས་ཀྱི་རིག་པ་བཀྲ་ཚོད་བལྟ་བྱེད་ཀྱི་མཚར་གཏམ་ཞིག་བཤོད་འདོད་སྐྱེས་སོང་། མཚར་གཏམ་དེའི་མིང་ལ་ཀུན་སློང་ངན་པ་ཟེར། དེ་ཡང་ཉིན་ཞིག་འདོད་ཆགས་ཅན་གྱི་ཁྱི་སྐྱག་དང་། རྒྱུ་རྔམ་ཅན་གྱི་ཕག་སྐྱག ཕོ་འདོད་ཅན་གྱི་སྐུ་ཞབས་བྱམས་པ་གསུམ་བྲག་རི་གཡང་གཟར་ཅན་གྱི་ལམ་བུ་ཞིག་བརྒྱུད་ནས་འགྲོ་དགོས་པའི་སྐབས་དེར་གློ་བུར་དུ་མི་ལ་རས་པ་ཐུག་འདུག མི་ལས་ཟེར་ན། ལམ་གཟར་འདི་བརྒྱུད་སྐབས་སུ་ཞིག་གི་སེམས་སུ་ཀུན་སློང་ངན་པ་འཆར་ན་དེ་མ་ཉིད་དུ་དམྱལ་བ་ཡང་སོས་སུ་སྐྱེ་འགྲོ་ཅེས་ནན་བཅག་བྱས། དེ་ལྟར་ཁྱི་སྐྱག་མདུན་དང་ཕག་སྐྱག་བར། སྐུ་ཞབས་བྱམས་པ་རྗེས་སུ་བྱས་ནས་ལམ་གཟར་དེ་ནས་ཕྱིན། ཉག་ཁ་ཞིག་བརྒྱུད་རྗེས་གཡང་གཟར་གྱི་འོག་ཏུ་མཚེའུ་སྔོན་པོ་ཞིག་གི་ནང་དུ་བུད་མེད་འགའ་ལུས་པོ་འཁྲུ་བཞིན་འདུག ཁྱི་སྐྱག་དེ་དག་མཐོང་བ་དང་དེ་མ་ཉིད་དུ་ཡལ་སོང་། ཕར་ཙམ་ཕྱིན་པ་ན་གསེར་རྡོག་པོ་ཞིག་ལམ་ཐོག་ན་འོད་ཆེམ་མེར་ལྷུང་འདུག ཕག་སྐྱག་སྐེད་པ་སྒུར་ནས་ལེན་རྩིས་བྱེད་སྐབས་མི་ལའི་སྐད་ཆ་ཡིད་ལ་འཁོར་བ་དང་ཁྱི་སྐྱག་གི་ལས་དབང་སྡུག་པོ་མིག་གིས་མཐོང་བས་རང་སེམས་གཅུན་བཞིན་དུ་གསེར་མ་སྒྲུག་པར་མདུན་དུ་ཕྱིན། གཡང་སར་ལམ་བུ་གྲོལ་རྗེས་ཕག་སྐྱག་ཁོ་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་ལྷག་འདུག གྲོགས་པོ་ཚོ། སྐུ་ཞབས་བྱམས་པ་ག་རེ་བྱས་པ་ཡིན་ནམ། སུས་ཐིག་ན་དེ་ལ་བྱ་དགའ་ཡོད། ཕལ་ཆེར་སྐུ་ཞབས་བྱམས་པས་མ་གཏོགས་ལན་ཕོག་ཨེ་ཡོང་།
ཕོ་མོའི་བརྩེ་དུང་ལ་བཙན་གཡབ་བྱས་སོང་། ་་་་་་་་་་་་་་་་་་་་མཚན་མཐུན་གཉེན་སྒྲིག་བྱེད་མཁན་དག་ལ་ཕུལ་བ། དྲན་ཤེས་རླུང་ལ་སྐུར་བའི་སྔ་ནུབ་དུ།། ཚོར་བ་དུག་ལ་བསྲེས་པའི་ཉིན་མོ་ལ།། ཁྲག་གི་དྭངས་མ་ཁུ་བ་འདང་ཅན་པོ།། བེད་མེད་ཕྱི་ལ་དཔྱངས་པའི་ཉེས་པ་ལྕི།། རིགས་མཐུན་བརྩེ་བ་ཟེར་ནས་བདེན་ཁ་སྒྲོག། འདོད་པའི་ཞེན་རྩ་ཟེར་ནས་སྲོལ་རྒྱུན་གཏོར།། ཕོ་མོ་འདྲ་མཉམ་ཟེར་ནས་གང་འདོད་བྱེད།། མི་ལུས་བསྐྱེད་སྲུང་བྱེད་པའི་འགན་དེ་གཡུགས།། ཆགས་སེམས་མེ་ལ་འབར་བའི་སེམས་ངོགས་སུ།། རང་གཤིས་ཚད་མར་སྣང་བའི་ཁྱེད་ཚོ་ཡིས།། འཁྲུལ་བའི་རྣམ་བཞག་མ་རྟོགས་འཚོ་བའི་ནང་།། རང་གི་འདོད་པ་མི་ཡི་སྲོལ་དུ་རློམ།། དགའ་ན་དགའ་བའི་ལུགས་ལ་ཚོད་ཅིག་ཡོད།། རང་དབང་ཟེར་ཡང་ཀུན་དང་མཐུན་པ་ཞིག། མེད་པར་བཟོས་པའི་ལམ་ཕྲན་དག་མོ་འདི།། མི་རྒྱུད་རྩ་ནས་བཤིག་པའི་འགད་རྫས་ཤིག། གནའ་བོའི་གཞུང་ལམ་སྒེར་ཚུགས་ལྟ་བར་གླེང་།། དེང་རབས་འཕྲུལ་ལམ་བདེ་འཇག་ལམ་དུ་སྙམ།། འདི་ཕྱིའི་གོ་རིམ་ལྡོག་པའི་མི་ཡུལ་ན།། ཕོ་མོའི་འབྲེལ་ཐག་བར་ལ་ཁྲམ་རྟགས་བརྒྱབ།། སྐྱིད་སྐྱིད་འདྲ་བའི་རང་གི་སྣང་བ་དང་།། བདེན་བདེན་སྙམ་པའི་ཁྱེད་ཚོས་བྱེད་སྟངས་འདིས།། འགྲོ་དྲུག་ཕོ་མོའི་བརྩེ་དུང་ཟབ་མོ་དེར།། མི་འདོད་བཙན་གཡབ་བྱས་པ་སེམས་ཤིག་སྐྱོ།། དྲ་ཐོག་དུ་འདྲེན་བཀོད་བྱེད་ཐུབ་མཁན་ཡོད་ན་བྱེད་རོགས་ཞུ།
ལ་ལས་བཤད་ན་རང་དབང་ཐོབ་ཐང་ཟེར། ། ཁ་ཅིག་བཤད་ན་སྨྱོན་པ་ཡིན་རབས་འདུག ། གང་ལྟར་ཕོ་ཡིས་ཕོ་ལ་གཉེན་སྒྲིག་པའི། ། ལུགས་འདི་བོད་ལ་མཚོན་ན་གསར་བ་རེད། །
རང་དབང་རྟག་ཏུ་གནས་པར་ཤོག གཉེན་སྒྲིག་གི་རང་དབང་དང་། ཆོས་དད་ཡོད་མེད་ཀྱི་རང་དབང་། སྒེར་ཚུགས་ཀྱི་རང་དབང་། གཏམ་བརྗོད་ཀྱི་རང་དབང་། གསོན་པོར་འཚོ་བའི་རང་དབང་། བསམ་བློའི་རང་དབང་། ད་དུང་། འདྲ་གཉམ་གྱི་རང་དབང་བཅས་ནི་མི་རིགས་ཤིག་ཡར་རྒྱས་ལ་འགྲོ་བའི་རྨང་གཞི་རེད། དེར་བརྟེན། ང་ཚོ་ལ་རང་དབང་དགོས་ན། གཞན་གྱི་རང་དབང་ལ་བརྩི་འཇོག་བྱེད་དགོས། རྒྱ་མིར་རང་དབང་བཀའ་སྡོམ་བྱས་པར་སྐྱོན་བརྗོད་བྱེད། རང་གིས་མི་གཞན་གྱི་གཉེན་སྒྲིག་ལ་འཇུས་གཏོགས་བྱས་ན། རྒྱ་མི་ལ་ཇི་ལྟར་ཤོད། ང་ཚོས་རྒྱ་ལ་རྒོལ་སྐབས། རང་དབང་གི་བསམ་བློའི་ཐོག་ནས་བརྩོད་པ་རྒྱབ་ན། བདེན་པ་ང་ཚོ་ལ་ཡོད། “བོད་མི་ཚོར་ཆབ་སྲིད་ཀྱི་མདུན་ལམ་ཐད་ཐག་གཅོད་བྱེད་པའི་རང་དབང་སྤྲོད་དགོས་”ཟེར་ན། ཨ་རི་དང་ཕྱི་རྒྱལ་གྱི་རྒྱབ་ཁབ་སུས་ཀྱང་དེ་ལ་བརྩོད་པ་མི་བྱེད། བོད་རང་བཙན་ཡིན་ཟེར་ན་ཆབ་སྲིད་ཀྱི་བརྩོད་གཞིར་འགྲོ། དེ་ན། རང་དབང་ལ་ཆ་འཇོག་བྱེད་རྒྱུ་དེ་བོད་འདིའི་འཐབ་བརྩོད་འཕེལ་བར་བྱེད་པའི་རྒྱུ་ཆེན་པོ་ཞིག་གོ ང་ཚོའི་སྤྱི་ཚོགས་འདིར་ཇི་ཙམ་གྱིས་རང་དབང་ལ་བརྩི་མཐོང་དང་ཆ་འཇོག་མང་བ་བྱུང་ན། དེ་ཙམ་གྱིས་ངེད་ཚོའི་སྤྱི་ཚོགས་ནང་གནས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གཞི་རྣམས་སྙུངས་ཐུབ། ད་ལྟ་ངེད་ཚོའི་སྤྱི་ཚོགས་ནང་བྱུང་བའི་རྙོག་གཞི་མང་པོ་ཞིག་ནི། ང་ཚོར་རང་དབང་ལ་གུས་ཞབས་དང་བརྩི་འཇོག་བྱེད་པའི་འདུ་ཤེས་དེ་ལེགས་པོ་མེད་པས་ཡིན། འདི་བོད་མི་རིགས་འདི་ཡུན་ནས་ཡུན་དུ་གནས་སམ་ཡང་ན་འཐོར་བའི་ཕུགས་རྩ་དེ་རེད་སྙམ།
སྣོད་ཀྱི་འཇིག་རྟེན་ནང་དུ་བཅུད་ཀྱི་སེམས་ཅན་འཕེལ་བའི་ལས་བྱེད་པ་པོ་ཕོ་དང་མོ་གཉིས་ནི་སྲིད་པ་ཆགས་པའི་དུས་ནས་བཟུང་རིགས་མི་འདྲ་བའི་སེམས་ཅན་རྣམས་ཀྱི་ནང་དུ་ཁྱད་པར་སྤུ་ཙམ་མེད་པར་ཕ་ཡི་ཁུ་བ་དང་མ་ཡི་ཁྲག་འདུས་པ་ལ་བར་དོའི་རྣམ་པར་ཤེས་པ་བཞུགས་ནས་སྲིད་པ་འཇིག་རྟེན་གྱི་འཁོར་ལོ་ཆེན་པོ་ཡོམ་ཡོམ་དུ་འཁོར་བའི་ལུགས་དེ་དང་འགལ་བ་ནི་ཕོ་ཡིས་ཕོ་ལ་སྤྱོད་པ་དང་མོ་ཡིས་མོ་ལ་སྤྱོད་པའི་ལྟས་ངན་སྲིད་པ་མཐའ་མའམ་སྙིགས་དུས་སྐྱེ་བོ་ལུས་ཀྱི་རྩ་འཁྲུག་པ་དང་ཡིད་ཀྱི་དྲན་པ་འཛིང་པ་དག་གི་སྨྱོ་ལས་ཡིན་པར་སེམས།
ཀ་ངོ་ཡིག་ངོ་ཆོད་པའི་གངས་ཅན་པ།། ཁ་དང་རྐུབ་ལ་འཛུགས་ས་ནོར་སོང་ཟིག། ག་ལེར་བསམ་བློ་ཞིབ་མོ་ཞིག་བཏང་ན།། ང་ཚོ་བོད་མིའི་རྒྱུད་རྩ་ཆད་ཀྱི་རེད།། ཅ་ལག་སྦོམ་པོ་སྤུས་དག་འདི་ཁས་ནས།། ཆ་ལུགས་བུད་མེད་བྱེད་དོན་དེ་མེད་ཀ། ཇ་ཤིང་ལྟ་བུའི་རང་གི་མཇེ་ཀོག་དེས།། ཉ་རེ་ཉོ་རེར་བུ་ཞིག་བཟོས་ན་རེད།། ཏ་ཐ་ག་ཏས་གསུངས་ནས་བཀག་དང་ཟིག། ཐ་མ་རང་གི་སྲོལ་རྒྱུན་ཉམས་པའི་རྒྱུ།། ད་ལྟ་དུས་དང་བསྐལ་བ་སྙིག་མ་ལ།། ན་གཞོན་མགོ་སྟོང་འདི་ཟོ་ཆི་ཟིག་ཕོག། པ་སངས་ལྟ་བུར་བློ་རིག་མི་གསལ་ན།། ཕ་མའི་ཁ་ལ་ཉན་ནས་བསྡད་ན་ཡག། བ་ར་བི་རེ་གསར་བར་རྒྱུག་དྲག་ན།། མ་རབས་རྣམས་ཀྱིས་རྐུབ་ལ་རྒྱུགས་སྦོམ་འཛུགས།།
ད་དུང་་་ ལོག་སྤྱོད་ཡིད་ལ་གོམས་པའི་སྟ་གོན་འོག། ཕ་མེས་རིག་གཞུང་སྣུབས་པའི་འཁྲིག་སྦྱོར་གྱིས།། རང་གི་མི་ཚེ་སྐྱག་དྲི་ཐུལ་ལེའི་ཕྱིར།། ཁྲེལ་དང་ངོ་ཚ་གཤང་ལམ་སྦུབས་སུ་དྲངས།། དཀར་ཟླུམ་མྱོས་བུམ་འཆང་བའི་རེག་ཚོར་བྲལ།། ཕྲ་ལྡེམ་སྐེད་པར་འཁྱུད་པའི་བསོད་ནམས་ཟད།། འགྲམ་ཆང་བདུད་རྩི་མཐུང་བའི་ཁ་སྦྱོར་དབེན།། གཅིན་སྐྱག་ལྷན་ཅིག་སྦྲེལ་འདིར་སུ་ཡིད་སྤྲོ།། བདེ་སྟོང་ཟག་མེད་སྦྱིན་པའི་མཆོག་གི་ལས།། ཐབས་ཤེས་ཟུང་དུ་འཇུག་པའི་ཡང་དག་ལམ།། ཕོ་མོ་གཉིས་སྦྱོར་དགའ་བཞི་སྤངས་པ་ཡི།། མཚན་མཐུན་ཆགས་སྤྱོད་པ་སྙིང་རེ་རྗེ།། ཁ་སྤུ་ཁ་ལ་འཕྲད་དུས་ཟ་འཁྲུག་ལངས།། ཕོ་མཚན་ཕོ་ལ་འཕྲད་དུས་ན་ཟུག་འབྱིན།། བུ་ཡིས་བུ་ལ་འཁྱུད་ན་སྐྱག་དྲི་ཐུལ།། མ་རབས་མ་ལུས་ཚང་བའི་ལས་འདི་ངན།། རྗེས་སུ་མུ་མཐུད་ཆོག
གཞོན་ནུ་ཟླ་མེད་ལགས་ཁྱེད་འདིའི་རྒྱུས་ཡོད་ཡིན་དུས་སྐྱོན་བརྗོད་ནན་པོ་ཞིག་གྱིས་དང་ངས་ཁྱེད་ལ་མཁའ་འགྲོ་མཚོ་་་་་་
ཚེ་རིང་སྐྱིད་དང་མགོན་ཕྱག་གཉིས་སོགས་ཀྱིས་ཀྱང་དེ་ཙམ་གྱི་ཧམ་བཤད་སྟབས་བདེ་རེས་འགྲིགས་མི་ཡོང་། ཁྱེད་རང་ཚོའི་བུ་ཕྲུག་གིས་མཚན་མཐུན་ཆང་ས་བརྒྱབ་ན་ཁྱོད་ཚོས་ངོས་ལེན་ཐུབ་ས་རེད་པས། བོད་མི་ཚོའི་ཁྲོད་དུ་འདི་ངོས་ལེན་མི་བྱེད་པར་དེ་ཙམ་ཁག་མི་འདུག ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་ད་བར་དུ་ལུང་པའི་རྩ་ཁྲིམས་ཚུན་གྱིས་བཀཀ་ཡོད་ན་མང་ཚོགས་སྤྱིས་ངོས་ལེན་མེད་པ་གསལ་ཐག་ཆོད་རེད། གནོད་འཚེ་ཡིན་མིན་ནས་བཤད་ན་འདི་ཡེ་ཤུས་པ་ཚོས་འཇིག་རྟེན་བྱེད་པ་པོའི་བཀོད་སྒྲིག་དང་འགལ་ཡོད་སྟབས་ལྷ་དཀོན་མཆོག་གི་བཀའ་དང་རྒྱབ་འགལ་གྱི་ཁྲིམས་ཤིག་འཛུགས་འདོད་མེད་པར་ཁག་མེད། འདུ་ཤེས་འཛིན་སྟངས་དང་དད་མོས་ཡིད་ཆེས་ལ་གནོད་འཚེ་བྱེད་པ་ནི་གནོད་འཚེ་ཆེ་ཤོས་ཡིན་སྟབས་རྐུན་ཇག་ལོག་གཡེམ་སོགས་ལས་ཀྱང་སྡུག ང་ཚོ་འཆལ་པོ་རེད་ཟེར་ན་ཡང་འདྲ། རང་དབང་བ་རེད་ཟེར་ན་ཡང་འདྲ་གང་ལྟར་རིག་གཞུང་གི་རང་ཚུགས་དང་དད་མོས་ཡིད་ཆེས་ཀྱི་ཞག་རྩི་ཉམས་སོང་བས་ག་རེ་བྱས་ཀྱང་རང་དབང་རང་དབང་ཟེར་བའི་མིང་ཚིག་ཅིག་གིས་ཡོད་ཚད་ཀྱི་མགོ་རྡུང་ནས་འཆལ་བོའི་ལམ་དུ་ཁྲིད་འགྲོ་གིན་ཡོད་པ་རེད། ཐའེ་་ལན་ཌ་ལྟ་བུ་ཡིན་ན་ཡང་ཕོ་མོའི་མཚན་བསྒྱུར་བྱེད་ཆོག་ཀྱང་ལྷན་སྐྱེས་ཀྱི་ཕོ་མོའི་ཐོབ་ཐང་དེ་འདོར་ཆོག་གི་མ་རེད། Mr ཞིག་ཡིན་ན་ཇི་སྲིད་འཚོའི་བར་དུ་Mr རེད་མ་གཏོགས་Mis དང་missལ་སྒྱུར་ཆོག་གི་མ་རེད། དེ་ཚོ་ལ་རྒྱུ་མཚན་རེ་རེ་ཡོད་ནས་སྤྱི་ཚོགས་མང་ཕྱོགས་ཀྱིས་འདོད་མོས་དང་བསྟུན་པ་མ་གཏོགས་ཚེ་རིང་སྐྱིད་དང་མགོན་ཕྱག་ལྟ་བུའི་ཚོར་བ་ཐན་ཐུན་དེ་ཚོ་ཚང་མས་ངོས་ལེན་མི་ཐུབ་པར་ཁག་མེད།
ཙ་ཀོ་ར་བཞིན་ངོ་པགས་སྲ་མོ་རེད། ། ཚ་ཡང་སྐྱག་ཁུངས་སྙ་ཚབ་བྱས་དང་ཐལ། ། ཛ་རག་ལྟར་བུའི་གྲོད་ཁོག་འབུར་རྒྱུ་རེད། ། ལྦ་མིར་འདྲེས་པའི་ཕྲུ་གུ་སྐྱེས་ནི་རེད། །
ཨ་སྤོབས་པ། ཧམ་བཤད་སྟབས་བདེ་བྱས་མེད། གོང་དུ་རྒྱུ་མཚན་སྦྱངས་བཤད་ཐེངས་དུ་མར་བྱས་ཡོད། ངའི་མཆན་ཚང་མ་ཡག་པོ་ཞིག་ཀློག དེ་ནས་ཡང་སྐྱར་བགྲོ་གླེང་བྱེད།མི་གླང་གོག་འདྲ་བོ་འདི་འདྲ་མཇིང་བ་སྦོམ་པོ་ཅན་འདི་ཚོ་གང་དྲགས། རང་གི་བྱིས་པ་ཚོ་མཚན་མཐུན་འདོད་བརྩེ་བྱེད་མཁན་ཡིན་མིན་ཆུང་དུས་ནས་བསམ་སྤྱོད་སོགས་ལས་ཤེས་ཐུབ་གི་རེད། གལ་སྲིད་དེ་འདྲ་ཡིན་པ་ཡིན་ན་སྐྱེས་པ་ནས་ཐག་ཆོད་ཚར་ཡོད་པའི་དོན་དག་ཅིག་ཡིན་པས་དེ་ལ་ངོས་ལེན་བྱེད་པ་ལས་བྱ་ཐབས་ཡོད་པ་མ་རེད། དེ་འདྲ་ལ་བཀག་འགོག་བྱས་ནས་རང་ཤི་རྒྱབ་ཡོད་པ་མང་པོ་གོ་རྒྱུ་འདུག་ག སྤྱིར་བཏང་མཚན་མཐུན་ཆགས་སྤྱོད་ཟེར་བ་འདི་ཏག་ཏག་ཅིག་མ་རེད། ཁོར་ཡུག་དང་གནས་སྐབས་སོགས་ལ་བསྟེན་ནས་འདོད་ཆགས་ཀྱི་མགོ་མ་ནོན་པར་མཚན་མཐུན་ཆགས་སྤྱོད་བྱེད་མཁན་དག་ནི་རང་བཞིན་ལྷན་སྐྱེས་ཀྱི་ guy མ་རེད། དེ་ཚོ་མཐའ་མཇུག་གི་ལོག་ས་རང་གནས་བུ་མོའི་རྩ་ལས་ཡོད་མ་རེད། མཚན་མཐུན་འདོད་བརྩེ་བ་ངོ་མ་དག་ནི་རང་གི་འདོད་ཕྱོགས་མ་འདྲ་བ་དེ་ལྷན་སྐྱེས་སུ་ཡོད་པ་རེད་དེ་ལ་བཅོས་ཐབས་ཡོད་པ་མ་རེད། ཁྱེད་ཀྱིས་བཤད་པ་ངོ་མ་རེད། ད་བར་ཁྲིམས་དང་ཆོས་ཁྲིམས། ལམ་ལུགས་སྲོལ་མང་པོས་བཀག་ཡོང་པ་རེད་དེ་མཐར་ཆུ་བོ་རགས་ཀྱིས་མ་ཁོག་པར་ཤོར་བ་རེད། འཇིག་རྟེན་འདི་ནི་རང་བཞིན་ཐ་དད་ཅིང་།། སེམས་དང་འཆར་སྒོ་མཐུན་དུས་མི་འོངས་པས།། གཞན་གྱིས་སྨོད་ལ་གཞན་གྱིས་བསྟོད་བྱེད་ཅིང་།། འགའ་ཡིས་གཙང་ལ་གཞན་གྱིས་བཙོག་པར་བརྩི།། སྤྱང་ཀི་ཤ་ཟན་རི་བོང་རྩྭ་གཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་སྐྱོང་བ་ལེགས།། འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།། གྲོང་པ་སོགས་ལ་མར་ཁུ་འཐུང་བ་སོགས།། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད།། བཟང་ངན་གཙང་བཙོག་རང་གི་རང་འདོད་ཙམ།། རང་འདོད་བྱ་བ་རྟག་ཏུ་བརྗེས་ནས་འགྲོ།། དེ་ལ་རྩོད་ཤག་འགྱེད་པ་ཐང་རེ་ཆད།། དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས།། ཞེས་དགེ་ཆོས་ཀྱིས་གསུངས་པ་ལྟར་རོ། དགའ་མི་དགའ་བཤད་ན་ང་མཚན་མཐུན་ཆགས་སྤྱོད་ལ་མི་དགའ། ཡིན་ནའང་དེ་ཁྲིགས་ཐོག་ནས་འགོག་དགོས་མིན་བཤད་ན། ང་རང་ཚོའི་གཞན་ལ་གནོད་པ་མེད་པའི་འདོད་མོས་ཤིག་ཁྲིམས་ཐོག་ནས་བཀག་པ་ཡིན་ན་དགའ་མོས་མེད་པ་བཞིན་གཞན་གྱི་འདོད་མོས་ལ་ཁྲིམས་ཐོག་ནས་བཀག་འགོག་བྱེད་དགོས་རེད་ཟེར་བའི་ཐོབ་ཐང་ང་ཚོར་མེད་པར་ངོས་འཛིན་གི་ཡོད། དེ་ནི་ཁོ་རང་ཚོའི་འདོད་མོས་རེད། ངས་མཆན་༩༡་ནང་བཀོད་པ་ལྟར། ་་གལ་སྲིད་དོ་བདག་སོ་སོར་འདོད་པ་ཡོད་པ་ཡིན་ན། མཚན་མཐུན་གཉེན་སྒྲིག་བཤད་ཅི་དགོས་སྟེ། ཁྱོ་ག་གཅིག་གིས་སྐྱེས་སྨན་དུ་མ་བསྟེན་པ་དང་། བུད་མེད་གཅིག་གིས་ཁྱོ་ག་དུ་མ་བསྟེན་ཆོག་པར་རང་དབང་གི་ཁྲིམས་ཁ་ཡངས་པོ་ཞིག་བཟོ་དགོས་པ་རེད། ཁྲིམས་ཟེར་བ་ནི་མི་ལ་དབང་ཡོད་བྱེད་སྤྱད་ཅིག་མིན་པར་མིའི་འདོད་མོས་ལ་སྲུང་སྐྱོབས་དང་གནོད་འགལ་གྱི་རིགས་བཀག་སྡོམ་བྱེད་སྤྱད་ཅིག་རེད།་་ འདི་ལ་ཁ་གསབ་ཅུང་ཟད་ཅིག་ཡོད་པ་ནི། དེ་དང་མཉམ་དུ། གཉེན་སྒྲིག་གང་ཞིག་ཡིན་ཡང་གཞན་གྱི་བཙན་དབང་དང་མགོ་སྐོར་བསླུ་བྲིད་འོག་ཤོར་ཡོད་མེད་ལ་ཁྲིམས་ཐོག་ནས་འགན་ལེན་ཡང་བྱེད་དགོས་པར་ངེས།
སྔོན་རྒྱ་གར་གྱི་གྲུབ་ཆེན་གྱི་མིང་ཅན་དེ་ཚོས་ཀྱང་བ་ཕྱུགས། ཁྱི་དང་སྤྲེའུ་སོགས་སྲོགས་ཆགས་ཀྱི་རིགས་སུ་གྱུར་བ་ལག་ཏུ་ཐེབས་ཚད་ལ་རྒྱོ་གི་ཡོད་པའི་གསང་བ་བླ་ན་མེད་པ་དེ་ཚོའི་རི་མོ་ད་ལྟའང་ད་རུང་མཐོང་རྒྱུ་ཡོད་པ་དེ་ཚོའང་ཕྱོགས་གཅིག་ནས་བཤད་ན་བསམ་གྱིས་མི་ཁྱབ་པའི་གསང་བ་དང་མིའི་སྤྱི་ཚོགས་ཀྱི་བསམ་བློའི་གནས་ཚུལ་ལས་ཡོངས་སུ་གྲོལ་བ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ཀླ་ཀློ་དང་མི་སྤྱོད་ལས་འདས་པ་ཟེར་ནས་ཁྲེལ་རྒྱུ་ཡིན་པ་རེད། མཚན་མཐུན་འདོད་བརྩེ་བ་རྣམས་ཀྱང་ཁོ་རང་ཁོ་རང་ཚོ་རིག་གཞུང་དང་གྲུབ་མཐའ་མི་འདྲ་བ་ཞིག་ཏུ་ཆགས་ཚར་བ་རེད། གཞན་གྱི་ཆོས་ལུགས་གྲུབ་མཐའི་དགའ་མོས་ལ་རྒྱབ་སྐྱོར་བྱེད་པའི་བློ་རྒྱ་དང་སྙིང་སྟོབས་མེད་ནའང་ངན་བརྗོད་ལྷུར་ལེན་པ་འདི་ནི་བློ་དང་ལྡན་པ་རྣམས་ཀྱིས་སྤང་བར་རིགས། ཉིན་འདི་ཚོའི་རིང་ཁོ་ཚོའི་སྐོར་གྱི་དཔེ་དེབ་དང་མི་ཚེའི་ལོ་རྒྱུས། སྒྲུང་སྐྱོ་བོ། ད་ལྟ་ཁྲིམས་ཐོག་ནས་ཁོ་ཚོའི་གཉེན་སྒྲིག་ལ་ངོས་ལེན་ཡོད་པའི་རྒྱལ་ཁབ་དེ་ཚོས་ཅིའི་ཕྱིར་ངོས་ལེན་བྱེད་དགོས་བྱུང་བ་སོགས་ལ་ལྟ་ཀློག་ཆེ་ཙམ་བྱས་ནས་ཤོག་དང་དེ་ནས་བཤད།
ཧ་ཧ་ངས་མགོན་པོ་ཕྱག་གཉིས་ཡང་འདིའི་ཁ་ཉེ་ཐག་ཉེ་ཞིག་ན་ཡོད་སྙམ་ནས་དེ་ག་ཙམ་དུ་གོང་གི་དེ་བྲིས་པ་ཡིན། guy མ་རེད། gayརེད། ངས་ཀྱང་འདི་བསམ་སོིང་། འདི་ལ་རིགས་གཉིས་འདུག དམག་མི་དང་གྲྭ་བ་སོགས་ཀྱི་ཁྲོད་ན་gayམིན་ཡང་དེ་ག་ཙམ་དུ་འཛུགས་ས་གར་རག་ལ་བཙུགས་ནས་འདོད་ངར་སོད་ཐབས་ཙམ་བྱེད་མཁན་རིགས་གཅིག་ཀྱང་འདུག ང་དེ་ལ་མི་དགའ། དེ་མིན་པའི་gayངོ་མ་དེ་ལ་ང་རང་ཉིད་ཀྱི་ངོས་ནས་མི་དགའ་བ་གང་ཡང་མེད། ཡིན་ན་ཡང་ཁྱིམ་རྒྱུད་དང་མི་རྒྱུད་སོགས་ལ་བསམ་བློ་གཏོང་དགོས་མཁན་ཞིག་ཡིན་ཕྱིན་ཁག་ཀྱང་མི་འདུག ང་ཡིན་ན་ཡང་རང་གི་ཕྲུ་ངུ་དེ་gayམིན་ན་དགའ་ས་རེད། ཚེ་རིང་སྐྱིད་ཀྱིས་ནམ་ཡིན་ཡང་སྐད་ཆ་སྦོམ་པོ་ཞིག་བཤད་རྒྱུ་གར་འདུག་བལྟས་ནས་བཤད་འདུག་གི་རེད། ཉོན་རྒྱུ་ཆེར་མེད་ཡ།
རང་དབང་དགོས་ཟེར་བའི་དོན་འདི་ལ་གོ་དོན་ལེན་ཚུལ་ཐ་དད་ཡོད་པ་འདྲ་ལ། གལ་སྲིད་བོད་རང་བཙན་དང་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཞིང་། མི་མང་གི་བསམ་ཚུལ་ལ་ལྟོས་ནས་བོད་པ་མཚན་མཐུན་ཁྲིམས་མཐུན་གྱི་སྒོ་ནས་གཉེན་སྒྲིགས་བྱེད་ཆོག་མིན་གྱི་བསམ་ཆར་བཤད་པའི་གོ་སྐབས་ཡོད་པ་ཡིན་ན། ངས་ནི་བོད་ཀྱི་གནས་སྟངས་སོགས་གང་ལ་ལྟས་ཀྱང་། ནམ་ཡང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ལ། རང་དབང་ཟེར་བའི་དོན་ཅི་བྱས་སྒེར་སོ་སོའི་འདོད་པ་ནང་བཞིན་ཞིག་རང་གང་དུ་ཡོད་པའི་ཚོགས་པ་དེའི་ནང་ནས་བྱེད་ཆོག་པ་ཞིག་ལ་གོ་བ་ཡིན་ན་ནོར་འཁྲུལ་རེད། རང་དབང་ཅན་གྱི་རྒྱལ་ཁབ་རྣམས་སུ་ཉལ་ཐ་སྤྱོད་མཁན་སྲོག་ལ་ཐུག་པའི་ཉེས་ཆད་སྐལ་བ་དེ། གཞུང་གིས་གཞུང་ཁོང་དེའི་མི་རིགས་ཀྱི་རང་དབང་འཕྲོག་པའི་ངོས་ལེན་བྱེད་མི་ཐུབ། ཉལ་ཐ་ལ་ངན་ལོབ་སོང་བ་རྣམས་ནི། བརྩེ་བ་ཉལ་ཐའི་ནང་ལ་ལྷུང་ནས། ཉིན་གཅིག་ཡང་ཉལ་ཐ་མེད་ན་སྡོད་མི་ཐུབ་པའི་དཀའ་ངལ་ཡོད་པ་ཤེས་གསལ་རེད། འོན་ཀྱང་ཉལ་ཐས་གང་ཟག་སྒེར་སོ་སོའི་མི་ཚེ་ལའང་གནོད་པ་ཡོང་གི་ཡོད་པ་མ་ཟད། སྤྱི་ཚོགས་མང་པོ་ལའང་གནོད་པ་འབྱུང་གི་ཡོད་པས་ཡིན། དེ་བཞིན་མཚན་མཐུན་སྤྱོད་ནས་གཉེན་སྒྲིགས་བྱེད་པ་འདིས་མི་རིང་བར་སྒེར་སོ་སོར་གནོད་པ་ཡོང་གི་ཡོད་པ་འདྲ་ལ། སྤྱི་ཚོགས་ལ་གནོད་པའི་ཤུགས་རྐྱེན་ཐེབས་པ་ཁག་ཐེག། བོད་འདི་རང་དབང་གི་རྒྱལ་ཁབ་ཞིག་དང་། ཁྲིམས་ལྡན་ཞིག་ཡིན་ཞིང་། ངས་ཁྲིམས་ཞིག་བཟོ་རྒྱུ་བྱུང་ན། དེང་ནས་བཟུང་མཚན་ཐུན་གཉེན་སྒྲིག་ཁྲིམས་མཐུན་ནས་དུས་ནམ་ཡང་མི་ཆོག་ཧ་ཧ་ཧ་ཧ་ཧ་དངོས་གནས་ཡིན
རིག་པའི་རལ་གྲི་ཁྱོད་ཚོའི་རྩོད་པ་ངོ་མ་དེ་དུང་ཧ་གིན་མི་འདུག་།འདི་ལ་ཁྲིམས་ལུགས་ག་རེ་བྱས་ནས་བཟོ་དགོས་གིན་རེད་། འདི་ལྟར་བཟོ་དགོས་ནི་རེད་དམ་།་ གཅིག་།ཆང་ས་སྐྱེས་བ་དང་སྐྱེས་མ་གཉིས་ཀྱི་བར་མ་གཏོགས་རྒྱབ་མི་ཆོག་། གཉིས།་མི་དར་མ་སུ་དང་སུ་ཡིན་རུང་གཉེན་ཉེ་དང་བྱིས་བ་ལས་གཞན་ཚང་མ་ཆང་ས་རྒྱག་པའི་རང་དབང་ཡོད་། ཁྲིམས་ཐོག་ནས་བཤད་ནས་།འདི་གཉིས་རྩ་བའི་ཆ་ནས་འགལ་བ་རེད་།མི་དར་མ་གཉིས་ལ་ཆང་ས་རྒྱག་པའི་རང་དབང་ཡོད་ན་།ཁྲིམས་ལུགས་ཀྱི་སྟེང་ནས་ཁུང་བུ་གང་གི་ནང་ལ་རྒྱག་དགོས་བའི་ཁྲིམས་ཤིག་བཟོས་ན་།དོན་གྱི་ཆ་ནས་དེ་གཉིས་རྩ་འགལ་རེད་།དོན་གྱི་སྙིང་པོ།ཕོ་ཡི་རྐུབ་ནང་དུ་རྒྱག་ཆོག་མེད་དང་།མོ་ཡི་མཇེ་མ་ཡིན་པའི་གཞན་ཞིག་གི་རང་གི་འདོད་པ་ཚིམ་ཆོག་མིན་གྱི་རྩོད་པ་དེ་རེད།དེ་ཁྲིམས་ལུགས་ཀྱི་ཐོག་ནས་བཤད་དཀའ་བ་ཞིག་ཆགས་ཡོང་དུས་།ད་ལྟ་ནུབ་ཕྱོགས་སུ་རྩོད་གླེང་ཆེན་པོ་འདི་བྱུང་གིན་ཡོད་པ་རེད།
རང་དབང་དང་ལས་འགན་གཉིས་བེད་སྤྱད་མཉམ་སྤྱོད་མ་བྱས་པར་རང་དབང་སྒང་ལ་ཤུགས་ཐལ་དྲགས་ན་རིག་པ་འཆལ་བས་རང་ཉིད་ཙམ་མ་ཟད་དེའི་སྤྱི་ཚོགས་ལའང་གནོད་སྲིད། །
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། གོང་དུ་ངས་སྔ་ཕྱིར་ཉི་ཧོང་ནས་ཡིན་པའི་སྐྱེས་དུས་ཕོ་ཡིན་པ་རྗེས་སུ་མོ་རུ་བསྒྱུར་བའི་མཛེས་མ་གཉིས་ཀྱི་དྲ་བྱང་བཀོད་ཡོད། དེ་གཉིས་ལས་རྗེས་མ་དེའི་ཕོ་ཐོབ་དེ་ཡང་མོ་རུ་ཁྲིམས་ཐོག་ནས་བསྒྱུར་ཟིན་པ་ཞིག་ཡིན། ད་ལྟ་ཁོང་གི་ཉི་ཧོང་ཡུལ་མིའི་ལག་དེབ་ཐོག་ཏུའང་མོ་ཞེས་འཁོད་ཡོད། ས་གནས་ཉི་ཧོང་ལྟ་བུར་མཚོན་ན་ཕོ་མོ་གང་ཞིག་ཡིན་རུང་གཤགས་བཅོས་བརྒྱུད་རང་ཉིད་མཚན་མ་བསྒྱུར་རྗེས་སྨན་ཁང་གི་ཡིག་ཆ་ཡོད་ན་དོ་བདག་གིས་འདོད་པ་ལྟར་དེབ་སྐྱེལ་བྱེད་ཆོག་པ་ཞིག་རེད། གལ་ཏེ་མཚན་མ་བསྒྱུར་ནས་དེབ་སྐྱེས་དེ་སྔར་ལྟར་རང་སོར་བཞག་ཀྱང་ཆོག་ལ་བསྒྱུར་ནའང་ཆོག དཔེ་མཚོན། མཛེས་མ་འདི་ད་ལྟའང་ཕོའི་ཐོབ་ཐང་ཐོག་ཏུ་རང་སར་ཡོད། http://www.avexnet.or.jp/haruna-ai/index.html http://ameblo.jp/haruna-ai/ མཛེས་མ་འདིའི་ཕོ་ཐོབ་ཁོ་རང་གི་འདོད་མོས་ལྟར་མོ་རུ་ཐོ་འགོད་ཉི་ཧོང་གཞུང་བྱས་ཟིན་པ་ཞིག་ཡིན། http://www.tsubaki-ayana.jp/ གང་ལྟར་མཚན་མ་སོགས་གཤགས་བཅོས་བྱས་པའི་བདེན་དཔང་བསྟན་རྒྱུ་ཡོད་ན་ཉི་ཧོང་དུ་ཁྲིམས་མཐུན་གྱིས་ངོས་ལེན་བྱེད་ཀྱི་ཡོད་པ་རེད།
སྤོབས་པ་མཐའ་ཡས་ཞུ་བ་དེར་ཞུ་རྒྱུ་ལ། མཆན་རེ་རེའི་ནང་དུ་མིང་གང་ཐོན་གྱིས་རྒྱུ་མཚན་མི་འདུག་དང་ཧམ་བཤད་བྱེད་ཀྱིན་འདུག་ཟེར། ཡིན་ཡང་ངས་ཁྱོད་ལ་བརྗོད། ངས་གོང་ནས་བརྗོད་པ་བཞིན་ལྷན་སྐྱེས་ཀྱི་མཚན་མཐུན་མཉམ་སྡེབས་པ་ཚོར་ངས་ངོས་ལེན་བྱེད་ཐུབ་ཀྱིན་ཡོད། ངས་ངོས་ལེན་བྱེད་ཐུབ་པའི་གནད་དོན་ཚང་མ་ཧམ་བཤད་ཡིན་ན་ཁྱེད་ཀྱིས་ངོས་ལེན་བྱེད་མ་ཐུབ་པའི་ཧམ་བཤད་དེ་གང་དུ་འཇོག་དགོས་རེད་དམ། མིའི་རང་དབང་དང་འདོད་པ། གཞི་རྩའི་དགོས་མཁོ་སོགས་ཤོད་ཀྱིན་གཞན་གྱི་རང་དབང་དང་གཞི་རྩའི་དགོས་མཁོ་ལ་རྡོག་རོལ་གཏོང་མཁན་ཚོ་ཧབ་པའི་ལས་ཀ་མ་རེད་དམ། ཁྱེད་ཀྱི་དྲི་བ་དེ་ལ་ངས་ལན་འདེབས་བྱ་ཆོག གལ་ཏེ་ངའི་འབྱུང་འགྱུར་གྱི་བྱིས་པ་དེ་མཚན་མཐུན་མཉམ་སྡེབས་བྱེད་མཁན་ཞིག་ཡིན་ན་མགོན་པོ་ཕྱག་གཉིས་ཀྱིས་བརྗོད་པ་བཞིན་ལྷན་སྐྱེས་དེར་ངས་ངོས་ལེན་བྱ་རྒྱུ་ཡིན་ལ། ངས་རང་གི་ཁོར་ཡུག་དང་འཚོ་བའི་ཁྲོད་ནས་དེ་ངོས་ལེན་བྱ་མི་ཐུབ་པའི་གནས་ཚུལ་ཞིག་ཏུ་མཐོང་གིན་མེད། ངས་ཁྱེད་གཙོས་པའི་བོད་མི་གཞན་པ་ཚོས་ངོས་ལེན་བྱ་དགོས་པར་ཨུ་ཚུགས་བྱེད་ཀྱིན་མེད་མོད། ངས་རང་གི་ངོས་ལེན་བྱ་ཐུབ་མིན་གྱི་རྩ་དོན་ལ་འགྲེལ་བཤད་བྱེད་ཀྱིན་ཡོད། ཨོ་ད་དུང་ཞུ་རྒྱུ་ཞིག་ལ། རང་དབང་དང་མིའི་གཞི་རྩའི་དགོས་མཁཽ་ལ་འཐབ་རྩོད་བྱེད་བཞིན་གཞན་གྱི་རང་དབང་དང་གཞི་རྩའི་དགོས་མཁོ་ལ་རྡོག་རོལ་གཏོང་མི་ཕོད་ཞུ་རྒྱུ་ཡིན། ཁྱེད་ལྟ་བུའི་མི་ཁ་ཤས་ཀྱིས་རྣོ་ངར་ལྡན་པའི་ཚིག་མགོས་ང་ཐེངས་མང་ལ་བཀག་མྱོང་མོད། ཡིག་ནོར་བྲིས་པར་ཚིགས་པ་ཟ་གིན་ཡོད་ན། ཀ་ཁ་ངོ་མི་ཤེས་པའི་ཨ་ཅག་མཛེས་མ་ཚོ་དང་ཕོ་གསར་སྣང་མཐོ་དེ་ཚོར་བཤད་དུ་སོང༌། ངས་བརྗོད་བཞིན་པ་ཡོད་ཚད་ལ་ཧམ་བཤད་ལ་བརྩི་གིན་ཡོད་ན། ཁྱོད་ཀྱི་བརྗོད་བཞིན་པ་ག་རེ་ཡིན་མིན་ལ་རྩད་གཅོད་ཅིག་བྱ་རོགས།
ཨ་རོག་ཚེ་སྐྱིད་ལགས། ད་འདིའི་བསྐོར་གླེང་ནས་ཆི་ཡོང་བཞག་ན་ཡིན་ནས་རེད། མི་སོ་སོའི་འདོད་པ་འདྲ་ནི་མ་རེད་ཁ་ཤས་སྐྱག་ཁུངས་ནང་ལ་རྒྱག་རྒྱུ་དཔེ་མེད་ཟིག་དགའ་ནི་རེད། ཁ་ཤས་འདི་ལ་བཙོག་ལྟ་ནི་རེད། འདི་རིགས་རྩ་བ་ཉིད་ནས་འགོག་དགོས་ཟེར་ན་ཁག་པོ་རེད་དེ། ཁྱོས་བཤད་ནོ་འདྲི་འདྲ་ཟིག་ཡེད་ན་མི་ཧྲ་གི ད་འདིའི་སྐོར་བཞག་ནས་ཁ་བརྡ་གཞན་ཡེད་ན་ག་འདྲ་འདུག་མཛེས་མ་ལགས།
སེམས་ཁོང་གི་བསམ་ཆར་འདོན་པ་དེས་གཞན་རྣམས་རང་གི་བསམ་ཆར་ལ་མོས་འཐུན་ཡོང་རེ་བྱེད་ན། བསམ་ཆར་བསྡུར་ལེན་བྱེད་པའི་བསམ་པ་མེད་པ་རེད་དེ་ལ་མོས་འཐུན་ཡོད། ཡིན་ནའང་འཇིག་རྟེན་འདིར་སྐྱེས་ཕྱིན། ཡུལ་ལུང་གི་གོམས་གཤིས་དང་། མོས་འཐུན་དང་མ་བསྟུན་ན། སྨྱོན་པའི་གྲས་སུ་ཆགས་པ་གཏན་གཏན་རེད། རང་གི་འདོད་དབང་རྩོད་ཅིང་གཞན་གྱི་འདོད་དབང་རྡོག་རོལ་གཏང་བའི་མི་ལུས་འདི་ནི་ཆེས་ཡ་ང་བ་ཞིག་ཡོད་པ་དེ་བཤད་མ་དགོས་པ་སེམས་ཅན་རང་རང་གིས་གཅེས་པས་སྐྱོངས་པའི་ཤ་ཁྲག་ལ་ལོངས་སྤྱོད་པ་འདིས་གསལ་བཤད་བྱས་ཡོད་རེད། སྤྱིར་མཚན་འཐུན་འགྲོགས་འདྲིས་གཉེན་སྒྲིགས་མང་པོ་དུས་རབ་འདིར་ཡོང་བ་དང་ས་ཆ་ཁ་ཤས་སུ་་དར་ཁྱབ་ཆེ་བ་འདི་ནི། ཚན་རྩལ་དར་ཁྱབ་ཆེ། སློབ་སྦྱོང་རིན་གོང་མཐོ། ཕ་མས་བུ་རྣམས་བུ་མོ་ལས་ཀྱང་དགའ་མོས་ཆེ་ནས་སྐྱེ་གནས་སྟང་འཛིན་བྱས་པའི་རིམ་པ་འདིས། བུ་ལ་བུ་མོས་མ་འདངས་བའི་དཀའ་ངལ་ཞིག་གིས་ཡིན་མི་འགྲོ་དྲན་གྱི་འདུག འོན་ཀྱང་བོད་ལ་བུ་མོ་མི་འདང་བའི་དཀའ་ངལ་མེད། བུ་ཕྱེད་སེར་གཟུགས་འཛིན་པ་འདིས། བུ་མོ་མང་ཆེ་བ་དང་། མང་པོ་ཞིག་མོ་རིང་དུ་ལུས་ཀྱི་ཡོད། བུ་མོ་ཚེ་རིང་སྐྱིད་ཀྱིས་ཁ་ཞེ་མེད་པའི་སྐད་ཆ་ཞིག་ཡིན་ན། ཉིད་ཀྱི་བུ་ཞིག་བུ་མོའི་རྩ་དང་ལྡན་ནས་མཚན་འཐུན་གཉེན་སྒྲིགས་བྱས་ན། བུ་དེའི་འདོད་མོས་ལྟར་ཁས་ལེན་ནུས་ཀྱི་ཡོད་ན། ཉིད་ཀྱི་ཕ་མ་སྤུན་མཆེད་སོགས་མང་པོ་ཞིག་ཉིད་ནང་བཞིན་དེ་ལ་ངོས་ལེན་བྱེད་མི་ཐུབ་ཁག་ཐེག་འདུག་པ་འདིས། མི་མང་ཆེ་བ་དེའི་འདོད་མོས་ལ་རྡོག་རོལ་གཏང་ཐུབ་བམ།
ང་ཚོ་ཕ་ཡུལ་ནས་ཁྱོ་ཀ་རླུག་པ་མེད་པ་ཅིག་དང་སྐྱེ་སྨན་སྟུ་མེད་ཅིག་ཆང་ས་རྒྱབ་ན་རྣམ་རྟོག་ལོས་རྩིས། ཁྱོ་ཀ་མཆན་སྤུ་མེད་པ་དང་སྐྱེད་སྨན་སྟུ་སྤུ་མེད་པ་ཅིག་ཆང་ས་རྒྱབ་ན་ཡང་། མི་རྣམས་ཀྱིས་ཕོ་མཆན་སྟོང་དང་མོ་འོག་སྟོང་ཟེར་ནས་རྣམ་རྟོག་འདྲ་བོ་ཅིག་བརྩི་གི་འདུག ད་རུང་ཁ་ཤས་ཀྱིས་བསྲེ་དྲི་ཁ་མཁན་ལ་ཡར་ཆང་ས་རྒྱག་མི་འདོད། དེའི་རྐྱེན་གྱི་ང་ཚོ་ཕ་ཡུལ་གྱི་ཕོ་སར་ཅིག་གིས་ཤ་ར་ཡུ་ཝུར་གྱི་བུ་མོ་ཅིག་ལ་ཆང་ས་རྒྱབ་པ་རེད། ཁོས་ཟེར་ན་ཤ་ར་ཡུ་ཝུར་ནས་མི་ལ་བསེ་དྲི་མ་བྲོ་ན་མྱིའི་དྲི་མ་མི་ཁ་ཟེར་ནས་རྣམ་རྟོགས་བརྩི་གི་རེད་ཟེར། ཡུལ་སྲོལ་ཁ་ཤས་ཅིག་ངོ་ནས་རང་དབང་འཕྲོག་གི་ཡོད་པའི་བཟོ་འདྲ་བོ་ཅིག་འདུག དེ་མིན་མཚན་མཐུན་ཆགས་སྤྱོད་འདི་ཡང་མ་ནིང་ལྟ་བུ་ཚོ་ལ་གཅིག་བྱས་ན་དམིགས་བསལ་མིན་འགྲོ་བསམ། དེ་ཡང་སངས་རྒྱས་ཀྱི་ཆོས་གཞུང་ན་མ་ནིང་ལ་མི་དགེ་བཅུ་སྤོངས་གི་ཚུལ་ཁྲིམས་དེ་བརྒྱ་ཆ་བརྒྱ་ཕོ་ཡིན་མཁན་དང་ཡང་ན་བརྒྱ་ཆ་བརྒྱ་མོ་ཡིན་མཁན་ལ་གསུངས་པ་མིན་འགྲོ དེ་མིན་ན་མ་ནིང་སྡོམ་པའི་ཞིང་མིན་པར་གསུང་དོན་མེད་ཀ ངས་སྔོན་མ་ཅིག་ལ་བཀའ་འགྱུར་ཁྲོད་ཀྱི་འདུལ་བའི་སྐོར་ལ་པོ་ཏི་ ༡༣ ཡོད་པ་དེ་གཅིག་ཀློག་མྱོང་། དེ་ན་གལ་ཏེ་ཕོ་དང་འདྲ་བའི་མ་ནིང་ཞིག་གིས་ཕོ་ཡིན་ཟེར་ནས་དགེ་འདུན་པའི་གྲལ་ལ་ཞུགས་ན་ཅི་བྱེད་འདྲི་སྐབས། བཏང་སྙོམས་སུ་འཇོག་དགོས་པར་གསུང་འདུག མ་གཞི་ཕོ་ཡིན་མཁན་ཅིག་སྡོམ་པ་མེད་བཞིན་དུ་དགེ་འདུན་པའི་གྲལ་ལ་ཞུགས་མི་ཆོག་ན་ཡང་མ་ནིང་ཞིག་གིས་དེ་ལྟར་བྱས་ན་དམིགས་བསལ་དུ་གསུང་འདུག་ཡ། འདི་ཁོང་ཚོ་ལ་གཞན་པའི་ལམ་ཁ་མེད་པས་རང་དབང་གི་དམིགས་བསལ་ཅིག་ཕུལ་བ་མིན་འགྲོ ད་རུང་འདུལ་བ་སྡོམ་དག་ལས་བསམ་པ་དང་སྤྱོད་པའི་དབང་གིས་སྡོམ་པ་མི་ཐོབ་པའི་མ་ནིང་ལ་ཕོ་མོ་གཉིས་ཀྱི་ཕྱོགས་ནས་ལྔ་ལྔ་དབྱེ་བས་བཅུ། དེའི་སྟེང་དུ་མཚན་ལན་གསུམ་འགྱུར། མཚན་དུག་ཅན། མཚན་མེད་དང་། ཟ་མ་མ་ནིང་སོགས་མང་དག་ཅིག་འདུག་ཀ དེ་ཚོའི་བསམ་སྤྱོད་ལ་དམིགས་བསལ་མིན་འགྲོ་བསམ། འོན་ཀྱང་དམིགས་བསལ་ཕུལ་བ་དེ་ཡང་ཆགས་པ་སྤྱོད་པའི་ཕྱོགས་ནས་མ་གཏོགས་སྲོག་གཅོད་སོགས་ཀྱི་ཕྱོགས་ནས་དམིགས་བསལ་མེད་པ་འདྲ། དེ་ན་མི་དགེ་བཅུའི་ནང་ནས་ལོག་གཡེམ་གྱི་སྡོམ་པ་མི་ཐོབ་པ་མ་གཏོགས་གཞན་པའི་སྡོམ་པ་ཐོབ་ཟེར་དགོས་སམ། དེ་ཡང་མ་ནིང་རིགས་རབ་བྱུང་སྒྲུབ་སྐབས་ཀྱང་དྲི་བའི་ལམ་ནས་ཕོ་ཡིན་ཟེར་གི་འདུག་ན་ཕོ་ཡིན་ཤག་བྱས་ནས་དགེ་འདུན་ཕ་ཡི་སྡེ་ནས་འཇོག་དགོས་པར་གསུང་པ་དང་ཤིན་ཏུ་མཐུན་ནམ་ཡང་སྙམ། འོན་ཀྱང་རང་ཉིད་བརྒྱ་ཆ་བརྒྱ་ཕོ་མོའི་མཚན་ཚང་བཞིན་དུ་མ་ནིང་གི་ལམ་ཁ་ཞུགས་ན་དེ་ནི་ཁྱད་མཚར་རེད་བསམ།
བུ་མོ་ཚེ་རིང་སྐྱིད་ལགས། ཁྱེད་ཀྱིས་ནམ་ཡིན་ནའང་། ཁྱེད་རང་གི་ཚབ་མཚོན་ནས་སྐད་ཆ་བཤད་ཀྱི་ཡོད་ཅེས་པའི་དོན། གང་བཤད་ན་ཁ ཞེ་གཉིས་མེད་ཀྱི་སྐད་ཆ་བཤད་ཀྱིན་ཡོད་ཅེས་པའི་དོན་རེད་དམ། དོན་དེ་ཡག་པོ་ཞིག་ཤེས་མ་སོང་།
ཁྲིམས་ཐོག་ནས་སམ་ཡང་ན་མང་མང་གི་མདུན་ས་ནས་དམར་དམར་བརྗེན་བརྗེན་བྱས་པ་ཡིན་སྟབས་འགའ་ཞིག་གི་བློར་མ་འཕྲོད་ནས་སྐུ་ཞབས་བྱམས་པ་ལ་གཤེ་ཡིན་ཡོད་པ་འདྲ། འོན་ཀྱང་མཚན་མཐུན་གཉེན་སྒྲིག་ཟེར་ན་རང་ཐལ་དྲགས་སྙམ་ཡང་གང་ལྟར་ཕོ་དང་ཕོ་མི་ཚེ་མཉམ་གཤིབས་ཀྱི་རིག་གཞུང་ངམ་གོམས་སྲོལ་ཞིག་འུ་ཚོ་བོད་པའི་ནང་ཡོད་པ་ཁོ་བོའི་མིག་རིལ་འདི་གས་མཐོང་མྱོང་། འདི་དངོས་གཤིས་དང་འཚམ་མིན་བཤད་དགོས་བྱུང་ན་སྐད་ཆ་རིང་པོ་རེད། ཡིན་ནའི་ཚེ་རིང་སྐྱིད་ཁྱེད་རང་གིས་དེང་དུས་ཀྱི་གུ་ཡངས་དང་བློ་རྒྱ་ཡོད་མདོག་བསྟན་ནས་བསྟོད་བསྔགས་ཟེར་ནའི་མི་འདུག་གང་ལྟར་རྒྱབ་སྐྱོར་ཡོད་མདོག་གི་ལག་པ་རྡེབ་རྐྱང་བྱས་ན་ཏག་ཏག་རང་བསྡད་ཀྱི་ཡོད་ན། འཕྲོད་བསྟེན་གྱི་ཕྱོགས་དང་མིའི་གཟུགས་དབྱིབས་ཆགས་སྟངས་ཀྱི་ཐད། དེ་བཞིན་འཁྲིག་སྤྱོད་ཀྱི་འབྲེལ་བའི་ངོ་བོ་དང་དགོས་དོན། སྐྱེས་པ་ནང་ཕན་ཚུན་གྱི་སེམས་ཁམས་ཀྱི་རང་བཞིན་དང་ལུས་འབྲེལ་གྱི་ངོ་བོའི་བར་གྱི་འོས་འཚམ་གྱི་ཆ་སོགས་ཕྱོགས་མང་དག་ནས་དཔྱད་དེ་འགྲིག་མིན་གྱི་ལངས་ཕྱོགས་ཤིག་བཟུང་དགོས་པ་རེད། འོན་ཀྱང་ལྟ་གྲུབ་དང་བསམ་བློའི་འཁྱེར་ཕྱོགས་ཀྱི་ཐད་ནས་སམ་ཡང་ན་བྱ་དངོས་གང་དེའི་དངོས་གཤིས་ཀྱི་སྟེང་ནས་འོས་འཚམ་མེད་པ་ཞིག་ཡིན་ཕྱིན་ལག་ལེན་གྱི་ཁྲོད་དུ་གུ་ཡངས་གཏན་ནས་སྤྲོད་མི་རུང་ཟེར་ན་འདི་ཡང་ཅུང་ཟད་ཐལ་དྲགས་པ་ཡིན། དེར་བརྟེན་དོན་དངོས་ལ་མི་འགྲིག་པ་ཞིག་ལག་ལེན་གྱི་ཁྲོད་སྤངས་མི་ཐུབ་པའི་ཐོག་ལ་ད་དུང་ངོས་ལེན་བྱེད་དགོས་པའི་རིགས་ཤིག་ཀྱང་ཡོང་གིན་ཡོད། གཅིག་བྱས་ན་འདི་ཡང་དེའི་གྲས་ཀྱི་གཅིག་ཡིན་ཆོག
རིག་པའི་རལ་གྲི ད་ང་ཚོ་དྲ་ཁང་ནང་ན་མཛེས་མ་གཅིག་ཡོད་ནོ་ལ་གཏིང་འདྲི་འོར་འདྲིས་བྱས་ནས་བདའ་རྒྱུ་ནས། ད་ཁྱོས་དྲི་བ་བཀོད་ན་ཡང་ཅུང་ཟད་འཇམ་ཟིག་དང་། ཡང་མཚར་གཏམ་འདྲེས་ཙམ་བྱས་དང་། ཁྱོད་ཆོས་ར་ནང་གི་དྲི་བ་འདྲ་བོ་དེ་ཚང་མ་ལ་བཀོད་ན། དེ་ལ་གོམས་མེད་མཁན་ཚོ་ཐུགས་དགྱེས་ནི་མ་རེད་ཡ།
ཨ་རོག་བླ་རྒན་ཁ་བཙོག་ཁྱོད་ཅིག་བཤད་རྒྱུ་མང་གི་ར། དེ་ལས་གོང་གི་ཀ་རྩོམ་དེའི་སྣེ་ནས་ཕྲིས་ར་དཔེ་ཡག་གི་ཨེ་གོ་ཐལ།
འོན་ཀྱང་དེང་སང་མི་འབོར་འཕེལ་རྒྱས་ཀྱི་དཀའ་རྙོག་ཐུག་པ་འཁོལ་འཁོལ་བྱེད་པའི་དུས་ཚོད་འདི་འདྲར་ཨ་ནི་བཟོ་མི་དགོས་པ་གྲྭ་པ་བྱེད་མི་དགོས་པར་མིའི་འཕེལ་ཚད་འགོག་སྲུང་གི་ཐབས་ལམ་ཞིག་ལ་མཚན་མཐུན་གཉེན་སྒྲིག་འདི་དཀོན་མཆོག་གི་བརྔན་པ་རང་ཡིན་པ་འདྲ། འཇིག་རྟེན་བཀོད་པ་པོ། ཨ་ཙི་ཁྱེད་རང་ནི་དུས་སུ་བབ་པའི་ཆར་ཕབ་མཁན་རང་རེད། དེ་འདྲའི་འཇིག་རྟེན་གྱི་བདེ་སྡུག་ལ་བསམ་ཤེས་མཁན་ཁྱེད་རང་ནི། ཐུགས་རྗེ་ཆེ་ལཱོ།
རིག་པའི་རལ་གྲི་ལགས། ང་གཞན་གྱི་སེམས་པར་འཛུལ་ནས་ཚོད་འགམ་གྱི་སྐད་ཆ་མི་བཤད། ང་གཞན་གྱི་མིང་རྫུན་འོག་འཛུལ་ནས་ཁུངས་མེད་ཀྱི་འཆལ་གཏམ་མི་སྨྲ། ངས་ངའི་སེམས་ཀྱིས་ཁ་དོག་གང་འདྲ་ཞིག་མཐོང་གི་ཡོད་པ་དེ་ཤོད་ཐབས་བྱེད་ཀྱིན་ཡོད།
རྩམ་དགའ་དྲིན་ཆེན་པོ། ད་ཁྱོས་ཁ་གཙོག་མ་བཤད་ཟེར་ན་ད་འཇིགས་མེད་འ་ར་ངེས་གཉིས་སྨྱོ་ནི་རེད། ད་རུང་འབྲུག་པ་ཀུན་ལེགས་ཟེར་ནོ་ཁྱོད་ལ་ངོ་རྒོལ་བྱེད་མཁན་གྱི་ང་ཚོའི་སློབ་དཔོན་དེ་ཡིན་ནི་རེད། ཨ་ཁུ་བྱ་ཤ་ལ་སྲིད་དོན་མ་བཤད་ཟེར་ན་སྨྱོ་ནི་རེད།
མཛེས་མ་ཚེ་སྐྱིད་ལགས། ཁྱེད་ནས་མཚན་མཐུན་གཉེན་སྒྲིག་ལ་རང་དབང་ཞེས་པའི་ཐ་སྙད་ཙམ་ཞིག་ལ་སྐྱབས་བཅོལ་ནས་གཡས་སྐྱོར་གཡོན་སྐྱོར་གནང་གིན་མ་བཞུགས་པར་འདིའི་དགེ་མཚན་ཞིག་དང་ཁེ་ཕན་ཞིག ཡང་ན་དེང་དུས་ཀྱི་འཇིག་རྟེན་ནང་གི་འདིའི་གནས་བབ་ཞིག་གི་ཐད་ནས་གླེང་བསླངས་ཏེ་ཕྱག་རྡེབ་པ་གནང་ན་ག་འདྲ་འདུག
ཨ་རོག་རིག་པའི་རལ་གྲི་ལོ་ལོ། ད་ངའི་ཚེ་སྐྱིད་ལ་ཁ་བཙུར་རྣ་བཙུར་མ་ཡེད་ར། རྗེས་མ་ཟིག་ག་ཨ་མཆོག་གི་ལྒ་ལུ་ལྒོ་ཆུས་སྣེ་ལེན་ཟིག་ཡེད་ངས་འཇུག་ཡ། དེ་དུས་ད་ཁྱོས་ཤོད་ར་ངན་ཉན་ཡ། ཧ་ཧ་ཧ་
ཨ་ཨ་། འདི་མ་ཡོང་པར་ཉིན་ཁ་ཤེས་འགོར་སོང་། ད་འདི་ན་སྟད་མོ་ཆེ་གི་ཡ། རིགས་པའི་རལ་གྲིས་རལ་གྲི་གཡུག་ནས་། མཛང་མ་ཚ་རིང་སྐྱིད་ཀྱི་གདོང་རིས་སྙིང་རྗེ་མོ་དེ་རྨ་ཞིག་བཟོ་ས་རེད་། གོ་། ཨ་རོ་། ལྷོ་ཕྲུག་སྣ་བོ་ཆེ་དང་། རྩམ་དགའ་། གཞོན་ནུ་ཟླ་མེད་ཁྱེད་ཚོ་རྒྱབ་ལ་ཅུང་ནུར་དང་། ལྟོས་དང་། ཁོ་གཉིས་ལགས་ཐུག་རྒྱུ་རེད་བསམ་ན་བཟུང་གོ་།
༤༦༽ ཚེ་རིང་སྐྱིད་ནས། སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༧ སྐར་མ་ ༣༥ ང་ཚོ་ནི་མིའི་ཐུན་མོང་གི་ཁེ་དབང་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་མཁན་དང་མིའི་རིགས་ལ་འདྲ་མཚུངས་ཀྱི་རང་དབང་ཞིག་དགོས་པར་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་དང་མི་རབས་ཤིག་གི་ངོས་ནས། མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་བདེ་སྐྱིད་འཚོལ་སྟངས་ལ་ངོས་ལེན་བྱ་དགོས་པར་འདོད། རྩ་དང་ཚོར་བ་མི་འདྲ་བ་ཡོང་ངེས་པ་སོགས་ལ་ང་ཚོས་ངོས་ལེན་བྱ་དགོས་ལ། ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད། ༤༩༽ ཚེ་རིང་སྐྱིད་ནས། སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༧ སྐར་མ་ ༥༧ ཡིན་ན་ཡང་ཁོང་གཉིས་མིང་སྲིང་སོགས་གང་ཡང་མ་རེད། གནས་སྟངས་དེ་ཁ་ཁ་ཞིག་རེད། དེ་གཉིས་མཉམ་དུ་ཡོང་ཐབས་མེད། དམིགས་བསལ་གྱིས་ཁྱེད་ཀྱིས་ཁོང་ཚོའི་གཉེན་སྒྲིག་གི་གོ་རིམ་ཆ་ཚང་ལ་ཅིག་ལྟོས་དང་། བརྩེ་དུང་དང་བཟའ་ཚང་ནི་འཁྲུག་སྤྱོད་ཁོ་ནའི་གནད་དོན་ཞིག་མིན་པ་ཧ་ཅང་གིས་གསལ་བོ་བརྗོད་འདུག་ལ། བྱམས་བརྩེ་དང་ཡིད་ཆེས། བདག་སྐྱོང་དང་སེམས་ཁུར། མཛའ་བ་དང་དུང་ཞེན་ཡོད་ཚད་གཅིག་ཏུ་བསྡུས་མི་འདུག་གམ། ལྷན་སྐྱེས་ཀྱི་དངོས་ཁམས་ཆགས་རིམ་ཐོག་ནས་སྐྱེས་པ་ཁ་ཤས་ཤིག་སྐྱེས་པར་དགའ་བ་དང་བུད་མེད་ཁ་ཤས་ཤིག་བུད་མེད་ལ་དགའ་བ་ནི་ངས་ལས་སླ་བོའི་ངང་ནས་ངོས་ལེན་བྱེད་ཐུབ་ཀྱིན་འདུག དེ་ལས་ཀྱང་ངས་མི་དང་མིའི་བར་དུ་བྱམས་བརྩེ་དང་འཆམ་མཐུན་གྱིས་ཚེ་གང་གི་གཏན་གྲོགས་གདམས་ཆོག་པར་ངོསལེན་བྱེད་ཀྱིན་ཡོད་ལ། གཏམ་གྲོགས་ཤིག་ཡིན་ན་ངེས་པར་དུ་མཚནམཐུན་དང་ཡང་ན་ངེས་པར་དུ་བྱིས་པ་སྐྱེས་དགོས་པར་ངོས་ལེན་བྱེད་ཀྱིན་མེད། དེ་བས་ངས་འདི་ལྟ་བུའི་གནད་དོན་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ང་འདི་ལྟ་བུའི་ལྷད་མེད་པའི་རྒྱུད་རིམ་གྱིa་བརྩེ་དུང་ལ་ཡིད་སྨོན་ཡང་ཤོར་གི། ་ད་དུང་བརྗོད་རྒྱུ་ཞིག་ལ། ངས་ཁྱེད་ཀྱིས་ངེས་པར་དུ་ངོས་ལེན་བྱ་དགོས་ཟེར་གྱིན་མེད་མོད། ང་རང་གི་ངོས་ནས་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ལྷག་པར་དུ་སྙིང་རྗེ་རྒྱུད་ན་སྐྱེས་པའི་ང་ཚོའི་ནང་བ་ཞིག་ཡིན་ན་དེ་ལས་ཀྱང་དེ་ལྟར་བྱ་ཐུབ་དགོས་པར་འདོད། ཚེ་རིང་སྐྱིད་ནས། སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༩ སྐར་མ་ ༥༢ ཁྱོད་ཚོས་ང་ལ་ཇི་ལྟར་ཁ་རྡུང་བཏང་ཡང་འགྲིག ཡིན་ཡང་ངས་ངོསལེན་བྱེད་ཀྱིན་ཡིན་པ་མ་ཟད། རྩ་ཁམས་ཆགས་སྟངས་དང་ལྷན་སྐྱེས་ཀྱི་སེམས་རྒྱུད་སོགས་ལ་ངོས་ལེན་བྱ་ཐུབ་ཀྱིན་འདུག གོང་ནས་མི་ཞིག་གིས་ལྷན་སྐྱེས་ཀྱི་ཕོ་མོའི་ཆགས་སྟངས་གཞི་ལ་བཞག་ནས་ཟེར་ནས་ཅིག་ལབ་འདུག ངས་ཀྱང་དེ་ཟེར་བ་ཡིན། བོད་ལ་ཡང་མ་ནིང་ཟེར་བ་ཡོད་པ་མ་ཡིན་ནམ། མི་སྟོང་ཕྲག་གཅིག་གི་ནང་ནས་གཅིག་དེ་སྐྱེས་ཁམས་དང་རྩ་ཁམས་ཆགས་རིམ་མ་འདྲ་བ་ཡོད་སྲིད་ལ། སྔོན་མ་ཡིན་ན་དེ་ནི་རང་སྐྱོན་ཞྀག་དང་ཡང་ན་བཅོས་རྒྱུ་མེད་པ་ཞིག་ཏུ་ངོས་འཛིན་གྱིས་མི་མང་པོ་ཞིག་གིས་སྡུག་བསྔལ་རུམ་ལ་བཅུག་ནས་བུད་སོང་བ་རེད། བར་ཞིག་ནས་མི་ཁ་ཤས་ཀྱིས་རང་ཉིད་གཙོས་པའི་རང་ཉིད་དང་འདྲ་བའི་མི་དེ་ཚོའི་མངོན་འདོད་འགྲུབ་ཆེད་འཐབ་རྩོད་ཀྱིས་ཁྲིམས་མཐུན་ལྟ་བུའི་གནས་བབས་ཤིག་ལ་སླེབས་ནས་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་ཐུབ་ཀྱིན་ཡོད་པ་རེད། ཡིན་ཡང་ད་བར་ཞིག་ལ་ལྷན་སྐྱེས་ཀྱིས་མ་ནིང་ལྟ་བུ་མིན་ཡང་དེ་དཔེ་གསར་ལྟ་བུ་ལ་བརྩི་མཁན་ནམ་ཡང་ན་བཟའ་ཚང་དང་དགའ་རོགས་ཀྱི་འགལ་ཟླ་སོགས་ཀྱིས་མཚན་མཐུན་བཙན་གྱིས་སྡེབས་མཁན་ཡོད་པ་རེད། འདི་ཚང་མར་རྒྱུ་རྐྱེན་མ་འདྲ་བ་ཡོད་རེད། ཡིན་ཡང་ལྷན་སྐྱེས་ཀྱིས་སྐྱེས་ཁམས་ཆགས་རིམ་གྱི་མི་དེ་ཚོར་ངས་ཅིས་ནས་ཀྱང་ངོས་ལེན་བྱ་རྒྱུ་ཡིན། བདེ་བ་འདོད་པ་གཅིག་པ་རེད། ཁྱེད་ཀྱིས་བུད་མེད་དང་མཉམ་དུ་མཉམ་སྤྱོད་ཀྱིས་བདེ་བ་འབྱུང་གི་ཡོད་ན་ཁོང་ལ་ཡང་དེ་ལྟ་བུ་མཚན་མཐུན་མཉམ་སྡེབས་ཀྱིས་འདེ་བ་འབྱུང་མི་ཆོག་པ་ག་ལ་ཡོད། དེའི་རྐྱེན་གྱིས་དཔེ་གསར་དང་བཙན་གྱིས་སྡེབས་བཞིན་པ་སོགས་མ་ཡིན་པར་ལྷན་སྐྱེས་ཀྱི་རྩ་ཁམས་ཆགས་རིམ་ཀྱིས་དེ་ལྟར་བྱ་དགོས་རིགས་ལ་ངས་ངོས་ལེན་བྱ་རྒྱུ་ཡིན། ཡ་རབས་བཟང་སྤྱོད་ཟེར་བ་ནི་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་པ་ཙམ་གྱིས་མཚོན་པ་ཡིན་ནམ། རྐུ་འཕྲོག་བཅོམ་གསུམ། རྒྱལ་ཚོང་མྱི་གསོད་ཀྱི་ལས་ནི་བྱེད་ཀྱིན་མེད།་་ངས་དེ་ལྟ་བུའི་ནག་ཉེས་ལ་བསམ་གྱིན་མི་འདུག ད་དུང་ཞུ་རྒྱུ་ཞིག་ལ་མི་དང་དུད་འགྲོ་ཟེར་ན་ངས་མི་ཤེས་མོད། མི་དང་མིའི་བར་དུ་དེ་ལྟ་བུའི་བརྩེ་དུང་དང་མཐུན་སྡེབས་ཡོང་གི་ཡོད་ན་དེར་ངོས་ལེན་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་དེ་རིང་གི་མི་འདི་གཉིས་ཀྱི་གཉེན་སྒྲིག་གི་གོ་རིམ་བར་ནས་ཕན་ཚུན་ལ་དམ་ཚིག་ཕུལ་བའི་ཡི་གེ་དེ་ཚོ་ནི་དེ་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་། ༼་ཁྱེད་རང་སུ་ཡིན་པ་དེ་ལ་ང་རང་དགའ་གིན་འདུག་དང་། ཡང་ཐུགས་ཁུར་དང་བྱམས་བརྩེ། ནམ་ཡང་ང་ཡི་ཕྱོགས་སུ་ལངས་པའི་གཤིས་སྤྱོད་སོགས་ལ་ང་རང་དགའ་བོ་འདུག༽་ལ་སོགས་པའི་ཚིག་དེ་ཚོ་ངོ་མ་ཡག་པོ་འདུག་ལ། དེ་ནི་མིའི་རིགས་ཀྱི་རྣམ་ཤེས་སྒུལ་བར་བྱེད་པའི་གོ་རིམ་ཞིག་རེད།
ཨ་ཅེ་ཚེ་རིང་སྐྱིད་དང་། ། ཨ་ཁུ་ཨ་ལོག་ཁ་ཤས།། ཨ་མི་རི་ཀའི་ཡུལ་ནས།། ཨ་ཕོའི་ཨོང་ཁ་རྩོད་ཀྱི།། ཨ་ཁུ་ཨ་ལོག་རྩོད་ལ་དགའ།། ཨ་ཅེ་ཚེ་རིང་རྩོམ་ལ་དགའ།། ཨ་ཕོ་ཁ་ཤས་མཇེ་ལ་དགའ།། ཨ་རིའི་ཡུལ་འདི་རང་དབང་ཆེ།། ཨ་མཆོག་ཡུལ་ནས་བྲོས་པ་ཡི།། ཨ་ཅེ་མཛེས་མ་ཚེ་རིང་སྐྱིད།། ཨ་ཅེ་ཟིག་དང་ལྡེབ་པ་ལས།། ཨ་མདོ་ཕོ་རྒོད་མཉམ་དུ་སྡོད།། ཨ་ཅེ་མཛེས་མ་ཚེ་རིང་སྐྱིད།། ཨ་ཅེ་གཞན་ཟིག་བླངས་ཕྱིན་ཆད།། ཨ་མདོ་ཡུལ་ལ་ཇི་ལྟར་འགྲོ། ཨ་ཕ་ཨ་མས་ཇི་བསམ་སོམས།།
རང་གི་ཕ་མའི་འདོད་མོས་ནི། རྨོངས་ཞེན་དང་། ཀླད་རྙིང་། རང་གི་བུ་རྒྱུད་ཀྱི་འདོད་ཚུལ་ནི། གསར་གཏོད་དང། ཡར་རྒྱས།
གཞན་ལ་རིག་པས་བགྲོ་གླེང་བྱེད་ཟེར་ན།། རིག་པའི་རལ་གྲི་ཁ་ན་རྣོ་མེད་ཀི། གཞན་ལ་ཁྱིམ་གྱི་བསླབ་བྱ་རྒྱག་ཟེར་ན།། གཞོན་ནུ་ཟླ་མེད་རྩིབ་ན་རོགས་མེད་ཀི། གཞན་གྱི་ཆུང་མ་བྱེད་ཀི་འགྲོ་ཟེར་ན།། བོད་པ་བྱམས་པའི་འོག་ན་སྟུ་མེད་ཀི། བོད་ཀྱི་སྦྲང་དཀར་རྩམ་པར་དགའ་ན་ཡང་།། རྩམ་དགའ་ཁྱོད་ལ་དགོས་པའི་མར་མེད་ཀི། མེད་པ་རྐྱང་རྐྱང་འཛོམས་པའི་དྲ་ཁང་འདིར།། བུ་མོ་མཛེས་མ་ཚེ་རིང་སྐྱིད་དགའ་ཀི།
ཨ་ཁུ་ཁ་བས་ཨ་ཅེ་འབོད་ན་ཡང་།། ཨ་མདོ་བོ་མོ་ཨ་རིའི་ལུགས་སྲོལ་དགའ།། ཨ་མཆོག་མཛངས་མ་ཨ་རི་སླེབས་ནས་བཟུང་།། ཨ་ཕོ་རྣམས་ལ་ཨ་ཡ་བྱེད་པ་དཀའ།།
རིག་པའི་རལ་གྲིས་སངས་རྒྱས་ཀྱི་བཀའ་ལུང་ཟབ་མོ་ལས་ཀྱང་ཚེ་རིང་སྐྱིད་ཀྱི་དགོངས་དོན་རྩ་ཆེན་འཛིན་པ་འདི་ངོ་མ་སེམས་འགུལ་ཐེབས་དགོས་ཡ་ཞིག་རེད།
ཚེ་རིང་སྐྱིད་ཀྱིས་ལོ་མང་བུད་མེད་ཀྱི་ཐོབ་དང་དབང་ཚད་ལ་འབད་བརྩོན་གནང་བ་དེའི་མཐར་ཐུག་གི་འཇུག་འབྲས་བློ་སྤོབས་་ཆེན་པོས་མཚན་མཐུན་གཉེན་སྒྲིག་གི་ལེའུ་གསར་པ་ཞིག་བོད་མི་རིགས་འདི་ལ་གསར་གཏོད་ཀྱི་བྱ་གཞག་འབུལ་སྙམ་ཡང་བསམ་ཡུལ་ལས་འདས་པ་དེ་རིང་སྐུ་ཞབས་བྱམས་པ་སྔོན་དུ་ཤོར་ནས་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་སྙན་དེ་ཁོང་གིས་བླངས་སོང་།་
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ།། དགེ་བ་མིན་ན་སྡིག་པ་ག་ལ་ཡིན།། ཟེར་བ་དེ་ངོ་མ་དེ་ལྟར་ཡིན་ན་ཚེ་རིང་སྐྱིད་འདིས་དགེ་བ་རྒྱ་ཆེན་པོ་ཤི་ན་འགྱོད་མི་དགོས་པ་ཞིག་ཏན་ཏན་བསགས་ཡོད། དྲ་ཁང་འདིའི་ནང་གི་བན་དེ་སྐྱ་མིན་སེར་མིན་བུད་མེད་ལ་ཁ་བརྡ་བྱེད་པའི་གོ་སྐབས་མེད་པ་འདི་ཚོར་ཁ་བརྡ་རེ་བྱས་པ་དེས་ཆོག འདི་ཚོས་འཚོ་བ་དངོས་ཀྱི་ནང་། ཞེད་སྣང། འཚེར་སྣང་། སྤམ་པོ། བཅོས་མའི་བརྟུལ་ཞུགས་བཟུང་ནས་སྡོད་པ་ལས་རྫུ་བག་མ་ལུས་བཤིག་ནས་བུད་མེད་ཅིག་ལ་ཁ་བཙོག་བཤད་པའི་དཔེ་མེད། ཁོག་ན་མེ་འབར་ཡང་ཁ་ནས་དུ་བ་མི་ཐོན་པ་རྐྱང་རྐྱང་ཡིན། འདི་ཚོས་མིང་རྫུན་རེ་བཏགས་ནས་དྲ་ཁང་ནང་སླེབས་སྐབས་བུད་མེད་རེར་ཐུག་པ་ཡིན་ན་གླང་རྒོད་རྫི་ལངས་པ་འདྲ་བོ་ཡོད། ཁྱེད་ལ་ཁ་བརྡ་བྱེད་རྒྱུར་ཁ་རྩོད་འདྲ་ཟིག་རྒྱག་གི་འདུག་གི་རེད།
ཨ་ཁུ་ཆ་བོས་རིགས་ལམ་མི་རྩོད་པར། ། ཨ་བོ་བྱམས་པའི་བསྐོར་ནས་མྱོས་དང་ཐལ། ། ཨ་ཁུ་གཞོན་ནུས་ཟ་དང་ཟུར་ནས། ། ཨ་ཅ་ཚེ་སྐྱིད་གླེང་ནས་ཤུ་འགྲོ་གི ། ཨ་ཁུ་རྒྱག་པ་ཁྱོད་ལ་ངས་ཅིག་བཤད། ། ཨ་ལགས་ཀླུ་སྨྱོན་ཚང་ནི་འདིར་མེད་ཀི ། ཨ་ལགས་ཁོང་ལྟར་ཁ་རོག་སྡོད་ར་ཤོག ། ཨ་ཁུར་ཉམས་མྱོང་མེད་པས་ཆི་ཟིག་བཤད། ། ཨ་བོ་ཆ་བོའི་སེམས་ཀྱི་བརྩེ་དུང་སྐོར། ། ཨ་ཅ་ཚེ་སྐྱིད་ང་ཚོས་མྱོང་བཞིན་ཡོད། ། ཨ་ཁུ་ལོ་ལོ་ཟུར་ནས་སྡོད་ར་ཉོན། ། ཨ་བུ་ང་ཚོའི་བར་ལ་འཛུལ་མ་ཡོང་། ། ཨ་ཁུ་རིན་པོ་ཆེ་ལ་སྐྱབས་སུ་ཆེ། ། ཨ་ཁུས་ཚང་མ་མཁྱེན་ནོ་ཧྲ་གི་ར། ། ཨ་བོ་ཆ་བོའི་འགྲོ་ལུགས་གླེང་ན། ། ཨ་བོའི་དད་པ་ཆུང་རེར་བུད་འགྲོ
ཨ་རིས་ཁེ་ཐིའི་ཨོང་དོ་མཐུག་པོ་དེ་། ཨ་ཇོ་བྱམས་པར་ཐོབ་དང་མི་ཐོབ་ཞེས་། ཨ་ཅག་ཚེ་རིང་སྐྱིད་དང་ཨ་ཁུ་ཚོས་། ཨམ་གཙིགས་བསྡམས་ནས་རྩོད་པ་འདི་ལ་མཚར་། ཨི་ཁུང་མང་ཡང་སྐྱགས་ཁོང་འདེམ་པས་སྐོར་། ཨུ་ཚུགས་ནན་གྱི་འགོག་པའི་དོན་ཡང་མེད་། ཨེམ་ཆི་གསུང་ལས་བཤང་ལས་ནད་འགོ་པ་། ཨོ་ལོ་གཅེས་ལོ་རྣམ་ཀྱི་སེམས་ལ་བཟུང་། ང་གཡག་རྒན་ལ་དེ་རིང་དེ་ཙམ་ཞིག་མ་གཏོགས་བཤད་རྒྱུ་མེད་།།
ཨ་རག་མཐུང་ནས་མཛེས་མ་འགུགས་ཐབས་བྱས་། ཨ་མདོ་ཟེར་ནས་རང་ཚུགས་ཡོད་ཚུལ་བཤད་།་ ཨ་ཅེ་རྒྱ་མོས་སྐྱག་ཁུང་སྟོན་དུས་སུ་།་ ཨ་ལ་ཟེར་ནས་ངོ་མདངས་འཛུམ་གྱི་བཀང། ཨ་མདོ་ཡུལ་ནས་ཡོང་བའི་ཕོ་གསར་ཚོ་།་ ཨ་ཁུ་སྟོན་པའི་རྣམ་ཐར་འཁྲབ་བཞིན་དུ་། ཨ་བུ་བྱམས་པ་ཉིད་ལ་སྡིག་སྐུལ་བ་། ཨ་རོགས་ཁམས་པའི་རིག་ན་ངོ་རེ་ཚ།
ཨ་ཁུ་རྒྱག་པ་བཟང་ཆ་ཟིག་ཡོད་ནོ།། ཨ་བོ་ཆ་བོའི་སེམས་ཀྱི་དད་པ་མིན།། ཨ་རིའི་ཡུལ་ནས་གཙང་མ་སྡོད་དགོས་ན།། ཨ་ཅེ་ཆ་བོར་ཁ་གཙོག་བཤད་དགོས་ཀི། ཨ་ཁུས་སྔོན་ཆད་དཔེ་ཆ་ཀློག་པ་ལས།། ཨ་མདོ་བུ་མོར་སྐད་ཆ་བཤད་མ་མྱོང་།། ཨ་ཅེ་ཚེ་རིང་འདི་གར་སླེབས་སོང་ནོ།། ཨ་རིའི་བོད་མི་རྣམས་ཀྱི་རྒྱན་ཟིག་རེད།། ཨ་ཇོ་བྱམས་པ་མནའ་མ་བུད་སོང་ནོ།། ཨ་རིའི་བྱི་ལི་ཁེ་ཐེའི་བསོད་ནམས་རེད།། ཨ་བོ་ཁ་ཤས་ཕྲག་དོག་ལངས་ན་ཡང་།། ཨ་ཕ་ཨ་མས་གནས་ལ་བྱིན་བཏང་ཟིག། ཨི་ཁུང་སྐྱག་ཁུང་ན་ཚ་བཏང་ཡང་རུང་།། ཨུ་ཚུགས་བྱས་ནས་བཟེད་ནས་སྡོད་དགོས་ཀི། ཨེ་མ་དེང་སང་དུས་ཀྱི་སྙིག་མ་ལ།། ཨོ་ཨོ་ལྟད་མོ་མང་པོ་མཐོང་གི་ཡ།།
ཨ་ལ་སྐུ་རྩེད་ཆེ་བའི་ཨ་ཁུ་ཁྱོད། ། ཨ་བུའི་སྨྱོད་བཤད་སེམས་ལ་ཕོག་པར་འདྲ། ། ཨམ་ཕྲུག་ཁོ་བོས་སྙིང་ཁར་ཐལ་སྦྱར་ནས། ། ཨ་ཁུའི་དགོངས་དྭངས་ཡོང་བའི་སྐྱབས་འཇུག་ཞུ། ། ཨ་རིའི་གཞུང་དང་ཨ་ཅེ་ཚེ་སྐྱིད་ལ། ། ཨ་རིར་ཡོད་པའི་བོད་མི་ལོས་ར་དགའ། ། ཨ་ཅ་མེད་པའི་ཨམ་ཕྲུག་ཁ་རྒོད་ང་། ། ཨ་ཅ་ཚེ་སྐྱིད་དགའ་ནས་སྨྱོན་བཞིན་ཡོད། །
མེ་རི་ལགས། ཨི་ཁུང་སྙ་མའི་ནང་ལ་མ་རྒྱོབས་པར། ། ཨུ་ཚུགས་བྱས་ནས་མཇེ་རྒོད་གླང་རྭ་དེ། ། ཨེ་ཨེ་ཨ་ཨ་ཟེར་བཞིན་སྐྱག་ཁུང་ལ། ། ཨོ་ཟིག་སྐྱེལ་ཞོར་རྒྱག་མཁན་ཨ་མདོ་མིན། །
ཨ་ཁ་སྙིང་རྗེ་་ཨ་ཕྲུག་ཁ་ཤས་ཀྱིས།། ཨ་ཅག་ཚེ་སྐྱིད་ཨ་རེ་བསམ་ན་ཡང་།། ཨ་མཆོག་མཛངས་མས་ཨ་རོགས་ཁམས་པ་ལས།། ཨ་མདོའི་བུ་ལ་ཨ་ལན་སྤྲོད་རབས་མེད།།
ཨ་རོགས་ཁམས་པའི་མཇེ་དེ་གླང་ངུའི་རྭ།། ཨ་ཅེ་ཚེ་སྐྱིད་འཛུགས་ས་མ་ནོར་ཟིག། ཨ་བོ་བྱམས་པའི་མཇེ་དེ་སྐྱག་ཚེབ་འདྲ།། ཨ་རིའི་སྐྱག་གདོང་དཀྲུག་པའི་ཐུར་མ་རེད།། ཨ་བུ་རྩམ་དགས་དགོངས་དག་ཞུ་མི་དགོས།། ཨ་ཁུའི་བློ་རྒྱ་ནམ་མཁའི་མཐོང་ལྟར་ཡངས།། ཨ་རིའི་ཡུལ་མི་སྦུག་སུ་དོག་ན་ཡང་།། ཨ་ཁུ་ཆ་བོ་སྐྱོན་གྱིས་གོས་མི་སྲིད།།
ཨ་མདོའི་བུ་ལ་ཨ་ལེན་མེད་ཀྱང་རུང་། ། ཨ་ཅག་བུ་མེད་མཛེས་མ་མང་ན་ཡང་། ། ཨ་མཆོག་བུ་མོར་འགྲན་ཡ་མེད་པས་ན། ། ཨ་མདོའི་བུ་དག་དགའ་ཡང་འགྲིག་འདུག་སྙམ། །
ཨ་མདོའི་ཨ་ཇོར་ཤེས་ཡོན་ཡོད་ཁུལ་གྱིས།། ཨ་རིའི་ཡུལ་ནས་རྒྱག་གཏམ་ཤོད་སྐབས་སུ།། ཨ་མདོའི་བུ་མོ་ཡིད་ཐང་ཆད་པའི་སེམས།། ཨ་ཁུའི་བསམ་ན་སྡུག་གྱོང་ཡིན་ཡང་སྲིད།། ཨ་མཆོག་བུ་མོའི་དགའ་རོགས་སུ་ཡིན་ལ།། ཨ་མདོའི་བུ་ཁྱོད་སེམས་ཁྲལ་ཆེ་ཁུལ་བྱས།། ཨ་ཡིག་ངག་ལས་ཐོན་པའི་མི་དེ་ཡང་།། ཨ་རོགས་ཁམས་པའི་བུ་རྒྱུད་གདོང་དམར་བོད།།
རྩམ་དགའ་ལ་། ཨ་མཆོག་བུ་མོ་ཟེར་ནས་ཕྲག་དོག་བྱས་། ཨ་རོགས་ཕོ་རྒོད་རིག་ནས་བརྩེ་བ་ཤོར་། ཨ་ཁུ་ཟླ་མེད་ཁ་བརྡ་བྱེད་ཞོར་ཏུ་།་ ཨ་མའི་གོམ་པའི་རྗེས་སུ་འགྲོ་འདོད་སྐྱེས་། ཨ་རོགས་ཕོ་ལ་དགའ་བོའི་མོ་གསར་ཁྱོད་། ཨ་མདོ་ཕོ་གསར་ཅིག་གིས་ཚུལ་བཟུང་ནས་། ཨ་ཁུ་ཟླ་མེད་མཇེ་ལ་བལྟ་བསམ་པ། ཨ་ཅེ་ཚེ་སྐྱིད་མཐོང་ན་ངོ་རེ་ཚ།
ཚེ་ཡི་ལྷ་མོས་བྱིན་གྱིས་བརླབས་པ་ཡི།། ཚེ་རིང་སྐྱིད་ཀྱི་སྙན་ངག་ཁ་རྩ་ནས།། ཚེ་ཟད་ཁ་ཤས་ཁ་ཤ་འདར་ནོ་དེ།། ཚེ་ཚེ་ར་ཕོ་སྤྱང་ཀུར་ཕྲད་པ་འདྲ།། ཚེ་ཡི་འདུ་བྱེད་མ་རྫོགས་སྔ་རོལ་ནས།། ཚེ་འཛིན་ལྷ་མོར་ཐེངས་གཅིག་མ་ཕྲད་ན།། ཚེ་འདི་སྐྱེ་ཀྱང་ཨ་ཁུ་ཆོས་རྒྱལ་དྲུང་།། ཚེ་འདི་དོན་མེད་འགྲོ་བ་བཞིན་དང་འདྲ།།
ཨ་མཆོག་བུ་མོར་ཁྲག་དོག་བྱེད་དོན་མེད། ། ཨ་རོགས་ཁམས་པ་བོད་རིགས་གཙང་མ་རེད། ། ཨ་ཁ་མེ་རི་ཁྱོད་ནི་མིག་ཚ་ཡང་། ། ཨ་ཕོའི་ཁ་ནས་དགོངས་དག་མི་ཐོན་གི །
ཨ་རོགས་མེད་པའི་ཨ་ཁུ་འགའ་ཞིག་གིས།། ཨ་ཅག་ཚེ་རིང་སྐྱིད་ཀྱི་མཐའ་འཁོར་དུ།། ཨ་ཡིག་བསྟར་ཏེ་རྩོམ་ཡིག་སྤེལ་ན་འདི།། ཨ་རོགས་ཁམས་པས་མཐོང་ན་ཁུང་འཛུམ་བྱེད།།
ཨ་ཀྲད་འདྲ་བའི་ཨ་མདོའི་ཕོ་གསར་ཚོ།། ཨ་ལན་བྲལ་ཡང་ཨ་ཞེ་ཚེ་སྐྱིད་ལ།། ཨ་ཀྱོག་པ་ཀྱོག་ཨ་མཚར་བཤད་ན་ཡང་།། ཨ་མཆོག་མཛངས་མས་ཨ་ཆད་ཨུ་ཐུག་བཟོས།། ཧ་ཧ་་་་མགོན་པོ་ཕྱག་བཞི་པ་སོགས་ལའོ
ཨ་མདོའི་བུ་མོ་ཨ་ཅེག་ཚེ་རིང་ལ།། ཨ་རོགས་ཨ་མདོའི་ཕོ་ལ་མྱོང་ཆ་ཆེ།། ཨ་བོ་ཁམས་པའི་ཨ་ཕོ་ཐུག་ནས་བཟུང།། ཨ་རྒྱ་ཨ་མ་ཨ་མདོར་རྫིག་པོ་མེད།།
ཨ་མདོའི་བུ་མོ་ཨ་མ་བྱེད་རན་འདུག། ཨ་རོགས་གཏན་ཁེལ་བྱུང་བའི་ཨ་ལན་ལ།། ཨ་ཁུ་ཚོས་དང་ཨ་ཕོ་ངེད་ཅག་གིས།། ཨ་དགའ་ལྷ་དགའི་ཨ་འཚར་བཀྲ་ཤིས་ཞུ།།
ཨ་ཕའི་བུ་ལ་འཇོན་ཐང་ཆེ་བས། ། ཨ་ཁུ་ཁྱོད་འདྲའི་རྫིག་པོ་མི་དགོས། ། ཨ་བུའི་མཇེ་རྒོད་ཁོམ་དུས་དཀའ་གི། ཨ་ཅག་མཛེས་མས་གཡས་འབོད་གཡོན་འབོད་རེད། །
ཨ་རོགས་ཨ་མདོ་ཁམས་ལ་ཁྱད་པར་མེད།། ཨར་བཞུགས་ཨ་ཅེག་མཛེས་མ་ཚེ་རིང་སྐྱིད།། ཨ་མ་མཛངས་མ་ཞིག་གི་ཨ་ཐོབ་སྟེ།། ཨ་ཕོ་ཨ་ཕའི་མདུན་ནས་རེག་ནི་བྱོས།།
ཨ་ཕའི་དུས་སུ་སླེབས་པའི་ཨ་ཕོ་ང།། ཨ་མ་བྱེད་ནི་ཨ་ཅེག་འདི་ན་མེད།། ཨ་ཁུ་ཨ་ནེ་ལས་གཞན་ཚང་མ་ཡིས།། ཨ་ཕར་ཨ་མ་འཚོལ་ལ་རོགས་རེམས་བྱོས།།
ཚེ་རིང་སྐྱིད་ཁྱོད་ཀྱིས་རང་སྒེར་གྱི་ཚབ་བྱས་ནས་སྐད་ཆ་ཤོད་ཀྱིན་ཡོད་ཟེར་དེ་བདེན་པ་རེད། འདི་ན་སུ་ཡང་རང་སྒེར་གྱི་ཚབ་བྱས་ནས་སྐད་ཆ་ཤོད་པ་མ་གཏོགས་ཚོགས་སྡེ་ཞིག་གི་མགྲིན་ཚབ་པ་ཡིན་ཟེར་མཁན་འདྲ་མཐོང་མ་སོང་། ཡིན་ན་ཡང་ཁྱོད་ཀྱི་མཆན་དང་པོའི་ནང་དུ་ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད། ཟེར་བར་བལྟས་ཚེ་ཁྱོད་ཀྱིས་རང་སྒེར་གྱི་ཚབ་བྱེད་པ་ལས་བརྒལ་དེ་ནང་པ་སངས་རྒྱས་པ་ཚང་མའི་ཚབ་བྱས་ནས་སྐད་ཆ་བཤད་འདུག ཁྱོད་བོད་ཀྱི་མཛངས་མ། བུད་མེད་ཚོགས་པའི་དབུ་ཁྲིད། རྩོམ་པ་མོ་སོགས་ཡིན་པའི་ཆ་ནས་སྤྱི་ཚོགས་ཤིག་གི་ཚབ་བྱས་ནས་སྐད་ཆ་བཤད་པའི་དབང་ཚད་དང་འོས་འགན་ཡོད། ཡིན་ན་ཡང་སྐད་ཆ་ཞིག་ཡིན་ཕྱིན་སྤྱི་སྒེར་སུས་ཚབ་བྱས་རུང་འགན་འཁུར་དགོས་པ་རེད། མི་ཐེབས་ཆག་ང་ལྟ་བུས་ཀྱང་སྔོན་མ་ཞིག་ལ་དྲྭ་ཐོག་འདིར་སྐད་ཞིག་ཤོད་སྟངས་མ་འགྲིགས་པས་བཟོད་གསོལ་རིང་པོ་ཞིག་ཞུ་དགོས་བྱུང་སོང་། ཡི་གེ་དེ་ད་དུང་དྲྭ་རྒྱ་འདིའི་ཡིག་མཛོད་ནང་དུ་ཡོད་ཡོད་པ་རེད། ངས་ནི་མཚན་མཐུན་བཟའ་སྒྲིག་འདི་མི་སུ་གཅིག་གིས་ངོས་ལེན་ཡོད་དགོས་ཞེས་བཤད་མེད་ལ་ངོས་ལེན་བྱེད་མི་རུང་ཞེས་ཀྱང་བཤད་མེད། ངོས་ལེན་མི་བྱེད་མཁན་ལ་ཡང་ཁག་མེད་ཚུལ་ཙམ་བཤད་ཡོད། ཁྱད་མཚར་བ་ཞིག་ལ་འདི་ན་གྲྭ་བ་དང་གྲྭ་ཟུར་ཚོས་ཀྱང་ནང་པའི་དཀོན་མཆོག་གིས་མཚན་མཐུན་བཟའ་སྒྲིག་ལ་གནང་བ་ཡོད་མེད་ཐག་ཆོད་མེད་དུས་སུ་མཛངས་མས་དཀོན་མཆོག་གསུམ་ཁས་ལེན་མཁན་ཚོས་འདི་ངོས་ལེན་བྱེད་དགོས་པར་ཐག་ཆོད་ཡོད་པ་དེ་རེད། འདི་སྤྱིར་མི་ཚང་མས་ངོས་ལེན་དགོས་པ་ཙམ་དུ་མ་ཟད་དཀོན་མཆོག་གསུམ་ཁས་ལེན་མཁན་ཚོར་ལྷག་པར་དུ་འགན་ག་རེ་ཡོད་པ་ཡིན་ནམ། དེ་ཡིན་རུང་ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད། ཟེར་བ་འདི་ལ་བོད་པའི་ནང་ཆོས་ཀྱི་དཀོན་མཆོག་གི་གནང་བ་ཅི་ལྟར་ཡོད་སྐོར་དེ་ལ གསལ་བཤད་ཅིག་དགོས་ཀྱི་འདུག ཁྱོད་ཀྱིས་མི་ཞིག་གིས་ཁྱོད་གཅེར་གཟུགས་སུ་ཡོད་པའི་འདྲ་པར་ཞིག་དྲྭ་ཐོག་ཏུ་སྤེལ་སྐོར་ལ་མི་འདོད་པའི་རྣམ་འགྱུར་ཞིག་བསྟན་འདུག་མོད་མི་དང་པོ་སྐྱེ་དུས་སུ་གཅེར་བུར་སྐྱེས་ཤིང་ང་ཚོ་ཡང་མཚམས་མཚམས་ལ་མི་མང་པོས་མི་མཐོང་ས་ནས་གཅེར་བུར་འབུད་ཀྱིན་ཡོད། ཚོགས་སྡེ་ལ་ལ་ཞིག་ད་དུང་གཅེར་བུར་བསྡད་ཡོད་པ་རེད། དེ་ལ་དེ་ཙམ་ཧ་ལས་རྒྱུ་ག་རེ་ཡོད། དེ་ཡང་ཁྱོད་ཚོས་རྩོད་བཞིན་པའི་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཟེར་བ་དེའི་གཅིག་མ་རེད་དམ། མ་གཞི་ཁྱོད་གཅེར་གཟུགས་ཀྱི་པར་ཞིག་ཡོད་ཚུལ་འདི་ན་སུ་གཅིག་གིས་གླེང་གིན་མེད་དུས་ཁྱེད་རང་ཉིད་ཀྱིས་དེ་གླེང་ཡོང་དགོས་དོན་ཡང་ཅི་ཡིན་ནམ། མི་གཅེར་བུ་མཐོང་མ་མྱོང་མཁན་སུ་གཅིག་ཀྱང་མེད་པས་ཁྱོད་གཅེར་གཟུགས་སུ་ཡོད་པའི་པར་ཞིག་མཐོང་རུང་དམིགས་བསལ་དུ་ཧ་ལས་མཁན་སུ་ཡང་ཡོད་རྒྱུ་མ་རེད། བུད་མེད་ཕལ་མོ་ཆེའི་གཤིས་ཀ་དེ་འདྲ་ཞིག་ཡིན་པ་ལོས་ཡིན་མོད་དྲྭ་ཐོག་འདི་ན་ཁྱོད་ལས་བཟེ་རེ་ཆེ་བ་གཅིག་ཀྱང་མི་འདུག ཅིག་ཅིག་གིས་ཅིག་འགྲིགས་མ་སོང་། ཉིས་ཉིས་གིས་ང་བཀག་ཐབས་བྱེད་ཀྱིན་འདུག ཉེ་འཁོར་ན་སུ་ཡོད་དེ་ཚོས་མ་འགྲིགས་པ་དེ་འདྲ་མང་པོ་ཞིག་རྒྱུན་དུ་ཤོད་འདུག་པ་དེ་ཡང་གཏམ་བཤད་ཀྱི་ཁོར་ཡུག་ཅིག་ན་དེ་ཙམ་མཛེས་པ་ཞིག་མ་རེད། ངས་ནི་ཁྱོད་དང་པོ་དྲྭ་ཚིགས་སུ་ཞུགས་པའི་དུས་ནས་མཐོང་བྱུང་ཡང་ཁྱོད་ལ་དེ་འདྲའི་སྡུག་ནད་མི་ཐེག་པ་ཞིག་བཟོས་པ་གཅིག་ཀྱང་མཐོང་མ་བྱུང་། ཁྱོད་གཅེར་གཟུགས་ཀྱི་པར་བཟོས་པ་གོ་མ་བྱུང་ལ་ཁྱོད་བཀག་ཐབས་བྱས་པ་ཡང་ཚོར་མ་བྱུང་། ཁྱོད་ལ་བོད་ཀྱི་མཛངས་མའི་ཅོད་པཎ་གཡོགས་ཉིན་ནས་བཟུངས་ཚང་མས་གཞི་བདག་གསོལ་གསོལ་བྱེད་བཞིན་པའི་སྣང་བ་བྱུང་། ཐ་ན་ཁྱོད་དྲྭ་ཚིགས་རེར་ཞུགས་སྐབས་ཀྱང་ཁྱོད་ཀྱི་རྩོམ་ཡིག་ཡག་བཙོག་ནས་མི་གླེང་བར་བོད་ཀྱི་མཛངས་མ་ཞེས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ་མཁན་ག་ཚོད་ཅིག་ཡོང་གིན་འདུག མི་རེ་ཟུང་རེས་རྩེད་མོ་རེ་བརྩེས་པར་ཡང་མི་བཟོད་པ་དེ་འདྲ་འདུག་ན་འདི་ན་སྤྲུལ་སྐུ་ཀླུ་སྨྱོན་ལ་དམའ་འབེབས་ག་ཚོད་བྱས་སོང་ཡང་དེ་ལ་ཁོང་གིས་དོ་སྣང་ཡང་བྱེད་ཀྱིན་མི་འདུག་ག ནམ་ནམ་ཞར་ཞར་ལ་རང་གི་ཉེ་འཁོར་གྱི་མི་དེ་ཚོའི་སྟེང་དུ་སྡུག་སྨྲེ་རྐྱང་རྐྱང་བཏོན་བསྡད་ན་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད། ངོ་མ་བཤད་ན་དྲྭ་ཐོག་ན་ཡོད་པའི་ཚེ་རིང་སྐྱིད་ཟེར་བ་འདི་བོད་ཀྱི་མཛངས་མ་ཡིན་མིན་ཡང་དོགས་གཞི་ཆེ། བོད་ཀྱི་མཛངས་མ་ངོ་མ་ཡིན་ན་ང་ལ་ཞོ་བསྙལ་སྟངས་ཤིག་བསླབས་རོགས་དང་། ང་འབྲོག་པའི་བུ་ཆུང་གྲོང་ཁྱེར་དུ་ལྷུང་བ་ཞིག་གིས་བདུན་ཕྲག་རེ་རེ་བཞིན་Greek Styleཟེར་བའི་ཞོ་Litre གཅིག་ལ་སྒོར་མོ$8རེ་སྤྲད་ནས་ཉོ་བཞིན་ཡོད་པས་འགྲོ་སོང་ཆེ་དྲགས་འདུག མཛངས་མ་ལོ་ལོ། སྐུ་མཁྱེན།
ཨ་ལ་ལ་ལ་ཡ་མཚན་ལྟད་མོ་ཆེ།། ཨ་ཡིག་རང་བྱོན་མང་པོས་གཟི་བྱིན་ངོམ།། ཨ་ཁུ་འདི་ཚོའི་ངག་མདུད་གྲོལ་བ་འདྲ།། ཨ་ཅེ་ཚེ་སྐྱིད་ངག་ལ་ཞུགས་པ་འདྲ།། ཨ་ལ་རྩེད་མོ་ངོ་མཚར་ཆེ་རྒྱུ་མེད།། ཨ་ཁུའི་ཁ་ན་སྟུ་དང་རྐུབ་ལས་མེད།། ཨ་ཕོའི་མཚན་མཐུན་གླེང་ན་བརྩེ་བ་གླེང།། ཨ་རོགས་ཕོ་མོ་ཁྱད་མེད་བརྩེ་བ་གླེང་།། ཨ་རོ་ཁྱེད་ཚོའི་སེམས་ན་རྒྱོ་མ་གཏོགས།། ཨ་མཚར་མི་ཡི་བརྩེ་བ་བོར་བ་འདྲ།།
ཨ་ཕས་ལོ་མང་ཨ་མ་བསྒུགས་ནས་བསྡད།། ཨ་ཅེེག་མཛེས་གཅིག་ཀྱང་མ་རེད་ཐཱ།། ཨ་ཕོ་ཧོར་ནས་ཡིན་ཨ་ཅེག་ལ།། ཨ་ཕས་དངོས་གནས་དང་ལེན་ཞུ་ཐབས་བྲལ།།
ཨ་ཕར་སྦྱར་བའི་དཔེ་འདི་འུ་ཅག་གི།། ཨ་མ་དག་ལའང་སྦྱར་ན་འགྲིག་མོད་ཀྱང།། ཨ་ཅེག་ཚང་མས་དངོས་ལེན་མི་བྱེད་ནོ།། ཨ་ཕོ་བདག་གིས་སྔོན་ནས་ཤེས་བསྡད་ཡོད།།
ཨ་ཕོ་ཨ་ཅེག་མིང་གི་ཁྱད་པར་རེད།། ཨ་ཁུ་ཨ་ནེ་སོགས་ལ་བརྟག་རྒྱུ་མང།། ཨ་ཕ་ཨ་མ་ཡིན་མིན་མ་གཏོགས་པའི།། ཨ་རོགས་ཨ་ལན་བྱེད་སྟངས་སྐབས་འགལ་གཅིག།།
ཨ་ཁུའི་ཚོགས་ལ་སྐུར་འདེབས་བྱས་འདུག་ཅེས།། ཨ་བོ་ང་ལ་དམོད་ཚིག་མ་བསྒྲགས་རོགས།། ཨ་ནེ་བཞུགས་སའི་མཐའ་རུ་བསྡད་དུས་ཀྱི།། ཨ་ཕའི་སེམས་སུ་འཆར་བའི་མྱོང་བ་ཡིན།།
ཨ་ཅེག་མཛངས་མའི་གཙུག་རྒྱན་ཚེ་རིང་སྐྱིད།། ཨ་མ་བྱས་པའི་དུས་སུ་སྔོན་ནས་སླེབས།། ཨ་རོགས་ཁམས་པ་ད་ལྟ་གང་དུ་བཞུགས།། ཨ་རི་ཡུལ་ན་མེད་ན་ལེན་ཐབས་བྱོས།།
ཨ་ཅེག་མཛངས་མའི་གཙུག་རྒྱན་ཚེ་རིང་སྐྱིད།། ཨ་མ་བྱེད་པའི་དུས་སུ་སྔོན་ནས་སླེབས།། ཨ་རོགས་ཁམས་པ་ད་ལྟ་གང་དུ་བཞུགས།། ཨ་རི་ཡུལ་ན་མེད་ན་ལེན་ཐབས་བྱོས།། ཨ་ཕོ་བདག་གིས་ཁ་ཚོད་མ་བཟུང་ནས།། ཨ་ཅེག་མཛེས་མར་གནོད་པའི་ཚིག་ཡོད་ན།། ཨ་མའི་བུ་ལ་བྱམས་པས་སྐྱོང་བ་བཞིན།། ཨ་མདོའི་བུ་མོས་ཁོ་བོར་གུ་ཡངས་མཛོད།། ཨ་ལ་རྩེད་མཚར་བྱས་པའི་ཨ་རྩོམ་འདི།། ཨ་ཁུ་ཨ་ནེ་ཚོགས་ལ་ཕོགས་གྱུར་ན།། ཨ་ཕོ་བདག་གིས་པུས་མོ་སར་སྦྱར་ནས།། ཨ་ལགས་ཤིག་གི་མདུན་ནས་འགྱོད་བཤགས་བྱེད།།
རེད་ཡ། སྤོབས་པས་བཤད་པ་ལྟར་ཨ་ལགས་ཀླུ་སྨྱོན་འདི་ངོ་མ་མི་ཐུན་མོངས་མ་ཡིན་པ་ཞིག་རེད་འདུག ཐོག་མར་ང་ཡང་ཁོང་སྤྲུལ་སྐུ་ཆགས་པའི་རྒྱུད་རིམ་ནས་ཡིད་མ་རངས་པ་བྱེད་མཁན་ཞིག་ཡིན་ལ་ཁོང་ལ་སྐུར་འདེབས་བྱེད་མཁན་ཨང་དང་པོའི་གྲས་ཞིག་ཀྱང་ཡིན། ཁོ་ལ་སྐྱོན་བརྗོད་དང་ངན་སྨྲས་ཇི་ལྟར་བྱས་ཀྱང་རང་ཉིད་ཀྱི་བཤད་དགོས་པའི་སྐད་ཆ་དེ་ལས་དོན་མེད་ཀྱི་ཉོབ་གཏམ་མི་གླེང་ཞིང་ཁྱད་པར་དྲྭ་གྲོགས་ཕལ་ཆེར་བ་ལ་དར་སྲོལ་ཆེ་བའི་ཕྱོགས་རིས་དང་འཐེན་ཁྱེར་གྱི་སྐད་ཆ་ཧ་ཅང་ཉུང་བས་ངས་རང་བཞིན་གྱིས་མགོ་འདོགས་ཞུ་དགོས་ཐུག་སོང་། ཨ་ཅག་ཚེ་སྐྱིད་ཡང་ང་ཚོ་བོད་པ་ཚོ་དང་དྲ་རྒྱ་འདི་ནང་ཉེ་བར་མཁོ་བའི་མི་སྣ་གལ་ཆེན་ཞིག་ཡིན་པས་སྤོབས་པས་དེ་ལ་ལྟ་ཚུལ་ཡག་པོ་མི་འདུག་པས་སྤོབས་པ་ཁྱོད་ཙུག་གེ་བསྡད་ན་ཡག་་མ་གཏོགས་ང་ཚོ་ཁམས་ལུང་པའི་མི་དེ་ལས་སླ་འོ་ཡོད་མ་རེད་ད། སྤྲུལ་སྐུ་ཨོ་སྟོབས་ལ་ངས་རྔ་ལ་བསྟུན་པའི་འཆམ་ཞིག་འཁྲབ་ཤོག་ཟེར་རྒྱུ་ཡིན།
ཚེ་སྔོན་ལས་དབང་མེད་པའི་ཚེ་ཟད་འགས།། ཚེ་སྐྱིད་མཛངས་མ་ཚེ་རོགས་བྱུང་བས་ན།། ཚེ་འདི་གཞན་གྱི་ཚེ་གཡོག་རྒྱུག་བཞིན་དུ།། ཚེ་ཡི་དུས་བྱས་་ཚེ་འདིར་འགྱོད་མེད་ཟེར།།
ད་ཁ་དྲོ་་་གནས་ཚུལ་འདི་ལ་མཚར་ཁུལ་མ་བྱེད་་་་་་་་་་་་་་་་འདི་ནི་བོད་པ་ཚོར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དར་བའི་ལམ་ལུགས་ཤིག་རེད། མཚན་མཐུན་གཉེན་བསྒྲིགས་བྱེད་ཚུལ། མཚན་མཐུན་ཆགས་སྤྱོད་བྱེད་ཚུལ། མཚན་མཐུན་གཉེན་སྡེབ་ཀྱི་བཟའ་འཁོན་དང། བཟའ་འཐོར་རྒྱག་ཚུལ་སོགས་མང་ནི་རེད། ཧ་ཅང་ཞི་ཞིང་དུལ་མདོག་སྟོན་མཁན་ཚོ་འདིའི་ཕྱོགས་ནས་སྨྱོས་འཇོག་ནི་རེད། འདི་བོད་ཀྱི་སྲོལ་རྒྱུན་རེད། མཐོ་ས་ཆེ་ནས་ཡོད་པའི་ལམ་ལུགས་རེད། བུ་རྒོད་པོ་འདིས་འདི་དམངས་ཁྲོད་དུ་ཁྱེར་ཡོང་འདུག འདི་ནི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཚུལ་ཞིག་རེད།
ཞ་བོའི་ཚོགས་ནས་རྐང་ལྡན་གཅིག་པུ་དང་།། ལོང་པའི་ནང་ནས་མིག་ལྡན་གསེར་རུའི་སྤུན།། བུ་མོ་ཚེ་རིང་སྐྱིད་ཀྱི་འཇོན་ཐང་ལ།། མིག་བུ་ཚ་བའི་གྲྭ་ཟུར་རྣམས་ཀྱིས་གསོན།། སྡང་བའི་རྣམ་འགྱུར་དགའ་བའི་མཐར་ཐུག་དང་།། མི་འདོད་རྣམ་འགྱུར་འདོད་པས་མྱོས་པའི་མཚན།། མི་འཇིགས་སྐད་ཆེན་སྒྲོགས་པ་འཇིགས་པའི་རྟགས།། རང་གཤིས་གཞན་ལ་ངོམ་པའི་ཕོ་རྒོད་རྣམས།། ཡོན་ཏན་ལྡན་ལ་བསྟོད་བསྔགས་བྱས་པ་ཡིས།། དེ་ཡིའི་བསམ་འཆར་འཐད་པར་མཚོན་མི་ནུས།། མཚན་འཐུན་གཉེན་སྒྲིགས་བོད་ཀྱི་སྲོལ་ལས་བརྒལ།། བཟང་སྤྱོད་ནུབ་པའི་བལྟས་འདིས་ནམ་ཡང་སྐྱོ།།
བྱམས་པ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་གཞིས་ཤིག་ནས་སྐྱེས་པ་དང་། ཁོ་རང་ལོ་ཆུང་སྐབས་མོན་གྷོ་བོད་སློབ་ལ་ལོ་ཤས་རིང་ཕྱིན་འདུག དེ་དུས་ནས་བྱམས་པ་ཡི་བསམ་སྤྱོད་ཉམས་གསུམ་ནི་བུད་མེད་དང་གཅིག་མཚུངས་ཡོད་སྐད། དེ་དང་འབྲེལ་ནས་ངས་ཀྱང་འདིར་དྲ་གྲོགས་ཚོ་ལ་ཅིག་འདྲི་འདོད་བྱུང་སོང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སྐུ་ཚེ་སྨད་ཕེབས་ཀྱི་དུས་སྐབས་ནང་ལ་ཁོང་གིས། མེ་ཏོག་ལམ་དུ་བགྲོད་པར་མ་བྱས་ཤིང་།། གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ།། ཡལ་འདབ་ལྔ་བའང་ངལ་བར་བྱས་མིན་པར།། དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།། ཞེས་དང་། ཡང་། འགྱུར་མེད་ལྷོད་པོར་གནས་པའི་གཤིས་ལེགས་པོ།། སྙིང་གི་གྲོགས་ཁྱོད་བདག་མདུན་སླེབས་པ་ཡི།། དགའ་བ་འདི་ཙམ་གཞན་གྱིས་སྟེར་ནུས་སུ།། ད་དུང་ཡང་ཡང་ཕེབས་དང་སྔོན་པོ་ཏོག ། ཅེས་སོགས་བྲིས་གནང་འདུག་པ་འདིར་རྒྱབ་ལྗོངས་དང་འགྲེལ་སྟངས་དམིགས་བསལ་ཅན་འདྲ་ཡོད་དམ་མེད།
ང་རང་དེ་སྔར་བལ་ཡུལ་ན་ཡོད་དུས་ཨ་མདོའི་མི་ཚང་ངོ་ཤེས་ཡག་པོ་ཞིག་ཡོད། ཁོང་བཟའ་མི་གཉིས་ཀྱི་བུ་དེའང་འགྲོ་སྟངས་འདུག་སྟངས་ཕལ་ཆེར་བུ་མོར་འདྲ་ཟིག་རེད། ད་ག་ལེར་བསམ་བློ་གཏོང་དུས་བྱམས་པ་དང་གཅིག་པ་རེད་བསམ་བསམ་ཞིག་དྲན་གི་འདུག
གདན་ས་ཁག་དང་དགོན་པ་ལ་བཞུགས་མྱོང་བའི་གཞོན་ནུ་ཟླ་མེད་དང་རིག་པའི་རལ་གྲི། ཀླུ་སྨྱོན་རིན་པོ་ཆེ་སོགས་ལ་བཀའ་འདྲ་ཞུ་རྒྱུ་ཞིག་ལ། དབྱིན་ཇིའི་ཚིག་གི་ནང་Gay དང་ Homo Sextual ཟེར་བ་འདི་དང་མཐུན་པའི་སྐད་ང་ཚོ་བོད་སྐད་ནང་ལ་ཡོད་དམ། ངའི་གོ་ཐོས་ལ་དགོན་པའི་ནང་གྲྭ་པ་ཕན་ཚུན་ཆགས་པ་སྤྱོད་པའི་གནས་ཚུལ་ཡོང་གི་ཡོད་སྟབས། དེའི་ཐ་སྙད་ལ་དོ་སྣང་དང་འཕེལ་རིམ་སོགས་ཡོད་ན། གུས་པ་ཚོར་བགྲོ་གླེང་ཞིག་གནང་རོགས། ངས་འདིར་ཕོ་དང་ཕོ་ལུས་འབྲེལ་བྱེད་པར་ཡག་ཉེས་ཅི་ཡང་ཤོད་ཀྱི་མེད། གཙོ་བོ་འདི་དང་འབྲེལ་བའི་ཐ་སྙད་ཤེས་འདོད་འདུག ད་ལྟ་འདིར་བཀོལ་བའི་ཐ་སྙད་དེ། མཚན་མ་གཅིག་པའི་ཆང་ས་འབོད་པ་འདི་ངག་ལ་བཀོལ་མི་བདེ་ལ། རྣ་བ་ལ་ཡང་སྙན་པོ་མི་སྣང་།
gay ལ་ཕོ་ལུས་མོ་ལུས་ཟེར་མཁན་འདུག Homo Sextual ཕོ་ཡིན་ན་གྲྭ་ལྟ་རྒྱབ་དང་མོ་ཡིན་ན་ཟངས་ནག་(སླ་ང) ཁ་བསྒོར་ཟེར་བ་དེ་འདྲ་གོ་མྱོང་། གཞེས་ནིང་ཞིག་མིན་ནམ་ཅིག་ལ་ངེད་ཚོས་འདིའི་སྐོར་ཁ་བརྡ་ཅུང་ཟད་བྱས་པ་དྲན། དེའི་སྐབས་འདིའི་སྐོར་ཕལ་ཆེར་ཁ་བརྡ་ཐེངས་དང་པོ་ཡིན། ངས་མིང་གི་ཐོགས་དོན་དང་དག་ཆ་མ་ཤེས་པར་བྲ་ལྟ་ཞེས་བྲིས་པ་ཡིན། རྗེས་སུ་སྡེ་གྲྭ་སའི་མཁས་པ་ཚོས་གྲྭ་ལྟ་ཞེས་བྲིས་ཡོང་གི་འདུག དེ་ནས་གཞི་ནས། ཨོ་ཐ་སྙད་འདིའི་འབྱུང་ཁུངས་གྲྭ་བ་ཚོའི་རྐུབ་ཡིན་ཟིག་མོད་བསམས་སོང་། མི་ཟེར་བ་འདིས་མི་བྱེད་དགུ་བྱེད་ག་རེ་ཡིན་ནའང་བྱེད་གི་རེད། ས་ཁུག་ལུང་ཁུག་དེ་ཚོ་ན་འདི་ལ་འབོད་སྟངས་འདྲ་མི་འདྲ་ཡོད་རྒྱུ་རེད་ད། རྩད་བཅད་ན།
རྒྱུ་མཚན་གང་ཡིན་ཧ་གོ་མ་སོང་ཡང་།ཁྱོད་ཚོ་མི་སྒེར་གྱི་འདོད་པ་སྤྱོད་པ་ཅིག་ལབ་ཡོང་དུས་།གཉིད་ཡང་ཐུབ་གྱིན་མེད་པ་འདྲ་བ་མཐོང་སོང། ་བསམ་ཤེས་ཟེར་བ་་ཞིག་གིས་དབྱིན་ཇིའི་Homo sexuality དང་Gay ཟེར་བ་གཉིས་་བོད་ཡིག་ཏུ་ཇི་ལྟར་བསྒྱུར་ན་ལགས་ཞེས་དྲིས་འདུག་པས་དྲི་ཚིག་བཟང་པོ་རེད་བསམ་བྱུང་།ལན་ཅིག་འདེབས་དགོས་བསམ་ཡང་དེ་མུར་བརྗེད་འདུག།་དེ་རིང་མགོན་པོ་ཕྱག་གཉིས་བ་ཟེར་བ་ཞིག་གིས་gay ལ་ཕོ་ལུས་མོ་ལུས་ཟེར་མཁན་འདུག Homo Sextua་ཞེས་དྲངས་ནས་།དེ་ལ་འགྲེལ་ཞིག་རྒྱག་ཁུལ་བྱས་འདུག་།་སྔོན་མའི་ཉམས་མ་བཞག་པར་Homo sexuality་་ཞེས་བྲིས་ད་བཏགས་ནོར་རེད་སྙམ་པ་དང་།་རྗེས་མའི་དབྱིན་ཇི་ཤེས་གིན་མེད་པ་འདྲ་བའི་བཟོ་ཤིག་མཐོང་སོང། དབྱིན་ཇིའི་ཚིག་ལ།་Homo sexuality་དོན་དག་གཞན་པ་ཤིག་རེད་།་་Homo མི་སོགས་འདུས་བའི་འདུས་བའི་སེམས་ཅན་མང་པོ་ཤིག་ལ་ཟེར་ཅིང་།་དེ་ནི་ལོ་ས་ཡ་གཉིས་ཙམ་གྱི་སྔོན་དུ་བྱུང་བའི་དུད་འགྲོའི་རིགས་ཞིག་ལ་ཟེར་ཅིང་།དེའི་ནང་དུ་མི་དང་སྤྲེའུ་སོགས་ཀྱང་འདུས་ཡོད་པ་རེད་།དེ་བས་Homo sexuality་ཚིག་གཉིས་ཐ་དད་དུ་བྲིས་བ་ན་གོ་བ་གཞན་པ་ཤིག་ལེན་དགོས་ནི་རེད་ ད་ལྟ་ང་ཚོས་གླེང་བཞིན་པ་ནི་Homosexuality་ཞེས་ཚིག་གཉིས་འདྲེས་ཡོད་པ་དེ་ཡིན་པ་དང་།་དེ་ནི་ཕོ་ཡི་ཕོ་ལ་ཆགས་པ་སྤྱོད་པ་དང་།་མོ་ཡི་མོ་ལ་ཆགས་པ་སྤྱོད་པ་དེ་ལ་ཟེར་བཞིན་ཡོད་པ་རེད་།དེ་བཞིན་Gayཟེར་བ་ནི་ཕོ་ཡི་ཕོ་ལ་ཆགས་པ་སྤྱོད་མཁན་དང་lesbian ཟེར་བ་བུད་མེད་གཉིས་ཀྱི་བར་གྱི་འབྲེལ་བ་དེ་ལ་ཟེར་བཞིན་འདུག་། བོད་པ་ཁ་ཅིག་གིས་རྒྱ་ཡིག་同性恋 དང་དབྱིན་ཇིའི་same-sex་ཟེར་བ་བརྟེན་ནས་མཚན་མཐུན་ཞེས་བསྒྱུར་འདུག་།་སྤྱིར་མཚན་མཐུན་ཟེར་བ་དེ་ཕོ་ལུས་མོ་ལུས་ཟེར་བ་དང།་གྲྭ་ལྟ་རྒྱབ་དང་།་་ཟངས་ནག་(སླ་ང) ཁ་བསྒོར་ཟེར་བ་གྲོང་སྐད་ཕལ་བ་།་མི་དགྲ་རུ་འཛིན་འདོད་པ་ལྟ་བུ་ཐ་སྙད་ལས་ཡག་པོ་འདུག་།ཚིག་ཅིག་བསྒྱུར་བ་ལ་དྲང་བོ།་བར་ཏུ་གནས་བ་ཚིག་ཞིག་བསྒྱུར་ཅི་ཐུབ་བྱ་དགོས་བ་ལས་།དོན་མེད་དུ་ཚིག་དེ་འདྲ་བཀོལ་རྒྱུ་མེད་།་རྗེས་སུ་ཉེན་ཁ་ཆེན་པོ་རེད་།ངས་སྔོན་ཆད་ཅིག་ལ་ཀུན་དགའ་བོ་མངའ་མདོ་ནས་ཕུང་གཅིག་འཁྲུག་པ་ཟེར་བ་ཤིག་ཀློག་སོང་སྙམ་ད་ལྟ་དེ་ལ་གསལ་ཆ་མེད་།་ཨ་ཁུ་ཟླ་མེད་དེ་ལ་གཟིགས་པའི་རེ་བ་ཞུས་ཡང་།་ཁོ་རྐུབ་སྟུ་གཉིས་ཀྱི་ཁྱད་པར་བར་ནས་མགོ་འཁོར་ནས་ད་དུང་ལན་མ་བྱུང་ཐལ། ངས་བསམ་པར་།་ཀུན་དགའ་བོ་མངའ་མདོ་ཕུང་གཅིག་པ་ཞེས་ཡོད་ན་ཕུང་གཅིག་པ་དང་།དེ་མེད་ན་མཚན་མཐུན་ཞེས་བཏགས་ན་བཟང་གིན་རེད་བསམ།
ཡ་ཡ། ད་ཐ་སྙད་སྐོར་ལ་ནེའུ་ཡོག་ཀོ་ལེན་བྷེ་ཡ་མཁས་པ་ཅིག་གི་འདི་ལྟར་གསུངས་སོང་། ཁྲིམས་མཐུན་མ་ཡིན་པའི་ཆགས་སྤྱོད་ཡོངས་སུ་རྫོགས་པ་Homosexuality འདི་རེད་ཟེར། དེ་ཡང་ sexual misconduct, དོན་ལ་མཚན་མཐུན་ཆགས་སྤྱོད་གཅིག་བུ་མ་རེད། མི་ཡིས་དུད་འགྲོ་ལ་ཆགས་པ་སྤྱོད་པ་དང་། མིའི་ནང་ནས་ཀྱང་ཕོ་ཡིས་ཕོ་ལ་དང་། ད་དུང་ཕོ་ཡིས་མོ་ལ་སྤྱོད་ན་ཡང་དགེ་འདུན་མ་ལ་སྤྱོད་པ། དེ་བཞིན་དུ་གཞན་གྱི་ཆུང་མ་ལ་སྤྱོད་པ། རང་གི་ཆུང་མ་ལ་ཡིན་ན་ཡང་སྤྱོད་ས་མ་སྤྱད་པར་མི་སྤྱོད་ས་སྤྱད་པ། སྤྱོད་ས་ལ་ཡིན་ན་ཡང་དུས་མ་ཡིན་པ་དཔེར་ན་གྲང་བ་སླེབས་པའི་སྐབས་སུ་སྤྱོད་པ་ཚང་མ་ལ་འདོད་ལོག་སྤྱོད་པ་ཅེས་སྔར་ནས་གཏན་འབེབས་བྱས་ཡོད་པས་དེ་ལ་དོགས་པ་ཡོད་དོན་མི་འདུག་སྙམ། དེ་མིན་gay and lesbian ཀྱི་སྐོར་འདི་རེད། འདི་ལ་འགྲེལ་བཤད་ཡག་པོ་ཅིག་རྒྱབ་སོང་ཡང་ད་ཡག་པོ་ཅིག་དྲན་གི་མི་འདུག གང་ལྟར་འདི་ནི་ཁྲིམས་མཐུན་སྟེང་དུ་འགྲོ་མིན་ལ་རྩོད་པའི་སྒང་རེད། དབྱིན་ཚིག་འདི་ནི་ཐོག་མར་ཁྲིམས་མཐུན་མིན་པ་ཅིག་རྗེས་སུ་ཁྲིམས་མཐུན་ཆགས་པ་ཅིག་གི་སྒང་ནས་ཡོང་བ་ཅིག་དྲན་སོང་ཡང་ཅི་ལྟར་ཡིན་དྲན་གི་མི་འདུག བོད་སྐད་ནང་དུ་མཚན་མཐུན་ཆགས་སྤྱོད་ཟེར་བ་ཅིག་ཡོད་པ་འདི་རྒྱ་ནག་གི་ཐུང་ཤིན་ལེན་ཟེར་བ་ཅིག་ཡོད་པ་དེའི་ནང་ནས་བསྒྱུར་བ་ལོས་ཡིན་སྙམ། དབྱིན་ཇིའི་ཚིག་གི་ནང་ན་གོང་དུ་མི་རི་ནས་དྲང་བའི་ཚིག་ same-sex ཟེར་བ་དེ་མིན་ན་གཞན་ཚིག་ཅིག་ད་དུང་རྙེད་མ་སོང་།
མཆན་པོ་དག་ལ། ཐུགས་རྗེ་ཆེ། གུས་པར་ཚིག་ཁ་ཤས་ཤིག་བརྙེད་སོང་བས། ད་དུང་མུ་མཐུད་འཚལ་བར་ཞུ། Gay: ཕོ་གྲོགས། Lesbian – མོ་གྲོགས། Homosexuality རྟགས་མཐུན་ཆགས་སྤྱོད། ཡང་ན། ཕོ་ཟུང་། མོ་ཟུང་།
ཨ་རོག་བླ་རྒན་ཆ་བོ་ད་རུང་འདིའི་བསྐོར་ནས་ཐར་གིན་མེད་ནོ་ཆི་ཟིག་རེད། ང་འདིའི་བསྐོར་ནས་སུན་ནས་ཡུན་རིང་བུད་ཐལ། དེ་ལས་འདི་ན་་་་་ང་དང་དགུན་ཁའི་སྙན་ངག་་་་ཅེས་པ་འབྲི་སྟངས་མ་འདྲ་བ་ཞིག་འདུག འདིའི་བསྐོར་ནས་ང་ཚོས་སོ་སོའི་ལྟ་ཚུལ་རེ་གླེང་ཞོར་ལ་སྙན་ངག་ཐར་འཐོར་རེ་འབྲི་རས་བྱེད་འདོད་ན་ཕེབས་ཤོག་ར་ང་རྩམ་དགའ་ཁོམ་བསྡད་ཡོད།
དུས་རབས་ཉི་ཤུ་བ་ཞེ་ལྡང་གི་དུས་རབས་དང་། དུས་རབས་ཉེར་གཅིག་པ་འདོད་ཆགས་ཀྱི་དུས་རབས་རེད་ཤག དེང་སང་རྐུབ་ལབ་པ་དང་གནམ་ལོང་འགྲོ་ཡི་འདུག ག མ་ཤི་ན་ལྟ་ཨང་། དུས་རབས་ཉེར་གཉིས་པ་མ་རིག་པའི་དུས་རབས་རེད། མི་ཚང་མ་སྨན་དང་ཐ་མ་འཐེན་ནས་ཉལ་འདུག་གི་རེད།
བྱ་རྒོད་རྒྱལ་བོའི་ལུང་བསྟན་ཁ་ཚ་དགོས་གཏུགས་མ་འདི་སློབ་དཔོན་རིན་པོ་ཆེའི་ཞལ་ལས་གསུངས་པ་འདྲ་བོ་འདུག བྱ་རྒོད་རྒྱལ་བོ་ལ་ཕྱག་འཚལ་ལོ།
ངས་དེ་བསྒྱུར་བ་མིན། བོད་རང་གི་ཐ་སྙད་ཡོད་མེད་ལས་བཤད་གི་ཡོད། ངས་ཁ་སང་གི་མཆན་དེ་མ་བཀོད་སྔོན་ཝེ་ཁེ་ཕེ་ཌི་ཡ་ནང་བལྟས་ཟིན་པ་ཡིན། དེའི་ནང་homo ཟེར་ན་མཚུངས་པའི་དོན་དུ་འགྲེལ་ཡོད་གི Lesbian ནི་གྷི་རིག་གི་གླིང་ཕྲན་ Lesbos ནས་བྱུང་བ་ཡིན་འདུག གླིང་ཕྲན་དེ་གནའ་སྔ་མོའི་གྷི་རིག་གི་སྙན་ངག་མ་ sappho ཡི་ཕ་ཡུལ་ཡིན་པས་དེ་དང་འབྲེལ་བ་ཡོད་འདུག མོ་ནི་མཚན་མཐུན་འདོད་བརྩེ་བ་ཞིག་ཡིན་ས་རེད། ལོ་ནི་སྤྱི་ལོ་སྔོན་གྱི་ལོ་ ༦༣༠ནས་༦༡༢ བར་ཞིག་ལ་སྐྱེས་ཤིང་ ༥༧༠ བར་ཞིག་ལ་གྲོངས་པའི་གནས་ཚུལ་འདུག དང་པོར་རང་ཉིད་ལ་ཐ་སྙད་ཡོད་མེད་ལྟོས། རང་ཉིད་ལ་ཐ་སྙད་ཡོད་ན་ཡིན་གཅིག་མིན་གཅིག་བསྒྱུར་དགོས་པའི་རྒྱུ་མཚན་མེད་པར་འདོད། ངའི་ཕལ་སྐད་ཐེབ་ཆག་དེ་གཞན་ཕལ་སྐད་ལྗིད་ཁོག་ཚ་བོ་དེ་འདྲ་ཡོད་མེད་ལྟ་མཁན་གྱི་ཕོ་ཉར་མངགས་པ་ཡིན། གཞན་ཅང་མིན། དེ་མིན་རྟགས་འཇུག་ནང་ཕོས་ཕོ་ལ་དྲངས་པ། མོས་མོ་ལ་དྲངས་པ་ལ་རྟགས་མཚུངས་ཟེར་བའི་ཐ་སྙད་ཅིག་ཀྱང་ཡོད་པ་རེད། སྤྱོད་ལམ་འདི་འདྲ་ཞིག་ཡོད་ཕྱིན་ཆད་བོད་ནང་ལ་འདི་སྐོར་ལ་ཐ་སྙད་སྙིང་རྗེ་མོ་དེ་འདྲ་ཏན་ཏན་ཡོད་རྒྱུ་རེད་བསམས། ད་རུང་ལུང་ཁུག་འདྲ་མི་འདྲར་ཐ་སྙད་དུ་མ་ཞིག་མེད་འགྲོ་སྙམ། gay ལ་ཕོ་ལུས་མོ་ལུས་བེད་སྤྱོད་གཏོང་མཁན་ཡང་དགའ་རབས་འདུག་ག
མགོན་ཕྱག་ངས་ཁྱོད་ཀྱིས་ཚིག་དེ་གཉིས་བསྒྱུར་བ་རེད་ཟེར་གིན་མེད།་ཁྱེད་ཚིག་དེ་གཉིས་ཀྱི་ག་གཅོད་འཚམས་ཤེས་ཀྱིན་མི་འདུག་ཅེས་དང་།་ངས་ཀྱང་ཐ་སྙད་དེ་འདྲ་བོད་ཀྱི་སྐད་ཡིག་ཏུ་ཡོད་མེད་ལྟོས་།ལྷག་པར་ཏུ་ཀུན་དགའ་བའི་མངའ་མདོ་ཟེར་བ་ཞིག་ཡོད་པས་དེ་ནང་དུ་དེ་ནས་མ་རྙེད་ན་།ཁྱོད་ཀྱི་གྲོང་ཚིག་ངལ་རྩོལ་མི་མང་ལས་བྱུང་བ་རྣམས་གཞན་ལ་ཟུར་ཟ་དང་།མཐོང་ཆུང་གི་ཚུལ་དུ་འདུག་པས་།ཚིག་དེ་དག་མ་བཀོལ་བར་རྒྱ་ནག་ལས་བསྒྱུར་བའི་མཚན་མཐུན་ཟེར་བའི་ཚིག་དེ་ཡག་པོ་འདུག་ཅེས་ལབ་པ་ཡིན་།ཧ་གོ་སོང་ངམ།
ཧ་ཧ་ཧ་།དེ་ཐེངས་ད་ཁྱོད་ངར་དང་ཟིག་།གྲྭ་ཟ་ནས་བསྡད་པ་དག་ལ་དེ་འདྲའི་ཁྱད་ཆོས་ཞིག་་ལར་ཡོད་།རེད་ལགས་ང་སྔོན་མ་ཨ་ཁུ་ཤིག་གིས་འདི་ལ་ལྟོས་ན་ཚན་རིག་ཡོད་གིན་ཟེར་ནས་།འདུག་མི་ཐུབ་པར་མདོ་དེ་མཇལ་བ་ཡིན་།མཇེ་ལངས་ནས་ཉི་མ་བཞི་ལ་འདུག་མ་ཐུབ་།དེ་འདྲའི་མདོ་སྐྱིད་པོ་ཤིག་།དེ་འདྲའི་མདོ་དྲང་བོ་ཤིག།་དོན་ཕར་ཞོག།ཚིག་སྤྱོར་སྟངས་དེ་ཚོ་གཅིག་པོ་ཆ་ནས་ཤིན་ཏུ་ནས་ཧ་ལས་དགོས་བ་འདུག་།ཁོམ་པ་ཡོད་ན་མཚམས་འདྲ་བསྡད་ནས་མདོ་དེ་ཚོ་ཞིབ་ཀློག་འདྲ་བྱེད་ཐུབ་ན་སྙམ་པའི་སྨོན་ལམ་རེ་རྒྱག་གིན་ཡོད།
Gay ལ་འཛན་ཕོ། Lesbian ལ་འཛན་མོ་ཞེས་བསྒྱུར་ན་ཇི་འདྲ་འདུག འཛན་ནི་སྤྱོད་པའི་དོན་དང་འཛན་ཕོ་འཛན་མོ་བརྗོད་ན་ཕོ་མོའི་རྒྱུན་སྲོལ་འབྲེལ་བ་འཆོལ་བ་ལ་གོ་དགོས་པ་འདྲ།
བོད་ཀྱི་བཀའ་འགྱུར་ནང་གི་དུམ་པ་བཞི་ཅུ་ཞེ་གྲངས་ཞིག་མ་གཏོགས་འཇར་པན་ནས་བོད་ཀྱི་བཀའ་འགྱུར་པར་དུ་འདེབས་སྐབས་གཞན་པ་རྣམས་བསྟན་འགྱུར་ཁྲོད་དུ་བཞག་འདུག གཞན་པ་ཚང་མ་སངས་རྒྱས་ཀྱི་བཀའ་མ་ཡིན་ཟེར།
སྐབས་རེ་འཇར་ཕན་པ་དང་ནུབ་ཕྱོགས་པ་ཚོ་ཡང་རྙོག་བཤད་ལ་དགའ་མཁན་རེད་།ཡིནའང་ལོ་བརྒྱ་ཙམ་གྱི་སྔོན་གྱི་འཇར་མན་ནས་ལེགས་སྤྱར་གྱི་སྐོར་ལ་མཁས་བ་མང་པོ་བྱུང་བ་རེད་ལ་།ཁོ་ཚོས་དེ་སྐོར་ལ་ཞིབ་མཇུག་མང་པོ་བྱས་པ་རེད་།ཡིནའང་བོད་དུ་བསྟུར་ན་བསྟུར་ཐུབས་མེད་པ་ཞིག་རེད་།ཕལ་ཆེར་སྤྱི་ལོ་༡༨༨༠་ཙམ་ལ་ཇོ་ནང་གི་རྒྱ་གར་ཆོས་འབྱུང་ཡང་འཇར་མན་གྱི་སྐད་དུ་བསྒྱུར་ནས་འདུག་།ཧ་ལས་བའི་ཞིབ་འཇུག་ཅིག་བྱས་ཡོད་ས་རེད་།
ཨོ་དེ་ད་ཧ་གོ་ད་གོ བསམ་ཚུལ་བཤད་པ་ཡག་པོ་རེད། ད་རུང་ར་ཐ་སྙད་ཡག་པོ་དེ་འདྲ་རྙེད་རྒྱུ་ཡོད་ན་ཐང་། ལོ་ལོན་རྒན་རྒོན་དེ་ཚོར་དྲིས་ན། བོད་ཀྱི་ཆོས་གཞུང་གི་ཐ་སྙད་དེ་ཚོའང་ཕ་ཁུངས་མ་ཁུངས་དེད་ན་ཁ་སྐད་ཅིག་ལ་ཐུག་བསྡད་ཡོད་པ་རེད། དེ་ཚོའང་ཤེས་པ་གྱིས།
མགོན་པོ་ལགས་། ཁྱོད་ངལ་རྩོལ་མི་མང་གི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་དོ་སྣང་བྱེད་མཁན་ཞིག་ཡིན་པས་།ངལ་རྩོལ་མི་མང་དང་།ལྷག་པར་ཏུ་ལོ་ལོན་དབུལ་བོ་དེ་ཚོ་ལས་ལེགས་བཤད་བསམ་གྱིས་མི་ཁྱབ་པ་རེ་ལེན་དགོས་བསམ་གིན་ཡོད་ནའང་།ཐོག་དང་པོ་ལོ་སྟོང་ཕྲག་གཅིག་ཙམ་གྱི་རིང་ལ་ངལ་རྩོལ་མི་མང་གིས་སྒྲུག་པའི་གླེགས་བམ་བྲག་རི་བརྩིགས་པ་མང་པོ་འདུག་པས་།་དེ་དག་གི་ནང་དུ་ཅི་ཡོད་བལྟ་།དེ་ནས་ཁྱེད་ཀྱིས་བཤད་པའི་ངལ་རྩོལ་མི་མང་དེ་ཚོ་ལ་དྲིས་ན་ག་འདྲ་འདུག།
ད་ gay གི་དོན་ ཕོ་ལུས་མོ་ལུས་ཟེར་བ་ཞིག དེ་ནས་ཁམས་ནང་ཆེན་ནས་ཕོ་ལུས་མོ་མིན་ཟེར་བ་ཞིག ཕོ་ལུས་མོ་མིན་འདི་ཕོ་མོ་གཉིས་ཀར་ཟེར་གསུངས། ཐད་ཀར་བསྒྱུར་ན་མཚན་མཐུན། འཚོ་བྱེད་བུས་འཛན་ཕོ་འཛན་མོ་ཟེར། ད་ཁྱེད་ཚོར་ཁ་སྣོན་རྒྱག་རྒྱུ་ཡོད་པས། ཐ་སྙད་ག་ཚོད་མང་ན་ཡག་ག་རེད་མ་གཏོགས་སྐྱོན་ཡོད་པ་མ་རེད། དེ་རྩོམ་རེ་འབྲི་ནའང་ཁྱེད་ལ་གདམ་ག་ཞིག་ཡོད་པ་རེད། ཐ་སྙད་ཡག་ག་ཅིག་དགོས་ན་ཡག་ག སྡུག་ག་དང་མཐོང་ཆུང་གི་ཐ་སྙད་ཅིག་དགོས་ན་དེ་ཡང་ཡོད་པ་རེད། དེ་རེ་རེ་ལ་ཐོགས་དོན་རེ། ཐ་སྙད་གཅིག་མ་གཏོགས་ཡོད་མ་ཆོག་པ་འདྲ་བོ་ཞིག་བཤད་ཡོང་བ་དེ་རང་གིས་ཅི་གང་མི་ཤེས་པའི་རང་མཚང་སྟོན་པ་ཙམ་ཡིན་ན། རང་གིས་རང་ལ་ཤ་ཚ་བ་གྱིས།
དེ་ར་འདྲ་སེ་འདུག གླེགས་བམ་དེ་ཚོ་ངལ་རཽལ་མི་མང་གི་སྐད་ཆ་རེད། ང་གླེགས་བམ་དེ་ཚོ་ལས་ངལ་རྩོལ་མི་མང་ལ་ཐད་ཀར་འབྲེལ་གཏུགས་བྱེད་རྒྱུར་དགའ། ད་ལྟའི་མི་མང་གི་ཁ་ན་མེད་ནས་ཨུ་ཐུག་ན་གླེགས་བམ་དེ་ཚོར་མ་བལྟས་རང་བལྟས་རེད། གཉིས་ཀར་མེད་པ་ཡིན་ན་རང་བཟོ་བྱེད་དགོས་རེད། རང་བཟོ་བྱེད་དགོས་བྱུང་ན་ང་ཤེས་ལྡན་པ་ཚོས་བཏགས་པའི་ཐ་སྙད་ལས་མི་མང་གིས་བཏགས་པའི་ཐ་སྙད་ལ་དགའ་བོ་ཡོད། ཤེས་ལྡན་པ་ཚོས་རྒྱ་ཡིག་ལ་བལྟས་ནས་རྒྱ་ཡིག་དང་འདྲ་བོ་ཞིག དབྱིན་ཡིག་ལ་བལྟས་ནས་དབྱིན་ཡིག་དང་འདྲ་སེ་ཞིག་བཏགས་ཡོང་གི་རེད། མཚམས་རེར་བོད་ཡིག་གི་ཐ་སྙད་ཅིག་རེད་ཟེར་ན་ཡིད་མི་ཆེས་པ་དེ་འདྲའང་འདུག མི་མང་གིས་བཏགས་པ་དེ་བོད་སྐད་བཀྲུས་ན་དག་རྒྱུ་མེད་པ་དེ་འདྲ་རེད།
ཁྱེད་དེ་འདྲའི་དཀའ་ལས་རྒྱབ་ནས་ག་རེ་བྱེད་ཀིན་ཡོད་།་ཕོ་ལུས་མོ་ལུས་ཟེར་ན་གོ་རྒྱུ་ཆེན་པོ་མི་འདུག་།་རོང་སྐད་ལུང་སྐད་ཅིག་ལས་མི་འདུག་ལ་།་དེ་མིན་གཞན་ལ་ཟུར་ཟའི་ཉམས་ཞིག་ཀྱང་འདུག་པས་།་དེ་མ་བཀོལ་ན་བཟང་།་་ཕོ་ལུས་མོ་ལུས་ཟེར་ན་མཚན་གཉིས་མ་ནིང་ཟེར་བ་དང་གཅིག་པ་རེད་།་དེ་བས་ཁྱེད་ཀྱིས་ཨུ་ཚུགས་བྱེད་ན་།མཚན་གཉིས་མ་ནིང་ཟེར་ན་ཇི་འདྲ་རེད་། ཡང་སྐད་ཆ་གཞན་ཞིག་ནས་བཤད་ན་།་མ་ནིང་ཟེར་བ་འདི་ལུས་ཀྱི་གྲུབ་ཚུལ་དང་།ཁྱད་པར་མཚན་མ་ཆགས་སྟངས་ཀྱི་དབང་གིས་བཏགས་པ་ཡིན་ཞིང།་འདི་Gay,་དང་Lesbian -དེ་བཞིན་Homosexuality ཆགས་པ་སྤྱོད་སྟངས་ཀྱི་དབང་གིས་བཤད་པ་ཅིག་རེད་།དེ་བས་མ་ནིང་རིགས་སྣ་ཚོགས་དང་འདི་དག་ལ་ཁྱད་པར་ཡོད་པ་རེད་ལ་།་ཁྱེད་རང་གི་ཕོ་ལུས་མོ་ལུས་ཟེར་བ་ཤིན་ཏུ་མི་མཚམ་པ་ཞིག་འདུག་སྙམ།
མགོན་པོ་ལགས་། ཁྱེད་གླེགས་བམ་དེ་དག་གི་མིང་ཡང་མ་གོ་ན་།དེ་དག་ལ་འབྲེལ་བ་ཅི་ལྟར་བྱས་།་སྐབས་རེ་ངལ་རྩོལ་མང་གིས་ཟ་མ་དང་།་འཁྲུག་པ་སྤྱོད་པ་དང་།་དེ་བཞིན་ལག་གི་ལས་ཀ་ཤེས་པ་ཙམ་ལས་ཅི་ཡང་ཤེས་གིན་མ་རེད་།དེ་བས་ང་ཚོ་ངལ་རྩོལ་མི་མང་ལ་སྒྲུག་བསྡད་ན་།་འཇིག་རྟེན་ན་ཡར་རྒྱས་ཟེར་བ་ཤིག་ཡོད་ཐབས་ཡོད་པ་མ་རེད་།ཁ་ཅིག་གིས་འཇིག་རྟེན་གྱི་ཡོད་ཚད་ངལ་རྩོལ་མི་མང་གིས་ལག་པ་ནས་བྱུང་ཞེས་ཟེར་གིན་ཡོད་མོད་།དོན་གྱིས་ཁོ་ཚོའི་སྐད་ཆ་དེ་ཁོ་ཚོའི་བློ་ཡི་དཔྱད་པ་བཏང་བ་ལས་བྱུང་བ་ཞིག་རེད།
ཕོ་གཟུགས་མོ་སེམས་ཅན་དང་མོ་གཟུགས་ཕོ་སེམས་ཅན་གྱི་མི་འདི་རིགས་ལ་”ཕོ་ཕྱེད་མོ་ཕྱེད་”ཅེས་བཏགས་ན་དོན་ལ་འབྱོར་བར་སེམས། ཚང་མས་བལྟས་ན་དེ་ལྟར་མ་རེད་དམ། ངས་ནི་འདི་ལྟར་འདོག་གི་ཡིན་ལ་འདི་ལྟར་འབོད་ཀྱི་ཡིན།
ཨོ། དེས་ན་གླེགས་བམ་ནང་གི་ཚིག་དེ་ཚོ་གནམ་ནས་བབས་པ་ཡིན་རྒྱུ་རེད། འཛམ་གླིང་ཐོག་ས་ཆ་གང་ཞིག་ལ་མཚོན་ནའང་ཡི་གེ་དེ་ཚོ་སྐད་ལ་བརྟེན་ནས་བཟོས་པ་རེད། དཔེ་ཆ་དེ་ཚོ་སྐད་ཀནཡི་དཔེ་ཆ་རེད། ངས་ད་ཁན་སེ་ཀློག་ཁ་བྱས་པའི་དཔེ་ཆ་དེ་ཚོ་བོད་སྐད་དང་མ་འབྲེལ་བཞིག་མ་མཐོང་། སྐད་ལ་མ་བསྟེན་པར་མཁས་པ་ཚོས་གསར་བཏོད་བྱས་ཡོང་བའི་ཐ་སྙད་དེ་འདྲ་ཡོད་རྒྱུ་རེད་དེ། ཐ་སྙད་དེ་ཚོའང་བོད་སྐད་ཀྱིས་གྲུབ་པ་ཡིན་པ་ལ་རྩོད་གླེང་ཁོ་རང་ཡོད་པ་མ་རེད།
ཨ་ཁུ་ཀླུ་སྨྱོན་ལགས། ཕོ་གཟུགས་མོ་སེམས་ཅན་དང་མོ་གཟུགས་ཕོ་སེམས་ཅན་ལ་ཕོ་ཕྱེད་མོ་ཕྱེད་ཅེས་འབོད་རྒྱུ་ཡིན་ན། ཕོ་གཟུགས་མོ་སེམས་ཅན་ཞིག་གི་ལུས་གཤགས་བཅོས་བྱས་ནས་མོ་རུ་བསྒྱུར་བ་ཡིན་ན་དེ་ལ་ཇི་ལྟར་འབོད་དགོས་སམ། མོ་ཞེས་པའི་ཐ་སྙད་དེ་སྦྱར་རུང་ངམ་མི་རུང། བཅོས་མའི་མོ་ཟེར་ན་ག་འདྲ་འདུག
སྔོན་ཆད་ཅིག་ལ་།ང་ཚོ་ཕ་ཡུལ་དེ་ནས་ངལ་རྩོལ་པ་ནས་སློབ་སྤྱོང་བྱེད་དགོས་ཞེས་ལབ་ནས་སློབ་གྲྭ་རྣམས་ཀྱི་སྒོ་རྒྱབ་།དཔེ་ཆ་རྣམས་མེ་ལ་བསྲེགས།སློབ་ཕྲུག་ཚང་མ་ངལ་རྩོལ་པ་དག་གི་ཁྱིམ་དུ་མངགས་ཏེ་།ངལ་རྩོལ་པ་དག་ལས་སློབ་སྤྱོང་།ང་ཚོས་ཀྱང་དེ་ལྟར་བྱ་དགོས་སམ།་ཧཧཧ
ཨ་རྒ་མེ་རི་གཏོར་མཁན་ལགས། ཁྱོད་ཀྱང་མཇེ་རྙ་མ་བཤད་རྒྱུར་དགའ་མཁན་ཞིག་རེད་འདུག དེ་ཡག་པོ་རེད། མཇེ་རྙ་མའི་ཁ་བརྡ་འདི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་མེད་དུ་མི་རུང་། དེ་ནས་འབོད་སྐུལ་ཞུ་རྒྱུ་ཞིག་ལ། མཇེ་རྙ་མ་རྐྱང་རྐྱང་ལ་མགོ་འཁོར་ནས་མི་འདུག་པར། མེ་ཡི་ལྕགས་རི་གཏོར་ཚུལ་དེའི་མཇུག་སྐྱོང་རྒྱུ་མ་བརྗེད་རོགས།
ཁ་ཕྱོགས་མེད་ལགས། མོ་ལུས་ཕོ་རུ་དང་ཕོ་ལུས་མོ་རུ་གཤགས་བཅོས་བྱས་པའི་མི་དེ་ཚོར་དེང་སང་གི་འབོད་སྟངས་ལྟར་ཕོ་ལོག་མོ་ལོག་ཅེས་པའི་ཚིག་འདི་སྤྱད་ནས་བོས་ན་འཚམ་པོར་འདུག་བསམ།
སྐད་ཀྱི་སྒྱུ་རྩལ་འཚོལ་ན་དམངས་ཁྲོད་ལ་ཕྱིན། ལག་ཤེས་སྣ་མང་སློབ་ན་དམངས་ཁྲོད་ལ་ཕྱིན། སྲོལ་རྒྱུན་གོམས་སྲོལ་བསྙེགས་ན་དམངས་ཁྲོད་ལ་ཕྱིན། གནའ་བོའི་རིག་གནས་འཚོལ་ན་དམངས་ཁྲོད་ལ་ཕྱིན། དམངས་ཀྱི་ངག་རྩོམ་སློབ་ན་དམངས་ཁྲོད་ལ་ཕྱིན། ཞིང་ལས་འབྲོག་ལས་སློབ་ན་དམངས་ཁྲོད་ལ་ཕྱིན། རང་བྱུང་རིག་པ་སློབ་ན་དམངས་ཁྲོད་ལ་ཕྱིན། སྲོག་ཆགས་རིག་པ་སྦྱོང་ན་དམངས་ཁྲོད་ལ་ཕྱིན། ཤེས་རིག་ཕལ་ཆེ་བའི་འབྱུང་ཁུངས་དམངས་ཁྲོད་ན་ཡོད། ཆོས་ཀྱི་གཞུང་ལུགས་སྦྱོང་ན་ཆོས་གྲྭ་ལ་ཕྱིན། དེང་རབས་རིག་གནས་སྦྱོང་ན་གྲོང་ཁྱེར་ལ་རྒྱུགས། ལ་སོགས་པ་རིགས་བསྒྲེའོ
ཁྱོད་དངོས་གནས་ངལ་རྩོལ་མི་དམངས་ལ་དགའ་མཁན་ཞིག་རེད་།ང་ཚོའི་ཕ་ཡུལ་དེ་ནས་ཀྱང་ངལ་རྩོལ་མི་དམངས་ཀྱི་མགོ་ཁྲིད་པ་ཟེར་བ་འདྲ་བོ་རེད།་ཡ་ཡ་དེ་ཡིན་རྒྱུ་བྱོས།
ཡེ་ཤེས་ཀྱི་སྐད་ཆ་དེ་ཚོ་མེ་རི་གཏོར་མཁན་གྱིས་མཐོང་ཆུང་རེད་འདྲ་བོ་ཞིག་བཤད་ཡོང་གི་འདུག་ག ངས་བལྟས་ན་རང་མི་རིགས་ཀྱིས་བཏགས་པའི་རང་བྱུང་གི་ཐ་སྙད་དེ་ཚོ་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་གཅིག རྗེས་མ་ཞིག་ལ་ཐ་སྙད་རང་གི་ཐོག་ནས་ཤེས་རྒྱུ་མང་པོ་ཞིག་ཡོད་པ་རེད། ཐ་སྙད་འདི་ཚོས་མི་རིགས་ཤིག་གི་འདུ་ཤེས་ཀྱི་འཕེལ་རིམ་དང་ཐོག་མའི་ལོ་རྒྱུས་སོགས་ང་ཚོས་ཤེས་ཐུབ་རྒྱུ་ཡིན་པ་རེད། ཐ་སྙད་ཡག་པོ་ཞིག་བཏགས་ན་དེའང་མ་འགྲིགས་པ་ཡོད་པ་མ་རེད། དེས་ཀྱང་ཐ྄སྙད་དེ་ནམ་ཞིག་ལ་བྱུང་བ་དང་རིག་གནས་ཀྱི་འཕེམ་རིམ་ནང་གི་དཀྱོག་མཚམས་ཤིག་སྟོན་གི་ཡོད་པ་རེད། མདོར་དེད་ན་ཐ་སྙད་དེ་ཚོའང་ལོ་རྒྱུས་ཀྱི་དཔང་པོ་རེ་ཡིན་པ་རེད། ང་ཚོས་ལོ་རྒྱུས་ཟེར་ན་ཡིན་གཅིག་མིན་གཅིག་རྒྱལ་རབས་ཆོས་འབྱུང་ནང་གི་ལོ་ཚིགས་ལ་ལྟ་དགོས་པའི་ངེས་པ་ཡོད་མ་རེད། ཐ་སྙད། གོམས་སྲོལ། རི་མོ། རྩིག་ལས་སོགས་མང་པོ་ཞིག་ནས་ང་ཚོར་ལོ་རྒྱུས་ངོ་སྤྲོད་བྱེད་གི་ཡོད་པ་དེ་ཁྱེད་ཚོས་ཀྱང་ཤེས་ཤེས་པ་ལྟར་རེད།
ང་ངལ་རྩོལ་མི་མང་གི་མགོ་ཁྲིད་བྱེད་པར་མི་དགའ། ངལ་རྩོལ་མི་མང་གི་ནང་ལ་ཞུགས་ནས་ཁོ་ཚོས་ཅི་བྱེད་དང་ཅི་བཤད་ལ་ཉན་པར་དགའ། མིག་གི་ལྟ་བ་དང་རྣ་ཡིས་ཉན་པར་དགའ། ད་ངོ་མ་གླེགས་བམ་མཐུག་པོ་ཚོའི་ནང་ནས་མ་མཐོང་བ་མང་པོ་མཐོང་རྒྱུ་ཡོད་པ་རེད།
མགོན་པོ་ལགས་། ངས་ངལ་རྩོལ་མི་དམངས་ཀྱི་སྐད་ཆ་ལ་མཐོང་ཆུང་བྱེད་ག་ལ་ཐུབ་།མགྱོགས་པོ་ང་ཚོ་ཚང་མས་སྔོན་གྱི་དཔེ་ཆ་ཐམས་ཅད་མེ་ལ་བསྲེགས་ནས་ངལ་རྩོལ་གྱི་མི་དམངས་ཀྱི་ཁྱིམ་དུ་སློབ་སྤྱོང་ལ་འགྲོ་དགོས་ནི་རེད།ངས་རང་གིས་དུས་རྒྱུན་འདི་འདྲ་ཞིག་བསམ་གིན་འདུག་།ཐོག་མར་སྔོན་གྱི་གླེགས་བམ་ཁྲི་ཕྲག་མང་པོ་འདུག་།དེའི་ཚོའི་ནང་དུ་ཐ་སྙད་དེ་འདྲ་ཡོད་མེད་བལྟ་།་དེ་ནས་ངལ་རྩོལ་མི་དམངས་ལ་དེ་འདྲ་བལྟ་།་དེ་ནས་ཐད་བསྒྱུར་རམ་མིང་གསར་ཏུ་བཏགས་ན་ཡག་པོ་རེད་བསམ་གིན་འདུག་མོད་།་ཁྱེད་ངལ་རྩོལ་མི་དམངས་ཤིག་ཁ་དང་མགོ་ཡི་ནམ་ཡང་གཏོང་ཐུབ་མི་ཐུབ་པར་།གླེང་མ་ཐག་ཏུ་ངལ་རྩོལ་མི་དམངས་ཤིག་དྲུད་ཡོང་གིན་འདུག་།དེ་བས་གོང་གི་སྐད་ཆ་རྣམས་ཞེ་དྲགས་འཚམས་པོ་ཡོད་།
རེད་ལགས་།་ཁྱེད་ཁོང་ཚོ་དང་མཉམ་དུ་བསྡད།་མཉམ་དུ་ངལ་རྩོལ་བྱས་།མཉམ་དུ་བགོ་བྱ་རྒྱབ་།མཉམ་དུ་འདུག་སྟེགས་སྟེང་དུ་།ཐམས་ཅད་མཉམ་མཉམ་ཞིག་ཡིན་བསམ་གིན་འདུག་།དེ་བས་ང་ཚོ་མཉམ་དུ་མི་འདུག་པ་རྣམས་ཀྱི་གླེགས་བམ་ཆེན་པོ་དག་ལ་ཁུངས་གཏུགས་རྒྱུ་ལས་གཞན་ཅི་ཡོད།་ཧཧཧ
ཨ་ཁུ་ཀླུ་སྨྱོན་ལན་གནང་ནོ་ཐུགས་རྗེ་ཆེ། ཕོ་ལོག་མོ་ལོག་ཟེར་བའི་ཐ་སྙད་དེ་བརྗོད་བདེ་བོ་ཞིག་འདུག་འོན་ཀྱང་དོན་གྱིས་ཆ་ནས་ལོག་ཅེས་པ་དེ་བྱེད་མེད་ལས་ཚིག་ཅིག་ཡིན་པས་གོ་བ་དག་དག་བསྡད་མེད་ནི་འདྲ་ཞིག་རེད། ཐ་སྙད་དེ་ལ་མིང་འདོགས་སྟངས་ཀྱི་ཆ་ནས་བསྒྱུར་བ་དང་འགྱུར་བའི་ཁྱད་པར་ལྟ་བུ་འདུག གང་ལྟར་རྗེས་གྲུབ་ཀྱི་མིང་ཚིག་རེ་རེ་ལའང་སྒྲ་བཤད་དུ་ཡོད་པ་བོད་ཀྱི་སྐད་ཡིག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དེ་རྩ་ཆེན་པོ་ཞིག་རེད། མིང་གསར་བ་ཞིག་བཏགས་སྐབས་གཙོ་བོ་བརྗོད་བདེ་མིན་ལ་བལྟ་དགོས་རྒྱུ་རེད་དེའི་སྟེང་སྒྲ་དོན་གྱི་འབྲེལ་བ་གྲུབ་སྟངས་ལ་བལྟ་རྒྱུ་གལ་ཆེ། སྐབས་རེ་ཐ་སྙད་བརྗོད་བདེ་མིན་ཟེར་དུས་རྣ་བར་གོམས་མ་གོམས་ཀྱི་དབང་དུ་འགྲོ། སྒྲ་དོན་གྱི་འབྲེལ་བ་ནི་གོམས་མ་གོམས་ཀྱི་ཐོག་ནས་གྲུབ་རྒྱུ་ཞིག་མིན་པས་དེ་ལ་ཡང་བསམ་གཞིགས་བྱེད་ས་ཡོད་སྙམ།
ཕོ་ལོག་མོ་ལོག་ནི་འགྱུར་བ་མ་ནིང་རེད། ད་དུང་མཚན་ལན་གསུམ་འགྱུར་ཅེས་ཀྱང་ཟེར། དེ་ནི་ཟླ་བ་ཡར་ངོ་ལ་ཕོ་ཆགས་མར་ངོ་ལ་མོ་ཆགས། དེ་བཞིན་མཚན་འགྱུར་འགྲོ་གི་ཡོད་པ་རེད། དེ་བྱེད་མེད་ལས་ཚིག་མ་གཏོགས་བྱེད་འབྲེལ་ལས་ཚིག་སྦྱར་དོན་མེད་ཀ འདི་ན་གོ་རྒྱུ་ཅན་གྱི་གློག་བརྙན་ཅིག་ཡོད། http://www.youtube.com/watch?v=4UeBYwxsFko
do not worry about him. i think .this is not bad not good. we will see so many like him.it is vrey normal.
ངས་བསམ་ན་ཁྱེད་རང་ལ་འདི་འདྲི་གོ་སྐབས་ཐོབ་ན་ཁྱེད་ཀྱིས་གང་བྱེད་དམ་ དེ་ནས་མི་གཞན་ལ་བཤད་ན་དོན་དང་ལྡན་པ་ཞིག་ཐོབ་
ད་དཀོན་མཆོག་མཁྱེན། དཀོན་མཆོག་མཁྱེན། ད་ནི་མི་བྱེད་པ་གཅིག་ཀྱང་མི་འདུག་ལ། མི་བཤད་པའང་གཅིག་ཀྱང་མི་འདུག ཡིན་ནའང་དུས་རབས་དང་གནས་བབ་ལ་བསམས་ནས་ངས་སྐུ་ཞབས་བྱམས་པ་དང་ཕོ་གསར་ཁེ་ཐི་གཉིས་ལ་འཚམས་འདྲི་ཞུ། གོང་དུ་མང་པོ་ཞིག་གིས་སོ་སོའི་བསམ་ཚུལ་བཤད་འདུག་ལ། ཕན་ཚུན་བགྲོ་གླེང་ཡང་རབ་དང་རིམས་པར་བྱས་འདུག ཁ་ཤས་ཧང་མདོག་བྱས་འདུག་ལ། ཁ་ཤས་ཀྱིས་ངོས་ལེན་གཙང་མ་ཡང་གནང་འདུག གང་ལྟར་མངོན་གསལ་དོད་མ་དོད་ཙམ་ལས་གནས་ཚུལ་འདི་བོད་པ་ཚང་གི་མལ་ཆས་གསེབ་ཏུ་བྱུང་མ་བ་ཞིག་ཨེ་ཡིན་ན། ཁ་ཐུག་བཤད་ན་ངོ་མ་ཡིན་རྒྱུ་མ་རེད། ཡིན་ནའང་ཐམས་ཅད་ཁོག་ཏུ་སྦ་བ་བོད་པའི་གཤིས་ཀ་ཞིག་རེད།
བོད་མིས་བོད་ནང་གི་དོན་དག་མ་ཤེས་སྔོན་ཕྱི་རྒྱལ་ཚོས་ཤེས་བསྡད་འདུག ་་བོད་ལ་འདས་མཆོད་་ ཟེར་བའི་དེབ་ནང་འདི་ལྟར་བཀོད་འདུག ཁྱོ་ག་གཅིག་གིས་བུད་མེད་དུ་མ་བསྟེན་པ་དང་བུད་མེད་གཅིག་གིས་ཁྱོ་ག་དུ་མ་བསྟེན་མཁན་ཡོད་པའི་སྤྱི་ཚོགས་འདིའི་ནང་འཁྲིག་ཐབས་རྣམ་གྲངས་སྤེལ་མར་ཡོད། གྲྭ་པའི་ཁྲོད་ཁ་དང་རྐུབ་ནང་ལ་བླུགས་མཁན་དང་བུས་བུ། ། ལྷག་པར་བྱིས་པར་སྤྱོད་མཁན་གྱི་ཚད་མཐོན་པོ་རེད་ཅེས་བཀོད་འདུག དེབ་འདི་ནི་སྔོན་ཁམས་ཕྱོགས་སུ་ཡེ་ཤེས་ཆོས་སྤེལ་དུ་སླེབས་ཤིང་སྤོམ་མདའ་རབ་དགའ་ཚང་གི་ཁྱིམ་མིས་གཙོས་པའི་དེ་ཁུལ་གྱི་མི་རྣམས་ལ་སྨན་བཅོས་རོགས་མགོན་བྱས་ཡུན་གང་འཚམས་སྡོད་མཁན་ཇོར་རྗེ་ཕ་ཁྲེར་སོན་སྡེ་དགེ་སྲས་ཚང་དུ་བཞུགས་པའི་སྐབས། ཁོ་ལ་བུ་མོ་དེ་འདྲ་བཀོད་སྒྲིག་བྱས་པ་ལས་འཕྲོས་པའི་སྐད་ཆ་རེད། འདི་དང་འདི་འདྲ་ད་རུང་གཞན་ཞིག་ཏུའང་མཐོང་།
དངོས་གནས་ཁེར་མཚར་རེད། དེང་སང་བོད་པ་རྣམས་ཀྱིས་ཡར་དཔེ་ཞ་ལ་མི་བལྟ། མ་དཔེ་ལྷམ་གོག་ལ་བལྟ་ཟེར་བ་གཅིག་མཚུངས་རེད།
ཁྱེད་རྣམས་ཀྱིས་གཟིགས་དང། ཡ་མཚན་རེད།
དེ་ལ་ཡ་ཅི་མཚར་།མིའི་འདོད་ཆགས་དང་།བརྩེ་དུང་སྐྱེ་ཚུལ་འདྲ་གིན་མ་རེད་།དེ་ལྟར་འཇིག་རྟེན་མིའི་མཐུན་མཇུག་གི་ཁྱིམ་ཚང་རོལ་སྟངས་ཡང་འདྲ་གིན་མ་རེད་།རྐུབ་ནང་ལ་རྒྱག་བསམ་མཁན་ཕལ་ཆེར་སྐྱེས་བ་ཚང་མ་རེད།ཁྱོད་སྐྱེས་བ་ཞིག་ཡིན་ན།ཁྱེད་ཡང་དྲན་ཡོད་ཀྱིན་རེད་སྙམ།
འ་འ་འ། དཀོན་མཆོག་གསུམ། གློག་བརྙན་དེར་བལྟ་མི་ཐུབ་གི ངོ་ཚ་ནས་འཐེན་ཐ།
ཁྱོད་ཅི་ཞིག་ལ་ངོ་ཚ།མི་གཞན་པ་ཞིག་གིས་མི་ཞིག་ལ་བརྩེ་བ་སྤྲད་ན།་ཁྱོད་འདུག་མི་ཐུབ་པ་ཤིག་གང་ནས་སླེབས་སམ།དེ་ངོ་མ་འ་འ་འ
སྔོན་མ་ནེའུ་ཡོད་ལ་རྒད་པོ་མགོ་སེར་ཅིག་གིས་དྲི་བ་འདི་འདྲ་ཅིག་བཀོད་སོང་། ཁོས་བཤད་ན་ཡེ་ཤེ་ཆོས་གཞུང་དང་ཁ་ཆེའི་ཆོས་གཞུང་ན་མཚན་མཐུན་ཆང་ས་དེ་འགོག་གི་ཡོད་པ་རེད་ཟེར་ནས་མི་རྣམས་གླེང་གི་ཡོད་པ་རེད། འོན་ཀྱང་ནང་ཆོས་གཞུང་ལུགས་ན་མཚན་མཐུན་ཆང་ས་འགོག་གི་ཡོད་པ་རེད་དམ་དེ་ལ་ཆོག་མཆན་ཡོད་པ་རེད། ཆོས་གཞུང་གི་ཚིག་ཅིག་སྟོན་ཐུབ་བམ་ཟེར། ངས་དེ་ལ་ལན་རྒྱག་མ་ཐུབ། དྲ་གྲོགས་ཚོས་དེ་ལ་ནང་ཆོས་ཀྱི་ལྟ་ཚུལ་དང་གཞུང་ཚིག་ཅིག་རྙེད་ཐུབ་བམ།
རྒད་པོ་མགོ་སེར་དེ་ཡང་མཐོ་སློབ་དགེ་རྒན་ཅིག་རེད། ཁོང་ཆང་ས་རྒྱག་ས་ནི་ཧ་བ་རེ་གཙུག་ལག་སློབ་གྲྭའི་དགེ་རྒན་ཅིག་རེད། ཁོང་གཉིས་ཀ་ཡང་མཚན་མཐུན་ཆང་ས་རེད་འདུག
སྐུ་ཞབས་བྱམས་པ་ལགས་ཀྱི་ཕ་ཡུལ་གང་ནས་རེད།
གཞིས་ལུས་བོད་པ་།
ད་ཁྱེད་ཅི་ཤིག་བྱེད་བསམ་གིན་།་ཕ་ཡུལ་གང་གི་སྐོར་ཡིན་ཚུལ་དྲིས་ནས་།་མི་དཀར་ཅིག་མག་པ་ལེན་བསམ་གིན་མེད་ར་
འའའ་ངོ་མ་ད་བཤད་མ་ཤེས་ཐཱ
ཆི་ཟིག་བཤད་དགོས་ནི་རེད་
མེ་རི་གཏོར་མཁན་ལགས། ངས་ཁོ་ཡི་ཕ་ཡུལ་དྲིས་ན་ཁྱོད་ལ་གནོད་པ་ཅི་ཡོད། ཁྱོད་སྐུ་ཞབས་བྱམས་པ་ལགས་ཡིན་ནི་མིན་ནམ།
མེ་རི་གཏོར་མཁན་ལགས། ངས་ཁོ་ཡི་ཕ་ཡུལ་དྲིས་ན་ཁྱོད་ལ་གནོད་པ་ཅི་ཡོད། ཁྱོད་སྐུ་ཞབས་བྱམས་པ་ལགས་ཡིན་ནི་མིན་ནམ།
ད་དཀོན་མཆོག་གསུམ།
བོད་པ་འདི་ཚོར་དགད་མོ་བསླང་རྒྱུ་དེ་འདྲ་བྱེད་རྒྱུ་འདུག
རླིག་པ་སྐྱག་ཁུང་ནང་དུ་བཏང་ནས་དྲི་མ་ཁ་རོགས་ཡིན་འགྲོ
འདི་ཚོས་ག་རེ་བྱེད་ཀྱི་ཡོད་རེད་ད། ཨ་ཁྱད་མཚརརརརརརརརརརརརརརརརརརརརར།
ངས་དེ་རིང་ཁ་བརྡ་ཡོངས་དུས་བཏབ་ངན་ནས་མཚན་ཐུན་གཉེན་སྒྲིག་བྱེད་མཁན་གྱི་བོད་མི་ཡིན་ཟེར་མཁན་དེ་མཐོང་བ་ནི། རྣམ་རྟོག་ཟ་སོང་། མཆན་བུ་ནང་བལྟ་དུས་ནང་པ་སངས་རྒྱས་པའི་ཆོས་ནང་འགྲིགས་ཀྱི་ཡོད་པ་རེད་མདོག་མདོག་བྲིས་འདུག ང་ཡིད་ཆེས་མེད་པར་དགེ་བཤེས་ལགས་ལ་ཁ་པར་བཏང་པས། དགེ་བཤེས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ནང་མཚན་མཐུན་སྤྱད་ན་མི་དགེ་བ་བཅུའི་ཟེར་བའི་ནང་ལོག་གཡེམ་རེད་ཟེར་གྱི་འདུག ཨ་ཁ་ཁ་། སྡིག་པ་རེད་འདུག
ཨ་རོགས་ཚོ། འགྲོ་བ་མིའི་ཐོབ་ཐང་ཟེར་ན་འདི་ལའང་གོ་དགོས་པ་མ་ཡིན་ནམ། མཚན་མཐུན་མི་ཚེ་མཉམ་སྐྱེལ་བྱས་པར་གཞན་ལ་འཚེ་བ་མི་བྱེད་པ་མ་ཡིན་ནམ།
མེ་རི་ལགས། སངས་རྒྱས་ཀྱི་གསུངས་བོད་ལ་འགྱུར་བ་པོ་ཏི་༡༠༩ འགྱུར་ཡོད་ཟེར་གྱི་ཡོད་པ་རེད། དེའི་ནང་ན་ཡོད་མེད་སྐད་ཆ་དྲིས་པ་ལས། བོད་པའི་ལུགས་སྲོལ་དང་། སྤྱི་ཚོགས་ཀྱི་ལུགས་སྲོལ་འདྲི་གི་ཡོད་པ་མ་རེད། དྲི་བ་ཡག་པོ་ཀློག དེ་ནས་ལན་རྒྱབ་ན་འཕྱིས་ཡོད་པ་མ་རེད། ཁོང་ཚོས་ཡུལ་ལུང་གང་ཞིག་གི་ལུས་སྲོལ་དང་མཐུན་མི་མཐུན་ལ་རེ་བ་རྒྱག་གི་ཡོད་པ་མ་རེད། ཁོང་ཚོས་མཚན་མཐུན་ཆགས་སྤྱོད་དེ་འཛམ་བུ་གླིང་དུ་ཁྲིམས་མཐུན་ལ་བསྒྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ཆོས་ལུགས་ཞིག་གི་རྒྱབ་སྐྱོར་བཙལ་གྱི་ཡོད་པ་རེད།
མེ་རི་ལགས། སངས་རྒྱས་ཀྱི་གསུངས་བོད་ལ་འགྱུར་བ་པོ་ཏི་༡༠༩ འགྱུར་ཡོད་ཟེར་གྱི་ཡོད་པ་རེད། དེའི་ནང་ན་ཡོད་མེད་སྐད་ཆ་དྲིས་པ་ལས། བོད་པའི་ལུགས་སྲོལ་དང་། སྤྱི་ཚོགས་ཀྱི་ལུགས་སྲོལ་འདྲི་གི་ཡོད་པ་མ་རེད། དྲི་བ་ཡག་པོ་ཀློག དེ་ནས་ལན་རྒྱབ་ན་འཕྱིས་ཡོད་པ་མ་རེད། ཁོང་ཚོས་ཡུལ་ལུང་གང་ཞིག་གི་ལུས་སྲོལ་དང་མཐུན་མི་མཐུན་ལ་རེ་བ་རྒྱག་གི་ཡོད་པ་མ་རེད། ཁོང་ཚོས་མཚན་མཐུན་ཆགས་སྤྱོད་དེ་འཛམ་བུ་གླིང་དུ་ཁྲིམས་མཐུན་ལ་བསྒྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ཆོས་ལུགས་ཞིག་གི་རྒྱབ་སྐྱོར་བཙལ་གྱི་ཡོད་པ་རེད།
མདོར་ན་ད་ལྟའི་བར་དུ་ཆོས་ཡེ་ཤུ་དང་། ཁ་ཆེ། འཇོའུ་ཤུ་སོགས་ནས་མཚན་མཐུན་ལ་ཆོས་གཞུང་རང་ནས་ངོས་ལེན་བྱེད་ཀྱི་ཡོད་ས་མ་རེད། དེ་བས་ན་ང་ཚོ་ནང་ཆོས་ཀྱི་གཞུང་ན་དེ་ལ་ངོས་ལེན་བྱེད་ཀྱི་ཡོད་དམ། ཡང་ན་བཀག་འགོག་བྱེད་ཀྱི་ཡོད་མེད་ཐད་གསུང་རབ་ཅིག་ཡོད་དམ་དྲི་བ་བཀོད་པ་ཡིན།
བྱ་རྒོལ་རྒྱལ་བོའི་བསམ་ཚུལ་དེ་བགེ་བཤེས་ལགས་ཀྱི་གསུང་བ་ཙམ་མ་ཡིན་པར་སངས་རྒྱས་རང་གི་ཚིག་ཅིག་རྙེད་ཐུབ་བམ། གལ་ཏེ་ཐུབ་ན་འདིར་བཀོད་རོགས་གནང་ཐུགས་རྗེ་ཆེ། དེ་མིན་བོད་ཀྱི་བླ་མ་དང་དགེ་བཤེས་ཡིན་ཟེར་མཁན་ཚོས་གསུངས་པ་ལ་ཁྲིམས་དཔོན་ནམ་ཁྲིམས་ཁང་ནས་ངོས་ལེན་མེད་དེ། བོད་ཀྱི་དགེ་བཤེས་གཅིག་གི་འགྲིག་གི་རེད་ཟེར་ན། གཞན་ཞིག་གི་འགྲིག་གི་མ་རེད་ཟེར། དེའི་རྐྱེན་གྱིས་མཐའ་གཅིག་ཏུ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
ཡ་མཚར་།་མཚན་མཐུན་གྱི་སྐོར་ལ་སྐད་ཆ་རེ་བཤད་ན་།མི་འགའ་ཤས་ཀྱིས་མཆན་གཉིས་རེ་རྒྱབ་ཡོང་གིན་འདུག་།སྐྲག་ནི་ཟིག་རེད་།་དེ་འདྲ་ངར་ཟིག་ལངས་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ།་
ཀུན་དགའ་བོ་མངའ་མདོ་ཡི་ནང་གི་རྫུས་སྐྱེས་ཀྱི་སྐབས་སུ་ཕོ་ལས་བུ་སྐྱེ་བ་ཤིག་བཤད་མེད་དམ་སྙམ་གིན་འདུག་མོད་།་ད་དངོས་གནས་སེམས་ལ་དྲན་གིན་མི་འདུག་།་ཨ་ཁུ་ཚང་ཁོམ་པ་ཡོད་ན་མངའ་མདོ་ཅིག་ཀློག་དང།་
གནས་ཚུལ་འདི་སྔ་མོ་ནས་ཤེས་ཡོད། བོད་མི་འདིའི་སྐོར་ལ་ཡང་ཅུང་རྒྱུས་ཡོད། ཁོང་གིས་བཤད་ན། སྔ་མོ་ཁོང་གིས་ཐབས་ཤེས་གང་ཡོད་བཏོན་ཏེ་བུད་མེད་མཉམ་དུ་དགའ་རོགས་སྒྲིག་པ་ཡིན་མོད། ཐབས་ཤེས་ཅི་ཡང་མི་འདུག ཁོང་གི་བརྩེ་སེམས་དང་འདོད་ཆགས། དུངས་བ་ཡོད་ཚད་སྐྱེས་བ་ཕྱོགས་སུ་ཤོར་འགྲོ། བོད་མིས་འདི་ལ་ངེས་ལེན་མེད་པ་ཤེས་བ་མ་ཟད་། རང་ཉིད་ལ་དཀའ་ངལ་ཡོད་པ་ཡང་ཚོར་ཡོད་ཟེར། མཐར་མར་གཉེན་སྒྲིག་བྱས་ཏེ་གཉེན་དང་གྲོགས་མང་པོས་རྒྱབ་སྐྱོར་ཐོབ་འདུག ད་ནི་ཨ་རིའི་མངའ་སྡེ་མང་བོ་ཞིག་ཏུ་ཁྲིམས་མཐུན་གྱིས་གཉེན་སྒྲིག་བྱེད་ཆོག ཉེར་ཆར་གསར་འགྱུར་ཁག་ཏུ་ཨ་རིའི་རྒྱལ་སའི་གྲོང་ཁྱེར་ནང་ཕོ་ཡིས་ཕོ་དང་མོ་ཡིས་མོ་ལ་ཁྲིམས་མཐུན་གྱིས་ཆང་ས་རྒྱབ་ཆོག
ད་ནི་བོད་མི་མགོ་མཁྲེགས་པོ་རྡོ་འདྲ་བ་ཚོས་ཀྱང་ཅིས་ཀྱང་འདི་ནི་ངེས་ལེན་བྱེད་འོས་དང་རྒྱབ་སྐྱོར་གནང་འོས་སུ་འདུག
བུ་བུ་དང་མཉམ་དང་གཉེན་སྒྲིག་བྱེད་རྒྱུ་འདི་ཧ་ལས་པོ་མཐོང་གི་མེད་རུང་། བོད་ཀྱི་བུ་ཞིག་དབྱིན་ཇིས་བུ་ཞིག་མཉམ་དུ་ངོ་ཚ་དང་བྲལ་ནས་གཉེན་སྒྲིག་བྱེད་པ་འདི། བོད་ཀྱི་ལུགས་སྲོལ་གཏོར་གཤིགས་བཏང་བ་འདི་ལས་ཚབ་ཆེ་སུ་གང་གིས་བཟོ་རྒྱུ་ཡོད་མ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ནས་མི་དགེ་བཅུ་གང་ཡང་རུང་བ་སུས་བྱེད་ན་གནང་བ་མེད། སུ་ལ་ཡང་བྱེད་རྒྱུ་ཡོད་མ་རེད་ཟེར་ནས་བསླབ་བྱ་རྒྱག་གི་རེད་ལ། ནང་པའི་དགེ་བསྙེན་ཡན་ལ་དཀག་ཡོད་རེད། དགེ་བཤེས་ཡིན་ཟེར་བ་རྣམས་ལ་ཡང་ཁ་ཤས་ཀྱི་དྲི་བ་ལ་ལན་མེད་ཟེར་བ་དེ་ནང་ཆོས་མི་དགེ་བཅུ་སྤོང་དང་དགེ་བ་བཅུ་སྒྲུབ་ལ་ལག་ལན་ཚུལ་བཞིན་བསྟར་གྱི་མེད་པའི་རྒྱུ་མཚན་རེད། འདོད་ལོག་སྤྱོད་པ་སྤོང་དགོས་ན་ག་འདྲ་སྤོང་དགོས་རེད་ཟེར་སློབ་སྦྱོང་གནང་དང་། ལན་ལས་སླ་བོ་བྱེད་ནས་ཤེས་ཀྱི་རེད། དེ་ཙམ་མ་གཏོགས་ལབ་ཉན་ཁོ་རང་བྲོ་མ་སོང་། ང་ནི་དངོས་ནས་ཤིན་ཏུ་ཀླད་རྙིང་ཡིན་པ་དེ་རིང་རེད་མ་གཏོགས་ངོ་ཤེས་མ་སོང་། དངོས་གནས་སྐྱུགས་མེས་ལོང་སོང་།
བྱ་རྒོད་ཀྱི་དྲི་སའི་དགེ་བཤེས་དེས་གསུངས་པ་བདེན་པ་རེད། འདོད་ལོག་སྤྱོད་པ་ནམ་ཡང་མི་རུང་བ་དེ་ནང་པ་སངས་རྒྱས་པའི་ཁྲིམས་རེད། ནང་པ་སངས་རྒྱས་པས་རྒྱབ་སྐྱོར་བྱེད་མདོག་མདོག་བྱེད་ན་ཆབ་སྲིད་འཁྲབས་པ་རང་རེད།
བདུན་ཕྲག་འདིའི་བོད་མི་སྐད་གྲགས་ཆེ་ཤོས་གཉིས་ནི། ལྷ་སའི་བྱམས་པ་དང་། ཨ་རིའི་བྱམས་པའོ། །
སྐུ་ཞབས་ཕ་རོ་སྐུ་ཞབས་མ་རོའི་སྐུ་ཞབས། ཕ་རྒྱོ་མ་རྒྱོ་ལས་ཀྱང་སྡུག གལ་སྲིད་ཁོ་བརྩེ་བ་ནང་ལ་ལྷུང་ཡོད་ནའང་། གློག་བརྙན་འདི་འདྲ་བཟོ་ནས་ཀུན་ལ་མངོན་གསལ་དོད་པོ་བཟོ་ཡ་འདི་དངོས་གནས་བོད་ཀྱི་ཞབས་འདྲེན་རེད།
བོད་ཀྱི་ལུགས་སྲོལ་དེ་བོད་ཀྱི་བདེན་དོན་ལེན་པའི་ཆེད་སྲུངས་སྐྱོབས་བྱེད་འདོད་མཁན་སུ་གང་གིས་ངོས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་མ་རེད་བསམ་གྱི་འདུག ངས་ནི་དུས་ནམ་ཡང་ངོས་ལེན་དང་རྒྱབ་སྐྱོར་ཞུ་ཐུབ་ས་མ་རེད། ཕ་རྒན་དེས་ཀྱང་ཁོའི་བུ་ལ་དབྱིན་ཇིས་བུ་ཞིག་མི་ཚེའི་སྐྱེལ་རོག་རེག་པ་སྤོབས་པ་ཞི་བོ་སྐྱེས་སོངས་ཟེར་སོང་། ང་ནི་ཕ་རྒན་དེ་ལ་ཡང་དངོས་ནས་ཞེན་པ་ལོག་སོང་་གོ།
ངས་སྔོན་ཆད་བོད་ཀྱི་དགེ་བཤེས་ཤིག་ལ་།་སྟུ་ལྡག་ན་སྐྱིད་པོ་ཡོད་པ་དང་།དེ་བཞིན་མཇེ་བུ་མོ་ཚོའི་ཁ་ནང་དུ་བཅུག་ན་ཚོར་བ་སྐྱིད་པོ་སྐབས་འགར་མོ་མཚན་ནང་ལ་རྒྱབ་པ་ལས་ཀྱང་སྐྱིད་པོ་འདུག་ཅེས་ལབ་པར་།ཁོས་ང་ནི་མ་རུང་ལྟས་ངན་ས་སྟེང་ན་མེད་མཁན་།བོད་ཀྱི་ཡུལ་སྲོལ་གཏོར་བཤིག་གཏོང་མཁན་ཤིག་རེད་ཅེས་ཁ་རྡུང་མང་པོ་བཏང་སོང་།ལོ་སྔོན་མ་ཤིག་ལ་དགེ་བཤེས་རྒྱ་མོ་ཤིག་གི་སྡོམ་པ་རྫོགས་ནས་།་ད་ལྟ་ནམ་ཐུག་ན་།ང་ལ་མགོ་སེར་མ་ཤིག་ངོ་སྤྲོད་བྱེད་དང་་སྟུ་ཤིག་ལྡག་དགོ་གིན་ཟེར་རེ་འདུག་གིན་འཇུག་ནི་མ་རེད་།
འ་རོགས་།དེང་སང་བོད་ཀྱི་བུ་མོ་ཚོས་ཀྱང་མ་ལྡག་ན་དགའ་རོགས་སྒྲིག་མི་སྒྲིག་གིན་།ངོ་མ་དུས་ཤིག་འགྱུར་བ་ཐེབས་སོང་ཟིག་ཡ།
དགེ་བཤེས་ལ་ཡང་ཁ་པར་རྒྱུད་ནས་དྲིས་པས་དགེ་བཤེས་ལགས་ཀྱིས་མི་དགེ་བ་བཅུའི་ནང་ལོག་ཡེམ་ཟེར་བ་ཞིག་ཡོད། དེ་ལ་ལྔ་ཡོད། དེའི་ནང་། ཁ་དང་རྐུབ་ནང་གྱོ་བ་དང་ལྷ་ཁང་ནང་གྱོ་བ་དང་སྐྱེས་དམན་གཞན་པ་ལ་གྱོ་བ་སོགས་ཡོད་ཟེར། གཞོན་ནུ་ཟླ་མེད། ལོག་གཡེམ་ངོ་ཤེས་ན་དེ་ག་ཡིན་པ་འདྲ། དེ་མིན་དགེ་བཤེས་ཀྱི་དཔེ་ཆ་ང་ལ་མེད་དུས་ང་གང་དུ་འཚོལ་དགོས་ཤེས་མ་སོང་། ད་དགེ་བཤེས་ལ་དྲི་བར་ཡང་ངོ་ཚ་བ་འདུག་ ཡང་ཀྱར་མ་དྲིས་རོག
ཧཧཧཧ བྱ་རྒོད་རྒྱལ་བོ་ཐུགས་རྗེ་ཆེ་གནང་། ངོ་ནས་དོན་ཐོག་ནས་བཤད་ན་དེ་ག་རང་ཡིན་པ་འདྲ། ལམ་རིམ་ཆེན་མོ་ན་ལོག་གཡེམ་ལ་ལྔ་ཙམ་གསུངས་པའི་ནང་དུ་བགྲོད་བྱ་མ་ཡིན་པ་ཟེར་བ་ཅིག་ཡོད་ས་རེད། དེ་མཚན་མཐུན་ལ་ཆགས་པ་སྤྱད་པ་དེ་ཡིན་ས་རེད།
འོན་ཀྱང་མཚན་མཐུན་ཆགས་སྤྱོད་མཁན་ནང་དུ་རིགས་ཁ་ཤས་འདུག མི་ཁ་ཤས་ཕོ་ཡི་ལུས་ལ་ཚོར་བ་དང་བསམ་སྤྱོད་ཡོངས་སུ་རྫོགས་པ་མོ་ཡིན་མཁན་དེ་འདྲ་ཡོད་ས་རེད། དེ་བཞིན་དུ་ལུས་མོ་ཡིན་ལ་བསམ་སྤྱོད་ཡོངས་རྫོགས་ཕོ་ཡིན་མཁན་དེ་འདྲ་ཡང་ཡོད་པ་རེད། དེ་དག་མཚན་མཐུན་ལ་མ་གཏོགས་དགའ་གི་མེད་པ་འདྲ་འདུག དེ་དག་ལ་ཡང་འཇིག་རྟེན་གྱི་དགའ་བདེ་ནི་དགོས་པ་རེད།
གཞན་ཡང་འཁོར་ཡུག་གི་དབང་གི་མཚན་མཐུན་དེ་འདྲ་ཡོང་དགོས་པ་ཡང་ཡོད་ས་རེད། དགེ་རྒན་ཆེན་མོ་ཅིག་ལ་ངས་དྲི་བ་བཀོད་མྱོང་། ཁྱོད་ཕོ་ལ་ཆང་ས་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཁོས་ལན་འདི་ལྟར་འདེབས། ཁོ་རང་ཤི་བའི་རྗེས་སུ་ཁོ་རང་ལ་ཡོད་པའི་ཁང་པ་འདི་དང་དངུལ་ཁང་གི་ཡོད་ཚད་ཁོ་རང་ཆང་ས་རྒྱག་ས་དེར་དབང་བའི་ཆེད་དུ་ཡིན་ཟེར། གལ་ཏེ་ཆང་ས་མ་རྒྱབ་ན་ཁོ་རང་ཤི་བའི་ཤུལ་ཏུ་དེ་དག་ཁོ་ལ་དབང་གི་མེད་པ་འདྲ་། འདི་ཁྲིམས་ཐོག་གི་སྐད་ཆ་ཞིག་ཡིན་ས་རེད། ཨ་རི་ན་ཡང་མངའ་སྡེ་ཡོངས་རྫོགས་ན་མཚན་མཐུན་ཆང་ས་དེ་ཁྲིམས་མཐུན་མིན་པ་འདྲ་འདུག དེ་ན་སྐོར་ཞིག་གིས་དེ་རྦད་དེ་ཁྲིམས་མཐུན་བཟོ་ཆེད་འབད་བརྩོན་བྱེད་ཀྱི་ཡོད་ས་རེད།
ཡོད་ཚད་ལད་མོར་དགའ་བའི་མི་དག་གིས།།
དགོས་པའི་བྱ་བ་ནང་དུ་མི་འདྲེན་པར།།
མི་དགོས་བྱ་སྤྱོད་ནང་འདྲེན་བྱེད་པ་འདི།།
མི་རིགས་འདི་ཉིད་འཇིག་པའི་སྔ་ལྟས་རེད།།
མ་ཤི་ན་རིག་རྒྱུ་མང་། རྒྱག་ན་དྲན་རྒྱུ་མང་། མ་བྱེད་ཟེར་ནས་མེད་ན། མི་བྱེད་བྱ་བ་གཅིག་ཀྱང་མེད། ད་ནི་བོད་པ་འདི་འདྲའི་རིགས་ནི་དངོས་ནི་འདོད་ཆགས་ཀྱི་སྨྱོས་པ་གཅིག་པ་ཡིན་ཡང་། འདོད་ཆགས་དེ་ལ་ཡང་སྐྱེ་བ་གྲུབ་པའི་ཤ་ཡི་ཨུ་ཁུངས་ཤིག་དང་ཤ་ཡི་ཁུངས་ཤིག་ཡོད་པ་དེ་ལ་ཡང་ངེས་ལེན་བྱེད་མ་ཐུབ་པར། དེ་ལས་ཕར་རྒྱབ་ཀྱི་འདོད་ཆགས་ལ་བརྩེ་དུང་ཟེར་ནས་མིང་དེ་ཚོ་མ་བཏགས་ཡག་པོ་རེད།
སྐད་ཆ་འདི་གོ་མཁན་དག་གིས་རང་གི་བུ་ཕྲུག་གི་འདོད་པ་ལ་བསྟུན་པ་དེ་ཡང་རང་དབང་ཤེས་མཁན་ཡིན་ཟེར་བ་དང་རང་་དབང་ལ་དགའ་མཁན། རང་དབང་ལ་བརྩི་བཀུར་ཡོད། རང་གི་བུ་ཕྲུག་ལ་ཤ་ཚ་ཡོད་ཟེར་མཁན་དང་། འཛམ་གླིང་གི་མི་དམངས་ཀྱི་མདུན་བསྐྱོད་ལ་དགའ་བསུ་ཡོད་ཟེར་མཁན་དེ་ཚོ་ཡིན་ངེས། འོན་ཀྱང་་་་་་་་་་་་་་་་་་་
ད་ལོ་ཡུ་ནན་ཞིང་ཆེན་ནས་རྒད་པོ་ལོ་ལོན་གཉིས་ཆང་ས་རྒྱབ་འདུག དེ་རྒྱ་ནག་པ་རེད། བོད་པ་རེད་མི་འདུག རྒྱ་ནག་ནང་དུ་དེ་གསར་འགྱུར་ཆེ་ཤོས་ཞིག་རེད་འདུག རྒྱ་ནག་གཞུང་གིས་ད་དུང་གཉེན་སྒྲིག་དཔང་ཡིག་སྤྲད་མེད་པ་རེད་ཟེར། འོན་ཀྱང་རྒྱ་ནག་ནང་དུ་མཚན་མཐུན་ཆང་ས་ལ་ཁྲིམས་མཐུན་བྱེད་དགོས་ཟེར་མཁན་མང་པོ་ཡོད་ས་རེད། རྒྱུ་མཚན་རྒྱ་ནག་ན་ཕོ་ཡི་ལུས་ལ་མོ་ཡི་བསམ་སྤྱོད་ཅན་ཤིན་ཏུ་མང་བའི་རྐྱེན་གྱི་རེད།
ཁ་སྔོན་ང་ཡོད་ས་འདིར་སྐྱེ་སྨན་རྒན་འགོ་ཅིག་ངུ་བཞིན་འདུག ད་དུང་རོགས་པ་བྱེད་རོགས་ཟེར། རྒྱུ་མཚན་མོ་རང་གི་བུ་མོ་ལོ་ ༢༣ ལ་སོན་པ་ཤིན་ཏུ་ནས་རྣམ་པ་ཡག་པོ་ཅིག་ཡོད་པ་དེ་བུ་མོ་ཅིག་ལ་ཆང་ས་རྒྱབ་པའི་རྐྱེན་གྱིས་རེད་འདུག རྒན་མོ་དེས་ཤོད་རྒྱུར། མོ་རང་གི་ཁྱིམ་ཚང་དེའི་བུ་རབས་ཚ་རྒྱུད་ཚང་མ་ནང་པ་ཡིན་པས་ཆོས་ལུགས་ངོས་ནས་དང་། ཡང་རིགས་རྒྱུད་ཀྱི་ངོས་ནས་མཚན་མཐུན་ཆང་ས་རྒྱགས་ཆོག་གི་མ་རེད་ཟེར་ནས་ངུ་བཞིན་འདུག དྲ་གྲོགས་ཚོས་གསུངས་ན་དེ་ལ་རོགས་པ་ཅི་ལྟར་བྱེད་དགོས་པ་རེད། ཁྲིམས་ལུགས་དང་མ་འགལ་བའི་ཐོག་ནས་ཤོད་དང་།
རྒན་མོ་དེས་བཤད་སྟངས་ལ་ལྟོས་ན་མོ་རང་གཙོ་བོ་མོ་རང་གི་བུ་ཕྲུག་ལ་བསླབ་བྱ་རྒྱགས་སྟངས་འགྲིག་མི་འདུག་པས་སངས་རྒྱས་ཀྱི་ཆད་པ་བཅད་མི་ཡོང་ངམ་སྙམ་ནས་ཞེད་ཀྱི་ཡོད་ས་རེད།
ཧཧཧ,་མི་དར་མ་གཉིས་འཐད་པ་བྱུང་ནས་ཕན་ཚུན་གྱི་སྐྱག་ཁུང་ནང་ལ་རྒྱག་ན་ང་ཚོ་འདུག་མི་ཐུབ་རྒྱུ་ཤིག་གང་ན་ཡོད་། དེང་སང་བུ་དང་བུ་མོ་ཚང་མའི་ཁ་ནང་དང་རྐུབ་ནང་དུ་རྒྱག་གིན་ཡོད་པ་རེད་།དེ་ཡང་མི་ཆོག་རྒྱུ་བཅའ་རྒྱུ་ཡིན་ནམ།
མཁྱེན་ལྡན་པ་མང་པོས་མཚན་མཐུན་གྱི་ཆགས་སྤྱོད་དེར་བརྒོལ་གཏམ་བཏང་བྱེད་ཀྱི་གཏན་ཚིགས་ངོ་མ་ནི་མི་དགེ་བཅུའི་ནང་ཚན་གྱི་ལས་ཡིན་པས་མི་རུང་ཞེས་བཤད་འདུག སྤྱིར་མི་དགེ་བཅུ་པོ་ལ་གནང་བ་མེད་པ་བདེན་ངེས་ཀྱང་ཁྱིམ་པ་སོ་སོར་སྐྱེ་བོ་ཕལ་ཆེར་བ་མི་དགེ་བཅུའི་རྭ་བ་ལས་བརྒལ་ཐུབ་པ་དཀའ་ལ་དེ་ལས་དུས་དབང་གིས་ཕོ་མོ་ཕལ་ཆེ་བས་ཆགས་སྤྱོད་ཀྱི་དུས་ལ་ངེས་གཏན་མེད་བཞིན་ཉིན་མོ་མི་ཚངས་བ་མི་སྤྱད་པ་མི་སྲིད་པ་ལྟ་བུར་ཆགས་ཡོད་པས་དེ་མཚུངས་ལས་དམིགས་བསལ་གྱི་ཉེས་པ་མེད། ད་དུང་ཁོས་བརླ་རྒྱག་ལས་སྐུབ་འཛུགས་བྱེད་ཀྱིན་མེད་ན་ནི་གྲྭ་སི་དགེ་བཤེས་དག་དང་མཚུངས་པས་ཁོ་ལ་ཉེས་པ་སྒྲོག་ཏུ་མེད།
གཞོན་ནུ་ཟླ་མེད་ངོ་ཚ་བ་ནི་གློག་བརྙན་འདིའི་རྐྱེན་གྱིས་ཁོས་སྔར་གྲྭ་སར་ཡོད་དུས་བརླ་རྒྱག་དང་སྐུབ་འཛུགས་བྱས་པ་དེ་དག་དྲན་སོས་ཏེ་གློག་བརྙན་ལ་བལྟ་མི་ཐུབ་པར་ངོ་ཚ་བ་རེད་ཁག་མེད
མི་རིང་བར་ཨ་མདོ་རེབ་ཀོང་གླིང་རྒྱའི་ཕོ་གསར་ཞིག་དང་ཁ་ན་ཌའི་མགོ་སེར་ཞིག་གིས་ཁ་ན་ཌའི་བན་ཁོ་བར་ནང་འཆང་ས་རྒྱག་རྒྱུ་རེད་ཟེར་། དེ་ནི་ཆེ་ཐོག་མའི་ཨ་མདོའི་མཚན་མཐུན་གཉེན་སྒྲིག་ཡིན་ས་རེད།
ཀུན་གསལ་ཟེར་བའདིས་ཨ་མདོ་རེབ་ཀོང་གླིང་རྒྱ་ཡི་ཕོ་གསར་ཞིག་ཟེར་བ་འདི་ཅི་རེད། བོད་ཆོལ་ཁ་གསུམ་ཧ་གོ་ཡི་མེད་དམ། ཁོ་རྒྱ་ཡིན་ན་ང་ཚོ་ལ་ཇུས་ཏོག་ག་རེ་ཡོད།
ཇོ་བོ་རྗེའི་ཚིག་ཟིན་དེ་ཉིན་མོ་དང་སྣང་བཅས་གཉིས་ཀ་ལ་དཔེ་དག་དུ་འདུག་ན། སྣང་བཅས་ཟེར་བ་འདི་དག་མ་ཡིན་ས་རེད། རྒྱུ་མཚན་གཞན་ལ་སྣང་བར་སྤྱོད་ན་དེ་ནི་མ་རབས་ཐ་ཤལ་གྱི་སྤྱོད་སྟངས་དང་༎ ལྷག་པར་དུ་རང་གི་བྱིས་པར་སྣང་བཅས་སྤྱོད་ན་དེ་ནི་མ་རབས་ཐ་ཤལ་ཡིན་པས་སྣང་བཅས་སྤྱོད་པ་སྤྱོད་པ་ལོག་གཡེམ་ཟེར་གྱི་ཉིན་མོ་སྤྱོད་པ་མིན་ནོ། མདོར་ན་ཉིན་མོ་ཟེར་བ་སྣང་བཅས་ཀྱི་དོན་ལོག་གཡེམ་གྱི་སྐབས་འདིར།
ཡང་དྲི་བ་གཅིག་ནི་གལ་དེ་རྒད་པོ་ཅིག་གིས་རང་གི་ཆུང་མ་ལ་ནོར་ནས་བུ་མེད་གཞན་ཅིག་ལ་སྤྱད་ན་ལོག་གཡེམ་ཡིན་ནམ། རྒྱུ་མཚན་གཞན་གྱི་ཆུང་མ་ནི་བགྲོད་བྱ་མ་ཡིན་པའོ།
ཁ་ཤས་ཀྱིས་རེབ་ཀོང་གླིང་རྒྱ་ཟེར་ནས་མ་ཀློག་པར་རེབ་ཀོང་གླིང་ཅེས་ཀློག དེའི་རྗེས་སུ་རྒྱ་ཡི་ཕོ་སར་ཟེར་ནས་ཀློག་པ་རེད ཧཧཧ ད་གོ་ལོག་རྐྱང་རྐྱང་མ་གཏོགས་ག་བ་གོ་གི་རེད། སྦྱོར་ཀློག་རྒྱག་སྟངས་ཡག་པོ་སྦྱང་ན་དེ་ནས་དོན་མ་རེག་ན་ཡང་དོན་དང་ཉེ་བ་ཞིག་རེག་གི་རེད། སྦྱོར་ཀློག་རྒྱག་མ་ཤེས་ན་འདི་ལྟར་ས་ཆའི་མིང་ཚིག་དེ་ཡང་ཆ་བྱས་ནས་མི་རིགས་ལ་འཁྲུལ་འགྲོ་གི་ཡོད་པ་རེད།
ནང་ཆོས་ནས་བཤད་ན་མཚན་མཐུན་གཉེན་བསྒྲིགས་པ་དེ་ལོག་གཡེམ་ཡིན་པ་ཐེ་ཚོམ་མེད། དེའི་རྒྱུ་མཚན་ནི་མི་དགེ་བཅུའི་ནང་བགྲོད་བྱ་མ་ཡིན་པ་བཤད་ཡོང་དུས་མཚན་མཐུན་གྱིས་གང་ལ་བྱས་ཀྱང་བགྲོད་བྱ་མ་ཡིན་པར་གྱུར་ཡོད་པས་ཡིན། འོན་ཀྱང་དེ་ནི་ནག་ཉེས་ཅན་གྱི་ཁྲིམས་འགལ་མིན་པས་འགྲོ་བ་མིའི་ཐོབ་ཐང་ནས་བཤད་ན་མ་འགྲིགས་པ་ཞིག་ཨེ་ཡོད། གྲྭ་བའི་སྤྱི་ཚོགས་ནང་ནས་རྒྱུན་རིང་འཚོ་བ་བསྐྱལ་ནས་དགེ་འདུན་པའི་ཡོན་ཏན་དེ་མ་གླེང་བར་སྐྱོན་དེ་ཁྲོམ་བསྒྲགས་བྱས་ན་མི་འཚམས་པ་དང་མི་འོས་པ་ཞིག་རེད།
ཁྱོད་ཅག་གྲྭ་གྲལ་ནས་བུད་པ་དེ་རང་ཉིད་མ་བྱུང་བ་ཡིན་པ་ལས་གྲྭ་ཚང་རྣམས་ལ་མི་ཤེས་ཤེས་མདོག་གིས་ཤུགས་ནས་དམའ་འབེབས་བྱས་ན་ལན་པོ་མི་འདུག སེམས་ཅན་སུ་ཞིག་ཡིན་རུང་སངས་མ་རྒྱས་བར་དུ་སྐྱོན་ཀུན་ཟད་མིན་པས་དགེ་འདུན་པ་མང་ཆེ་བ་དེའི་ཁོངས་སུ་འདུ་འོ། འདི་འབྲི་མཁན་ནི་བོད་ཀྱི་རིག་གཞུང་གི་སྙིང་བཅུད་དེ་དགེ་འདུན་པས་ཟིན་ཡོད་པར་ཡིད་ཆེས་ཡོད་མཁན་གྱི་ཕོ་གསར་ཞིག་ཡིན། གྲྭ་ལོག་གྲྭ་བའི་ཞབས་འདྲེན་དང་བསྟན་པའི་དགྲ་རུ་མི་འགྱུར་བའི་སྨོན་ལམ།
ད་དངོས་གནས་དགོད་རྒྱུ་ཡོང་གིན་འདུག་།ཁ་ཡང་བགྲོད་བྱ་མ་ཡིན་།རྐུབ་ཡང་བགྲོད་བྱ་མ་ཡིན་།སོར་མ་གཉིས་ཀྱི་བར་ཡང་བགྲོད་བྱ་མ་ཡིན་།་དེ་ནས་མཇེ་ཤུབས་ནང་ཡང་འགྲོད་བྱ་མ་ཡིན།ཞིབ་ཏུ་བསམ་བློ་བཏང་ན་ཐམས་ཅད་བགྲོད་བྱ་མ་མིན་།་འདོད་ཆགས་རེད།སྟུ་གཅིག་པོ་ནང་བགྲོད་བྱ་ཡིན་ན།་ལུག་དང་ར་མ་ཐམས་ཅད་ཀྱི་སྟུ་འགྲོད་བྱ་ཡིན་ནམ།
གངས་རིའི་བུ་ནས་ངོ་ནས་དྲང་ནས་བླ་མའི་གསུངས་འདྲ་བ་ཅིག་གསུངས་འདུག བླ་མ་ཅིག་ཡིན་ན་ཡང་དེ་ལས་ལྷག་ཅིག་སྐབས་འདིར་གསུངས་རྒྱུའི་ཆེད་ཡོད། གྲྭ་ལོག་དེ་ཚོས་ཁ་ཤས་ནས་རང་ཉིད་ཀྱི་ཉེས་བ་འགེབས་ཆེད་དགོན་སྡེ་ཁག་ལ་ཁ་བཏང་ན་རང་ཉིད་ཀྱི་བྱས་ཉེས་དེ་སྐྱོན་མེད་པ་ཅིག་ཆགས་མི་ཡོངས་ངམ་སྙམ་གྱི་ཡོད་ས་རེད་མོད།
ཨ་རོག་ཟླ་མེད་ལགས་ཁྱོད་ད་ལྟར་དྲྭ་ཐོག་ན་ཡོད་དམ།
ད་ལྟའི་ང་ཚོའི་རྒྱལ་གླུ་འདི་སུས་བྲིས་པ་རེད་དམ།
བགྲོད་བྱ་མ་ཡིན་པ་ལ་སློབ་དཔོན་རྟ་དབྱངས་ནས་གསུངས་པ། གཞན་བཟུང་ཆོས་ཀྱི་རྒྱལ་མཚན་འཛིན།། རིགས་ཀྱིས་བསྲུངས་དང་རྒྱལ་བོས་བསྲུངས།། གཞན་གྱིས་བླངས་པའི་སྨད་འཚོངས་དང་།། ཉེ་དུ་དག་དང་འབྲེལ་བ་དང་།། དེ་དག་བགྲོད་བྱ་མིན་པ་ཡིན།། ཞེས་དང་།
ཡུལ་མིན་པ་ལ་ཡང་སློབ་དཔོན་རྟ་དབྱངས་ནས། དམ་ཆོས་མཆོད་རྟེན་སྐུ་སོགས་དང་།། བྱང་ཆུབ་སེམས་དཔའི་བཞུགས་གནས་སོགས།། མཁན་པོ་དང་ནི་སློབ་དཔོན་དང་།། ཕ་མ་དྲུང་ན་གནས་པ་ནི།། ཡུལ་མིན་དེ་རུ་མི་བྱའོ།། གསུངས།།
དུས་མིན་པ་ལ་སློབ་དཔོན་རྟ་དབྱངས་ནས། དེ་ལ་དུས་མིན་བྱ་བ་ནི།། ཟླ་མཚན་འཛགས་དང་སྦྲུམ་མ་དང་།། བུ་ཆུང་དང་བཅས་མི་མོས་དང་།། སྡུག་བསྔལ་ཡིད་མི་བདེ་སོགས་དང་།། ཡན་ལག་བརྒྱད་གནས་དུས་མིན་ཡིན།། གསུངས་སོ།།
རིགས་པའི་རལ་གྲི་ནས་གསུངས་འདོད་མེད་ཟེར་བ་ནི་ངས་བལྟ་ཚུལ་བྱས་ན་མི་འགྲིག རྒྱུ་མཚན་ང་ཚོས་ནང་ཆོས་ཅུང་ཟད་ཤེས་པ་དེ་ཚོས་ནང་ཆོས་ནང་ན་ག་རེ་ཡོད་པ་དེ་ངེས་པར་དུ་བཤད་དགོས་སྙམ།།
བོད་ཀྱི་རྒྱལ་གླུ་འདི་ཁྲི་བྱང་རིན་པོ་ཆེ་ནས་བྲིས་པ་རེད་ཟེར་བ་ཅིག་གོ་མྱོང་མོད། འོན་ཀྱང་ཁུངས་དག་མོ་ཅིག་བཤད་ཀྱི་མེད། ངེས་པར་དུ་མཁོ་ན་ང་ཡོད་སར་གཞུང་ཞབས་རྒན་གྲས་ཅིག་ཡོད་ཁོང་གི་ཤེས་ཀྱི་རེད། ཁོང་བོད་ནས་བཟུང་རྡ་ས་བཅས་སུ་རྒྱུན་རིང་པོར་གཞུང་ཞབས་རེད། མཁས་པ་ཅིག་གི་མིང་ཡང་ཡོད་པ་རེད། འདྲི་དགོས་ན་དྲིས་མཆོག་མོད། དོན་དག་ཆེན་པོ་མེད་ན་ངས་ཁ་པར་བརྒྱུད་ནས་དྲི་བ་འགོད་ཀི་མེད། རྗེས་མ་ཅིག་ལ་མཉམ་འཛོམས་ཅིག་གི་སྐབས་སུ་ཁ་བརྡའི་འགྲོས་དང་བསྟུན་ནས་དྲིས་ཆོག་རྩམ་དགའ་ལགས།།
ཟླ་མེད་ལགས་བཀའ་དྲིན་ཆེ།
ད་འགྲིག་སོང་།
ང་ཚོ་ནི་མིའི་ཐུན་མོང་གི་ཁེ་དབང་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་མཁན་དང་མིའི་རིགས་ལ་འདྲ་མཚུངས་ཀྱི་རང་དབང་ཞིག་དགོས་པར་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་དང་མི་རབས་ཤིག་གི་ངོས་ནས། མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་བདེ་སྐྱིད་འཚོལ་སྟངས་ལ་ངོས་ལེན་བྱ་དགོས་པར་འདོད། རྩ་དང་ཚོར་བ་མི་འདྲ་བ་ཡོང་ངེས་པ་སོགས་ལ་ང་ཚོས་ངོས་ལེན་བྱ་དགོས་ལ། ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད།
དེ་རིང་ཚེ་རིང་སྐྱིད་ལ་ཅུང་ཟད་ངོ་རྒོལ་ཡོད། གང་ཡིན་ཟེར་ན། འཛམ་བུ་གླིང་འདིའི་ནང་དུ་འགྲོ་བ་མི་རང་རང་གི་འདོད་པ་དང་བསྟུན་བསྡད་ན་མ་བག་མར་ལེན་པ་དང་། མིང་སྲིང་ཕན་ཚུན་བསྙེན་སྒྲིགས་བྱེད་པའི་ལུགས་སྲོལ་སོགས་མང་པོ་བྱུང་བ་རེད། དེ་དག་ལ་ཡང་འདོད་པ་ཡོད་ནས་དང་། འདོད་པ་འགོག་མཁན་གྱིས་དགག་མ་ཐུབ་ནས་བྱུང་བ་རེད། ཁྱོད་ཀྱིས་བསམ་ན་ལུགས་སྲོལ་དེ་འདྲ་བྱུང་ན་ཡང་ངོས་ལེན་བྱ་དགོས་བསམ་གི་འདུག་གམ།
ཟླ་མེད་ལགས།
རྡོ་སྦིས་ཡིན་ཏན་ཟེར་བ་ཁོང་སྔོན་ཆད་སྔོན་སྐུ་འབུམ་ནང་བསྟན་སློབ་གྲའི་སློབ་མ་ཞིག་ཨེ་རེད།
ཡིན་ན་ཡང་ཁོང་གཉིས་མིང་སྲིང་སོགས་གང་ཡང་མ་རེད། གནས་སྟངས་དེ་ཁ་ཁ་ཞིག་རེད། དེ་གཉིས་མཉམ་དུ་ཡོང་ཐབས་མེད།
དམིགས་བསལ་གྱིས་ཁྱེད་ཀྱིས་ཁོང་ཚོའི་གཉེན་སྒྲིག་གི་གོ་རིམ་ཆ་ཚང་ལ་ཅིག་ལྟོས་དང་། བརྩེ་དུང་དང་བཟའ་ཚང་ནི་འཁྲུག་སྤྱོད་ཁོ་ནའི་གནད་དོན་ཞིག་མིན་པ་ཧ་ཅང་གིས་གསལ་བོ་བརྗོད་འདུག་ལ། བྱམས་བརྩེ་དང་ཡིད་ཆེས། བདག་སྐྱོང་དང་སེམས་ཁུར། མཛའ་བ་དང་དུང་ཞེན་ཡོད་ཚད་གཅིག་ཏུ་བསྡུས་མི་འདུག་གམ།
ལྷན་སྐྱེས་ཀྱི་དངོས་ཁམས་ཆགས་རིམ་ཐོག་ནས་སྐྱེས་པ་ཁ་ཤས་ཤིག་སྐྱེས་པར་དགའ་བ་དང་བུད་མེད་ཁ་ཤས་ཤིག་བུད་མེད་ལ་དགའ་བ་ནི་ངས་ལས་སླ་བོའི་ངང་ནས་ངོས་ལེན་བྱེད་ཐུབ་ཀྱིན་འདུག དེ་ལས་ཀྱང་ངས་མི་དང་མིའི་བར་དུ་བྱམས་བརྩེ་དང་འཆམ་མཐུན་གྱིས་ཚེ་གང་གི་གཏན་གྲོགས་གདམས་ཆོག་པར་ངོསལེན་བྱེད་ཀྱིན་ཡོད་ལ། གཏམ་གྲོགས་ཤིག་ཡིན་ན་ངེས་པར་དུ་མཚནམཐུན་དང་ཡང་ན་ངེས་པར་དུ་བྱིས་པ་སྐྱེས་དགོས་པར་ངོས་ལེན་བྱེད་ཀྱིན་མེད། དེ་བས་ངས་འདི་ལྟ་བུའི་གནད་དོན་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ང་འདི་ལྟ་བུའི་ལྷད་མེད་པའི་རྒྱུད་རིམ་གྱིa་བརྩེ་དུང་ལ་ཡིད་སྨོན་ཡང་ཤོར་གི། ་ད་དུང་བརྗོད་རྒྱུ་ཞིག་ལ། ངས་ཁྱེད་ཀྱིས་ངེས་པར་དུ་ངོས་ལེན་བྱ་དགོས་ཟེར་གྱིན་མེད་མོད། ང་རང་གི་ངོས་ནས་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ལྷག་པར་དུ་སྙིང་རྗེ་རྒྱུད་ན་སྐྱེས་པའི་ང་ཚོའི་ནང་བ་ཞིག་ཡིན་ན་དེ་ལས་ཀྱང་དེ་ལྟར་བྱ་ཐུབ་དགོས་པར་འདོད།
ང་རང་གི་ངོས་ནས་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ལྷག་པར་དུ་སྙིང་རྗེ་རྒྱུད་ན་སྐྱེས་པའི་ང་ཚོའི་ནང་བ་ཞིག་ཡིན་ན་དེ་ལས་ཀྱང་དེ་ ལྟར་བྱ་ཐུབ་དགོས་པར་འདོད།
ཚེ་རིང་སྐྱིད་ལགས། ཉིད་ཀྱིས་གོང་དུ་གསུངས་མ་ཐག་པའི་ཚིག་དེར་ང་རང་གཏན་ནས་འཐད་པ་མིན། ནང་བའི་སྙིང་རྗེ་བྱེད་སྟངས་དེ་འདྲ་ཞིག་ལ་འཁུར་ནས་འགྲོ་རྒྱུ་ཡིན་དུས། མི་དང་དུད་འགྲོའི་བར་དུ་བརྩེ་བ་བྱུང་གི་ཡོད་ལ། དེ་ཡི་རིགས་ཀྱིས་ཀྱང་གཉེན་སྒྲིག་བྱེད་པར་ཁྱེད་ཀྱིས་རྒྱབ་སྐྱོར་ཞུ་ཐུབ་ཀྱི་ཡོད་དམ། དེང་སང་ནུབ་ཕྱོགས་ཀྱི་བུད་མེད་མི་ཉུང་བ་ཞིག་གིས་སྐྱེ་བའི་ཚབ་དུ་ཁྱི་གཉར་སྲོལ་དར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེར། ཁྱེད་ནས་དངོས་ནས་ཁྲིམས་ཐོག་ནས་ངེས་ལེན་བྱེད་ཐུབ་ཀྱི་འདུག་གམ།
རྒྱུ་འབྲས་དང་གནས་ལུགས་ཟེར་བ་དེ་ནི་མིའི་ལྷན་སྐྱེས་ཀྱི་ཕོ་མོའི་གྲུབ་སྟངས་ལ་ཞིབ་དུ་བསམ་བློ་བཏང་ནས་བཤད་ན་ཡག་པོ་འདུག དེ་མིན་ཐབས་ཅད་ལད་མོས་རྗེས་སུ་རྒྱུགས་པ་ཡིན་ན། རྒྱ་གར་གྱི་ཡུལ་གྲུ་ཞིག་ན་མ་བག་མར་ལེན་པའི་ལུགས་སྲོལ་དར་བ་རེད་ལ། དེ་ཡི་ལུགས་སྲོལ་ད་དུང་ཡང་ཕལ་ཆེར་ཉམས་མེད་པ་ཞིག་གོ་རྒྱུ་འདུག དེ་ལ་ཡང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་འདུག་གམ། མ་བུའི་བརྩེ་བ་ལ་དངོས་ནས་ལྷད་ཡོད་པ་མ་རེད། འོན་ཀྱང་། མ་བུའི་བརྩེ་དུང་ཡིན་པ་ལས། འཁྲིག་སྲེད་ཀྱི་བྱ་བུའི་དབང་དུ་སོང་བ་ཡིན་ན་འགྲིག་གི་འདུག་གམ་ལགས། བསམ་བློ་ཞིབ་དུ་གཏོང་། ཡོད་ཚད་རང་དབང་ཟེར་བ་དང་། འགྲོ་བ་མིའི་ཐོབ་ཐང་ཟེར་ནས་ཁ་ནང་དུ་ཡོང་ཚད་རེ་གསུངས་པ་ཡིན་ན། དངོས་ནས་ཁག་པོ་ཆགས་ངེས་ཡིན།
རྩ་ཁམས་ཆགས་སྟང་གིས་མི་ལས་དུད་འགྲོ་དགའ་ཆེ་བ་ཡོང་སྲིད། ཞེན་ཆགས་ཀྱི་བརྩེ་གདུང་སྐྱེ་སྲིད། སྡུག་བསྔལ་ཡོད་ཚད་ལ་སྙིང་རྗེ་སྐྱེ་དགོས་ཀྱང་། སྙིང་རྗེ་དེ་ཡང་རྣམ་དཔྱོད་ཟེར་ན་འདྲ། ཤེས་རབ་དང་མཉམ་དུ་འགྲོག་དགོས། རང་རེས་བོད་ཀྱི་བཟང་སྤྱོད་ཟེར་ཇི་ཙམ་བགྲངས་ཀྱང་། མཚན་འཐུན་གཉེན་སྒྲིགས་བྱེད་པར་མོས་འཐུན་དང་ཁས་ལེན་བྱེད་ཐུབ་ན། ད་རྒྱ་གཞུང་གིས་བོད་ཀྱི་བཟང་སྤྱོད་རྩ་མེད་བཏང་བའི་སེམས་ཁུལ་དང་སྡུག་བསྔལ་བྱེད་དགོས་དོན་མི་འདུག
གང་ལྟར་ནུབ་ཕྱོགས་པས་སྟུག་པ་ཞིམ་པའི་ཟས་སུ་བགྲང་ན་ཡང་། ལེགས་ཆ་མཐོང་བའི་དག་སྣང་ཆེན་མོ་འདི་སྐྱེས་ཕྱིན། བོད་ཀྱི་གོམས་གཤིས་དང་བཟང་སྤྱོད་ཟེར་བ་ཞིག་གང་ཟག་དེའི་ངོར་མེད་པར་སྣང་།
ཚེ་རིང་སྐྱིད་ལགས་ཀྱིས་བྱམས་བརྩེ་དང་བརྩེ་བ་སོགས་གླེང་ཡོང་དུས་སྨོན་པ་ཤོར་འོས་པ་ཞིག་འདུག ཡིན་ན་ཡང་ད་དུང་ངོས་ལེན་བྱ་མི་ཐུབ་པ་ཞིག་ཡོད་པ་ནི་བྱམས་བརྩེ་དང་བརྩེ་སེམས། སྙིང་རྗེས་དབང་གིས་སྤྱོད་པ་ཁ་ཤས་འགོག་དགོས་པ་ཡོད་ནི་རེད། ང་ཚོ་ཅུང་ཆུང་སྐབས་སུ་ཕ་མ་རང་གི་བུ་ཕྲུག་ལ་བྱམས་བརྩེ་མེད་མཁན་ཅིག་ག་ལ་ཡོད་ཀྱང་། བྱ་སྤྱོད་ཁ་ཤས་ན་ཚོད་མ་སྨིན་པའི་དབང་གིས་སམ། བསམ་བློ་གཏོང་མ་ནུས་པ་ཁ་ཤས་ལ་ཕ་མས་དགག་དགོས་པ་ལོས་ཡོད། དེ་བཞིན་དུ་ཕ་མས་འགོག་མ་ཐུབ་པ་ལུགས་སྲོལ་གོམས་གཤིས་ཀྱིས་འགོག་དགོས་པ། དེས་ཀྱང་འགོག་མ་ཐུབ་པ་ལ་ལ་ཞིག་ལ་ཆོས་ལུགས་ཀྱིས་འགོག་དགོས་པ་དག་ཀྱང་ལོས་ཡོད། ད་དུང་དེས་ཀྱང་འགོག་མ་ཐུབ་པ་ལ་ལ་ཞིག་རྒྱལ་ཁྲིམས་ཀྱིས་འགོག་དགོས་པ་དག་ཀྱང་ཡོད། སྤྱིར་བཏང་ནས་བཤད་ན་གཅིག་གཅིག་སེམས་པ་མཐུན་སོང་ན་བཀག་འགོག་བྱེད་རྒྱུ་འདི་ངོ་ནས་སྡུག་ཐུག་གི་བྱ་བ་ཞིག་ལོས་ཡིན་རུང་། ད་སྡུག་ཐུག་གི་བྱ་བ་མཛུག་ཐུར་ཟེར་བ་དེ་ཡིན་རྒྱུ་རེད།
གོང་གི་གནད་དོན་དེས་ཐད་། བསམ་ཚུལ་མེད་ཡང་། འདི་དང་འབྲེལ་བའི་སྒྲུང་ཐུང་ཐུང་ཞིག་བཤད་། སྔོན་མ་ང་ཚོའི་གུང་ཧྲེ་ནང་བོད་པའི་ཕོ་གསར་ཞིག་ཡོད་པ་། ཁོས་ནི་མཚན་རེད་ཞེས་གུན་གྱི་བཤད་རྒྱུར་གྱུར་། རྗེས་སུ་ཁོ་ལ་བག་མ་ཞིག་བླང་ཡང་ཁོ་གཉིས་མ་འགྲིགས་ན་ཁ་བྲལ་། ཁོས་ལས་རོགས་ཕོ་གསར་ཞིག་གི་བཤད་རྒྱུར་ཉིན་ཞིག་ཁོ་གཉིས་བྱ་བའི་དབང་གི་ས་གནས་ཞིག་འགྲོ་དགོས་བྱུང་བས་མ་ཚད་ས་གནས་དེར་འགྲོན་ཁང་སྐོན་པས་ཉལ་ཁྲི་གཅིག་གི་ཐོག་དུ་ཁེལ་བའི་། ་་ ཨ་རྒྱ་ཤ་། ངུ་ཚོ་དགོང་མོ་དེར་ད་གཞེས་大衣གོན་ནས་ཉལ་བསྡད་པ་ཡིན་་ ཟེར་
ཨཨ་
ཁྱོད་ཚོ་ཁག་མི་འདུག།
གོང་གི་གློག་བརྙན་དེ་ལ་ཐེང་གཅིག་ལྟོས་བའི་། ང་ ཐོད་བྱུང་དུ་སྐྱུག་རྒྱུ་ཞིག་ཡོང་ནས་བསྡད་སོང་།
དེ་དགོང་ནུབ་ཚ་འཐུང་ས་མེད་གི་།
ཞི་ལུ་དེས་ཕ་མ་གཉིས་ག་ངར་ག་། ང་ཡིན་ན་། དཀོན་མཆོག་གསུམ་། ད་གླ་སའི་གློའུ་སེ་ཞིག་ཆགས་ནས་། ཅིག་ཨ་རོ་ཞེས་བོས་ན་ཡང་གི་ནི་མ་རེད་། ང་རྩ་ལྷོད་་སོང་གཡག་ལྡོམ་ཞེས་བོས་ན་ང་རང་འབོད་གི་ཡོད་པ་ཡང་གོ་ནི་མ་རེད་།
ཁྱོད་ཚོས་ང་ལ་ཇི་ལྟར་ཁ་རྡུང་བཏང་ཡང་འགྲིག ཡིན་ཡང་ངས་ངོསལེན་བྱེད་ཀྱིན་ཡིན་པ་མ་ཟད། རྩ་ཁམས་ཆགས་སྟངས་དང་ལྷན་སྐྱེས་ཀྱི་སེམས་རྒྱུད་སོགས་ལ་ངོས་ལེན་བྱ་ཐུབ་ཀྱིན་འདུག
གོང་ནས་མི་ཞིག་གིས་ལྷན་སྐྱེས་ཀྱི་ཕོ་མོའི་ཆགས་སྟངས་གཞི་ལ་བཞག་ནས་ཟེར་ནས་ཅིག་ལབ་འདུག ངས་ཀྱང་དེ་ཟེར་བ་ཡིན། བོད་ལ་ཡང་མ་ནིང་ཟེར་བ་ཡོད་པ་མ་ཡིན་ནམ། མི་སྟོང་ཕྲག་གཅིག་གི་ནང་ནས་གཅིག་དེ་སྐྱེས་ཁམས་དང་རྩ་ཁམས་ཆགས་རིམ་མ་འདྲ་བ་ཡོད་སྲིད་ལ། སྔོན་མ་ཡིན་ན་དེ་ནི་རང་སྐྱོན་ཞྀག་དང་ཡང་ན་བཅོས་རྒྱུ་མེད་པ་ཞིག་ཏུ་ངོས་འཛིན་གྱིས་མི་མང་པོ་ཞིག་གིས་སྡུག་བསྔལ་རུམ་ལ་བཅུག་ནས་བུད་སོང་བ་རེད། བར་ཞིག་ནས་མི་ཁ་ཤས་ཀྱིས་རང་ཉིད་གཙོས་པའི་རང་ཉིད་དང་འདྲ་བའི་མི་དེ་ཚོའི་མངོན་འདོད་འགྲུབ་ཆེད་འཐབ་རྩོད་ཀྱིས་ཁྲིམས་མཐུན་ལྟ་བུའི་གནས་བབས་ཤིག་ལ་སླེབས་ནས་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་ཐུབ་ཀྱིན་ཡོད་པ་རེད། ཡིན་ཡང་ད་བར་ཞིག་ལ་ལྷན་སྐྱེས་ཀྱིས་མ་ནིང་ལྟ་བུ་མིན་ཡང་དེ་དཔེ་གསར་ལྟ་བུ་ལ་བརྩི་མཁན་ནམ་ཡང་ན་བཟའ་ཚང་དང་དགའ་རོགས་ཀྱི་འགལ་ཟླ་སོགས་ཀྱིས་མཚན་མཐུན་བཙན་གྱིས་སྡེབས་མཁན་ཡོད་པ་རེད། འདི་ཚང་མར་རྒྱུ་རྐྱེན་མ་འདྲ་བ་ཡོད་རེད།
ཡིན་ཡང་ལྷན་སྐྱེས་ཀྱིས་སྐྱེས་ཁམས་ཆགས་རིམ་གྱི་མི་དེ་ཚོར་ངས་ཅིས་ནས་ཀྱང་ངོས་ལེན་བྱ་རྒྱུ་ཡིན། བདེ་བ་འདོད་པ་གཅིག་པ་རེད། ཁྱེད་ཀྱིས་བུད་མེད་དང་མཉམ་དུ་མཉམ་སྤྱོད་ཀྱིས་བདེ་བ་འབྱུང་གི་ཡོད་ན་ཁོང་ལ་ཡང་དེ་ལྟ་བུ་མཚན་མཐུན་མཉམ་སྡེབས་ཀྱིས་འདེ་བ་འབྱུང་མི་ཆོག་པ་ག་ལ་ཡོད། དེའི་རྐྱེན་གྱིས་དཔེ་གསར་དང་བཙན་གྱིས་སྡེབས་བཞིན་པ་སོགས་མ་ཡིན་པར་ལྷན་སྐྱེས་ཀྱི་རྩ་ཁམས་ཆགས་རིམ་ཀྱིས་དེ་ལྟར་བྱ་དགོས་རིགས་ལ་ངས་ངོས་ལེན་བྱ་རྒྱུ་ཡིན།
ཡ་རབས་བཟང་སྤྱོད་ཟེར་བ་ནི་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་པ་ཙམ་གྱིས་མཚོན་པ་ཡིན་ནམ། རྐུ་འཕྲོག་བཅོམ་གསུམ། རྒྱལ་ཚོང་མྱི་གསོད་ཀྱི་ལས་ནི་བྱེད་ཀྱིན་མེད།་་ངས་དེ་ལྟ་བུའི་ནག་ཉེས་ལ་བསམ་གྱིན་མི་འདུག
ད་དུང་ཞུ་རྒྱུ་ཞིག་ལ་མི་དང་དུད་འགྲོ་ཟེར་ན་ངས་མི་ཤེས་མོད། མི་དང་མིའི་བར་དུ་དེ་ལྟ་བུའི་བརྩེ་དུང་དང་མཐུན་སྡེབས་ཡོང་གི་ཡོད་ན་དེར་ངོས་ལེན་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་དེ་རིང་གི་མི་འདི་གཉིས་ཀྱི་གཉེན་སྒྲིག་གི་གོ་རིམ་བར་ནས་ཕན་ཚུན་ལ་དམ་ཚིག་ཕུལ་བའི་ཡི་གེ་དེ་ཚོ་ནི་དེ་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་། ༼་ཁྱེད་རང་སུ་ཡིན་པ་དེ་ལ་ང་རང་དགའ་གིན་འདུག་དང་། ཡང་ཐུགས་ཁུར་དང་བྱམས་བརྩེ། ནམ་ཡང་ང་ཡི་ཕྱོགས་སུ་ལངས་པའི་གཤིས་སྤྱོད་སོགས་ལ་ང་རང་དགའ་བོ་འདུག༽་ལ་སོགས་པའི་ཚིག་དེ་ཚོ་ངོ་མ་ཡག་པོ་འདུག་ལ། དེ་ནི་མིའི་རིགས་ཀྱི་རྣམ་ཤེས་སྒུལ་བར་བྱེད་པའི་གོ་རིམ་ཞིག་རེད།
ཚེ་རིང་སྐྱིད་ལགས། ཁྱེད་རང་གི་འདོད་པ་རྒྱལ་གྱུར་ཅིག ཁྱེད་རང་གི་བསམ་ཚུལ་རྒྱལ་གྱུར་ཅིག ཁྱེད་རང་གི་མདུན་བསྐྱོད་རྒྱལ་གྱུར་ཅིག ནམ་ཞིག་ཁ་ཕྱིར་ལ་འཁོར་ནས་འགྱོད་པ་མ་སྐྱེ་རོགས། རིག་གཞུང་ཟེར་ནས་སྐད་རྒྱག་དགོས་ཆེན་པོ་ཞིག་མེད་ཚོད་རེད། ད་ནི་ཉིད་རང་ལྟ་བུའི་བསམ་ཤེས་དང་ཡོན་ཏན་ཅན་ཡིན་ཟེར་མཁན་དག་ལ་རེ་བཞག་བྱེད་པ་ནི། རང་གི་རིགས་གཞུང་རྒྱ་མིས་མངོན་གསལ་དོད་པོས་གཏོར་བ་ལས་ཀྱང་འཇིགས་སུ་རུང་བའི་གནས་ཚུལ་དག་གི་སྔོན་བརྡ་གཏོང་གི་འདུག
གང་ལྟར། ཁྱེད་རང་གི་བསམ་ཚུལ་རྒྱལ་གྱུར་ཅིག ཁྱེད་རང་གི་འདོད་པ་རྒྱལ་གྱུར་ཅིག ཁྱེད་རང་གི་སེམས་འགུལ་རྒྱལ་གྱུར་ཅིག ཁྱེད་རང་གི་མི་གཤིས་ལ་བཅིངས་པའི་ལྷག་བསམ་རྒྱལ་གྱུར་ཅིག བོད་པ་འདི་ཚང་གི་བསམ་བློ་བ་ཁྱེད་འདྲ་བ་དག་རྒྱལ་གྱུར་ཅིག
བོད་པ་ཚང་གི་ནང་ཆོས་ཁ་ལ་འཁྱེར་ནས་སྙིང་རྗེ་ཟེར་བ་གོམ་པའི་བུ་མོ་ཁྱེད་རང་ལྟ་བུ་དག་རྒྱལ་གྱུར་ཅིག ནམ་ཡང་། ཁྱེད་རང་རྒྱལ་གྱུར་ཅིག འུ་གཉིས་ཀྱིས་བསམ་ཚུལ་མ་མཐུན་པ་དེ་ཡི་སྟབས་ཀྱིས་ངས་དེ་རིང་འདི་ནས་ཁྱེད་རང་གི་བསམ་ཚུལ་རྒྱལ་གྱུར་ཅིག་ཟེར་ནས་ཁ་གཡང་སྒྲོག་པ་དེར། ཁྱེད་ཉིད་ཚུགས་པ་མི་ཟ་བར་ཤོག
གནད་དོན་ཁྱེད་དང་འུ་གཉིས་རྒྱལ་ཕམ་གྱི་དབྱེ་བ་ཞིག་མ་ཡིན་པས་ང་རྒྱལ་དགོས་པའི་ཁ་གཡང་དེ་ཡང་མི་དགོས་མོད། བསམ་ཚུལ་མ་འདྲ་བ་བྱུང་ན་ལམ་སེང་རྒྱ་མི་དང་བསྡུར་བའམ་ཡང་ན་དོར་རྒྱལ་བསྟེན་མཁན་དང་བསྡུར་བ་དེ་དག་ནི་མི་ནག་པོ་བཟོ་འདོད་ཀྱི་བསམ་བློ་ཙམ་ལས་གཞན་གང་ཡང་མ་ཡིན།
གནད་དོན་འདི་རྒྱལ་སྤྱིའི་སྤྱི་ཚོགས་མང་པོ་ཞིག་ཏུ་ཀུ་ཡངས་དང་བསམ་ཤེས་ཀྱིས་ཁྲིམས་མཐུན་ལ་ཆགས་ཚར་བའི་གནད་དོན་ཞིག་ཡིན་པས་ང་དང་ཁྱེད་་ཀྱི་རྒྱལ་ཕམ་ལ་འགྲོ་གིན་མ་རེད་ལ། ངས་མ་གཞི་ནས་བསམ་ཚུལ་ཞིག་ཤོད་དུས་ང་རང་གི་བསམ་ཚུལ་ཤོད་ཀྱིན་ཡོད་པ་ལས། ཕ་རོལ་བས་ངའི་བསམ་ཚུལ་ངོས་ལེན་བྱ་དགོས་པའི་རེ་བ་འཛིན་གྱིན་མེད་ལ།་ངས་ཀྱང་གཞན་གྱི་བསམ་ཚུལ་བཙན་གྱིས་དང་ལེན་བྱ་སྲོལ་མེད། ང་ཚོ་ཚང་མ་ལ་ཐུན་མོང་གི་བསམ་བློ་དང་རྣམ་དཔྱོད་མེད་དུས། སོ་སོ་ལ་སོ་སོའི་ལྟ་བ་རེ་ཡོད་རྒྱུ་རེ་འདོད།
དེ་བས་འདིར་ཉིད་ཀྱིས་ང་རྒྱལ་དགོས་པའི་ཟུར་ཟའི་ཁ་གཡང་འབོད་དོན་མེད། གལ་ཏེ་འདི་ལaaཏ་བུའི་གནད་དོན་ལ་ངོས་ལེན་བྱ་ཐུབ་ཀྱིན་མེད་ན། ངས་ནི་ང་རང་མིའི་གཞི་རྩའི་མངོན་འདོད་དང་རང་དབང་ལ་འཐབ་རྩོད་བྱེད་མཁན་ཞིག་ང་རང་མིན་པའི་བསམ་བློ་འཛིན་གྱིན་ཡོད།
གཞན་ངས་ཞུ་རྒྱུ་ཞིག་ལ། དྲ་ཚིགས་ནང་གི་མི་ཞིག་གིས་ང་དང་བསམ་ཚུལ་མ་མཐུན་པས་གཏིང་ནད་ལ་བཟུང་ཏེ་ངའི་འདྲ་པར་མང་པོ་ཞིག་གི་མགོ་བཅད་དེ་གཟུགས་གཞན་གྱི་སྟེང་ལ་སྦྱར་ནས་དྲ་ངོས་ལ་བཀྲམས་ཀྱིན་ཡོད་པས། ད་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ངོ་མ་ཇི་ལྟར་མི་ཞིག་བྱ་དགོས་མིན་ཡང་ཤེས་པ་མི་འདུག དེ་བས་འདི་ལྟ་བུའི་ཐབས་རྡུགས་དང་འུ་ཐུག་གི་བྱ་ངན་སྤེལ་མཁན་ཚོ་ཡང་བོད་མི་རེད་ཨང་།
སྐུ་ཞབས་བྱམས་པ་དང་ཁེ་ཐི་གཉིས་ཀྱི་གཉེན་སྒྲིག་ལ་སེམས་གཏིང་ནས་དགའ་བས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ངའི་གོང་གི་དྲ་བརྙན་དོན་ཚན་དང་པོ་གཅིག་བལྟས་པ་ཡིན། སེམས་འགུལ་ཐེབས་ནས་ཅུང་ཟད་མིན་ན་མིག་ཆུ་ཤོར་སོང་། སྐུ་ཞབས་བྱམས་པ་ལགས་ནས་ད་བར་སྤྱི་ཚོགས་གུ་དོག་ཅིག་གི་འགོག་རྐྱེན་དང་ཟུར་འབུད་སོགས་དཀའ་ངལ་ཅན་གྱི་ཀྱག་ཀྱོག་གི་བརྒྱུད་ལམ་མང་པོ་ཞིག་བརྒྱུད་ལོས་ཡོད་སྙམ་བྱུང་། ཁོང་གི་ནང་མི་གཉེན་བཤེས་ཚོའི་ངོས་ལེན་ཐོབ་པར་ཡང་ཡིད་སྐྱོ་བའི་ལོ་རྒྱུས་མང་པོ་ཞིག་བགྲང་རྒྱུ་ཡོད་རྒྱུ་རེད། དཀའ་ངལ་གྱི་ལོ་ཟླ་མང་པོ་ཞིག་བརྒྱུད་མཐར་མཐའ་མཇུག་རང་གི་སྙིང་གི་དུམ་བུ་དང་མཉམ་གཉེན་སྒྲིག་གི་གོ་སྐབས་རེག་པ་ནི་སུ་ཡིན་ན་དགའ་འོས་པ་ཞིག་དང་སེམས་འགུལ་ཐེབས་པ་ཞིག་ཅི་ལ་མིན།
མཚན་མཐུན་འདོད་བརྩེ་ནི་ཕན་ཚུན་ལ་ཤུགས་རྐྱེན་དང་དཔར་བཀབ་བྱེད་རྒྱུ་ཡོད་པ་ཞིག་མིན་པར་ཆུང་བྱིས་པའི་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་པ་རེད། དེས་ན་ལྷན་སྐྱེས་སུ་ཡོད་པའི་དགའ་མོས་དེ་ནི་གཞན་དང་གཞན་ལ་གནོད་པའི་ལས་ཅན་ཞིག་མིན་ཕྱིར་ང་ཚོས་དང་ལེན་བྱེད་རྒྱུ་ལས་ཡོད་པ་མ་རེད་བསམ།
མཚན་མཐུན་ཆགས་སྤྱོད་གསར་གནས་ནང་སླེབས་མ་སླེབས་མ་གཏོགས་སྤྱི་ཚོགས་གང་སར་སྔོན་མ་ནས་ཡོད་པ་ཞིག་རེད། ང་ཚོས་དོ་སྣང་མ་བྱས་པ་མ་གཏོགས་བོད་སྤྱི་ཚོགས་ནང་ཡང་སྔོན་མ་ནས་ཡོད་པར་འདོད།
ངའི་ཕ་ཡུལ་ན་སྒྲོལ་མ་སྐྱབས་ཟེར་བའི་སྐྱེས་པ་ཞིག་ཡོད། ཁོ་ཆུང་དུས་ནས་སྐད་ཆ་བཤད་སྟངས་དང་ལས་སྟངས་བྱེད་སྟངས་ཚང་མ་བུ་མོ་འདྲ་བོ་ཞིག་ཡོད་པ་རེད། ཁོ་ཤིས་ཚང་ལ་མག་པ་ཕྱིན་ཡང་རྗེས་སུ་བཟའ་འཐོར་བྱུང་ནས་ཕྱིར་ཡོང་བ་རེད། ད་ལྟ་སྐལ་བཟང་གྭ་རིས་ཟེར་བའི་ཁྱོ་ག་ཞིག་དང་མཉམ་ཁྱིམ་ཚང་གཅིག་བྱས་བསྡད་ཡོད་པ་རེད། ཁོས་ཟོག་བཞོ་བ་སོགས་ཀྱིས་མཚོན་པའི་བུ་མོ་ཚོའི་ལས་ཀ་ལ་བུ་མོ་ཚོ་ལས་ཀྱང་བྱང་ཆ་ལྡན། ཡིན་ནའང་ངའི་ཕ་ཡུལ་དུ་ཁོ་གཉིས་མཚན་མཐུན་ཆགས་སྤྱོད་བྱེད་མཁན་ཡིན་པར་དོགས་པ་ཟ་མཁན་སུ་གང་ཡང་མི་འདུག་ལ་དེ་འདྲའི་ཐ་སྙད་གོ་ཡང་ཡོད་པ་མ་རེད།
དེ་ནས་རྨ་ཆུ་རྫོང་ན་སྐྱེས་སྨན་ཞིག་དང་བུ་མོ་ཞིག་མཉམ་དུ་བསྡད་ཡོད་པ་རེད་ཟེར། མོ་གཉིས་སྔོན་མ་ཞིག་ནས་ཁྱོད་ཀྱིས་མ་ཟ་ན་ངས་མི་འཐུང་ཟེར་བའི་གྲོགས་མོ་ཡག་པོ་གཉིས་ཡིན་འདུག་ཀྱང་། རྗེས་སུ་བུ་མོ་དེ་གཞན་ལ་མནའ་མར་ཕྱིན་ཡང་དེ་རུ་མ་བསྡད་པར་བཟའ་འཐོར་བྱས་ཏེ་སྐྱེས་སྨན་དེ་དང་མཉམ་དུ་བསྡད། དེ་ནས་བུ་མོ་མནའ་མར་འགྲོ་སའི་མི་ཚང་དང་སྐྱེས་སྨན་དེ་གཉིས་ཁ་མཆུར་ཐུག་པ་དེ་འདྲའང་བྱུང་འདུག ཁ་ཤས་ཀྱིས་སྐྱེས་སྨན་དེ་ལ་ཕོ་མཚན་ཡོད་པ་རེད་ཟེར་འདུག་པར། མོས་ཁྱེད་ཚོ་ཡིད་མི་ཆེས་ན་ངའི་འོག་ཁྱེད་ཚོར་བསྟན་དགོས་ཟེར་ནས་གྱོད་བཤད་སྐབས་མོ་ལ་གླགས་འཁེལ་མི་འདུག
ད་རུང་རེབ་ཀོང་འཇའ་མོ་ནའང་ཁྱོ་ག་བུ་མོ་འདྲ་བ་ཞིག་ཡོད་པ་རེད་ཟེར། ཁོས་སྐྱེས་སྨན་ཞིག་ལ་ཆང་ས་རྒྱབ་འདུག་ཀྱང་རྗེས་སུ་བཟའ་འཐོར་བྱུང་འདུག ཐེངས་གཅིག་ཁོ་པེ་ཅིང་ལ་ཟབ་སྦྱོང་ཞིག་ཏུ་ཡོང་སྐབས་ངའི་གྲོགས་པོ་ཞིག་དང་ཉལ་ཁང་གཅིག་ཏུ་འཁེལ། དབྱར་ཁ་ཚ་བ་ཆེ་སྐབས་ངའི་གྲོགས་པོས་སྣང་དོགས་གང་ཡང་མེད་པར་ཉལ་ཁང་ནང་དམར་ཧྲེང་བྱས་བསྡད་ན་ཁོ་ངོ་ཚ་ནས་མིག་ཡང་ལྟ་ཐུབ་གི་མི་འདུག་ཟེར། མཚམས་རེར་ཁོ་ཚོ་ཕྱི་ལོགས་སུ་འགྲོ་སྐབས་ཁོ་བུ་མ་རེད་བུ་མོ་རེད་ཟེར་ནས་རང་གི་ལག་ཁྱེར་སྟོན་དགོས་པ་དེ་འདྲའང་ཁ་ཡར་བྱུང་འདུག ད་རུང་དྷ་སར་ཡོངས་སུ་གྲགས་པའི་སྨན་པ་ཡེ་ཤེས་དོན་ལྡན་ཡང་ཡོད་པ་རེད།
ཤ་རྐྱང་རྐྱང་ཟ་མཁན་གྱི་སྤྱི་ཚོགས་ཤིག་ནང་རང་བཞིན་གྱིས་ཤ་མི་ཟ་བར་རྩྭ་ལྡུམ་ཟ་མཁན་ཞིག་བྱུང་ན་དེ་ནི་རང་གཤིས་ཡིན་པས་ཞབས་འདྲེན་ཟེར་ནས་བསྡིགས་པ་ནི་གཞན་གྱི་གཟུགས་ཁམས་ལ་རྒྱུས་ལོན་བྱེད་མ་ཐུབ་པ་ལས་གཞན་ཅི།
འཇར་མན་དུའང་བོད་པ་ཞིག་ནས་ཁོ་རང་མཚན་མཐུན་འདོད་བརྩེ་བྱེད་མཁན་ཡིན་པའི་ཁྱབ་བསྒྲགས་ལོ་ཁ་ཤས་ཀྱི་གོང་ནས་བྱས་སོང་ང། ཁོས་བཤད་པ་ལྟར་ན། ཁོ་རང་ཆུང་དུས་ནས་བུ་ཡི་གཟུགས་ཁོ་ནར་དགའ་བ་ལས་བུ་མོ་ལ་དགའ་གི་མེད་པ་རེད། རྗེས་སུ་ཁོའི་གྲོགས་པོ་ཡག་ཤོས་ལ་རང་གི་གནས་སྟངས་ཏེ་གསང་བ་བྱས་ཏེ་བཤད་པར། གྲོགས་པོ་ཧ་ལས་ཧང་སངས། ཞེ་མེར་ལངས། ཁོ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་བཅད་པ་མ་ཟད་མི་གཞན་ལའང་འུར་ཏེ་ཁོ་ནི་མིའི་སྤྱི་ཚོགས་ནང་གི་འདྲེ་རུ་བཟུང་སྟེ་དེ་རུ་འདུག་མ་ཐུབ་པ་སོགས་སེམས་སྐྱ་མོ་སྐྱོ་བས་ཁེངས་དགོས་པའི་སྒྲུང་སྐྱོ་བོ་མང་པོ་བརྗོད་འདུག མཐར་འཇར་མན་དུ་སླེབས་ནས་རང་གི་གནས་སྟངས་ཡོངས་བསྒྲགས་གནང་འདུག
ད་དེ་ཡིན། མི་གཞན་གྱི་རང་བཞིན་ལྷན་སྐྱེས་ལ་ངན་བརྗོད་བྱེད་པ་དེ་ཡག་པོར་མི་མཐོང་། ང་ཚོའི་རྟགས་འཇུག་ནང་། ཕོ། མོ། མ་ནིང་། མོ་གཤམ། ཤིན་ཏུ་མོ། འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་སོགས་མང་པོ་ཞིག་ཡོད་པ་དེ་ཡང་གཞི་རྩ་མེད་པ་ཞིག་གང་ང་ཡིན། མདོར་དེད་ན། མིའི་ལྷན་སྐྱེས་ཀྱི་སྐྱེ་གནས་ལ་འཕྱ་དམོད་བྱེད་པ་ནི་ཙི་ཙིས་ཨ་བྲ་ལ་མཇུག་མ་མི་འདུག་ཟེར་ནས་འཕྱ་ལས་རྒྱབ་པ་དང་གཅིག་པ་རེད།
ཙི་ཏའི་ཡུལ་དུ་ཕྱིན་པ་ན།། རྐང་གཉིས་པ་ལ་མིར་མི་བརྩི།།
འ་རོགས་ཆོ། རྒྱག་རེ་མ་རྒྱག རྒྱག་རེ་མ་རྒྱག ལྷོད་ལྷོད་བྱས་ནས་ཁ་བརྡ་བྱོས། ལྷོད་ལྷོད་བྱས་ནས་བསམ་ཚུལ་ཤོད།
ཆང་སའི་སྟེང་ན་བོད་པའི་ཨ་མ་ལགས་ཅིག་ཀྱང་འདུག ཕལ་ཆེར་ཁོའི་ཨ་མ་མིན་འགྲོ། ང་ངོ་མ་ཧང་སངས་གི་འདུག མོ་རང་ལ་འདི་འདྲ་ཞིག་ངོས་ལེན་བྱེད་ཐུབ་པའི་བློ་སྐྱེད་དང་སྙིང་སྟོབས་དེ་ཅི་ལྟ་བུར་སླེབས་པ་ཡིན་ན་སྙམ། བར་ལ་མི་མངགས་ནས་གོ་སྐོན་བློ་འགུགས། རྒྱུ་མཚན་སྦྱངས་བཤད་མང་པོ་ཞིག་བྱས་ལོས་ཡོད་འདོད།
ང་ཚོའི་བུ་བུ་མོ། ཚ་བོ་ཚ་མོ་ཚོའི་ནང་ཡང་དེ་འདྲ་བྱུང་མ་སྲིད་པ་མ་རེད། བསམ་རྒྱ་ཆེ་ཙམ་བྱེད་དགོས་པ་རེད། དེ་ནི་རང་བཞིན་ལྷན་སྐྱེས་ཡིན་པས་བཅོས་རྒྱུ་ཅང་ཡོད་པ་མ་རེད། སྐྱེ་བ་སྔ་ཕྱིར་ཡིད་ཆེས་མཁན་ཞིག་ཡིན་ན་དེ་ནི་སྐྱེ་བ་སྔོན་མའི་ལས་རེད། ཐོད་པ་ལ་བརྐོས་པའི་རི་མོ་རེད།
ད་གནས་ཚུལ་བཤད་ན་གནས་ཚུལ་བཤད། བལ་ཡུལ་དང་བོད་ཀྱི་རྒྱལ་མཚམས་ནས་བོད་པའི་བྱི་ལི་ཁ་ཤས་རྒྱ་དམག་གིས་བཟུང་ནས་བཙན་འཛགས་བྱས་འདུག དེའི་ནང་གི་བྱི་ལི་ཅིག་གིས་བཤད་ན། རྒྱ་རྒན་དེ་ཚོས་གཅིག་འཛགས་ན་སྐྱག་ཁུང་ཚ་ན་ཨར་མི་བརྟན་གི་ཟེར། ད་ཡིན་ན་མཚན་མཐུན་ཚོ་ཚ་གི་ཡོད་ན་མེད་ན། ཧཧ
དེ་ཕྱོགས་སུ་འདི་ནི་ཧང་སང་བ་ཅི་ཡང་མ་རེད་ཟེར། ཁོ་གཉིས་མཉམ་དུ་སྡད་ནས་ལོ་མང་བོ་ཕྱིན་པ་དང་། ཕ་མ་གཉིས་ལ་རྒྱུས་ལོས་ཡོད། མཚམས་རེ་བོད་པ་ཚོགས་སར་མཉམ་དུ་ཡོང་གི་འདུག་ཟེར། སྔ་ལོ་ཆང་ས་རྒྱབ་འདུག
དུས་ཚོད་དང་གནས་སྟངས། སྤྱི་ཚོགས་ཀྱི་འགྱུར་བ་སོགས་ཕྱོགས་མང་པོ་ཞིག་ལ་བསམ་ན། བོད་ཀྱི་གསར་བུ་ཞིག་ཕྱི་རྒྱལ་གྱི་གསར་བུ་དང་གཉེན་བསྡེབས་པ་འདི་ཁྱད་མཚར་མ་རེད།
འོན་ཀྱང་། ང་ཚོ་བོད་དང་རྒྱ་གར། ཨ་རི་སོགས་གང་དུ་གནས་སྡོད་བྱེད་ཀྱང་། ང་ཚོས་རང་གི་མིག་དེ་བོད་པའི་མིག་ཡིན་པ་ཧ་གོ་བའི་སྒོ་ནས་བལྟ་དགོས་རྒྱུ་འདུག
ང་ཚོ་ཕྱི་རྒྱལ་བ་མ་རེད། ང་ཚོ་མགོ་སེར་མ་རེད། ང་ཚོ་མིག་ལྗང་ཡང་མ་རེད། ང་ཚོ་བོད་པ་རེད། ང་ཚོའི་རིག་གཞུང་མགོ་སེར་ཚོ་དང་ཐ་དད་རེད།
ང་ཚོའི་སྐད་ཡིག་མགོ་སེར་ཚོ་དང་ལོགས་ཀ་རེད། ང་ཚོས་དད་མོས་བྱེད་སའི་ཆོས་ཀྱང་ཡེ་ཤེས་དང་ཁ་ཆེ་སོགས་དང་ཁ་ཁ་རེད།
དང་པོ། ང་ཚོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྟེང་ན། བུ་བུ་ལ་གཉེན་སྒྲིག་པའི་གོམས་སྲོལ་འདི་ཡོངས་གྲགས་མིན།
ཡོངས་གྲགས་ནས་ངེས་ལེན་ཡང་མེད། ཡོངས་གྲངས་ནས་དགའ་མོས་ཀྱང་མེད།
གཉིས་པ། ང་ཚོས་དད་མོས་བྱེད་སའི་ནང་བསྟན་ཤེས་རིག་གི་གཞུང་ན། བུ་བུ་ལ་གཉེན་སྡེབ་ན་འགྲིག་མི་འགྲིག་གི་སྐད་ཆ་མེད་སྙམ། འོན་ཀྱང་། ཤངས་དང་ཁ་སོགས་སྤྱོད་པ་ལ་ལོག་གཡེམ་ཟེར། ལོག་གཡེམ་འདི་ལུས་ཀྱི་མི་དགེ་བ་ཡིན།
གསུམ། བུ་བུ་ལ་གཉེན་སྒྲིག་ན། ང་ཚོས་དེ་ལ་ངོ་རྒོལ་བྱེད་མི་ཉན། མི་སྒེར་གྱི་བརྩེ་དུང་དང་མི་ཚེའི་རང་དབང་ལ་ང་ཚོས་བརྩི་བཀུར་ཞུ་དགོས། འོན་ཀྱང་།
འདི་ཚོའི་རིགས་མང་དུ་ཕྱིན་ན། ང་ཚོའི་རིག་གཞུང་དང་གོམས་གཤིས་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཞིག་ཡོང་སྲིད་པ་ཞིག་རེད། འདི་ལ་ང་ཚོས་གཟབ་དགོས།
བཞི། ང་ཚོར་གཅིག་རང་གཅིག་ཡོད་པ་དེ་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་འདི་ཡིན། འདི་གཙང་མ་བྱས་ནས་ཉར་སྟངས་ལ་བསམ་བློ་གཏོང་དགོས།
ལྔ་། ཐབས་སྐྱོ་ས་ནས་བཤད་ན། བུ་བུ་ལ་གཉེན་སྒྲིག་པ་འདི་བོད་པའི་སྤྱི་ཚོགས་ཁྲོད་ན་ཡོངས་གྲགས་མིན་རུང་། བུས་བུ་ལ་འཁྲུག་སྤྱོད་བསྟེན་པ་ནི་མང་པོ་ཡོད། འདི་གཙོ་བོ་གྲ་ས་ཁག་ན་ཡོད་། གྲ་སའི་གྲ་རྟ་ཟེར་བ་འདི་དེ་ལ་གོ། གོ་ཐོས་ལྟར་ན། ད་ལོའི་འཇང་དགུན་ཆོས་ཀྱི་སྐབས་སུ་ཡང་། གྲ་བ་འགས་སོག་པའི་གྲ་བ་ཞིག་ལ་བཙན་གཡེམ་བྱས་ནས་རྙོག་དྲ་མང་པོ་བྱུང་སོང་ཟེར། ད་དུང་། བོད་པའི་སྤྱི་ཚོགས་ཀྱི་མི་འབོར་ལ་བལྟས་ན། བུ་གཅིག་ལ་བུ་མོ་གསུམ་ཡོད་པའི་ཚད་རེད། བུ་ཚོས་ཀྱང་བུ་ཞིག་བཙལ་དགོས་བའི་ཚད་ལ་སླེབས་མེད།
ཨ་རོག་ཆ་བོ་ད་འདིའི་བསྐོར་ལ་ང་ཚོས་ཅང་བཤད་ནས་ཡོང་རྒྱུ་ཡོད་ནི་རེད།
ཁོ་གཉིས་ཀར་ཕན་ཚུན་འདོད་པ་ཡོད་ཐོག་ནས་གཉེན་སྒྲིག་བྱས་པ་ཡིན་དུས། དེ་ལ་ང་ཚོས་ཡག་བཙོག་བཤད་ནས་ཆི་ཟིག་ཡེད། དེ་ནི་ཁོ་གཉིས་ཀའི་འདོད་པ་རེད་ལགས།
དེ་ལས་ང་ཚོས་བོད་སྤྱི་ཚོགས་ནང་ལ་སླར་ཡང་། འདི་མོ་འདི་མི་དར་བའི་ཐབས་ཤེས་རེ་ཡོད་མེད་བལྟས་ན་ཧྲ་གིན་འདོད་ཀི།
རིག་འཛིན་དྲི་ཚིག་འགའ་ཤས་ཡོད་།་
གཅིག་།་ཁྱོད་སྐྱེས་བ་ཤིག་ཡིན་ན་།་མཛེས་མ་ཧ་ལས་བ་ཤིག་ཡོང་ནས་ཁོ་མོ་སྟུ་ལྡག་ཟེར་ན་ལྡག་གིན་ཡིན་ནམ་མིན།
གཉིས།་ཁྱོད་མཛེས་མ་ཞིག་ཡིན་ན།་ཁྱེད་རང་གི་དགའ་རོགས་གིན་མཇེ་ནུ་མྱོང་ངམ་མེད་།
གསུམ།་བོད་ཁམས་ཕྱོགས་ན་།་བུད་མེད་ཅིག་ལ་།་སྐྱེས་ལྔ་ཡོད་མཁན་ཡོད་འདུག་པས་།་དེ་ཚོ་ལ་བསམ་ཚོད་ཅི་ཡོད།་
བཞི།་ཁོ་གཉིས་བཟའ་སྒྲིག་བྱས་ན་།་ཁྱོད་བརྩེ་དུང་ལ་གནོད་པ་ཅི་འདུག་།ཁོ་གཉིས་ལ་དེ་ལྟར་ཕྲག་དོག་བྱས་དགོས་ནི་རྒྱུ་མཚན་ཅི་རེད།
ལྔ།་ཁྱོད་གྲྭ་སའི་གྲྭ་བ་ཚོས་གྲྭ་བྱེད་ཡོད་ཚུལ་དང་།་དེ་བཞིན་བྱམས་པ་གཉེན་སྒྲིག་ལ་ཁོང་ཁྲོ་ལངས་སོར་བལྟས་ན་ཁོས་ཁྱེད་ཀྱི་སྙིང་ན་བའི་བྱ་བ་ག་རེད་བྱས་སོང་།
དྲི་ལན་རེ་རེ་ལ་ལན་རེ་འདེབས་རོགས་།
བུ་བུ་ལ་གཉེན་སྒྲིག་སྟངས་ཀྱི་རིགས་འདི་ཚོ། ང་ཚོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྒང་ནས་ཇི་ལྟར་ངོས་ལེན་བྱེད་དགོས་མིན་དང་དེས་ང་ཚོའི་རིག་གཞུང་ལ་ཤུགས་རྐྱེན་ཅི་ཞིག་ཡོང་མིན་སྐོར་ལ་བགྲོ་གླེང་བྱེད་ཐུབ་ན་ཡག་པོ་འདུག རྒད་པོ་ང་ལ་མཚོན་ན། རང་གི་ཞི་མོས་ཕྱི་རྒྱལ་གྱི་ཞི་མོ་ཞིག་དང་མཉམ་དུ་གཉེན་སྒྲིག་གི་ཡིན་ལབ་ན།
རྩ་བ་ནས་འགོག་ཐུབ་ས་མ་རེད་དེ་ཁ་ཏ་སློབ་གསོ་ཡག་པོ་ཞིག་གཏོང་ས་རེད། རྒྱ་གར་དང་བལ་ཡུལ། བོད་དེ་བ་ལ་འཁྲིད་ནས་ཁྱོ་ཀ་ཕོ་འདྲ་བཙལ་འཇུག་ས་རེད། ཐོད་པ་ན་ལས་མེད་ན་ལས་མེད་རེད་མ་གཏོགས། ང་ཕ་མའི་ངོས་ནས་བྱེད་དགོས་བ་ཚང་མ་བྱེད་ས་རེད། ཕ་མས་བུ་ཕྲུག་གི་མདུན་ལམ་ལ་འགན་འཁྱེར་སྟངས་ལ་ཡང་བསམ་བློ་མང་པོ་གཏོང་རྒྱུ་འདུག
རྩམ་དགའ་ལགས་།་
འདི་མི་དར་བའི་ཐབས་ཤེས་ཤིག་བཅའ་ཐབས་ཡོད་པ་མ་རེད་།ཁོའི་མཇེ་གཅོད་རྒྱུ་ཡིན་ན་མ་གཏོགས་།ཁོའི་ཁྱོད་དང་།་ང་དང་།་མི་གཞན་ལ་གནོད་པ་ཅི་ཡང་གཏོང་གིན་མི་འདུག་།་ཁོའི་ཁུང་དུ་གང་གི་ནང་རྒྱག་རྒྱུ་དེ་ཁོ་རང་གི་འདོད་པ་ཡིན་ནོ་བྱོས་།་དེ་བཞིན་ཁྱོད་མོ་ཤིག་ཡིན་ན་།་འཛུབ་གུ་གཏོང་རྒྱུ་དང་།་མཇེད་གཏོང་རྒྱུ་།་མགྱིག་གི་མཇེ་གཏོང་རྒྱུ་ཚང་མ་ཁྱེད་ཐག་གི་ཆོད་།་གཞན་ལ་མ་འདྲི།
རྩམ་དགས་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་འདུག ང་ཚོས་བོད་པའི་སྤྱི་ཚོགས་དང་བོད་པའི་རིག་གཞུང་སོགས་ལ་བོད་པ་རང་ངོས་ནས་ལྟ་སྟངས་དང་མ་འོངས་པར་དེ་ལ་འགྱུར་བ་ཇི་འདྲ་འགྲོ་མིན་དང་དེ་ལ་་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་སྐོར་ནས་སྐད་ཆ་བཤད།
མཚན་མཐུན་འདོད་པ་ནི་སྐྱེས་པ་ནས་རང་ཆས་སུ་ཡོད་པ་ཞིག་རེད་ཟེར། དེ་ལ་བཅོས་ཐབས་ཡོད་མ་རེད། བོད་སྤྱི་ཚོགས་ནང་ཡང་སྔོན་མ་ནས་ཡོད་པ་རེད། ཕྱི་བསྒྲགས་མ་བྱས་པར་གསང་བ་བྱས་བསྡད་ཡོད་པ་རེད། སྤྱི་ཚོགས་ལ་ངོས་ལེན་མེད་ན་གསང་བ་མ་བྱས་རང་བྱས་རེད།
རིག་འཛིན་ངའི་འདི་ལྟར་བསམ་གིན་ཡོད་།་བོད་པ་ཚང་གི་ཕ་མ་དང་།་ཉེ་འཁོར་།་བྱིས་བ་།་ནད་པ་ཚོ་ལ་གཉེན་སྒྲིག་བྱེད་ཆོག་མིན་ལས་།་གཞན་ཨུ་ཁུང་ནང་དུ་ཅི་ཞིག་འཇུག་རྒྱུ་ཡིན་མེད་དེ་མི་སྒེར་གྱི་བྱ་བ་ཞིག་རེད་ཟེར་ནས་བཞག་ན་དགའ་།་
ད་སྐྱབས་བཅོལ་བ་ཚོ་ཕ་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་དྲུག་ཅུ་སོང་ཐལ། དེའི་རིང་ལ་བོད་པའི་རང་དབང་གི་ཆེད་དུ་མི་རྩོད་པར། ས་མཐའ་ཞིག་ནས་ཉི་མ་ནམ་ཚ་འཕུད་བྱེད་ཙམ་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཁ་ནས་རང་དབང་ཟེར་ནས་འཛམ་གླིང་ཤར་ནུབ་ཀྱི་བར་ལ་དྲ་ཐོག་ནས་འདི་འདྲ་དགོས་མེད་མང་པོ་རྩོད་དེ་འདུག་པ་ནི་ཉི་མ་འགྲོ་ཐབས་ཙམ་རེད།
རྒེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་རྒེ་ལ་ཁ་ལོབ་ཡོད་ནི་ཡིན་ན།
བཀུར་འོས་མེ་རི་གཏོར་མཁན་ལགས།
ངས་རྩ་བ་ཉིད་ནས་ཁོ་གཉིས་ཀའི་གཉེན་སྒྲིག་འདི་ལ་སྐྱོན་རྒྱག་གིན་མེད། མ་ཟད་དེ་ཁོ་གཉིས་ཀའི་འདོད་པ་རེད་ཅེས་བཤད་ཡོད། གྲོགས་པོ་ཁྱོས་བལྟས་ན་འདི་མོ་འདི་ང་ཚོའི་བོད་སྤྱི་ཚོགས་ནང་ལ་དར་ཁྱབ་སོང་ན་ཧྲ་གིན་ཨེ་འདོད་ཀིན། ད་བར་དུ་བུ་དང་བུ། མོ་དང་མོར་གཉེན་སྒྲིག་བྱས་པའི་ལོ་རྒྱུས་བོད་ནང་བྱུང་མྱོང་ཨེ་ཡོད། དེང་སང་བཅོས་སུ་དཀའ་བའི་ནད་རིགས་མང་ཆེ་བ་གང་ལས་ཡོང་གིན་འདུག འདི་ཙམ་ལ་ཡག་པོ་བསམ་བློ་གཏོང་ན་འདི་མོ་འདི་དར་ཉན་རྒྱུ་ཨེ་རེད་ལགས།
རིག་འཛིན་ལགས་ནས་བཤད་ནོ་གནས་ལུགས་ཡོད་ཀི
འདི་མོ་འདི་མི་དར་བའི་ཁྱད་དུ་ཕ་མས་འགན་ཁུར་དགོས་ལོས་དགོས།
བཙན་དབང་གིས་འགོག་མ་ཐུབ་རུང་ཁ་བརྡར་ཡག་པོ་གནང་ན་ཅིག་བྱས་ན་ཕན་ནི་རེད་ལགས།
མེ་རི་གཏོར་མཁན་ཁོ་རང་ཡང་དེའི་རིགས་ལ་ཡིད་སྨོན་བྱེད་མཁན་གྱི་གྲས་ཡིན་ཚོད་རེད།
རྩམ་དགའ་ལགས།་
མི་གཞན་ལ་གནོད་པ་མེད་ན་།དར་རྒྱུ་ཤིག་ཡིན་ན་དར་གིན་ཤིག།དེ་ལ་གནོད་པ་མེད་གིན་ཡ།སྔོན་ཆད་བོད་པ་ཚང་མས་སྟུ་ལྡག་པ་དང་མཇེ་ནུ་བ་སོགས་བཤད་ན་བྲོས་འགྲོ་གིན་རེད།ད་ལྟ་དེ་མ་བྱ་ན་མི་ཆོག་པ་འདྲ་བ་ཤིག་ཆགས་གིན་འདུག་།དེ་ལ་གནོད་པ་ཅི་ཡང་མེད་གིན།ང་69བྱ་རྒྱུ་དངོས་གནས་དགའ་བོ་ཤིག་ཡིན།་ཁྱོད་དེ་འདྲ་ཤིག་མ་ཡིན་ནམ།རྩེད་མོ་ཡིན
རེད་རེད་་་་་་རང་དབང་ནི་མིའི་བདེ་སྐྱིད་ཀྱི་གཞི་རྩ་ངོ་མ་དེ་ཡིན་དུས་དེ་རང་ཉིད་ཀྱི་ཁེ་དབང་གཏོགས་པ་ཞིག་ཀྱང་ཡིན་རབས་བཤད་འདུག དེས་ན་དེ་ལ་གཞན་གྱིས་ཐེ་ཇུས་བྱས་ནས་ཟུར་ཟ་དང་འཕྱ་དམོད་བྱེད་པའི་དབང་ཚད་མེད་ཅེས་མཛངས་མ་ཚེ་སྐྱིད། མཁས་པ་མགོན་ཕྱག ཁ་བདེ་མེ་རི་བཅས་ཀྱིས་བཤད་པ་ལྟར་ཁས་ལེན་རྒྱུ་རེད། རྒྱུ་མཚན་དེས་ད་ནས་བཟུང་དོལ་རྒྱལ་བརྟེན་མཁན་དང་རྒྱ་དམར་རྒྱུག་ཁྱི་བྱེད་མཁན་དག་ཀྱང་རང་དབང་རེད། དེ་དག་བོད་མི་ཐ་ཤལ་བ་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ་པ་དང་བརྗོད་པའི་དབང་ཚད་མེད་པ་རེད། ད་དུང་ནང་འཛིན་དང་རྐུན་རྒྱག་བྱེད་པ་མ་ཟད་དེ་ལས་ཚབས་ཆེ་བར་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་བརྒོལ་མཁན་དེ་དག་ཀྱང་རང་དབང་རེད།
ནང་ཆོས་ཀྱི་ནང་དུ་སྟོང་ཉིད་ཅེས་པའི་ཐ་སྙད་ཅིག་གིས་བཟང་ངན་དང་བདག་གཞནགཅིག་ཏུ་སྦྲེལ་བའི་ལྟ་གྲུབ་དེས་བོད་རྩ་སྟོང་འགྲོ་ལ་ཉེ་བར་ཆགས་སོང་། འཚོ་གནས་ཀྱི་ནང་དུ་རང་དབང་ཞེས་པའི་ཐ་སྙད་དེས་ཡ་རབས་དང་མ་རབས་གཅིག་ཏུ་སྦྲེལ་ནས་ཐུན་མིན་བོད་ཀྱི་གོམས་གཤིས་དེ་རིང་འདིའི་ཚད་ལ་སླེབས་སོང་། ད་ནི་གཞོན་ནུ་ཟླ་མེད་ཁྱེད་ཀྱིས་ཀྱང་སྔར་གྱིས་གྲྭ་ཆུང་དེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ངས་མེ་རི་གཏོར་མཁན་ཟེར་བ་འདིའི་དྲི་བ་ཚོར་ལན་བརྒྱབ་མེད། མི་འདིས་མཆན་བུ་རྒྱག་སྟངས་ལ་དམིགས་ཡུལ་གཞན་ཞིག་གི་ཡོད་གི།ངས་དེ་ཚོ་ཚང་མར་ཞིབ་འཇུག་བྱེད་ཀྱི་ཡོད། མི་འདི་སུ་ཡིན་ངོ་གཙང་མ་འཕྲོད་སོང་ན་། དེ་ནས་སྐད་ཆ་ལྷོད་ལྷོད་བཤད།
མིའུ་ཕྲུག་ལགས་།
ང་ཁྱོད་ལ་ཧ་ལས་།ཧོན་ཐོར་སོང་།ཁྱེད་རྐུབ་ལ་འཛག་མཁན་དང་།རྒྱ་ནག་དང་དོལ་རྒྱལ་སོགས་བསྡུར་གིན་ཡོད་པ་དེ་དངོས་གནས་རིགས་པ་ཡ་མཚར་བ་ཤིག་རེད།ཁྱེད་དེ་འདྲ་རྐུབ་ལ་རྒྱག་མཁན་ཚོ་དང་།སྟུ་ལྡག་མཁན་ཚོ་མི་དགའ་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།ངས་དོན་དག་གཉིས་ཡོད་གིན་འདོད་།
གཅིག་།ཁྱེད་དུས་རྒྱུན་སེམས་ན་།མཇེ་སྐྱག་ཁུང་ནང་ལ་རྒྱག་པ་ཤིག་དང་།སྟུ་ལྡག་པ་ཤིག་སེམས་ལ་དྲན་ནས་གཉིད་ཡང་ཡོང་གིན་མེད་པ་འདྲ་།་དྲི་ཚིག་ནི་ཁྱེད་རང་གི་དེ་ལྟར་དྲན་གིན་འདུག་གམ།
གཉིས་།མཚན་མཐུན་བཟའ་སྒྲིག་བྱེད་པ་ཤིག་གིས་ཁྱེད་ཀྱི་ཕོ་མོ་བར་གྱི་བརྩེ་དུང་དེ་ལ་འཇིགས་སྣང་སྐུལ་གིན་ཡོད་པ་འདྲ།མཚན་མཐུན་བཟའ་སྒྲིག་གི་ཆགས་པ་སྤྱོད་སྟངས་ཀྱིས་།་ཁྱེད་ཀྱིས་ཆགས་པ་སྤྱོད་སྟངས་ལ་འཇིགས་སྣང་གཏོང་གིན་ཡོད་ན་།་
རྒྱ་ནག་གིས་ང་ཚོའི་མི་བསད་།རྟ་དེད་།ས་འཕྲོག་།བཙམ་གཡེམ་བྱས་ནས་ལོ་ལྔ་བཅུ་ལྷག་ཙམ་འགྲོ་གིན་ཡོད་པ་རེད།
དོལ་རྒྱལ་གྱིས་མི་བསད་།་ནང་ལ་རྙོག་དྲ་ལངས་།སྒྲིག་འཛུགས་ཀྱི་འགྲིག་ལམ་མ་བརྩི་།རྒྱ་མི་ལ་རྒྱབ་སྐྱོས་བྱས་ནས་ད་ང་ཚོས་ང་རྒོལ་བྱ་གིན་ཡོད་ནི་རེད།
ཁྱེད་རང་ཕོ་ཤིག་གིས་བཙན་གཡེམ་བྱས་ཡོད་ན་།རྒྱལ་ཁབ་དེའི་ཁྲིམས་ལུགས་ལ་གཏུག།དེ་མིན་མི་དར་མ་བསམ་ཤེས་མི་གཉིས་འཐད་པ་བྱུང་ནས་།ཕན་ཚུན་གྱི་རྐུབ་ཁུང་ནང་ལ་རྒྱག་རྒྱུ་དང་།་སྟུ་ལྡག་ན་ང་ལ་བསམ་འཆར་མེད་།དེས་ངའི་དགའ་ཕྱོགས་ལ་གནོད་པ་ཅི་ཡང་གཏོང་གིན་མི་འདུག།་ཧཧཧ
སྤྱིར་ལུས་ཁམས་ཆགས་སྟངས་ཀྱི་དབང་གིས་རྐུབ་ན་རླིག་རིལ་ཡོད་ཀྱང་ནང་བློའི་འཁྱེར་ཕྱོགས་སོགས་ཡོངས་ནས་ཕོ་དང་འདྲ་བའི་བུད་མེད་མང་བོ་ཡོང་གི་ཡོད་པ་དང། ཡང་ཁག་ཅིག་མཚར་ལོངས་བྱུང་རྗེས་གཤགས་བཅོས་བཏང་ནས་རླིག་རིལ་བཅད་ནས་མོ་མཚན་བཟོ་པ་དང་བྲང་ངོས་གཤགས་ནས་ནུ་རྫུན་བཟོས་པས་བུ་མོ་ཞིག་མཐོང་ན་སྔོན་ནས་ཆ་རྒྱུས་ཡོད་མཁན་ཞིག་སྔོན་མར་ཁོ་ཕོ་རེད་ཅེས་མ་བྷབཤད་ན་ཤེས་ཐབས་མེད་པའི་མཛེས་མ་ད་ལྟ་ཉི་ཧོང་དང་ཐེའུ་ལན་བྷབྷཊི་ན་མཐོང་རྒྱུ་མཐོང་རྒྱུ་མང་བ་དང་། ད་དུང་དེ་དག་གི་ཁྲོད་ཡོངས་ཁྱབ་རང་བཞིན་གྱིས་བརྙན་འཕྲིན་མདོ་འཛིན་པ་དང་གར་མ་སོགས་སྐད་གྲགས་ཅུང་ཙམ་ཡོད་པ་ཡུལ་དེ་དག་ན་མང་གི་ཡ།
ད་དུང་ངས་དུས་ཚོད་དེ་གསལ་བོ་མི་དྲན་རུང་ལོ་ཤས་སྔོན་སྐྱེས་དུས་སུ་ཕོ་ལུས་ཡིན་པ་རྗེས་སུ་མོ་རུ་བསྒྱུར་བའི་མཛེས་མ་དག་གིས་འགྲན་བསྡུར་ཞིག་ཐེའུ་ལན་ཊི་ནས་བྱས་པ་དང་། སྐབས་དེར་ཨང་དང་པོ་ཐོབ་མཁན་དེ་ཉི་ཧོང་ནས་ཡིན་ཞིང་མིང་ལ་ཧའུ་རོའུ་ན་ཡས་ཟེར་ད་ལྟ་མོས་ཉི་ཧོང་དུ་ཁྱབ་ཆེས་པའི་བརྙན་འཕྲིན་སོགས་སྟེང་རྒྱུན་ལྡན་མཐོང་རྒྱུ་ཡོད་པའི་གྲས་ཤིག་རེད།
གསར་བུ་ཚོས་མཐོང་མ་ཐག་ངོ་མ་སེམས་ཤོར་ས་ཞིག་ཡོད་ཡ་དྲ་བྱང་འདི་ནས་གཟིགས་དང་མཐོང་ཐུབ་འོན་ཀྱང་མཛེས་མ་པར་རིས་མ་གཏོགས་ཡི་གེ་རྣམས་ཉི་ཧོང་ཡི་གེ་ཡིན་པས་དགོངས་དག་ཞུ། http://www.avexnet.or.jp/haruna-ai/index.html
http://ameblo.jp/haruna-ai/
མཚན་མཐུན་འདོད་བརྩེ་ནི་རང་ཉིད་ལ་སྐྱེས་པ་ནས་ལྷན་སྐྱེས་སུ་ཡོད་པའི་དགའ་བ་དང་འདོད་མོས་ཤིག་ལ་རང་ཉིད་ཞུགས་པ་ཙམ་རེད། དེས་གཞན་ལ་གནོད་པ་གང་ཡང་བྱེད་གི་ཡོད་པ་མ་རེད།
རང་དབང་ཟེར་བ་དེའི་གོ་བ་ལེན་ཤེས་དགོས་པ་རེད། རང་དབང་ཡིན་ཟེར་ནས་མི་གསོད་པ་དང་། མི་ལ་གཅར་རྡུང་། སྤྱི་ཚོགས་ནང་ལ་དཀྲུག་ཤིང་། གཞན་དང་གཞན་ལ་གནོད་པའི་ལས་བྱས་ན་ཆོག་གི་མ་རེད། གཏམ་བརྗོད་རང་དབང་ཡིན་ཟེར་ནས་མིའུ་ཕྲུག་ནང་བཞིན་དཀྲུག་ཤིང་གི་སྐད་ཆ་བཤད་བསྡད་ན་དེ་འོས་ཤིང་མཚམས་པ་ཞིག་ཏུ་མཐོང་དཀའ།
ད་དུང་མགོན་པོ་ཕྱག་གཉིས་པས་ཞབས་འདྲེན་དེའི་ཨ་མ་ཡི་བློ་སྟོབས་ལ་ཧ་ལས་སོང་ཟེར། རྒྱུ་མཚན་ནི་མོས་དེ་ལྟ་བུའི་གནས་ཚུལ་ཚབས་ཆེན་ཞིག་ལ་བསམ་བློས་ངོས་ལེན་བྱེད་ཐུབ་འདུག་ཟེར། དེས་ན་ཁོས་སྔར་རྒན་དམ་པ་དཀྲུངས་མཁན་གྱི་ལག་དམར་དེ་དག་གི་བློ་སྟོབས་ལ་ཡང་ཧ་ལས་ཡོད་རྒྱུ་རེད
མིའུ་ཕྲུག་།་ངའི་ཕ་ཡུལ་ཁམས་ཕྱོགས་གཏམ་རྒྱུད་འདི་འདྲ་བ་ཞིག་ཡོད་པ་རེད་།མི་ཚང་ཤིག་ལ་བུ་མོ་མཛེས་མ་དཔེར་མེད་པ་ཤིག་དང།ཁོ་ཚོའི་སྡེ་བའི་དགོན་པའི་ནང་ན་བླ་མ་གྲུབ་ཐོབ་ཅིག་ཀྱང་ཡོད་པ་རེད་།བུ་མོ་སྡེ་བ་གཞན་ཤིག་གི་གཞོན་ནུ་ཤིག་ལ་བརྩེ་བ་ཆགས་ནས་གནའ་མ་འགྲོ་གྲབས་བྱེད་།ཁྱིམ་མིས་བླ་མ་ལ་མོ་འདེབས་གིན་བཅུག་པ་རེད་།་བླ་མས་གཞོན་ནུ་དེ་ནི་མ་རུངས་བ་ཤིག་ཡིན་ཚུལ་།སྲུང་མ་མི་ཡག་ཚུལ་།འཇིག་རྟེན་གྱི་འཁོར་བ་ལ་སྙིང་བོ་མེད་ཚུལ་།འདོད་ཆགས་ཟེར་བ་འདི་ཡག་པོ་མེད་ཚུལ་སོགས་ལབ་ནས་།བཀག་འགོག་བྱས་ནས་སོགས་བུ་མོ་དེ་གནའ་མ་འགྲོ་རྒྱུ་བཀག་འགོག་བྱས་ནི་རེད།བུ་མོ་དེས་བླ་མའི་ཁ་ལ་མ་ཉན་པར་ཕོ་གསར་དེ་དང་མཉམ་དུ་ཆང་ས་རྒྱབ་པ་རེད་།དེ་ནས་བླ་མས་གྲྭ་བ་དང་གྲོང་བ་ཚང་མ་སྐུལ་སློང་དང་།ཁ་མཁྲུག་བཤད་ནས་བུ་མོ་དེ་ཡག་པོ་མེད་ཚུལ་དང་།སྲུང་མ་སོགས་ཡག་པོ་མེད་ཚུལ་ལབ་ནས་།བུ་མོ་དེ་དང་མི་དགའ་བ་རྣམ་འགྱུར་མང་པོ་བསྟན་ནི་རེད།ཁྱིམ་མི་དང་སྡེ་བའི་མི་ཚང་མས་བླ་མ་འདི་བུ་མོ་འདི་ཐོག་ལ་འདི་འདྲ་ཤིག་ག་རེ་ཡིན་ནམ་ཟེར་ནས་དོགས་པ་ཟོས་ནས་བསྡད་པ་རེད།་ཉིན་ཞིག་བུ་མོ་ལ་ཕྲུ་གུ་ཤིག་སྐྱེས་བ་རེད་།་ཕྲུ་གུ་མཚར་ལོངས་བྱུང་ཡོང་དུས་།བླ་མ་དེ་པར་ལ་བརྒྱབ་པ་ནང་བཞིན་བྱུང་བ་རེད་།་དེ་ནས་སྡེ་མི་ཚང་མས་ཧ་གོ་ནས་།་གཏམ་དཔེ་འདི་འདྲ་ཤིག་ཁྱབ་ཡོད་ནི་རེད།དགའ་ན་བཀག་འགོག་བྱས་།་མི་དགའ་ན་བསྟོད་པ་བྱས་།
མིའུ་ཕྲུག་འདིའི་མཆན་སྔ་ཕྱི་རེའི་བར་ཡང་སྐད་ཆ་ཆེན་པོ་བཟོས་འགྲོ་གི་རེད། ངས། ་་མོ་རང་ལ་འདི་འདྲ་ཞིག་ངོས་ལེན་བྱེད་ཐུབ་པའི་བློ་སྐྱེད་དང་སྙིང་སྟོབས་དེ་ཅི་ལྟ་བུར་སླེབས་པ་ཡིན་ན་སྙམ། ་་ཞེས་བྲིས་པ་དེ། མིའུ་ཕྲུག་གིས། ་་མོས་དེ་ལྟ་བུའི་གནས་ཚུལ་ཚབས་ཆེན་ཞིག་ལ་བསམ་བློས་ངོས་ལེན་བྱེད་ཐུབ་འདུག་ཟེར། ་་ ཟེར་ནས་ངའི་སྐད་ཆ་དེའི་ངོ་བོ་རྦད་དེ་བསྒྱུར་འདུག ངས་དེ་གནས་ཚུལ་ཚབས་ཆེན་དེ་འདྲར་མཐོང་གི་མེད།
ངས་དེ་ལྟར་བཤད་དགོས་དོན་བོད་མི་རྒན་པ་མང་པོ་ཞིག་འདི་འདྲའི་སྐོར་ལ་མིའུ་ཕྲུག་ནང་བཞིན་བསམ་བློ་གུ་དོག་ཡིན་རྒྱུ་རེད་བསམ་གི་ཡོད་པ་རེད་དེ། མོ་དེ་ལཏར་མིན་པར་བསམ་རྒྱ་ཆེན་པོ་རེད།
མགོན་ཕྱག།ང་ཁྱོད་ལྟ་བ་དེ་གཏན་ནས་འཐད་གིན་མི་འདུག་།ང་ཚོ་གཞོན་སྐྱེས་ཚོ་ལས་རྒན་པ་དེ་ཚོ་བློ་ཁོག་ཆེན་པོ་རེད།ལྷག་པར་ཏུ་ཕོ་མོ་འཁྲིག་སྤྱོད་ཀྱི་ཐད་ནས།སྔོན་ཆད་ཁྱོ་ཤུག་གཉིས་གང་ཡིན་ཡང་མི་བཞན་ལ་ཆགས་པ་སྤྱད་ན་བཟའ་ཚང་འཐོར་འགྲོ་ཟེར་བའི་སྐད་ཆ་ཤིག་གོ་རྒྱུ་མི་འདུག།ཁྱིམ་ཐབ་བྱས་ནའང་ཕོ་མོ་གང་ཡིན་ཡང་དགའ་རོགས་བཙལ་རྒྱུ་དཔེ་འདྲ་བ་ཞིག་ཆགས་བསྡད་འདུག།ང་ཚོ་ཡུལ་ལ་།སྐྱེས་ཕོ་རབ་ཡིན་ན་སྟུ་ཁ་མི་རྩོད་ཟེར་བ་གཏམ་དཔེ་ཤིག་ཡོད་ནི་རེད།ད་ལྟ་ཁྱེད་བསམ་བློ་ཐོངས་དང་།མིའུ་ཐུང་གི་རྒན་མོའི་མི་གཞན་ལ་ཆགས་པ་སྤྱད་ན་།ཁོ་ག་རེ་བྱས་གིན་རེད།
ཁྱོད་བདེན་པ་རེད། འཁྲིག་སྤྱོད་ཕྱོགས་བོད་མི་ཚོ་གུ་ཡངས་པོ་ཡོད་པ་རེད། ངས་བཤད་པ་དེ་མཚན་མཐུན་འདོད་བརྩེའི་སྐོར་ཡིན་དེ། གཅིག་བྱས་ན་དེ་ལའང་ཉམས་ཞིབ་ཅིག་མ་བྱས་ན་བཤད་ཁག་པོ་རེད། ཁྱོད་བདེན།
མི་རིགས་གཞན་ལ་ཆང་ས་རྒྱག་པ་སོགས་ལ་བོད་མི་རྒན་པ་དེ་ཚོ་ངོ་མ་བསམ་བློ་གུ་ཡངས་པོ་རེད། ཁོ་ཚོས་ངོས་ལེན་བྱེད་ཐུབ་གི་འདུག གལ་སྲིད་ངས་ཁྱོ་ག་ཞིག་ལ་གཉེན་སྒྲིག་བྱས་ནས་ཕ་ཡུལ་ལ་ཁྲིད་ཕྱིན་ན་ད་ཅི་འདྲ་ཞིག་ཆགས་གི་ཡོད་མེད་མི་ཤེས། གནས་ཚུལ་དེ་ཕལ་ཆེར་ཕ་ཡུལ་གྱི་མཐའ་ཡས་པའི་རྩྭ་ཐང་ལ་ཤོང་མི་ཤོང་བཤད་ཁག་པོ་རེད།
བཙན་བྱོལ་གྱི་བོད་ལ་མཚོན་ན་རྒྱོ་རྒྱག་སྟངས་ལ་ཡར་རྒྱས་ཆེན་པོ་སོང་ཡོད་རེད། བོད་དོན་ཐད་ལ་ཡར་རྒྱས་གང་ཡང་སོང་ཡོད་པ་མ་རེད། མ་འོངས་པར་མནའ་མ་མགོ་སེར་རེ་དང་མནའ་མ་ཕོ་གསར་རེ་བོད་ནང་དུ་ཁྲིད་འགྲོ་རྒྱུ་དང་བུ་ཕྲུག་རིགས་རྫོད་རེ་དང་འདིའི་ཐད་ཀྱི་རིགས་གཅིག་རྐང་འཛིན་པ་རེ་བྱེད་རྒྱུ་ད་ལྟའི་ལས་འགན་ཡིན་པ་འདྲ།
ཁམས་ཕྲུག་།སྐད་ཆ་དེ་ང་འཐད་པ་འདུག་།བོད་མི་བོད་མི་ལ་ཆང་ས་རྒྱག་རྒྱུ་དེ་ང་འཐད་པ་འདུག་།ཨུ་ཁུང་གང་གི་ནང་རྒྱག་རྒྱུ་ཡིན་མེད་མི་སྒེར་གྱི་ཐག་གཅོད་རྒྱུ་བྱ་།་ད་བོད་ལ་ཕན་པའི་ལས་ཀ་བྱེད་བསམ་ན་རྒྱ་ནག་གི་མེ་ཡི་ལྕགས་རི་དམར་པོ་གཏོར་རྒྱུའི་ཐབས་ལམ་ལ་བསམ་བློ་ཐོངས་།དེ་མིན་སྐུ་ཞབས་རྐུབ་ལ་བསམ་བློ་མ་གཏོང་།
གོང་དུ་བཀོད་པའི་མཛེས་མ་དེའི་པར་རིས་མཐོང་སོང་ངམ་དྲ་ཐོག་འདི་འདྲ་ཞིག་གསལ་འདི་ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་སྡོད་ཡོད་ཅེས་འཆར་འདི།
གང་ལྟར་མཛེས་མ་དེ་མཐོང་མ་ཐད་སེམས་པ་ཤོར་ས་ཞིག་འདུག ཕར་བལྟ་ཚོད་ལ་བྱ་སྤྱོད་ཡོངས་རྫོགས་ངོ་མ་བུད་མེད་དངོས་གནས་ཞིག་ཁྱད་པར་ཅུང་ཟད་ཡོད་པ་མ་རེད་ལ་དོན་གྱིས་ཞབས་ཀྱི་རླིག་རིལ་བཅད་པ་དང་བྲང་ངོས་ཀྱི་ནུ་མ་གཉིས་པོ་གཤགས་བཅོས་བྱས་ནས་བཟོས་པ་ཞིག་ཡིན་པ་ལས་དེ་མིན་གཤིས་སྤྱོད་ཡོངས་རྫོགས་བུད་མེད་ཅིག་དང་འདྲ་ནི་རེད།
དྲ་བྱང་འདིར་གཟིགས་དང་ཤེས།
http://www.avexnet.or.jp/haruna-ai/index.html དེང་ཉི་ཧོང་སོགས་སུ་འདིའི་རིགས་དར་ཁྱབ་ཀྱང་ཆེན་པོ་རེད་ལ་མི་རྒན་གཞོན་ཚང་མའི་སེམས་སུ་རྒྱུན་ལྡན་ཞིག་ཏུ་ཆགས་ཡོད་པ་རེད།
བོད་མིས་ནང་ཁུལ་ཆང་ས་རྒྱབ་བསྡད་ན་མི་འབོར་ཡར་རྒྱས་འགྲོ་གི་མ་རེད། བོད་མི་ས་ཡ་དྲུག་ཡོད་ན་དེ་རེ་རེས་མི་རིགས་གཞན་པ་རེར་ཆང་ས་རྒྱབ་ན་ས་ཡ་བཅུ་གཉིས་ཆགས་པ་རེད།
ད་ལྟ་རྒྱ་མི་ལ་བུད་མེད་ཉུང་སྐྱོན་ཆགས་ཡོད་པའི་སྐབས་འདིར་ཕོ་རྒོད་རེ་རེས་རྒྱ་མོ་རེ་རེ་བོད་ལ་ཁྲིད་ཡོང་ཐུབ་ན་དེ་ཡང་མི་གྲངས་སྤེལ་ཐབས་ཀྱི་དམག་འཁྲུག་ཅིག་རེད། མི་རིགས་གང་ཡིན་མིན་དེ་གཙོ་བོ་མ་རེད། གཙོ་བོ་བོད་མི་རིགས་ཀྱི་ངོ་བོ་སྲུང་འཛིན་བྱེད་རྒྱུ་དེ་རེད།
རྒྱ་དང་ཁ་ཆེ་ཚོས་བོད་མོ་ཚོ་རྐུས་འགྲོ་གི་ཡོད་སྐད་འདུག ཚུར་རྐུ་བྱས་ན་ཕར་ཡང་རྐུ་བྱེད་དགོས་པ་རེད། གལ་སྲིད་དོ་བདག་སོ་སོར་འདོད་པ་ཡོད་པ་ཡིན་ན། མཚན་མཐུན་གཉེན་སྒྲིག་བཤད་ཅི་དགོས་སྟེ། ཁྱོ་ག་གཅིག་གིས་སྐྱེས་སྨན་དུ་མ་བསྟེན་པ་དང་། བུད་མེད་གཅིག་གིས་ཁྱོ་ག་དུ་མ་བསྟེན་ཆོག་པར་རང་དབང་གི་ཁྲིམས་ཁ་ཡངས་པོ་ཞིག་བཟོ་དགོས་པ་རེད། ཁྲིམས་ཟེར་བ་ནི་མི་ལ་དབང་ཡོད་བྱེད་སྤྱད་ཅིག་མིན་པར་མིའི་འདོད་མོས་ལ་སྲུང་སྐྱོབས་དང་གནོད་འགལ་གྱི་རིགས་བཀག་སྡོམ་བྱེད་སྤྱད་ཅིག་རེད།
སྤྱིར་ཕོ་མོ་ཕན་ཚུན་འགྱུར་རྒྱུ་ཡོད་པ་ཞིག་བཤད་མོད་དེ་དོན་ལ་གནས་པ་ཞིག་ཀྱང་རེད།
སྐྱེས་དུས་ཕོ་མཚན་ཡོད་པ་ལས་གཞན་ཚང་མ་མོ་ཡི་རིགས་སུ་གཏོགས་པ་མང་བོ་ཡོད་ལ་ཆེད་མཁས་སྨན་པ་ཁག་ཅིག་ཟེར་དོན། དེའི་རིགས་མའི་མངལ་དུ་ཡོད་སྐབས་མའི་ལུས་སེམས་སུ་རྒྱུན་ལྡན་མ་ཡིན་པའི་དཀའ་ངལ་འདྲ་མིན་འཕྲད་པ་ལ་བརྟེན་ནས་ཕྲུག་གིས་ལུས་སོགས་འཚར་ལོངས་ཡོངས་རྫོགས་བྱུང་མ་ཐུབ་པ་རེད་ཟེར་མཁན་ཡོད།
ཡང་བསྐྱར་མཛེས་མ་ཞིག་དྲ་བྱང་བཏང་ཡོད་དེ་གཟིགས་དང་།
http://www.tsubaki-ayana.jp/ མོ་ཡང་དེང་ཐོག་སྐྱེས་དུས་ཕོ་རྟགས་ཐོགས་པ་ཞིག་ཡིན་ལ་རྗེས་གཤགས་བཅོས་བྱས་ནས་མོ་རུ་བསྒྱུར་བ་དང་མཉམ་དུ་ཉི་ཧོང་དུ་དེང་ཐོག་དེབ་སྐྱེལ་བྱས་ཟིན་པའི་ཕོ་མིང་དེ་ཡང་མོ་རུ་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཟིན་པ་ཞིག་རེད།
ཨ་ཨ་ད་ཡིན་ན་གངས་རིའི་བུས་བཤད་ཡོད་ཀི
ཚེ་རིང་སྐྱིད་ལགས། ཁྱེད་ཀྱིས་འདི་འདྲ་གསུངས་འདུག
གཞན་ངས་ཞུ་རྒྱུ་ཞིག་ལ། དྲ་ཚིགས་ནང་གི་མི་ཞིག་གིས་ང་དང་བསམ་ཚུལ་མ་མཐུན་པས་གཏིང་ནད་ལ་བཟུང་ཏེ་ངའི་ འདྲ་པར་མང་པོ་ཞིག་གི་མགོ་བཅད་དེ་གཟུགས་གཞན་གྱི་སྟེང་ལ་སྦྱར་ནས་དྲ་ངོས་ལ་ བཀྲམས་ཀྱིན་ཡོད་པས། ད་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ངོ་མ་ཇི་ལྟར་མི་ཞིག་བྱ་དགོས་མིན་ཡང་ཤེས་པ་ མི་འདུག དེ་བས་འདི་ལྟ་བུའི་ཐབས་རྡུགས་དང་འུ་ཐུག་གི་བྱ་ངན་སྤེལ་མཁན་ཚོ་ཡང་བོད་མི་ རེད་ཨང་།
སྐད་ཆ་འདི་ཚོ་བདེན་པ་ཡིན་ན་ནི། དངོས་ནས་ཡག་པོ་མ་རེད། མི་དེ་ཡི་རིགས་ནི་ཤེས་པ་ཡིན་ན་ཡིན་གཅིག་མིན་གཅིག་དྲ་ཐོག་དུ་འཁྱེར་ནས་ཤོག ང་ཚོས་རང་གི་རིགས་ཀྱིས་མིའི་ནོར་འཁྲུལ་བྱེད་ཀྱི་ཡོད་པ་དེ་དག་གླེང་དགོས། ངས་འདི་ནས་གསལ་བོ་ཞིག་བཟོ་དགོས་པ་དེ་ནི་འུ་གཉིས་དྲ་ཐོག་འདི་ནས་མཚན་མཐུན་ཆགས་སྤྱོད་ཀྱི་སྐོར་ལ་བསམ་ཚུལ་མ་མཐུན་པ་དེ་ལས། ཉིད་ལ་ཚུགས་པ་ཟ་བ་དང་གཏིང་ནད་འཛིན་དགོས་པ་དེ་འདྲ་གང་ཡང་མེད་ལགས།
གལ་ཏེ། ངས་ཉིད་ལ་ཚིག་ཁ་ཤས་རེ་རང་གི་བསམ་ཚུལ་བཤད་པ་དེ་ཉིད་ལ་འཕོག་འདྲ་ཡོད་ན་དགོངས་དག་ཞུ། ད་ནི་ཤེས་སོང་། རྗེས་ཕྱོགས་ནས་ཁྱེད་ཉིད་ལ་རྩོད་པ་བྱེད་པ་དང་བསམ་ཚུལ་བགྲོ་གླེང་མི་བྱེད་ཁོ་ཐག་ཡིན། གང་ཡིན་ཟེར་ན། ཉིད་ཀྱིས་སྐད་ཆ་བཤད་ཕྱོགས་ལ་བལྟས་དེ་འོང་དུས། ཁྱེད་ལ་གཏིང་ནད་བྱེད་མཁན་ལྟ་བུ་ཞིག་དུ་གསུངས་བཞིན་འདུག ང་ནི་ཁྱེད་ལ་གཏིང་ནད་འཛིན་དགོས་པའི་གནད་དོན་དེ་འདྲ་རྩ་ནས་མེད་པ་ཐུགས་འཇག་འཚལ་ལོ།
བསམ་ཚུལ་མ་འདྲ་བ་ཞིག་སླེབས་ན་ངེས་པར་དུ་ཁྱོད་རྒྱལ་ང་ཕམ་མམ་ཡང་ན། ལམ་སེང་རྒྱ་ནག་དང་སྦྱར་མཁན་དེ་འདྲར་ངས་ང་དགའ་བོ་མེད་ཟེར་བ་ལས་གཞན་གང་ཡང་བཤད་མེད། ངས་དེར་གསལ་བཤད་ཙམ་བྱས་པ་ཡིན། མི་སུ་ལ་ཡང་རང་རང་གི་རྣམ་དཔྱོད་དང་བློ་དཀྱེད། བསམ་བློ་ལ་དཔག་པའི་ལྟ་བ་རེ་ཡོད་ཆོགམོད། ལྟ་བ་གང་ཞིག་ཚད་མར་འགྱུར་བར་སུས་ཀྱང་ཚད་མའི་དོན་འགྲེལ་དང་རྒྱབ་ལྗོངས་ཤིག་མཚོལ་ཐུབ་གི་མ་རེད།
ངས་དུས་ནམ་ཡང་བསམ་ཚུལ་ནི་བསམ་ཚུལ་རང་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བསམ་ཚུལ་དེར་གླེང་དགོས་པ་ཡང་རང་གི་འོས་འགན་རེ་འདོད་ཀྱིན་ཡོད། ཡིན་ན་ཡང་བསམ་ཚུལ་གང་མང་གི་ཐོག་ནས་མི་མང་པོ་ཞིག་གིས་དུས་ནམ་ཡང་སྒེར་སྤྱོད་དང་སྒེར་གཤིས་ལ་གནོད་པའི་ལས་ཀ་མང་པོ་ཞིག་འདི་ལྟ་བུའི་གནད་དོན་འོག་ནས་བརྩམས་ཡོང་གི་འདུག
དྲ་གྲོགས་ལགས། དྲ་འབུ་ཞིག་གིས་ངའི་པར་ཞིག་ཨེ་ཤ་ཡའི་བུད་མེད་ཅིག་གི་གཅེར་གཟུགས་སུ་སྦྱར་ནས་ད་དུང་དེའི་རྒྱབ་ཏུ་བོད་ཀྱི་རྒྱལ་དར་ཞིག་བཞག་ནས་ཡར་བཀྲམས་མར་བཀྲམས་བྱས་ཡོད་པ་དེ་ཉིན་ཤས་གོང་གི་བྱ་བ་ཞིག་ཡིན། གནད་དོན་དེར་ཧང་སངས་ཡ་མི་འདུག་ལ། ང་སྒེར་གྱི་ཡིག་སྒམ་དུ་ཡང་དེ་ལྟ་བུའི་གནས་ཚུལ་མང་པོ་བྱུང་མྱོང༌།
ཨ་ལ་ལ་ལ། མདངས་དགོང་འདི་ཚོས་བྲིས་ཡོད་ཀི་ཡ། གཉིད་མ་ཁུགས་པ་འདྲ་འདུག ངོ་ནས་རང་རིགས་ལ་ཤ་ཚ་ཞིག་ཐུགས་ཁུར་ཡོད་པའི་རྟགས་སུ་མངོན། འོན་ཀྱང་ང་དོགས་པ་ཡོད་པ་ཁ་ཤས་སྐོར་ལ་བགྲོ་གླེང་བྱས་མི་འདུག དེ་ནི་སྐྱག་ཁུང་ནང་དུ་བྱས་པའི་སྐབས་སུ་ཚ་རྒྱུ་ཡིན་པ། བྱས་པའི་རྗེས་སུ་སྐྱག་དྲིས་ཉལ་ཁང་ཡོངས་རྫོགས་རྒྱང་རྒྱུ་ཡིན་པ། རྒན་འགོ་ཆགས་ན་སྐྱག་པ་འགོག་ཐུབ་རྒྱུ་མིན་པ། ད་རུང་ཁ་ཤས་ཀྱིས་བཤད་ན་སྐྱག་ཁུངས་ནས་ན་ཚ་འཇིགས་སུ་རུང་བ་ཞིག་ཀྱང་འགོས་གི་ཡོད་སྐད་འདུག འོ་ད་རུང་གཅིག་ནི་ཆགས་པ་སྤྱོད་སྐབས་འོ་བྱེད་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་གཅིག་གི་སྐུབ་ལ་རྒྱོ་ན་གཅིག་གི་ར་ཀོག་ཀྱེན་དུ་ལངས་ཡོད་ན་ འོ་འོ་ད་ཀ་འདྲས་ཟིག་ཆགས་པ་སྤྱོད་དགོས་པ་རེད། དེ་ལས་ངོ་ནས་དྲངས་ནས་ཚེ་རིང་སོང་ན་རིག་རྒྱུ་མཐོང་རྒྱུ་མང་གི་ཡ།
ཡ་རྩམ་དགའ་ལགས། ཁྱོས་ང་ལ་རྒྱབ་རོགས་ཤིག་གནང་དང་། གཉིད་ཁུག་མ་འདུག་ཡ།
ཚེ་རིང་སྐྱིད་ལགས། ཁྱེད་ཀྱི་བཤད་པ་གནས་ལུགས་ཡོད་ཀི ངས་དངོས་ནས་འདྲ་དཔར་དེ་འདྲ་བེད་སྤྱོད་གཏོང་མཁན་དག་གི་མི་དེ་ཚོ་དངོས་ནས་ཤེས་ན་འདོད་ཀྱང་། ཤེས་ཀྱང་ཕན་ཐོག་གང་ཡོད། རེ་བ་ལ་མི་དེ་དག་གིས་རང་ནོར་ལ་བསམ་ཤེས་ཤིག་བྱེད་ཐུབ་པར་ཤོག
བྱིས་འཛགས་དང་མཚན་མཐུན་འདོད་བརྩེ། ཁ་དང་བཤང་བགྲོད་མཇེ་ནིས།ལྕེ་ཉུག་སོགས་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་ཞེས་པ་ལྟར་རྐྱེནཔ་རླུང་གི་བརྡ་འཕྲིན་གསར་བའི་བརྒྱུད་ལམ་ནས་སའི་གོ་ལ་འདིའི་གྲུ་ཟུར་ཀུན་ཏུ་ཁྱབ་འགྲོ་བཞིན་པ་རེད། སྔོན་ཆད་་ལས་མང་ནས་མང་དུ་འཕེལ་འགྲོ་བཞིན་པ་རེད།
ད་ཡིན་ན། སྔོན་མ་བྱིས་འཛགས་བྱེད་མ་མྱོང་མཁན། མཚན་མཐུན་འདོད་བརྩེའི་ཚོར་ཤུགས་སླེབས་མ་མྱོང་མཁན། ཁ་དང་བཤང་ལམ་ལ་བཏང་མ་མྱོང་མཁན། ཁ་འཇི་དང་ལྕེ་ཉུག་བྱེད་མ་མྱོང་མཁན་དང་དབང྄་རྩའི་ཆགས་བཀོད་ཐང་ཐང་དང་འགྲིག་བསྡད་ཡོད་མཁན་ཚོའི་དབང་རྩ་དང་སེམས་ཁམས་ལའང་སྒུལ་སྤྲུགས་ཐེབས་ཀྱིན་ཡོད་པ་རེད།།
སྔོན་བྱུང་མཁས་བ་ཞིག་གིས། གོམས་ན་སླ་བར་མི་འགྱུར་བའི།།དངོས་དེ་གང་ཡང་ཡོད་མ་ཡིན།། ཞེས་གསུངས་པ་བདེན་པ་རེད། ཡིན་ནའང་གོམས་ཚད་ལོབས་ཚད་ཚང་མ་རང་དབང་གི་ཁ་གཡང་དང་དཀྱེལ་ཡངས་ཀྱི་ཀློང་ཡངས་ནས་བཏང་སྙོམས་སུ་འཇོག་དགོས་པའི་ངེས་པ་ཡང་ཡོད་པ་མ་རེད།
འཇིབ་ལྡག་དང་ལྕེམ་ཉུག་སོགས་བདེ་བ་བསྐྱེད་པའི་མཆོག་དམ་པ་ཡིན་ཡང་། འདོམས་ཀྱི་འབུ་སྲིན་བཤང་ལམ་དུ་བསྐྱེད་པ་དང་བཤང་ལམ་གྱི་ཕྲ་འབུ་ཁ་་དང་།ཁའི་འབུ་ཕྲ་འོག་ཏུ་སྐྱེལ་ནས་འབུ་སྲིན་གྱི་གནས་ཡུལ་སྤོ་བ་འདི་ན་ཚ་གསར་བ་བསྐྱེད་པ་དང་ཁམས་འཁྲུག་པའི་ལས་རྩོམ་པར་བསམས་ཚེ། རང་འགྲིགས་མཚན་ལམ་དུ་བསྐྱོད་པ། མཛུབ་དཀྲུགས་དང་ཡན་ལག་ལྔ་བས་བསྲུབས་པ། བརླ་བར་དུ་བསྐྱོད་པ། འགྱིག་མཚན་གྱིས་བསྐྱོད་བགྲོད་སོགས་འཕྲོད་སྟེན་ལ་དེ་འདྲ་མི་གནོད་བསམས།།
ལྕེམ་ཉུག་མ་རེད་ལྕེ་ཉུག་རེད།
བཤང་ལམ་དུ་བསྐྱེད་ལ་བཤང་ལམ་དུ་སྐྱེལ་ལ་བཅོས་འཚལ།
ངན་སྐྱུག ་་་་ ་་་་་ ་་་་་ ་་་་་་སློངས། །
རྩོམ་སྒྲིག་པ་ལགས་།འདི་དྲ་ཚིགས་དངོས་སུ་བཀོད་རོགས་མཛོད།
རྒྱ་ནག་མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།
མེ་རི་གཏོར་མཁན་ནས།
གོང་དུ་ངོ་སྤྲོད་བྱས་ཡོད་པ་བཞིན།་རྒྱ་ནག་གཞུང་གིས་མེ་རིའི་ལྕགས་རི་ཟེར་བ་དེ་བེད་སྤྱད་ནས་རྒྱ་ནག་ས་ཁོངས་ཀྱི་ཕྱི་ཡི་དྲ་རྒྱ་ཚང་མ་རྒྱ་ནག་ཏུ་ནང་ལོགས་སུ་འགྲོ་སྐབས་བྱེ་མ་བཙག་པ་ནང་བཞིན་བཙག་ནས།་གཞུང་གི་མི་འདོད་པའི་དྲ་རྒྱ་ཚང་མ་འགོག་ཐབས་བྱེད་བཞིན་ཡོད་པ་རེད་།
ཇི་ལྟར་འགོག་བཞིན་ཡོད་དམ་ཞེ་ན།
དང་པོ་།་གྲངས་གནས་ཟེར་བ་དབྱིན་ཇིའི་སྐད་དུ་IP address་དང་རྒྱའི་སྐད་དུ་ 网络地址་ཟེར་བ་དེ་འགོག་བཞིན་ཡོད་པ་དང་།་འདི་ནི་དྲ་ཚིགས་ཡོང་ཁུངས་ཀྱི་ཕྱི་མཛོད་ལྟ་བུ་ཡིན་པས་འདི་བཀག་པ་ཡིན་ན།་མཛོད་ཀྱི་སྒོ་རྒྱབ་པ་ནང་བཞིན་།དྲ་ཚིགས་འཆར་མི་ཐུབ་པ་ཞིག་བཟོ་ཡོང་དགོས་རེད།་
གཉིས་།་ཁ་བྱང་གཙོ་བོ་DNS་Domain Name System ་领域名称系统དྲ་གནས་ཀྱི་ཁ་བྱང་གཙོ་བོ་དེ་བཀག་ནས་།་ཁ་བྱང་དེའི་ནང་དུ་འགྲོ་མི་ཐུབ་པ་ཞིག་བཟོ་ཡོང་དགོས་བ་རེད་།་http://www.tibet.net་ལྟ་བུའི་བོད་གཞུང་དྲ་ཚིགས་ལྟ་བ་ལ་མཚོན་ན་།་དྲ་ཚིགས་ཀྱི་མིང་ཆ་ཚང་བ་།གོང་གི་མེ་རིའི་ལྕགས་རི་ནང་ནས་ཐར་མི་ཐུབ་པ་ཞིག་བཟོས་ཡོད་པ་རེད་།་
གསུམ་།་སྤྱིའི་མཛོད་ཁ་བྱང་URL Uniform Resource Locator 一致资源定址器 HTTP་ཟེར་བ་དེ་ཡིན་ཞིང་།འདིས་དྲ་ཚིགས་ཀྱི་མཛོད་གང་དུ་ཡོད་པའི་ཕྱོགས་སྟོན་བཞིན་ཡོད་།་མེ་རིའི་ལྕགས་རི་ནང་ཕྱོགས་སྟོན་མི་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་རེད་།
བཞི།ཁུག་མ་བཙག་པ་Packet Filtering་封包过滤་ཟེར་བ་ནི་ཚིག་དང་ཚིག་སྤྱོར་མི་འདྲ་རྣམས་།བཀག་ཏེ་།་མེ་རིའི་ལྕགས་རི་ནང་དུ་ཐར་མི་ཐུབ་པ་ཞིག་བཟོ་བཞིན་ཡོད་པ་དེ་ལ་ཟེར་།་དཔེར་ན་རྒྱ་ནག་ནང་ནས་རྒྱ་ཡིག་དང་དབྱིན་ཇིའི་རྒྱལ་བ་རིན་པོ་ཆེ་དང་།་བོད་རང་བཙན་ཟེར་བ་སོགས་བཙལ་སྟོན་ཁུང་མིག་ཏུ་སྤྱར་ན་།་རྒྱ་ནག་རང་གི་ལྟ་བ་མཚོན་པའི་དྲ་ཚིགས་ཐོན་པ་ལས་།་མེ་རིའི་ལྕགས་རི་ཕྱི་ལོགས་སུ་དྲ་ཚིགས་ཡོང་མི་ཐུབ་པ་བཟོ་ཡོད་པ་རེད་།་བོད་ཡིག་བཀོལ་མཁན་མཚོན་ན་།་འདི་ཤིན་ཏུ་གལ་ཆེན་པོ་རེད་།་རྒྱ་ནག་གི་བཙལ་སྟོན་དྲ་བ་ཆེ་ཤོས་http://www.baidu.com་སོགས་ལ་བོད་ཡིག་རྩ་བ་ཉིད་ནས་འཆར་རྒྱུ་མེད་པ་བཟོས་ཡོད་པ་དང་།་ རྒྱ་ནག་ནང་ཁུལ་དུ་ཡོད་པའི་http://www.google.cn དང་ཕྱི་རུ་ཡོད་པའི་གཉིས་ཀྱི་ནང་དུ་བོད་ཡིག་བཙལ་སྟོན་བྱེད་ཐུབ་ཀྱིན་འདུག་།་རྒྱ་གཞུང་གི་བོད་ཡིག་གི་ཚིག་གང་དང་ཚིག་སྤྱོར་གང་འདྲ་ཤིག་ད་དུང་བཙལ་མི་ཐུབ་པའི་གྲས་སུ་བཞག་ཡོད་པ་མ་ཤེས་།
ལྔ་།་དྲ་གནས་ཁ་བྱང་བཞན་དུ་བསྒྱུར་པ་།་དཔེར་ན་མི་ཞིག་བསམ་བཞིན་དུ་།་བོད་གཞུང་གི་དྲ་ཚིགས་བཙལ་ན་།་དེ་ལ་མི་འགྲོ་བར་རྒྱ་གཞུང་གི་བོད་དོན་་སྐོར་གྱི་དྲ་ཚིགས་སུ་འགྲོ་བཞིན་པ་ལྟ་བུ་རེད་།
མེ་ཡི་ལྕགས་རི་ཇི་ལྟར་གཏོར་ཚུལ།
རྒྱ་གཞུང་གི་སྒོར་དུང་ཕྱུར་ཁ་ཤས་དང་།་མི་ཁྲི་ཕྲག་ཁ་ཤས་བེད་སྤྱད་ནས་།་དྲ་རྒྱ་ལ་དོ་དམ་དང་།་ཕྱི་ནང་གཉིས་ཀྱི་དྲ་ཚིགས་བཀག་འགོག་བྱེད་བཞིན་ཡོད་མོད་།་མེ་ཡི་ལྕགས་རི་ནི་ལས་སླ་བོ་གཏོར་ཐུབ་པ་ཡོད་།་བོད་ནང་གི་བོད་པ་ཚོས་ཀྱང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལྟར་ཐབས་ཤེས་འགའ་སྤྱད་ན་།་ཕྱིའི་དྲ་རྒྱ་ཚང་མ་བལྟ་ཐུབ་པ་མ་ཟད་།་རྒྱ་ནག་གཞུང་གི་་གཏན་ནས་ཤེས་བ་མེད་པ་ཞིགབཟོ་ཐུབ་ཀྱིན་རེད་།ཐབས་ཤེས་འདི་ལ་བོད་སྐད་དུ་ལྕགས་རི་གཏོར་བ་ཞེས་བསྒྱུར་ན་ལེགས་ཞིང་།་རྒྱ་མི་དག་གི་代理主机་་ཞེས་དང་ཐབས་ཤེས་དེ་བེད་སྤྱོད་གཏོང་མཁན་གྱི་མི་དག་གིས་རྒྱ་ནག་གི་སྐད་དུ་་翻墙་་དོན་གྱི་ལྕགས་རི་ལས་མཆོང་བ་ཟེར་གྱིན་ཡོད་པ་དང་།་དབྱིན་ཇིའི་Proxy serverཟེར་གྱིན་ཡོད།་
དང་པོ་ཕྱི་རྒྱལ་དུ་ཡོད་པའི་།་ལྕགས་རི་ལས་མཆོང་བྱེད་ཀྱི་ཅ་ལག་མང་པོ་བཟོས་ཡོད་པ་དང་།་དེའི་ནང་ནས་སྙན་གྲགས་ཅན་གྱི་ཅ་ལག་རང་གི་གློག་ཀླད་ནང་དུ་བཅུག་དགོས་། ཕྱི་རྒྱལ་དུ་ཅ་ལག་འདི་ལྟ་བུ་ཤིན་ཏུ་མང་པོ་ཡོད་པ་དང་།་མང་ཆེ་ཤོས་སྒོར་སྐར་མ་གང་ཡང་མི་དགོས་།་རིན་མེད་དུ་འབུལ་བཞིན་ཡོད་།་སྐད་གྲགས་ཆེ་ཤོས་ནི་རྒྱ་ནག་གི་ཧྥ་ལོན་གུང་དག་གིས་བཟོ་བའི་FREEGATE་་མིང་ལ་རང་དབང་གི་སྒོ་ཆེན་ཟེར་དེ་ཡིན་ཞིང་།་འདི་མི་སྒེར་སོ་སོའི་གློག་ཀླད་ནང་དུ་བཅུག་པ་ཡིན་ན་།རྒྱ་ནག་གི་མེ་རིའི་ལྕགས་རི་ནང་ནས་རང་དབང་གི་ཕར་ཚུན་འགྲོ་ཐུབ་པ་ཤིག་ཡོད་པ་རེད་།་ང་ཚོ་ཕྱི་ན་ཡོད་པའི་བོད་མི་ཡོངས་ཀྱིས་ནང་རང་གི་གྲོགས་པོ་དང་།་ཉེ་འཁོར་ཚང་ལ་ལབ་ཏེ་།་ཅ་ལག་འདི་གློག་ཀླད་ནང་དུ་བསྡུ་ཐུབ་པ་བྱ་དགོས་།་ངའི་གྲོགས་པོ་འགའ་ཤས་ཀྱི་འདི་བེད་སྤྱོད་ནས་།་དུས་རྒྱུན་ཁ་བརྡ་དང་།་ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།་བོད་གཞུང་གི་དྲ་རྒྱ་སོགས་ལ་བལྟས་ནས་ལོ་འགའ་ཤས་འགོར་བཞིན་།་གནད་དོན་གཅིག་ཀྱང་བྱུང་མི་འདུག་།་གཞུང་འབྲེལ་མ་ཡིན་ཚོགས་པའི་དམངས་གཙོ་དོན་གཉེར་བ་ཚོས་ཀྱང་ཅ་ལག་འདི་བཀོལ་སྤྱོར་བྱ་དགོས་བའི་རེ་བ་འདོན་གིན་འདུག།
གཉིས།་རྒྱ་ནག་ནང་གི་དྲ་ཚིགས་སྟེང་ནས་།་དྲ་འཕྲིན་སོགས་དང་་ཁ་བྱང་མི་བཟོ་བ་།་རྒྱ་ནག་དྲ་འཕྲིན་མང་ཆེ་ཤོས་ཀྱི་རྗེས་སུ་cnཟེར་བ་དེ་ཡོད་ཅིང་།དེ་མེད་པ་ཡང་མང་པོ་འདུག།།་གང་ལྟར་ཞབས་ཞུའི་ས་ཚིགས་Server 服务器 རྒྱ་ནག་དུ་ཡོད་པ་རྣམས་ཀྱི་དྲ་འཕྲིན་བེད་སྐྱོབ་གཏོང་རྒྱུ་མེད་།དཔེར་ན་རྒྱ་ནག་གསང་བའི་ལས་ཁུངས་ཀྱིས་སྒེར་གྱི་འཕྲིན་ཡིག་སོགས་བལྟ་བསམ་ན་།ཐད་ཀར་དྲ་རྒྱའི་ཞབས་ཞུའི་ས་ཚིགས་ལ་ཁ་པར་ལམ་སང་ཁ་པར་བཏང་ན་།་ཁོ་ཚོས་ཁ་ཕྱེ་ནས་བལྟ་ཐུབ་གིན་རེད།རྒྱུ་མཚན་ནི་རྒྱ་ནག་སྲིད་གཞུང་གིས་དྲ་རྒྱ་ཚོགས་པ་གང་བཤད་ཀྱང་ཁོ་ཚོས་ཁས་ལེན་དགོས་ནི་རེད་།ཁོ་ཚོ་ལ་དེ་ལྟར་མིན་ཟེར་བའི་དབང་ཆ་ཡོད་པ་རེད།་ལོ་འགའ་ཤས་ཀྱི་སྔོན་ལ་རྒྱ་ནག་ཡ་ཧོ་ཡིས་རྒྱ་ནག་དམངས་གཙོ་དོན་གཉེར་བ་གཉིས་ཀྱི་འཕྲིན་ཡིག་གི་གསང་གྲགས་སྤྱི་བདེ་ལས་ཁུངས་ལ་བྱིན་ཏེ།མཐར་སྤྱི་བདེ་ལས་ཁུངས་ཀྱི་མི་དེ་གཉིས་འཛིན་བཟུང་བྱས་ཏེ།ལོ་འགའ་ཤས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།རྒྱུ་མཚན་དེའི་དབང་གིས་གྷོ་གྷིལ་གྱི་དྲ་འཕྲིན་གྱི་རང་གི་ཞབས་ཞུའི་ས་ཚིགས་དེ་རྒྱ་ནག་གི་ཕྱི་རོལ་ན་ཡོད་པ་དང་།ཉེ་ཆར་རྒྱ་གཞུང་གིས་ཨ་རི་ལ་བོད་ཀྱི་སློབ་མ་ཤིག་གི་དྲ་འཕྲིན་གྱི་གསང་གྲངས་སོགས་ཁྲིམས་འགལ་གྱི་སྟེང་ལེན་གྲབས་བྱེད་དུས་གྷོ་གྷིལ་གྱིས་ཤེས་ནས།རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པ་སོགས་གནས་ཚུལ་དེ་བྱུང་བ་རེད་།
གོང་གསལ་གྱི་ཐབས་ཤེས་དེ་གཉིས་བེད་སྤྱད་ནས་བོད་ནང་གིས་བོད་པ་ཚོས་རྒྱ་ནག་གཞུང་གིས་ཤེས་བ་མེད་པར་།་ཕྱི་ལོགས་ཀྱི་དྲ་རྒྱ་ཚང་མ་བལྟ་ཐུབ་པ་དང་།གསང་འཕྲིན་བསྐུར་ཐུབ་།འདི་ཤིན་ཏུ་གལ་ཆེན་པོ་རེད་།་བོད་དོན་རྒྱལ་སྐྱོབ་ཚོགས་པ་ཤིག་གི་ངེས་པར་ཏུ་ལས་ཀ་འདི་བྱེད་དགོས།བོད་ཀྱི་གསར་འགྱུར་ཁག་ནས་འདི་ཁྱབ་སྤེལ་རྒྱ་ཆེན་པོ་བྱེད་དགོས་།ལྷ་ཁང་གསེར་ཁང་སྟོང་གཅིག་བཞེངས་བ་ལས་།བོད་ནང་གི་དད་ལྡན་དག་ལ་སྐྱབས་མགོན་ཏཱ་ལ་བླ་མའི་གསུང་གོ་ལ་ཕན་ཐོགས་པ་དེ་དགེ་བ་ཆེ་།རང་དབང་ཅན་གྱི་རྒྱལ་ཁབ་ནས་རྔམ་སྟོན་ལ་ཐེངས་སྟོང་འགྲོ་བ་ལས་།བོད་ནང་གི་མི་གཅིག་ལ་ཕྱི་ནང་གི་དྲ་རྒྱ་བལྟ་ཐུབ་པའི་སློབ་སྤྱོང་སྤྲད་ན་དེ་ལ་ནུས་བ་ཆེ།བོད་ཀྱི་ཚགས་པར་འགོད་མཁན་དང་།རླུང་འཕྲིན་བཤད་མཁན་དག་གི་ངེས་པར་ཏུ་འདི་སྐོར་གྱི་གསར་འགྱུར་མང་པོ་སྤེལ།བོད་གཞུང་ལའང་འདིའི་རྒྱུ་མཚན་ཤོད།དེ་བཞིན་བོད་ནང་གི་བོད་མི་ཚོ་ལ་ཁ་པར་གཏོང་དུས་འདི་སྐོར་གྱི་ཁ་བརྡ་བྱོས།
ཡ་ཡ་མེ་ཡི་ལྕགས་རི་སྟོར་མཁནལགས། བོད་ནང་ནས་ youtube བཀག་ནས་རྒྱུན་རིང་སོང་ཟིན། དེ་ན་བོད་ནང་ནས་དེ་ལ་བལྟ་བའི་ཐབས་ཤེས་གོ་བདེ་ཞིག་གསུངས་རོགས།།
གཅིག་།FREEGATE་ཟེར་བ་དེ་རང་གི་གློག་ཀླད་ནང་དུ་བླུགས་།་
གཉིས་།་དེ་ཐོག་ཏུ་གནན་ན་དྲ་ཚིགས་ཤིག་ཐོན་ཡོང་
གསུམ་།་དྲ་ཚིགས་དེའི་དེའི་གོང་གི་དྲ་གནས་ཁ་བྱང་ལ་youtube་སྤྱར་ན་།་youtube་ཐོན་ཡོང་གིན་རེད།
ཡ་ཡ་མེ་རི་གཏོར་མཁན་ལགས་ལ་ཐུགས་རྗེ་ཆེ། ངའི་རྒྱ་མོ་ངོ་ཤེས་དེ་ལ་དེ་རིང་ཁ་པར་གཏོང་གི་ཡིན།
སྔོན་མ་ཟིག་ཀ་རྒྱ་ནག་ཚང་གི་སྲིད་ཇུས་ཟིག་ཡིན་ནས་ན། སྡེ་བ་ཚོ་བ་ཚོའི་སྲིད་ཇུས་ཟིག་ཡིན་ནས་མི་ཤེས་ལ། ལུག་དང་ར་མ་ལ་སྟོན་ཁ་ཕྲུ་གུ་རྩེབ་ཀི་མི་འཇུག་ཟེ་ནས། ད་ར་བོ་ཐོད་ལིག་དང་ལུག་ཁྲོམ་ཕོ་ལུག་ཚོ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་རི་སྒང་ཅིག་ལ་བཞག་པ་རེད། དེར་བལྟ་རྟོག་བྱེད་མཁན་སྡེ་བའི་ནང་གི་ཕོ་སར་སྟག་འདྲ་བ་གཉིས་རེ་གཉིས་རེ་བཏང་བ་རེད། ར་ཐིག་དང་ལུག་ཐིག་ཚང་མས་ར་ཁང་ལུག་ཁང་ནས་དེང་སང་གི་མཚན་མཐུན་ཆགས་སྤྱོད་ཀྱི་འགོ་བཙུགས་དང་ཟིག ད་བསམ་བློ་ཟིག་བཏང་དུས་ཁོང་ཚོ་ད་དེང་རབས་ཅན་དང་རང་དབང་རང་འཐད་ཟེར་རྒྱོ་རེད་ཡ། ང་ཚོ་སྡེ་བའི་བྱི་ལི་ཟིག་གཉིད་ཁུག་ནས་རྨི་ལམ་སྐྱིད་པའི་སྒང་ལ་རྐུབ་ཟེར་ནོ་ཚ་ཤག་སེ་བུད་སོང་ཟིག གཉིད་གཅིག་སད་དུས་གཞན་དེས་མཇེ་ར་རྐོག་འདྲ་བོ་ཁོའི་རྐུབ་ལ་བཙུགས་བསྡད་ཡོད་ཟིག བྱི་ལི་དེ་རླུང་ལངས་ཐག་ཆོད་ནས་ལུག་རྫི་ནས་མ་བསྡད་པར་སྡེ་བ་ནང་དུ་བྲོས་ཡོང་ནས་སྡེ་དཔོན་ཚང་ལ་སྙན་ཞུ་ཕུལ་དང་ཟིག སྐད་ཆ་དེ་སྡེ་བའི་ནང་ལ་རླུང་ལྟར་གྱགས་སོང་ཟིག དེ་ནས་དེ་རྒད་པོ་གཞན་པ་དེའི་སྐྱེས་སྨན་གྱིས་ཤེས་སོང་ནས་རྒད་པོ་ལ་གཟའ་འཁོན་ཇ་རྒ་རྡུང་རྡུང་ཡེ་དང་ཟིག་ཡ།
བུ་མོ་གཡུག་སྟེ་བུའི་སྒང་ལ་མཆོངས་པ་དང་། བོད་ཀྱི་སྐད་ཡིག་གཡུག་སྟེ་སྐད་ཡིག་གཞན་པའི་སྟེང་མཆོངས་པ། གྲྭ་ལ་གཡུག་སྟེ་སྐྱ་ཆས་ལ་འཇུ་པ་བཅས་ཀྱི་བསམ་སྤྱོད་ལ་ཁྱད་པར་ག་རེ་ཡོད་དམ།
ཁྱད་པར་མང་པོ་ཡོད་པ་རེད།བུ་མོ་གཡུགས་ཏེ་བུའི་སྒང་ལ་མཆོངས་བོ་ནི་།ཁྱེད་རང་གི་བུ་མོའི་ཚོའི་སྟུ་ལྡག་པ་ནང་བཞིན་རེད།མི་ཁ་ཅིག་གི་བློ་ངོར་ཤོངས་དཀའ་ཡང་།ཁྱེད་རང་གི་བུ་མོ་བདེ་བ་ཚད་མེད་པ་ཤིག་མྱོང་རྒྱུ་ཡིན་པ་མི་ཚད་།མོ་མཚན་ནང་ནས་སྟུ་ཆུ་བཞུར་ནས།གདན་ཡང་རློན་པ་བཟོ་བ་ཤིག་ཡོང་གིན་རེད།ཁྱེད་རང་གི་བུ་མོ་བདེ་བ་ཚད་མེད་མྱོང་ན་ཁྱོད་རང་ལ་བདེ་བ་ཚད་མེད་སྤྲད་གིན་རེད།
གྲྭ་བ་ལོག་དགོས་བ་ནི་མཇེ་ལངས་ནས་མ་ཐུབ་ནི་རེད་།
བོད་ཡིག་མ་སྤྱང་བ་གཞན་གྱི་སྐད་ཡིག་སྤྱོང་ནི་རྒྱུ་མཚན་འགའ་ཤས་ཡོད་ནི་རེད།
གཅིག་།་བོད་ཡིག་སྤྱང་ས་མེད་སོང་ནི་རེད།
གཉིས།་སྤྱོང་མ་འདོད་ནི་རེད།
གསུམ།་སྤྱོང་ཡང་མ་ཤེས་ནི་རེད།
བཞི་།སྤྱང་གིན་མ་བཅུག་ནི་རེད།
ལྔ་།་གཞན་གྱི་འུ་ཁུང་གང་གི་ནང་རྒྱག་པ་ལ་སེམས་ཁྲལ་མ་བྱེད་།
དྲུག།་གཞན་གྱི་རྐུབ་ལ་སེམས་ཁྲལ་བྱེད་པ་ལས།རྒྱ་ནག་གི་མེ་ཡི་ལྕགས་རི་གཏོར་ཐབས་ལ་ལས་ཀ་ཤིག།
ཨ་རོག་འདི་ཆི་ཟིག་མ་ཉན་ནི་རེད་ཀོ
མཆན་འདེབས་སའི་མེ་ཏོག་ཐང་དེ་རང་ཅིག་ལ་འགྱུར་སོང་ཟིག འདྲེ་ལག་སོར་མོའི་རྡོ་རྗེ་འདི་ཅིག་ལ་ཐུག་སོང་ཟིག་ཨ་ཁ་ཁ།
རྩམ་དགའ་དེ་རིང་ད་ཁྱོའུ་སྐྱོན་མིན་ནི་འདྲ་ཟིག་རེད། ཁ་བརྡ་དྲ་རྒྱ་ལ་སྐྱོན་ཟིག་ཡོད་ས་རེད། ངས་མཆན་ཁ་ཤས་བཏབ་ཡོད་ན་ཡང་ཐོག་མར་ཤར་བསྡད་ཡོད་ཀི དེའི་རྗེས་ནས་མེད་སོང་ཟིག ཕལ་ཆེར་དྲ་རྒྱའི་སྐྱོན་ཡིན་པ་འདྲ། དྲ་བདག་གི་ཅིག་བཟོ་དགོས་པ་དེ་འདྲ་མིན། ད་དྲ་ལམ་འདི་ལ་ང་ཚོའི་ཀླད་པ་དང་འདྲ་གི ཚན་རིག་ཟེར་ན་ལ་འཚམ་འཚམ་ལ་ཧོན་ལོག་རྒྱུ་དང་། སྨྱོན་པ་ཆགས་རྒྱུ་ཡོད་ས་རེད་ཡ།
ལྷན་རྒྱས་ལབ་གླེང་ཡག་པོ་གནང་འདུག ངལ་གསོ་བའི་ཆེད་དུ་ལྷན་རྒྱས་རྣམས་ཀྱི་རིག་པ་བཀྲ་ཚོད་བལྟ་བྱེད་ཀྱི་མཚར་གཏམ་ཞིག་བཤོད་འདོད་སྐྱེས་སོང་། མཚར་གཏམ་དེའི་མིང་ལ་ཀུན་སློང་ངན་པ་ཟེར། དེ་ཡང་ཉིན་ཞིག་འདོད་ཆགས་ཅན་གྱི་ཁྱི་སྐྱག་དང་། རྒྱུ་རྔམ་ཅན་གྱི་ཕག་སྐྱག ཕོ་འདོད་ཅན་གྱི་སྐུ་ཞབས་བྱམས་པ་གསུམ་བྲག་རི་གཡང་གཟར་ཅན་གྱི་ལམ་བུ་ཞིག་བརྒྱུད་ནས་འགྲོ་དགོས་པའི་སྐབས་དེར་གློ་བུར་དུ་མི་ལ་རས་པ་ཐུག་འདུག མི་ལས་ཟེར་ན། ལམ་གཟར་འདི་བརྒྱུད་སྐབས་སུ་ཞིག་གི་སེམས་སུ་ཀུན་སློང་ངན་པ་འཆར་ན་དེ་མ་ཉིད་དུ་དམྱལ་བ་ཡང་སོས་སུ་སྐྱེ་འགྲོ་ཅེས་ནན་བཅག་བྱས། དེ་ལྟར་ཁྱི་སྐྱག་མདུན་དང་ཕག་སྐྱག་བར། སྐུ་ཞབས་བྱམས་པ་རྗེས་སུ་བྱས་ནས་ལམ་གཟར་དེ་ནས་ཕྱིན། ཉག་ཁ་ཞིག་བརྒྱུད་རྗེས་གཡང་གཟར་གྱི་འོག་ཏུ་མཚེའུ་སྔོན་པོ་ཞིག་གི་ནང་དུ་བུད་མེད་འགའ་ལུས་པོ་འཁྲུ་བཞིན་འདུག ཁྱི་སྐྱག་དེ་དག་མཐོང་བ་དང་དེ་མ་ཉིད་དུ་ཡལ་སོང་། ཕར་ཙམ་ཕྱིན་པ་ན་གསེར་རྡོག་པོ་ཞིག་ལམ་ཐོག་ན་འོད་ཆེམ་མེར་ལྷུང་འདུག ཕག་སྐྱག་སྐེད་པ་སྒུར་ནས་ལེན་རྩིས་བྱེད་སྐབས་མི་ལའི་སྐད་ཆ་ཡིད་ལ་འཁོར་བ་དང་ཁྱི་སྐྱག་གི་ལས་དབང་སྡུག་པོ་མིག་གིས་མཐོང་བས་རང་སེམས་གཅུན་བཞིན་དུ་གསེར་མ་སྒྲུག་པར་མདུན་དུ་ཕྱིན། གཡང་སར་ལམ་བུ་གྲོལ་རྗེས་ཕག་སྐྱག་ཁོ་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་དུ་ལྷག་འདུག གྲོགས་པོ་ཚོ། སྐུ་ཞབས་བྱམས་པ་ག་རེ་བྱས་པ་ཡིན་ནམ། སུས་ཐིག་ན་དེ་ལ་བྱ་དགའ་ཡོད། ཕལ་ཆེར་སྐུ་ཞབས་བྱམས་པས་མ་གཏོགས་ལན་ཕོག་ཨེ་ཡོང་།
ཕོ་མོའི་བརྩེ་དུང་ལ་བཙན་གཡབ་བྱས་སོང་།
་་་་་་་་་་་་་་་་་་་་མཚན་མཐུན་གཉེན་སྒྲིག་བྱེད་མཁན་དག་ལ་ཕུལ་བ།
དྲན་ཤེས་རླུང་ལ་སྐུར་བའི་སྔ་ནུབ་དུ།།
ཚོར་བ་དུག་ལ་བསྲེས་པའི་ཉིན་མོ་ལ།།
ཁྲག་གི་དྭངས་མ་ཁུ་བ་འདང་ཅན་པོ།།
བེད་མེད་ཕྱི་ལ་དཔྱངས་པའི་ཉེས་པ་ལྕི།།
རིགས་མཐུན་བརྩེ་བ་ཟེར་ནས་བདེན་ཁ་སྒྲོག།
འདོད་པའི་ཞེན་རྩ་ཟེར་ནས་སྲོལ་རྒྱུན་གཏོར།།
ཕོ་མོ་འདྲ་མཉམ་ཟེར་ནས་གང་འདོད་བྱེད།།
མི་ལུས་བསྐྱེད་སྲུང་བྱེད་པའི་འགན་དེ་གཡུགས།།
ཆགས་སེམས་མེ་ལ་འབར་བའི་སེམས་ངོགས་སུ།།
རང་གཤིས་ཚད་མར་སྣང་བའི་ཁྱེད་ཚོ་ཡིས།།
འཁྲུལ་བའི་རྣམ་བཞག་མ་རྟོགས་འཚོ་བའི་ནང་།།
རང་གི་འདོད་པ་མི་ཡི་སྲོལ་དུ་རློམ།།
དགའ་ན་དགའ་བའི་ལུགས་ལ་ཚོད་ཅིག་ཡོད།།
རང་དབང་ཟེར་ཡང་ཀུན་དང་མཐུན་པ་ཞིག།
མེད་པར་བཟོས་པའི་ལམ་ཕྲན་དག་མོ་འདི།།
མི་རྒྱུད་རྩ་ནས་བཤིག་པའི་འགད་རྫས་ཤིག།
གནའ་བོའི་གཞུང་ལམ་སྒེར་ཚུགས་ལྟ་བར་གླེང་།།
དེང་རབས་འཕྲུལ་ལམ་བདེ་འཇག་ལམ་དུ་སྙམ།།
འདི་ཕྱིའི་གོ་རིམ་ལྡོག་པའི་མི་ཡུལ་ན།།
ཕོ་མོའི་འབྲེལ་ཐག་བར་ལ་ཁྲམ་རྟགས་བརྒྱབ།།
སྐྱིད་སྐྱིད་འདྲ་བའི་རང་གི་སྣང་བ་དང་།།
བདེན་བདེན་སྙམ་པའི་ཁྱེད་ཚོས་བྱེད་སྟངས་འདིས།།
འགྲོ་དྲུག་ཕོ་མོའི་བརྩེ་དུང་ཟབ་མོ་དེར།།
མི་འདོད་བཙན་གཡབ་བྱས་པ་སེམས་ཤིག་སྐྱོ།།
དྲ་ཐོག་དུ་འདྲེན་བཀོད་བྱེད་ཐུབ་མཁན་ཡོད་ན་བྱེད་རོགས་ཞུ།
ལ་ལས་བཤད་ན་རང་དབང་ཐོབ་ཐང་ཟེར། །
ཁ་ཅིག་བཤད་ན་སྨྱོན་པ་ཡིན་རབས་འདུག །
གང་ལྟར་ཕོ་ཡིས་ཕོ་ལ་གཉེན་སྒྲིག་པའི། །
ལུགས་འདི་བོད་ལ་མཚོན་ན་གསར་བ་རེད། །
རང་དབང་རྟག་ཏུ་གནས་པར་ཤོག
གཉེན་སྒྲིག་གི་རང་དབང་དང་། ཆོས་དད་ཡོད་མེད་ཀྱི་རང་དབང་། སྒེར་ཚུགས་ཀྱི་རང་དབང་། གཏམ་བརྗོད་ཀྱི་རང་དབང་། གསོན་པོར་འཚོ་བའི་རང་དབང་། བསམ་བློའི་རང་དབང་། ད་དུང་། འདྲ་གཉམ་གྱི་རང་དབང་བཅས་ནི་མི་རིགས་ཤིག་ཡར་རྒྱས་ལ་འགྲོ་བའི་རྨང་གཞི་རེད།
དེར་བརྟེན། ང་ཚོ་ལ་རང་དབང་དགོས་ན། གཞན་གྱི་རང་དབང་ལ་བརྩི་འཇོག་བྱེད་དགོས། རྒྱ་མིར་རང་དབང་བཀའ་སྡོམ་བྱས་པར་སྐྱོན་བརྗོད་བྱེད། རང་གིས་མི་གཞན་གྱི་གཉེན་སྒྲིག་ལ་འཇུས་གཏོགས་བྱས་ན། རྒྱ་མི་ལ་ཇི་ལྟར་ཤོད།
ང་ཚོས་རྒྱ་ལ་རྒོལ་སྐབས། རང་དབང་གི་བསམ་བློའི་ཐོག་ནས་བརྩོད་པ་རྒྱབ་ན། བདེན་པ་ང་ཚོ་ལ་ཡོད། “བོད་མི་ཚོར་ཆབ་སྲིད་ཀྱི་མདུན་ལམ་ཐད་ཐག་གཅོད་བྱེད་པའི་རང་དབང་སྤྲོད་དགོས་”ཟེར་ན། ཨ་རི་དང་ཕྱི་རྒྱལ་གྱི་རྒྱབ་ཁབ་སུས་ཀྱང་དེ་ལ་བརྩོད་པ་མི་བྱེད། བོད་རང་བཙན་ཡིན་ཟེར་ན་ཆབ་སྲིད་ཀྱི་བརྩོད་གཞིར་འགྲོ། དེ་ན། རང་དབང་ལ་ཆ་འཇོག་བྱེད་རྒྱུ་དེ་བོད་འདིའི་འཐབ་བརྩོད་འཕེལ་བར་བྱེད་པའི་རྒྱུ་ཆེན་པོ་ཞིག་གོ
ང་ཚོའི་སྤྱི་ཚོགས་འདིར་ཇི་ཙམ་གྱིས་རང་དབང་ལ་བརྩི་མཐོང་དང་ཆ་འཇོག་མང་བ་བྱུང་ན། དེ་ཙམ་གྱིས་ངེད་ཚོའི་སྤྱི་ཚོགས་ནང་གནས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གཞི་རྣམས་སྙུངས་ཐུབ།
ད་ལྟ་ངེད་ཚོའི་སྤྱི་ཚོགས་ནང་བྱུང་བའི་རྙོག་གཞི་མང་པོ་ཞིག་ནི། ང་ཚོར་རང་དབང་ལ་གུས་ཞབས་དང་བརྩི་འཇོག་བྱེད་པའི་འདུ་ཤེས་དེ་ལེགས་པོ་མེད་པས་ཡིན། འདི་བོད་མི་རིགས་འདི་ཡུན་ནས་ཡུན་དུ་གནས་སམ་ཡང་ན་འཐོར་བའི་ཕུགས་རྩ་དེ་རེད་སྙམ།
སྣོད་ཀྱི་འཇིག་རྟེན་ནང་དུ་བཅུད་ཀྱི་སེམས་ཅན་འཕེལ་བའི་ལས་བྱེད་པ་པོ་ཕོ་དང་མོ་གཉིས་ནི་སྲིད་པ་ཆགས་པའི་དུས་ནས་བཟུང་རིགས་མི་འདྲ་བའི་སེམས་ཅན་རྣམས་ཀྱི་ནང་དུ་ཁྱད་པར་སྤུ་ཙམ་མེད་པར་ཕ་ཡི་ཁུ་བ་དང་མ་ཡི་ཁྲག་འདུས་པ་ལ་བར་དོའི་རྣམ་པར་ཤེས་པ་བཞུགས་ནས་སྲིད་པ་འཇིག་རྟེན་གྱི་འཁོར་ལོ་ཆེན་པོ་ཡོམ་ཡོམ་དུ་འཁོར་བའི་ལུགས་དེ་དང་འགལ་བ་ནི་ཕོ་ཡིས་ཕོ་ལ་སྤྱོད་པ་དང་མོ་ཡིས་མོ་ལ་སྤྱོད་པའི་ལྟས་ངན་སྲིད་པ་མཐའ་མའམ་སྙིགས་དུས་སྐྱེ་བོ་ལུས་ཀྱི་རྩ་འཁྲུག་པ་དང་ཡིད་ཀྱི་དྲན་པ་འཛིང་པ་དག་གི་སྨྱོ་ལས་ཡིན་པར་སེམས།
ཀ་ངོ་ཡིག་ངོ་ཆོད་པའི་གངས་ཅན་པ།།
ཁ་དང་རྐུབ་ལ་འཛུགས་ས་ནོར་སོང་ཟིག།
ག་ལེར་བསམ་བློ་ཞིབ་མོ་ཞིག་བཏང་ན།།
ང་ཚོ་བོད་མིའི་རྒྱུད་རྩ་ཆད་ཀྱི་རེད།།
ཅ་ལག་སྦོམ་པོ་སྤུས་དག་འདི་ཁས་ནས།།
ཆ་ལུགས་བུད་མེད་བྱེད་དོན་དེ་མེད་ཀ།
ཇ་ཤིང་ལྟ་བུའི་རང་གི་མཇེ་ཀོག་དེས།།
ཉ་རེ་ཉོ་རེར་བུ་ཞིག་བཟོས་ན་རེད།།
ཏ་ཐ་ག་ཏས་གསུངས་ནས་བཀག་དང་ཟིག།
ཐ་མ་རང་གི་སྲོལ་རྒྱུན་ཉམས་པའི་རྒྱུ།།
ད་ལྟ་དུས་དང་བསྐལ་བ་སྙིག་མ་ལ།།
ན་གཞོན་མགོ་སྟོང་འདི་ཟོ་ཆི་ཟིག་ཕོག།
པ་སངས་ལྟ་བུར་བློ་རིག་མི་གསལ་ན།།
ཕ་མའི་ཁ་ལ་ཉན་ནས་བསྡད་ན་ཡག།
བ་ར་བི་རེ་གསར་བར་རྒྱུག་དྲག་ན།།
མ་རབས་རྣམས་ཀྱིས་རྐུབ་ལ་རྒྱུགས་སྦོམ་འཛུགས།།
ད་དུང་་་
ལོག་སྤྱོད་ཡིད་ལ་གོམས་པའི་སྟ་གོན་འོག།
ཕ་མེས་རིག་གཞུང་སྣུབས་པའི་འཁྲིག་སྦྱོར་གྱིས།།
རང་གི་མི་ཚེ་སྐྱག་དྲི་ཐུལ་ལེའི་ཕྱིར།།
ཁྲེལ་དང་ངོ་ཚ་གཤང་ལམ་སྦུབས་སུ་དྲངས།།
དཀར་ཟླུམ་མྱོས་བུམ་འཆང་བའི་རེག་ཚོར་བྲལ།།
ཕྲ་ལྡེམ་སྐེད་པར་འཁྱུད་པའི་བསོད་ནམས་ཟད།།
འགྲམ་ཆང་བདུད་རྩི་མཐུང་བའི་ཁ་སྦྱོར་དབེན།།
གཅིན་སྐྱག་ལྷན་ཅིག་སྦྲེལ་འདིར་སུ་ཡིད་སྤྲོ།།
བདེ་སྟོང་ཟག་མེད་སྦྱིན་པའི་མཆོག་གི་ལས།།
ཐབས་ཤེས་ཟུང་དུ་འཇུག་པའི་ཡང་དག་ལམ།།
ཕོ་མོ་གཉིས་སྦྱོར་དགའ་བཞི་སྤངས་པ་ཡི།།
མཚན་མཐུན་ཆགས་སྤྱོད་པ་སྙིང་རེ་རྗེ།།
ཁ་སྤུ་ཁ་ལ་འཕྲད་དུས་ཟ་འཁྲུག་ལངས།།
ཕོ་མཚན་ཕོ་ལ་འཕྲད་དུས་ན་ཟུག་འབྱིན།།
བུ་ཡིས་བུ་ལ་འཁྱུད་ན་སྐྱག་དྲི་ཐུལ།།
མ་རབས་མ་ལུས་ཚང་བའི་ལས་འདི་ངན།།
རྗེས་སུ་མུ་མཐུད་ཆོག
གཞོན་ནུ་ཟླ་མེད་ལགས་ཁྱེད་འདིའི་རྒྱུས་ཡོད་ཡིན་དུས་སྐྱོན་བརྗོད་ནན་པོ་ཞིག་གྱིས་དང་ངས་ཁྱེད་ལ་མཁའ་འགྲོ་མཚོ་་་་་་
ཚེ་རིང་སྐྱིད་དང་མགོན་ཕྱག་གཉིས་སོགས་ཀྱིས་ཀྱང་དེ་ཙམ་གྱི་ཧམ་བཤད་སྟབས་བདེ་རེས་འགྲིགས་མི་ཡོང་། ཁྱེད་རང་ཚོའི་བུ་ཕྲུག་གིས་མཚན་མཐུན་ཆང་ས་བརྒྱབ་ན་ཁྱོད་ཚོས་ངོས་ལེན་ཐུབ་ས་རེད་པས། བོད་མི་ཚོའི་ཁྲོད་དུ་འདི་ངོས་ལེན་མི་བྱེད་པར་དེ་ཙམ་ཁག་མི་འདུག ནུབ་ཕྱོགས་རྒྱལ་ཁབ་རྣམས་སུ་ད་བར་དུ་ལུང་པའི་རྩ་ཁྲིམས་ཚུན་གྱིས་བཀཀ་ཡོད་ན་མང་ཚོགས་སྤྱིས་ངོས་ལེན་མེད་པ་གསལ་ཐག་ཆོད་རེད། གནོད་འཚེ་ཡིན་མིན་ནས་བཤད་ན་འདི་ཡེ་ཤུས་པ་ཚོས་འཇིག་རྟེན་བྱེད་པ་པོའི་བཀོད་སྒྲིག་དང་འགལ་ཡོད་སྟབས་ལྷ་དཀོན་མཆོག་གི་བཀའ་དང་རྒྱབ་འགལ་གྱི་ཁྲིམས་ཤིག་འཛུགས་འདོད་མེད་པར་ཁག་མེད། འདུ་ཤེས་འཛིན་སྟངས་དང་དད་མོས་ཡིད་ཆེས་ལ་གནོད་འཚེ་བྱེད་པ་ནི་གནོད་འཚེ་ཆེ་ཤོས་ཡིན་སྟབས་རྐུན་ཇག་ལོག་གཡེམ་སོགས་ལས་ཀྱང་སྡུག ང་ཚོ་འཆལ་པོ་རེད་ཟེར་ན་ཡང་འདྲ། རང་དབང་བ་རེད་ཟེར་ན་ཡང་འདྲ་གང་ལྟར་རིག་གཞུང་གི་རང་ཚུགས་དང་དད་མོས་ཡིད་ཆེས་ཀྱི་ཞག་རྩི་ཉམས་སོང་བས་ག་རེ་བྱས་ཀྱང་རང་དབང་རང་དབང་ཟེར་བའི་མིང་ཚིག་ཅིག་གིས་ཡོད་ཚད་ཀྱི་མགོ་རྡུང་ནས་འཆལ་བོའི་ལམ་དུ་ཁྲིད་འགྲོ་གིན་ཡོད་པ་རེད། ཐའེ་་ལན་ཌ་ལྟ་བུ་ཡིན་ན་ཡང་ཕོ་མོའི་མཚན་བསྒྱུར་བྱེད་ཆོག་ཀྱང་ལྷན་སྐྱེས་ཀྱི་ཕོ་མོའི་ཐོབ་ཐང་དེ་འདོར་ཆོག་གི་མ་རེད། Mr ཞིག་ཡིན་ན་ཇི་སྲིད་འཚོའི་བར་དུ་Mr རེད་མ་གཏོགས་Mis དང་missལ་སྒྱུར་ཆོག་གི་མ་རེད། དེ་ཚོ་ལ་རྒྱུ་མཚན་རེ་རེ་ཡོད་ནས་སྤྱི་ཚོགས་མང་ཕྱོགས་ཀྱིས་འདོད་མོས་དང་བསྟུན་པ་མ་གཏོགས་ཚེ་རིང་སྐྱིད་དང་མགོན་ཕྱག་ལྟ་བུའི་ཚོར་བ་ཐན་ཐུན་དེ་ཚོ་ཚང་མས་ངོས་ལེན་མི་ཐུབ་པར་ཁག་མེད།
གོང་དུ་
མཚན་མཐུན་ཆགས་སྤྱོད་པ་རྣམས་སྙིང་རེ་རྗེ།། ཞེས་བཅོས་རོགས
ཙ་ཀོ་ར་བཞིན་ངོ་པགས་སྲ་མོ་རེད། །
ཚ་ཡང་སྐྱག་ཁུངས་སྙ་ཚབ་བྱས་དང་ཐལ། །
ཛ་རག་ལྟར་བུའི་གྲོད་ཁོག་འབུར་རྒྱུ་རེད། །
ལྦ་མིར་འདྲེས་པའི་ཕྲུ་གུ་སྐྱེས་ནི་རེད། །
ཨ་སྤོབས་པ། ཧམ་བཤད་སྟབས་བདེ་བྱས་མེད། གོང་དུ་རྒྱུ་མཚན་སྦྱངས་བཤད་ཐེངས་དུ་མར་བྱས་ཡོད། ངའི་མཆན་ཚང་མ་ཡག་པོ་ཞིག་ཀློག དེ་ནས་ཡང་སྐྱར་བགྲོ་གླེང་བྱེད།མི་གླང་གོག་འདྲ་བོ་འདི་འདྲ་མཇིང་བ་སྦོམ་པོ་ཅན་འདི་ཚོ་གང་དྲགས།
རང་གི་བྱིས་པ་ཚོ་མཚན་མཐུན་འདོད་བརྩེ་བྱེད་མཁན་ཡིན་མིན་ཆུང་དུས་ནས་བསམ་སྤྱོད་སོགས་ལས་ཤེས་ཐུབ་གི་རེད། གལ་སྲིད་དེ་འདྲ་ཡིན་པ་ཡིན་ན་སྐྱེས་པ་ནས་ཐག་ཆོད་ཚར་ཡོད་པའི་དོན་དག་ཅིག་ཡིན་པས་དེ་ལ་ངོས་ལེན་བྱེད་པ་ལས་བྱ་ཐབས་ཡོད་པ་མ་རེད། དེ་འདྲ་ལ་བཀག་འགོག་བྱས་ནས་རང་ཤི་རྒྱབ་ཡོད་པ་མང་པོ་གོ་རྒྱུ་འདུག་ག
སྤྱིར་བཏང་མཚན་མཐུན་ཆགས་སྤྱོད་ཟེར་བ་འདི་ཏག་ཏག་ཅིག་མ་རེད། ཁོར་ཡུག་དང་གནས་སྐབས་སོགས་ལ་བསྟེན་ནས་འདོད་ཆགས་ཀྱི་མགོ་མ་ནོན་པར་མཚན་མཐུན་ཆགས་སྤྱོད་བྱེད་མཁན་དག་ནི་རང་བཞིན་ལྷན་སྐྱེས་ཀྱི་ guy མ་རེད། དེ་ཚོ་མཐའ་མཇུག་གི་ལོག་ས་རང་གནས་བུ་མོའི་རྩ་ལས་ཡོད་མ་རེད།
མཚན་མཐུན་འདོད་བརྩེ་བ་ངོ་མ་དག་ནི་རང་གི་འདོད་ཕྱོགས་མ་འདྲ་བ་དེ་ལྷན་སྐྱེས་སུ་ཡོད་པ་རེད་དེ་ལ་བཅོས་ཐབས་ཡོད་པ་མ་རེད།
ཁྱེད་ཀྱིས་བཤད་པ་ངོ་མ་རེད། ད་བར་ཁྲིམས་དང་ཆོས་ཁྲིམས། ལམ་ལུགས་སྲོལ་མང་པོས་བཀག་ཡོང་པ་རེད་དེ་མཐར་ཆུ་བོ་རགས་ཀྱིས་མ་ཁོག་པར་ཤོར་བ་རེད།
འཇིག་རྟེན་འདི་ནི་རང་བཞིན་ཐ་དད་ཅིང་།། སེམས་དང་འཆར་སྒོ་མཐུན་དུས་མི་འོངས་པས།། གཞན་གྱིས་སྨོད་ལ་གཞན་གྱིས་བསྟོད་བྱེད་ཅིང་།། འགའ་ཡིས་གཙང་ལ་གཞན་གྱིས་བཙོག་པར་བརྩི།། སྤྱང་ཀི་ཤ་ཟན་རི་བོང་རྩྭ་གཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་སྐྱོང་བ་ལེགས།། འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།། གྲོང་པ་སོགས་ལ་མར་ཁུ་འཐུང་བ་སོགས།། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད།། བཟང་ངན་གཙང་བཙོག་རང་གི་རང་འདོད་ཙམ།། རང་འདོད་བྱ་བ་རྟག་ཏུ་བརྗེས་ནས་འགྲོ།། དེ་ལ་རྩོད་ཤག་འགྱེད་པ་ཐང་རེ་ཆད།། དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས།། ཞེས་དགེ་ཆོས་ཀྱིས་གསུངས་པ་ལྟར་རོ།
དགའ་མི་དགའ་བཤད་ན་ང་མཚན་མཐུན་ཆགས་སྤྱོད་ལ་མི་དགའ། ཡིན་ནའང་དེ་ཁྲིགས་ཐོག་ནས་འགོག་དགོས་མིན་བཤད་ན། ང་རང་ཚོའི་གཞན་ལ་གནོད་པ་མེད་པའི་འདོད་མོས་ཤིག་ཁྲིམས་ཐོག་ནས་བཀག་པ་ཡིན་ན་དགའ་མོས་མེད་པ་བཞིན་གཞན་གྱི་འདོད་མོས་ལ་ཁྲིམས་ཐོག་ནས་བཀག་འགོག་བྱེད་དགོས་རེད་ཟེར་བའི་ཐོབ་ཐང་ང་ཚོར་མེད་པར་ངོས་འཛིན་གི་ཡོད། དེ་ནི་ཁོ་རང་ཚོའི་འདོད་མོས་རེད། ངས་མཆན་༩༡་ནང་བཀོད་པ་ལྟར། ་་གལ་སྲིད་དོ་བདག་སོ་སོར་འདོད་པ་ཡོད་པ་ཡིན་ན། མཚན་མཐུན་གཉེན་སྒྲིག་བཤད་ཅི་དགོས་སྟེ། ཁྱོ་ག་གཅིག་གིས་སྐྱེས་སྨན་དུ་མ་བསྟེན་པ་དང་། བུད་མེད་གཅིག་གིས་ཁྱོ་ག་དུ་མ་བསྟེན་ཆོག་པར་རང་དབང་གི་ཁྲིམས་ཁ་ཡངས་པོ་ཞིག་བཟོ་དགོས་པ་རེད། ཁྲིམས་ཟེར་བ་ནི་མི་ལ་དབང་ཡོད་བྱེད་སྤྱད་ཅིག་མིན་པར་མིའི་འདོད་མོས་ལ་སྲུང་སྐྱོབས་དང་གནོད་འགལ་གྱི་རིགས་བཀག་སྡོམ་བྱེད་སྤྱད་ཅིག་རེད།་་
འདི་ལ་ཁ་གསབ་ཅུང་ཟད་ཅིག་ཡོད་པ་ནི། དེ་དང་མཉམ་དུ། གཉེན་སྒྲིག་གང་ཞིག་ཡིན་ཡང་གཞན་གྱི་བཙན་དབང་དང་མགོ་སྐོར་བསླུ་བྲིད་འོག་ཤོར་ཡོད་མེད་ལ་ཁྲིམས་ཐོག་ནས་འགན་ལེན་ཡང་བྱེད་དགོས་པར་ངེས།
སྔོན་རྒྱ་གར་གྱི་གྲུབ་ཆེན་གྱི་མིང་ཅན་དེ་ཚོས་ཀྱང་བ་ཕྱུགས། ཁྱི་དང་སྤྲེའུ་སོགས་སྲོགས་ཆགས་ཀྱི་རིགས་སུ་གྱུར་བ་ལག་ཏུ་ཐེབས་ཚད་ལ་རྒྱོ་གི་ཡོད་པའི་གསང་བ་བླ་ན་མེད་པ་དེ་ཚོའི་རི་མོ་ད་ལྟའང་ད་རུང་མཐོང་རྒྱུ་ཡོད་པ་དེ་ཚོའང་ཕྱོགས་གཅིག་ནས་བཤད་ན་བསམ་གྱིས་མི་ཁྱབ་པའི་གསང་བ་དང་མིའི་སྤྱི་ཚོགས་ཀྱི་བསམ་བློའི་གནས་ཚུལ་ལས་ཡོངས་སུ་གྲོལ་བ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ཀླ་ཀློ་དང་མི་སྤྱོད་ལས་འདས་པ་ཟེར་ནས་ཁྲེལ་རྒྱུ་ཡིན་པ་རེད། མཚན་མཐུན་འདོད་བརྩེ་བ་རྣམས་ཀྱང་ཁོ་རང་ཁོ་རང་ཚོ་རིག་གཞུང་དང་གྲུབ་མཐའ་མི་འདྲ་བ་ཞིག་ཏུ་ཆགས་ཚར་བ་རེད། གཞན་གྱི་ཆོས་ལུགས་གྲུབ་མཐའི་དགའ་མོས་ལ་རྒྱབ་སྐྱོར་བྱེད་པའི་བློ་རྒྱ་དང་སྙིང་སྟོབས་མེད་ནའང་ངན་བརྗོད་ལྷུར་ལེན་པ་འདི་ནི་བློ་དང་ལྡན་པ་རྣམས་ཀྱིས་སྤང་བར་རིགས།
ཉིན་འདི་ཚོའི་རིང་ཁོ་ཚོའི་སྐོར་གྱི་དཔེ་དེབ་དང་མི་ཚེའི་ལོ་རྒྱུས། སྒྲུང་སྐྱོ་བོ། ད་ལྟ་ཁྲིམས་ཐོག་ནས་ཁོ་ཚོའི་གཉེན་སྒྲིག་ལ་ངོས་ལེན་ཡོད་པའི་རྒྱལ་ཁབ་དེ་ཚོས་ཅིའི་ཕྱིར་ངོས་ལེན་བྱེད་དགོས་བྱུང་བ་སོགས་ལ་ལྟ་ཀློག་ཆེ་ཙམ་བྱས་ནས་ཤོག་དང་དེ་ནས་བཤད།
ཧ་ཧ་ངས་མགོན་པོ་ཕྱག་གཉིས་ཡང་འདིའི་ཁ་ཉེ་ཐག་ཉེ་ཞིག་ན་ཡོད་སྙམ་ནས་དེ་ག་ཙམ་དུ་གོང་གི་དེ་བྲིས་པ་ཡིན། guy མ་རེད། gayརེད། ངས་ཀྱང་འདི་བསམ་སོིང་། འདི་ལ་རིགས་གཉིས་འདུག དམག་མི་དང་གྲྭ་བ་སོགས་ཀྱི་ཁྲོད་ན་gayམིན་ཡང་དེ་ག་ཙམ་དུ་འཛུགས་ས་གར་རག་ལ་བཙུགས་ནས་འདོད་ངར་སོད་ཐབས་ཙམ་བྱེད་མཁན་རིགས་གཅིག་ཀྱང་འདུག ང་དེ་ལ་མི་དགའ། དེ་མིན་པའི་gayངོ་མ་དེ་ལ་ང་རང་ཉིད་ཀྱི་ངོས་ནས་མི་དགའ་བ་གང་ཡང་མེད། ཡིན་ན་ཡང་ཁྱིམ་རྒྱུད་དང་མི་རྒྱུད་སོགས་ལ་བསམ་བློ་གཏོང་དགོས་མཁན་ཞིག་ཡིན་ཕྱིན་ཁག་ཀྱང་མི་འདུག ང་ཡིན་ན་ཡང་རང་གི་ཕྲུ་ངུ་དེ་gayམིན་ན་དགའ་ས་རེད། ཚེ་རིང་སྐྱིད་ཀྱིས་ནམ་ཡིན་ཡང་སྐད་ཆ་སྦོམ་པོ་ཞིག་བཤད་རྒྱུ་གར་འདུག་བལྟས་ནས་བཤད་འདུག་གི་རེད། ཉོན་རྒྱུ་ཆེར་མེད་ཡ།
རང་དབང་དགོས་ཟེར་བའི་དོན་འདི་ལ་གོ་དོན་ལེན་ཚུལ་ཐ་དད་ཡོད་པ་འདྲ་ལ། གལ་སྲིད་བོད་རང་བཙན་དང་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་ཞིང་། མི་མང་གི་བསམ་ཚུལ་ལ་ལྟོས་ནས་བོད་པ་མཚན་མཐུན་ཁྲིམས་མཐུན་གྱི་སྒོ་ནས་གཉེན་སྒྲིགས་བྱེད་ཆོག་མིན་གྱི་བསམ་ཆར་བཤད་པའི་གོ་སྐབས་ཡོད་པ་ཡིན་ན། ངས་ནི་བོད་ཀྱི་གནས་སྟངས་སོགས་གང་ལ་ལྟས་ཀྱང་། ནམ་ཡང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ལ། རང་དབང་ཟེར་བའི་དོན་ཅི་བྱས་སྒེར་སོ་སོའི་འདོད་པ་ནང་བཞིན་ཞིག་རང་གང་དུ་ཡོད་པའི་ཚོགས་པ་དེའི་ནང་ནས་བྱེད་ཆོག་པ་ཞིག་ལ་གོ་བ་ཡིན་ན་ནོར་འཁྲུལ་རེད།
རང་དབང་ཅན་གྱི་རྒྱལ་ཁབ་རྣམས་སུ་ཉལ་ཐ་སྤྱོད་མཁན་སྲོག་ལ་ཐུག་པའི་ཉེས་ཆད་སྐལ་བ་དེ། གཞུང་གིས་གཞུང་ཁོང་དེའི་མི་རིགས་ཀྱི་རང་དབང་འཕྲོག་པའི་ངོས་ལེན་བྱེད་མི་ཐུབ། ཉལ་ཐ་ལ་ངན་ལོབ་སོང་བ་རྣམས་ནི། བརྩེ་བ་ཉལ་ཐའི་ནང་ལ་ལྷུང་ནས། ཉིན་གཅིག་ཡང་ཉལ་ཐ་མེད་ན་སྡོད་མི་ཐུབ་པའི་དཀའ་ངལ་ཡོད་པ་ཤེས་གསལ་རེད།
འོན་ཀྱང་ཉལ་ཐས་གང་ཟག་སྒེར་སོ་སོའི་མི་ཚེ་ལའང་གནོད་པ་ཡོང་གི་ཡོད་པ་མ་ཟད། སྤྱི་ཚོགས་མང་པོ་ལའང་གནོད་པ་འབྱུང་གི་ཡོད་པས་ཡིན། དེ་བཞིན་མཚན་མཐུན་སྤྱོད་ནས་གཉེན་སྒྲིགས་བྱེད་པ་འདིས་མི་རིང་བར་སྒེར་སོ་སོར་གནོད་པ་ཡོང་གི་ཡོད་པ་འདྲ་ལ། སྤྱི་ཚོགས་ལ་གནོད་པའི་ཤུགས་རྐྱེན་ཐེབས་པ་ཁག་ཐེག།
བོད་འདི་རང་དབང་གི་རྒྱལ་ཁབ་ཞིག་དང་། ཁྲིམས་ལྡན་ཞིག་ཡིན་ཞིང་། ངས་ཁྲིམས་ཞིག་བཟོ་རྒྱུ་བྱུང་ན། དེང་ནས་བཟུང་མཚན་ཐུན་གཉེན་སྒྲིག་ཁྲིམས་མཐུན་ནས་དུས་ནམ་ཡང་མི་ཆོག་ཧ་ཧ་ཧ་ཧ་ཧ་དངོས་གནས་ཡིན
རིག་པའི་རལ་གྲི་ཁྱོད་ཚོའི་རྩོད་པ་ངོ་མ་དེ་དུང་ཧ་གིན་མི་འདུག་།འདི་ལ་ཁྲིམས་ལུགས་ག་རེ་བྱས་ནས་བཟོ་དགོས་གིན་རེད་།
འདི་ལྟར་བཟོ་དགོས་ནི་རེད་དམ་།་
གཅིག་།ཆང་ས་སྐྱེས་བ་དང་སྐྱེས་མ་གཉིས་ཀྱི་བར་མ་གཏོགས་རྒྱབ་མི་ཆོག་།
གཉིས།་མི་དར་མ་སུ་དང་སུ་ཡིན་རུང་གཉེན་ཉེ་དང་བྱིས་བ་ལས་གཞན་ཚང་མ་ཆང་ས་རྒྱག་པའི་རང་དབང་ཡོད་།
ཁྲིམས་ཐོག་ནས་བཤད་ནས་།འདི་གཉིས་རྩ་བའི་ཆ་ནས་འགལ་བ་རེད་།མི་དར་མ་གཉིས་ལ་ཆང་ས་རྒྱག་པའི་རང་དབང་ཡོད་ན་།ཁྲིམས་ལུགས་ཀྱི་སྟེང་ནས་ཁུང་བུ་གང་གི་ནང་ལ་རྒྱག་དགོས་བའི་ཁྲིམས་ཤིག་བཟོས་ན་།དོན་གྱི་ཆ་ནས་དེ་གཉིས་རྩ་འགལ་རེད་།དོན་གྱི་སྙིང་པོ།ཕོ་ཡི་རྐུབ་ནང་དུ་རྒྱག་ཆོག་མེད་དང་།མོ་ཡི་མཇེ་མ་ཡིན་པའི་གཞན་ཞིག་གི་རང་གི་འདོད་པ་ཚིམ་ཆོག་མིན་གྱི་རྩོད་པ་དེ་རེད།དེ་ཁྲིམས་ལུགས་ཀྱི་ཐོག་ནས་བཤད་དཀའ་བ་ཞིག་ཆགས་ཡོང་དུས་།ད་ལྟ་ནུབ་ཕྱོགས་སུ་རྩོད་གླེང་ཆེན་པོ་འདི་བྱུང་གིན་ཡོད་པ་རེད།
རང་དབང་དང་ལས་འགན་གཉིས་བེད་སྤྱད་མཉམ་སྤྱོད་མ་བྱས་པར་རང་དབང་སྒང་ལ་ཤུགས་ཐལ་དྲགས་ན་རིག་པ་འཆལ་བས་རང་ཉིད་ཙམ་མ་ཟད་དེའི་སྤྱི་ཚོགས་ལའང་གནོད་སྲིད། །
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
གོང་དུ་ངས་སྔ་ཕྱིར་ཉི་ཧོང་ནས་ཡིན་པའི་སྐྱེས་དུས་ཕོ་ཡིན་པ་རྗེས་སུ་མོ་རུ་བསྒྱུར་བའི་མཛེས་མ་གཉིས་ཀྱི་དྲ་བྱང་བཀོད་ཡོད། དེ་གཉིས་ལས་རྗེས་མ་དེའི་ཕོ་ཐོབ་དེ་ཡང་མོ་རུ་ཁྲིམས་ཐོག་ནས་བསྒྱུར་ཟིན་པ་ཞིག་ཡིན།
ད་ལྟ་ཁོང་གི་ཉི་ཧོང་ཡུལ་མིའི་ལག་དེབ་ཐོག་ཏུའང་མོ་ཞེས་འཁོད་ཡོད། ས་གནས་ཉི་ཧོང་ལྟ་བུར་མཚོན་ན་ཕོ་མོ་གང་ཞིག་ཡིན་རུང་གཤགས་བཅོས་བརྒྱུད་རང་ཉིད་མཚན་མ་བསྒྱུར་རྗེས་སྨན་ཁང་གི་ཡིག་ཆ་ཡོད་ན་དོ་བདག་གིས་འདོད་པ་ལྟར་དེབ་སྐྱེལ་བྱེད་ཆོག་པ་ཞིག་རེད།
གལ་ཏེ་མཚན་མ་བསྒྱུར་ནས་དེབ་སྐྱེས་དེ་སྔར་ལྟར་རང་སོར་བཞག་ཀྱང་ཆོག་ལ་བསྒྱུར་ནའང་ཆོག
དཔེ་མཚོན། མཛེས་མ་འདི་ད་ལྟའང་ཕོའི་ཐོབ་ཐང་ཐོག་ཏུ་རང་སར་ཡོད། http://www.avexnet.or.jp/haruna-ai/index.html
http://ameblo.jp/haruna-ai/
མཛེས་མ་འདིའི་ཕོ་ཐོབ་ཁོ་རང་གི་འདོད་མོས་ལྟར་མོ་རུ་ཐོ་འགོད་ཉི་ཧོང་གཞུང་བྱས་ཟིན་པ་ཞིག་ཡིན།
http://www.tsubaki-ayana.jp/
གང་ལྟར་མཚན་མ་སོགས་གཤགས་བཅོས་བྱས་པའི་བདེན་དཔང་བསྟན་རྒྱུ་ཡོད་ན་ཉི་ཧོང་དུ་ཁྲིམས་མཐུན་གྱིས་ངོས་ལེན་བྱེད་ཀྱི་ཡོད་པ་རེད།
སྤོབས་པ་མཐའ་ཡས་ཞུ་བ་དེར་ཞུ་རྒྱུ་ལ། མཆན་རེ་རེའི་ནང་དུ་མིང་གང་ཐོན་གྱིས་རྒྱུ་མཚན་མི་འདུག་དང་ཧམ་བཤད་བྱེད་ཀྱིན་འདུག་ཟེར། ཡིན་ཡང་ངས་ཁྱོད་ལ་བརྗོད། ངས་གོང་ནས་བརྗོད་པ་བཞིན་ལྷན་སྐྱེས་ཀྱི་མཚན་མཐུན་མཉམ་སྡེབས་པ་ཚོར་ངས་ངོས་ལེན་བྱེད་ཐུབ་ཀྱིན་ཡོད། ངས་ངོས་ལེན་བྱེད་ཐུབ་པའི་གནད་དོན་ཚང་མ་ཧམ་བཤད་ཡིན་ན་ཁྱེད་ཀྱིས་ངོས་ལེན་བྱེད་མ་ཐུབ་པའི་ཧམ་བཤད་དེ་གང་དུ་འཇོག་དགོས་རེད་དམ། མིའི་རང་དབང་དང་འདོད་པ། གཞི་རྩའི་དགོས་མཁོ་སོགས་ཤོད་ཀྱིན་གཞན་གྱི་རང་དབང་དང་གཞི་རྩའི་དགོས་མཁོ་ལ་རྡོག་རོལ་གཏོང་མཁན་ཚོ་ཧབ་པའི་ལས་ཀ་མ་རེད་དམ།
ཁྱེད་ཀྱི་དྲི་བ་དེ་ལ་ངས་ལན་འདེབས་བྱ་ཆོག གལ་ཏེ་ངའི་འབྱུང་འགྱུར་གྱི་བྱིས་པ་དེ་མཚན་མཐུན་མཉམ་སྡེབས་བྱེད་མཁན་ཞིག་ཡིན་ན་མགོན་པོ་ཕྱག་གཉིས་ཀྱིས་བརྗོད་པ་བཞིན་ལྷན་སྐྱེས་དེར་ངས་ངོས་ལེན་བྱ་རྒྱུ་ཡིན་ལ། ངས་རང་གི་ཁོར་ཡུག་དང་འཚོ་བའི་ཁྲོད་ནས་དེ་ངོས་ལེན་བྱ་མི་ཐུབ་པའི་གནས་ཚུལ་ཞིག་ཏུ་མཐོང་གིན་མེད། ངས་ཁྱེད་གཙོས་པའི་བོད་མི་གཞན་པ་ཚོས་ངོས་ལེན་བྱ་དགོས་པར་ཨུ་ཚུགས་བྱེད་ཀྱིན་མེད་མོད། ངས་རང་གི་ངོས་ལེན་བྱ་ཐུབ་མིན་གྱི་རྩ་དོན་ལ་འགྲེལ་བཤད་བྱེད་ཀྱིན་ཡོད། ཨོ་ད་དུང་ཞུ་རྒྱུ་ཞིག་ལ། རང་དབང་དང་མིའི་གཞི་རྩའི་དགོས་མཁཽ་ལ་འཐབ་རྩོད་བྱེད་བཞིན་གཞན་གྱི་རང་དབང་དང་གཞི་རྩའི་དགོས་མཁོ་ལ་རྡོག་རོལ་གཏོང་མི་ཕོད་ཞུ་རྒྱུ་ཡིན།
ཁྱེད་ལྟ་བུའི་མི་ཁ་ཤས་ཀྱིས་རྣོ་ངར་ལྡན་པའི་ཚིག་མགོས་ང་ཐེངས་མང་ལ་བཀག་མྱོང་མོད། ཡིག་ནོར་བྲིས་པར་ཚིགས་པ་ཟ་གིན་ཡོད་ན། ཀ་ཁ་ངོ་མི་ཤེས་པའི་ཨ་ཅག་མཛེས་མ་ཚོ་དང་ཕོ་གསར་སྣང་མཐོ་དེ་ཚོར་བཤད་དུ་སོང༌། ངས་བརྗོད་བཞིན་པ་ཡོད་ཚད་ལ་ཧམ་བཤད་ལ་བརྩི་གིན་ཡོད་ན། ཁྱོད་ཀྱི་བརྗོད་བཞིན་པ་ག་རེ་ཡིན་མིན་ལ་རྩད་གཅོད་ཅིག་བྱ་རོགས།
ཨ་རོག་ཚེ་སྐྱིད་ལགས།
ད་འདིའི་བསྐོར་གླེང་ནས་ཆི་ཡོང་བཞག་ན་ཡིན་ནས་རེད།
མི་སོ་སོའི་འདོད་པ་འདྲ་ནི་མ་རེད་ཁ་ཤས་སྐྱག་ཁུངས་ནང་ལ་རྒྱག་རྒྱུ་དཔེ་མེད་ཟིག་དགའ་ནི་རེད།
ཁ་ཤས་འདི་ལ་བཙོག་ལྟ་ནི་རེད། འདི་རིགས་རྩ་བ་ཉིད་ནས་འགོག་དགོས་ཟེར་ན་ཁག་པོ་རེད་དེ། ཁྱོས་བཤད་ནོ་འདྲི་འདྲ་ཟིག་ཡེད་ན་མི་ཧྲ་གི
ད་འདིའི་སྐོར་བཞག་ནས་ཁ་བརྡ་གཞན་ཡེད་ན་ག་འདྲ་འདུག་མཛེས་མ་ལགས།
སེམས་ཁོང་གི་བསམ་ཆར་འདོན་པ་དེས་གཞན་རྣམས་རང་གི་བསམ་ཆར་ལ་མོས་འཐུན་ཡོང་རེ་བྱེད་ན། བསམ་ཆར་བསྡུར་ལེན་བྱེད་པའི་བསམ་པ་མེད་པ་རེད་དེ་ལ་མོས་འཐུན་ཡོད། ཡིན་ནའང་འཇིག་རྟེན་འདིར་སྐྱེས་ཕྱིན། ཡུལ་ལུང་གི་གོམས་གཤིས་དང་། མོས་འཐུན་དང་མ་བསྟུན་ན། སྨྱོན་པའི་གྲས་སུ་ཆགས་པ་གཏན་གཏན་རེད། རང་གི་འདོད་དབང་རྩོད་ཅིང་གཞན་གྱི་འདོད་དབང་རྡོག་རོལ་གཏང་བའི་མི་ལུས་འདི་ནི་ཆེས་ཡ་ང་བ་ཞིག་ཡོད་པ་དེ་བཤད་མ་དགོས་པ་སེམས་ཅན་རང་རང་གིས་གཅེས་པས་སྐྱོངས་པའི་ཤ་ཁྲག་ལ་ལོངས་སྤྱོད་པ་འདིས་གསལ་བཤད་བྱས་ཡོད་རེད།
སྤྱིར་མཚན་འཐུན་འགྲོགས་འདྲིས་གཉེན་སྒྲིགས་མང་པོ་དུས་རབ་འདིར་ཡོང་བ་དང་ས་ཆ་ཁ་ཤས་སུ་་དར་ཁྱབ་ཆེ་བ་འདི་ནི། ཚན་རྩལ་དར་ཁྱབ་ཆེ། སློབ་སྦྱོང་རིན་གོང་མཐོ། ཕ་མས་བུ་རྣམས་བུ་མོ་ལས་ཀྱང་དགའ་མོས་ཆེ་ནས་སྐྱེ་གནས་སྟང་འཛིན་བྱས་པའི་རིམ་པ་འདིས། བུ་ལ་བུ་མོས་མ་འདངས་བའི་དཀའ་ངལ་ཞིག་གིས་ཡིན་མི་འགྲོ་དྲན་གྱི་འདུག འོན་ཀྱང་བོད་ལ་བུ་མོ་མི་འདང་བའི་དཀའ་ངལ་མེད། བུ་ཕྱེད་སེར་གཟུགས་འཛིན་པ་འདིས། བུ་མོ་མང་ཆེ་བ་དང་། མང་པོ་ཞིག་མོ་རིང་དུ་ལུས་ཀྱི་ཡོད།
བུ་མོ་ཚེ་རིང་སྐྱིད་ཀྱིས་ཁ་ཞེ་མེད་པའི་སྐད་ཆ་ཞིག་ཡིན་ན། ཉིད་ཀྱི་བུ་ཞིག་བུ་མོའི་རྩ་དང་ལྡན་ནས་མཚན་འཐུན་གཉེན་སྒྲིགས་བྱས་ན། བུ་དེའི་འདོད་མོས་ལྟར་ཁས་ལེན་ནུས་ཀྱི་ཡོད་ན། ཉིད་ཀྱི་ཕ་མ་སྤུན་མཆེད་སོགས་མང་པོ་ཞིག་ཉིད་ནང་བཞིན་དེ་ལ་ངོས་ལེན་བྱེད་མི་ཐུབ་ཁག་ཐེག་འདུག་པ་འདིས། མི་མང་ཆེ་བ་དེའི་འདོད་མོས་ལ་རྡོག་རོལ་གཏང་ཐུབ་བམ།
རིག་པའི་རལ་གྲི་ལགས།
ངས་ནམ་ཡིན་ཡང་ངའི་ཚབ་མཚོན་གྱི་སྐད་ཆ་བཤད་ཀྱིན་ཡོད།
གཞན་མང་པོ་ཞིག་མི་ཤེས།
ང་ཚོ་ཕ་ཡུལ་ནས་ཁྱོ་ཀ་རླུག་པ་མེད་པ་ཅིག་དང་སྐྱེ་སྨན་སྟུ་མེད་ཅིག་ཆང་ས་རྒྱབ་ན་རྣམ་རྟོག་ལོས་རྩིས། ཁྱོ་ཀ་མཆན་སྤུ་མེད་པ་དང་སྐྱེད་སྨན་སྟུ་སྤུ་མེད་པ་ཅིག་ཆང་ས་རྒྱབ་ན་ཡང་། མི་རྣམས་ཀྱིས་ཕོ་མཆན་སྟོང་དང་མོ་འོག་སྟོང་ཟེར་ནས་རྣམ་རྟོག་འདྲ་བོ་ཅིག་བརྩི་གི་འདུག ད་རུང་ཁ་ཤས་ཀྱིས་བསྲེ་དྲི་ཁ་མཁན་ལ་ཡར་ཆང་ས་རྒྱག་མི་འདོད། དེའི་རྐྱེན་གྱི་ང་ཚོ་ཕ་ཡུལ་གྱི་ཕོ་སར་ཅིག་གིས་ཤ་ར་ཡུ་ཝུར་གྱི་བུ་མོ་ཅིག་ལ་ཆང་ས་རྒྱབ་པ་རེད། ཁོས་ཟེར་ན་ཤ་ར་ཡུ་ཝུར་ནས་མི་ལ་བསེ་དྲི་མ་བྲོ་ན་མྱིའི་དྲི་མ་མི་ཁ་ཟེར་ནས་རྣམ་རྟོགས་བརྩི་གི་རེད་ཟེར།
ཡུལ་སྲོལ་ཁ་ཤས་ཅིག་ངོ་ནས་རང་དབང་འཕྲོག་གི་ཡོད་པའི་བཟོ་འདྲ་བོ་ཅིག་འདུག དེ་མིན་མཚན་མཐུན་ཆགས་སྤྱོད་འདི་ཡང་མ་ནིང་ལྟ་བུ་ཚོ་ལ་གཅིག་བྱས་ན་དམིགས་བསལ་མིན་འགྲོ་བསམ། དེ་ཡང་སངས་རྒྱས་ཀྱི་ཆོས་གཞུང་ན་མ་ནིང་ལ་མི་དགེ་བཅུ་སྤོངས་གི་ཚུལ་ཁྲིམས་དེ་བརྒྱ་ཆ་བརྒྱ་ཕོ་ཡིན་མཁན་དང་ཡང་ན་བརྒྱ་ཆ་བརྒྱ་མོ་ཡིན་མཁན་ལ་གསུངས་པ་མིན་འགྲོ དེ་མིན་ན་མ་ནིང་སྡོམ་པའི་ཞིང་མིན་པར་གསུང་དོན་མེད་ཀ
ངས་སྔོན་མ་ཅིག་ལ་བཀའ་འགྱུར་ཁྲོད་ཀྱི་འདུལ་བའི་སྐོར་ལ་པོ་ཏི་ ༡༣ ཡོད་པ་དེ་གཅིག་ཀློག་མྱོང་། དེ་ན་གལ་ཏེ་ཕོ་དང་འདྲ་བའི་མ་ནིང་ཞིག་གིས་ཕོ་ཡིན་ཟེར་ནས་དགེ་འདུན་པའི་གྲལ་ལ་ཞུགས་ན་ཅི་བྱེད་འདྲི་སྐབས། བཏང་སྙོམས་སུ་འཇོག་དགོས་པར་གསུང་འདུག མ་གཞི་ཕོ་ཡིན་མཁན་ཅིག་སྡོམ་པ་མེད་བཞིན་དུ་དགེ་འདུན་པའི་གྲལ་ལ་ཞུགས་མི་ཆོག་ན་ཡང་མ་ནིང་ཞིག་གིས་དེ་ལྟར་བྱས་ན་དམིགས་བསལ་དུ་གསུང་འདུག་ཡ། འདི་ཁོང་ཚོ་ལ་གཞན་པའི་ལམ་ཁ་མེད་པས་རང་དབང་གི་དམིགས་བསལ་ཅིག་ཕུལ་བ་མིན་འགྲོ
ད་རུང་འདུལ་བ་སྡོམ་དག་ལས་བསམ་པ་དང་སྤྱོད་པའི་དབང་གིས་སྡོམ་པ་མི་ཐོབ་པའི་མ་ནིང་ལ་ཕོ་མོ་གཉིས་ཀྱི་ཕྱོགས་ནས་ལྔ་ལྔ་དབྱེ་བས་བཅུ། དེའི་སྟེང་དུ་མཚན་ལན་གསུམ་འགྱུར། མཚན་དུག་ཅན། མཚན་མེད་དང་། ཟ་མ་མ་ནིང་སོགས་མང་དག་ཅིག་འདུག་ཀ དེ་ཚོའི་བསམ་སྤྱོད་ལ་དམིགས་བསལ་མིན་འགྲོ་བསམ། འོན་ཀྱང་དམིགས་བསལ་ཕུལ་བ་དེ་ཡང་ཆགས་པ་སྤྱོད་པའི་ཕྱོགས་ནས་མ་གཏོགས་སྲོག་གཅོད་སོགས་ཀྱི་ཕྱོགས་ནས་དམིགས་བསལ་མེད་པ་འདྲ། དེ་ན་མི་དགེ་བཅུའི་ནང་ནས་ལོག་གཡེམ་གྱི་སྡོམ་པ་མི་ཐོབ་པ་མ་གཏོགས་གཞན་པའི་སྡོམ་པ་ཐོབ་ཟེར་དགོས་སམ། དེ་ཡང་མ་ནིང་རིགས་རབ་བྱུང་སྒྲུབ་སྐབས་ཀྱང་དྲི་བའི་ལམ་ནས་ཕོ་ཡིན་ཟེར་གི་འདུག་ན་ཕོ་ཡིན་ཤག་བྱས་ནས་དགེ་འདུན་ཕ་ཡི་སྡེ་ནས་འཇོག་དགོས་པར་གསུང་པ་དང་ཤིན་ཏུ་མཐུན་ནམ་ཡང་སྙམ།
འོན་ཀྱང་རང་ཉིད་བརྒྱ་ཆ་བརྒྱ་ཕོ་མོའི་མཚན་ཚང་བཞིན་དུ་མ་ནིང་གི་ལམ་ཁ་ཞུགས་ན་དེ་ནི་ཁྱད་མཚར་རེད་བསམ།
བུ་མོ་ཚེ་རིང་སྐྱིད་ལགས། ཁྱེད་ཀྱིས་ནམ་ཡིན་ནའང་། ཁྱེད་རང་གི་ཚབ་མཚོན་ནས་སྐད་ཆ་བཤད་ཀྱི་ཡོད་ཅེས་པའི་དོན། གང་བཤད་ན་ཁ ཞེ་གཉིས་མེད་ཀྱི་སྐད་ཆ་བཤད་ཀྱིན་ཡོད་ཅེས་པའི་དོན་རེད་དམ། དོན་དེ་ཡག་པོ་ཞིག་ཤེས་མ་སོང་།
ཁྲིམས་ཐོག་ནས་སམ་ཡང་ན་མང་མང་གི་མདུན་ས་ནས་དམར་དམར་བརྗེན་བརྗེན་བྱས་པ་ཡིན་སྟབས་འགའ་ཞིག་གི་བློར་མ་འཕྲོད་ནས་སྐུ་ཞབས་བྱམས་པ་ལ་གཤེ་ཡིན་ཡོད་པ་འདྲ། འོན་ཀྱང་མཚན་མཐུན་གཉེན་སྒྲིག་ཟེར་ན་རང་ཐལ་དྲགས་སྙམ་ཡང་གང་ལྟར་ཕོ་དང་ཕོ་མི་ཚེ་མཉམ་གཤིབས་ཀྱི་རིག་གཞུང་ངམ་གོམས་སྲོལ་ཞིག་འུ་ཚོ་བོད་པའི་ནང་ཡོད་པ་ཁོ་བོའི་མིག་རིལ་འདི་གས་མཐོང་མྱོང་། འདི་དངོས་གཤིས་དང་འཚམ་མིན་བཤད་དགོས་བྱུང་ན་སྐད་ཆ་རིང་པོ་རེད། ཡིན་ནའི་ཚེ་རིང་སྐྱིད་ཁྱེད་རང་གིས་དེང་དུས་ཀྱི་གུ་ཡངས་དང་བློ་རྒྱ་ཡོད་མདོག་བསྟན་ནས་བསྟོད་བསྔགས་ཟེར་ནའི་མི་འདུག་གང་ལྟར་རྒྱབ་སྐྱོར་ཡོད་མདོག་གི་ལག་པ་རྡེབ་རྐྱང་བྱས་ན་ཏག་ཏག་རང་བསྡད་ཀྱི་ཡོད་ན།
འཕྲོད་བསྟེན་གྱི་ཕྱོགས་དང་མིའི་གཟུགས་དབྱིབས་ཆགས་སྟངས་ཀྱི་ཐད། དེ་བཞིན་འཁྲིག་སྤྱོད་ཀྱི་འབྲེལ་བའི་ངོ་བོ་དང་དགོས་དོན། སྐྱེས་པ་ནང་ཕན་ཚུན་གྱི་སེམས་ཁམས་ཀྱི་རང་བཞིན་དང་ལུས་འབྲེལ་གྱི་ངོ་བོའི་བར་གྱི་འོས་འཚམ་གྱི་ཆ་སོགས་ཕྱོགས་མང་དག་ནས་དཔྱད་དེ་འགྲིག་མིན་གྱི་ལངས་ཕྱོགས་ཤིག་བཟུང་དགོས་པ་རེད།
འོན་ཀྱང་ལྟ་གྲུབ་དང་བསམ་བློའི་འཁྱེར་ཕྱོགས་ཀྱི་ཐད་ནས་སམ་ཡང་ན་བྱ་དངོས་གང་དེའི་དངོས་གཤིས་ཀྱི་སྟེང་ནས་འོས་འཚམ་མེད་པ་ཞིག་ཡིན་ཕྱིན་ལག་ལེན་གྱི་ཁྲོད་དུ་གུ་ཡངས་གཏན་ནས་སྤྲོད་མི་རུང་ཟེར་ན་འདི་ཡང་ཅུང་ཟད་ཐལ་དྲགས་པ་ཡིན། དེར་བརྟེན་དོན་དངོས་ལ་མི་འགྲིག་པ་ཞིག་ལག་ལེན་གྱི་ཁྲོད་སྤངས་མི་ཐུབ་པའི་ཐོག་ལ་ད་དུང་ངོས་ལེན་བྱེད་དགོས་པའི་རིགས་ཤིག་ཀྱང་ཡོང་གིན་ཡོད། གཅིག་བྱས་ན་འདི་ཡང་དེའི་གྲས་ཀྱི་གཅིག་ཡིན་ཆོག
རིག་པའི་རལ་གྲི ད་ང་ཚོ་དྲ་ཁང་ནང་ན་མཛེས་མ་གཅིག་ཡོད་ནོ་ལ་གཏིང་འདྲི་འོར་འདྲིས་བྱས་ནས་བདའ་རྒྱུ་ནས། ད་ཁྱོས་དྲི་བ་བཀོད་ན་ཡང་ཅུང་ཟད་འཇམ་ཟིག་དང་། ཡང་མཚར་གཏམ་འདྲེས་ཙམ་བྱས་དང་། ཁྱོད་ཆོས་ར་ནང་གི་དྲི་བ་འདྲ་བོ་དེ་ཚང་མ་ལ་བཀོད་ན། དེ་ལ་གོམས་མེད་མཁན་ཚོ་ཐུགས་དགྱེས་ནི་མ་རེད་ཡ།
ཨ་རོག་བླ་རྒན་ཁ་བཙོག་ཁྱོད་ཅིག་བཤད་རྒྱུ་མང་གི་ར།
དེ་ལས་གོང་གི་ཀ་རྩོམ་དེའི་སྣེ་ནས་ཕྲིས་ར་དཔེ་ཡག་གི་ཨེ་གོ་ཐལ།
འོན་ཀྱང་དེང་སང་མི་འབོར་འཕེལ་རྒྱས་ཀྱི་དཀའ་རྙོག་ཐུག་པ་འཁོལ་འཁོལ་བྱེད་པའི་དུས་ཚོད་འདི་འདྲར་ཨ་ནི་བཟོ་མི་དགོས་པ་གྲྭ་པ་བྱེད་མི་དགོས་པར་མིའི་འཕེལ་ཚད་འགོག་སྲུང་གི་ཐབས་ལམ་ཞིག་ལ་མཚན་མཐུན་གཉེན་སྒྲིག་འདི་དཀོན་མཆོག་གི་བརྔན་པ་རང་ཡིན་པ་འདྲ།
འཇིག་རྟེན་བཀོད་པ་པོ། ཨ་ཙི་ཁྱེད་རང་ནི་དུས་སུ་བབ་པའི་ཆར་ཕབ་མཁན་རང་རེད། དེ་འདྲའི་འཇིག་རྟེན་གྱི་བདེ་སྡུག་ལ་བསམ་ཤེས་མཁན་ཁྱེད་རང་ནི། ཐུགས་རྗེ་ཆེ་ལཱོ།
རིག་པའི་རལ་གྲི་ལགས།
ང་གཞན་གྱི་སེམས་པར་འཛུལ་ནས་ཚོད་འགམ་གྱི་སྐད་ཆ་མི་བཤད། ང་གཞན་གྱི་མིང་རྫུན་འོག་འཛུལ་ནས་ཁུངས་མེད་ཀྱི་འཆལ་གཏམ་མི་སྨྲ། ངས་ངའི་སེམས་ཀྱིས་ཁ་དོག་གང་འདྲ་ཞིག་མཐོང་གི་ཡོད་པ་དེ་ཤོད་ཐབས་བྱེད་ཀྱིན་ཡོད།
མཚན་མཐུན་གཉེན་སྒྲིག་འདིར་སྐྱོན་གྱི་ཆ་ལས་ཡོན་ཏན་གྱི་ཆ་མང་བ་མེད་འགྲོ།
རྩམ་དགའ་དྲིན་ཆེན་པོ། ད་ཁྱོས་ཁ་གཙོག་མ་བཤད་ཟེར་ན་ད་འཇིགས་མེད་འ་ར་ངེས་གཉིས་སྨྱོ་ནི་རེད། ད་རུང་འབྲུག་པ་ཀུན་ལེགས་ཟེར་ནོ་ཁྱོད་ལ་ངོ་རྒོལ་བྱེད་མཁན་གྱི་ང་ཚོའི་སློབ་དཔོན་དེ་ཡིན་ནི་རེད། ཨ་ཁུ་བྱ་ཤ་ལ་སྲིད་དོན་མ་བཤད་ཟེར་ན་སྨྱོ་ནི་རེད།
མཛེས་མ་ཚེ་སྐྱིད་ལགས།
ཁྱེད་ནས་མཚན་མཐུན་གཉེན་སྒྲིག་ལ་རང་དབང་ཞེས་པའི་ཐ་སྙད་ཙམ་ཞིག་ལ་སྐྱབས་བཅོལ་ནས་གཡས་སྐྱོར་གཡོན་སྐྱོར་གནང་གིན་མ་བཞུགས་པར་འདིའི་དགེ་མཚན་ཞིག་དང་ཁེ་ཕན་ཞིག ཡང་ན་དེང་དུས་ཀྱི་འཇིག་རྟེན་ནང་གི་འདིའི་གནས་བབ་ཞིག་གི་ཐད་ནས་གླེང་བསླངས་ཏེ་ཕྱག་རྡེབ་པ་གནང་ན་ག་འདྲ་འདུག
ཨ་རོག་རིག་པའི་རལ་གྲི་ལོ་ལོ།
ད་ངའི་ཚེ་སྐྱིད་ལ་ཁ་བཙུར་རྣ་བཙུར་མ་ཡེད་ར།
རྗེས་མ་ཟིག་ག་ཨ་མཆོག་གི་ལྒ་ལུ་ལྒོ་ཆུས་སྣེ་ལེན་ཟིག་ཡེད་ངས་འཇུག་ཡ།
དེ་དུས་ད་ཁྱོས་ཤོད་ར་ངན་ཉན་ཡ། ཧ་ཧ་ཧ་
ཨ་ཨ་། འདི་མ་ཡོང་པར་ཉིན་ཁ་ཤེས་འགོར་སོང་། ད་འདི་ན་སྟད་མོ་ཆེ་གི་ཡ།
རིགས་པའི་རལ་གྲིས་རལ་གྲི་གཡུག་ནས་། མཛང་མ་ཚ་རིང་སྐྱིད་ཀྱི་གདོང་རིས་སྙིང་རྗེ་མོ་དེ་རྨ་ཞིག་བཟོ་ས་རེད་། གོ་།
ཨ་རོ་། ལྷོ་ཕྲུག་སྣ་བོ་ཆེ་དང་།
རྩམ་དགའ་། གཞོན་ནུ་ཟླ་མེད་ཁྱེད་ཚོ་རྒྱབ་ལ་ཅུང་ནུར་དང་། ལྟོས་དང་། ཁོ་གཉིས་ལགས་ཐུག་རྒྱུ་རེད་བསམ་ན་བཟུང་གོ་།
༤༦༽ ཚེ་རིང་སྐྱིད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༧ སྐར་མ་ ༣༥
ང་ཚོ་ནི་མིའི་ཐུན་མོང་གི་ཁེ་དབང་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་མཁན་དང་མིའི་རིགས་ལ་འདྲ་མཚུངས་ཀྱི་རང་དབང་ཞིག་དགོས་པར་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་དང་མི་རབས་ཤིག་གི་ངོས་ནས། མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་བདེ་སྐྱིད་འཚོལ་སྟངས་ལ་ངོས་ལེན་བྱ་དགོས་པར་འདོད། རྩ་དང་ཚོར་བ་མི་འདྲ་བ་ཡོང་ངེས་པ་སོགས་ལ་ང་ཚོས་ངོས་ལེན་བྱ་དགོས་ལ། ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད།
༤༩༽ ཚེ་རིང་སྐྱིད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༧ སྐར་མ་ ༥༧
ཡིན་ན་ཡང་ཁོང་གཉིས་མིང་སྲིང་སོགས་གང་ཡང་མ་རེད། གནས་སྟངས་དེ་ཁ་ཁ་ཞིག་རེད། དེ་གཉིས་མཉམ་དུ་ཡོང་ཐབས་མེད།
དམིགས་བསལ་གྱིས་ཁྱེད་ཀྱིས་ཁོང་ཚོའི་གཉེན་སྒྲིག་གི་གོ་རིམ་ཆ་ཚང་ལ་ཅིག་ལྟོས་དང་། བརྩེ་དུང་དང་བཟའ་ཚང་ནི་འཁྲུག་སྤྱོད་ཁོ་ནའི་གནད་དོན་ཞིག་མིན་པ་ཧ་ཅང་གིས་གསལ་བོ་བརྗོད་འདུག་ལ། བྱམས་བརྩེ་དང་ཡིད་ཆེས། བདག་སྐྱོང་དང་སེམས་ཁུར། མཛའ་བ་དང་དུང་ཞེན་ཡོད་ཚད་གཅིག་ཏུ་བསྡུས་མི་འདུག་གམ།
ལྷན་སྐྱེས་ཀྱི་དངོས་ཁམས་ཆགས་རིམ་ཐོག་ནས་སྐྱེས་པ་ཁ་ཤས་ཤིག་སྐྱེས་པར་དགའ་བ་དང་བུད་མེད་ཁ་ཤས་ཤིག་བུད་མེད་ལ་དགའ་བ་ནི་ངས་ལས་སླ་བོའི་ངང་ནས་ངོས་ལེན་བྱེད་ཐུབ་ཀྱིན་འདུག དེ་ལས་ཀྱང་ངས་མི་དང་མིའི་བར་དུ་བྱམས་བརྩེ་དང་འཆམ་མཐུན་གྱིས་ཚེ་གང་གི་གཏན་གྲོགས་གདམས་ཆོག་པར་ངོསལེན་བྱེད་ཀྱིན་ཡོད་ལ། གཏམ་གྲོགས་ཤིག་ཡིན་ན་ངེས་པར་དུ་མཚནམཐུན་དང་ཡང་ན་ངེས་པར་དུ་བྱིས་པ་སྐྱེས་དགོས་པར་ངོས་ལེན་བྱེད་ཀྱིན་མེད། དེ་བས་ངས་འདི་ལྟ་བུའི་གནད་དོན་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ང་འདི་ལྟ་བུའི་ལྷད་མེད་པའི་རྒྱུད་རིམ་གྱིa་བརྩེ་དུང་ལ་ཡིད་སྨོན་ཡང་ཤོར་གི། ་ད་དུང་བརྗོད་རྒྱུ་ཞིག་ལ། ངས་ཁྱེད་ཀྱིས་ངེས་པར་དུ་ངོས་ལེན་བྱ་དགོས་ཟེར་གྱིན་མེད་མོད། ང་རང་གི་ངོས་ནས་ངོས་ལེན་བྱ་ཐུབ་ཀྱིན་འདུག་ལ། ལྷག་པར་དུ་སྙིང་རྗེ་རྒྱུད་ན་སྐྱེས་པའི་ང་ཚོའི་ནང་བ་ཞིག་ཡིན་ན་དེ་ལས་ཀྱང་དེ་ལྟར་བྱ་ཐུབ་དགོས་པར་འདོད།
ཚེ་རིང་སྐྱིད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༩ སྐར་མ་ ༥༢
ཁྱོད་ཚོས་ང་ལ་ཇི་ལྟར་ཁ་རྡུང་བཏང་ཡང་འགྲིག ཡིན་ཡང་ངས་ངོསལེན་བྱེད་ཀྱིན་ཡིན་པ་མ་ཟད། རྩ་ཁམས་ཆགས་སྟངས་དང་ལྷན་སྐྱེས་ཀྱི་སེམས་རྒྱུད་སོགས་ལ་ངོས་ལེན་བྱ་ཐུབ་ཀྱིན་འདུག
གོང་ནས་མི་ཞིག་གིས་ལྷན་སྐྱེས་ཀྱི་ཕོ་མོའི་ཆགས་སྟངས་གཞི་ལ་བཞག་ནས་ཟེར་ནས་ཅིག་ལབ་འདུག ངས་ཀྱང་དེ་ཟེར་བ་ཡིན། བོད་ལ་ཡང་མ་ནིང་ཟེར་བ་ཡོད་པ་མ་ཡིན་ནམ། མི་སྟོང་ཕྲག་གཅིག་གི་ནང་ནས་གཅིག་དེ་སྐྱེས་ཁམས་དང་རྩ་ཁམས་ཆགས་རིམ་མ་འདྲ་བ་ཡོད་སྲིད་ལ། སྔོན་མ་ཡིན་ན་དེ་ནི་རང་སྐྱོན་ཞྀག་དང་ཡང་ན་བཅོས་རྒྱུ་མེད་པ་ཞིག་ཏུ་ངོས་འཛིན་གྱིས་མི་མང་པོ་ཞིག་གིས་སྡུག་བསྔལ་རུམ་ལ་བཅུག་ནས་བུད་སོང་བ་རེད། བར་ཞིག་ནས་མི་ཁ་ཤས་ཀྱིས་རང་ཉིད་གཙོས་པའི་རང་ཉིད་དང་འདྲ་བའི་མི་དེ་ཚོའི་མངོན་འདོད་འགྲུབ་ཆེད་འཐབ་རྩོད་ཀྱིས་ཁྲིམས་མཐུན་ལྟ་བུའི་གནས་བབས་ཤིག་ལ་སླེབས་ནས་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་ཐུབ་ཀྱིན་ཡོད་པ་རེད། ཡིན་ཡང་ད་བར་ཞིག་ལ་ལྷན་སྐྱེས་ཀྱིས་མ་ནིང་ལྟ་བུ་མིན་ཡང་དེ་དཔེ་གསར་ལྟ་བུ་ལ་བརྩི་མཁན་ནམ་ཡང་ན་བཟའ་ཚང་དང་དགའ་རོགས་ཀྱི་འགལ་ཟླ་སོགས་ཀྱིས་མཚན་མཐུན་བཙན་གྱིས་སྡེབས་མཁན་ཡོད་པ་རེད། འདི་ཚང་མར་རྒྱུ་རྐྱེན་མ་འདྲ་བ་ཡོད་རེད།
ཡིན་ཡང་ལྷན་སྐྱེས་ཀྱིས་སྐྱེས་ཁམས་ཆགས་རིམ་གྱི་མི་དེ་ཚོར་ངས་ཅིས་ནས་ཀྱང་ངོས་ལེན་བྱ་རྒྱུ་ཡིན། བདེ་བ་འདོད་པ་གཅིག་པ་རེད། ཁྱེད་ཀྱིས་བུད་མེད་དང་མཉམ་དུ་མཉམ་སྤྱོད་ཀྱིས་བདེ་བ་འབྱུང་གི་ཡོད་ན་ཁོང་ལ་ཡང་དེ་ལྟ་བུ་མཚན་མཐུན་མཉམ་སྡེབས་ཀྱིས་འདེ་བ་འབྱུང་མི་ཆོག་པ་ག་ལ་ཡོད། དེའི་རྐྱེན་གྱིས་དཔེ་གསར་དང་བཙན་གྱིས་སྡེབས་བཞིན་པ་སོགས་མ་ཡིན་པར་ལྷན་སྐྱེས་ཀྱི་རྩ་ཁམས་ཆགས་རིམ་ཀྱིས་དེ་ལྟར་བྱ་དགོས་རིགས་ལ་ངས་ངོས་ལེན་བྱ་རྒྱུ་ཡིན།
ཡ་རབས་བཟང་སྤྱོད་ཟེར་བ་ནི་མཚན་མཐུན་ཕོ་མོ་གཉེན་སྒྲིག་བྱེད་པ་ཙམ་གྱིས་མཚོན་པ་ཡིན་ནམ། རྐུ་འཕྲོག་བཅོམ་གསུམ། རྒྱལ་ཚོང་མྱི་གསོད་ཀྱི་ལས་ནི་བྱེད་ཀྱིན་མེད།་་ངས་དེ་ལྟ་བུའི་ནག་ཉེས་ལ་བསམ་གྱིན་མི་འདུག
ད་དུང་ཞུ་རྒྱུ་ཞིག་ལ་མི་དང་དུད་འགྲོ་ཟེར་ན་ངས་མི་ཤེས་མོད། མི་དང་མིའི་བར་དུ་དེ་ལྟ་བུའི་བརྩེ་དུང་དང་མཐུན་སྡེབས་ཡོང་གི་ཡོད་ན་དེར་ངོས་ལེན་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་དེ་རིང་གི་མི་འདི་གཉིས་ཀྱི་གཉེན་སྒྲིག་གི་གོ་རིམ་བར་ནས་ཕན་ཚུན་ལ་དམ་ཚིག་ཕུལ་བའི་ཡི་གེ་དེ་ཚོ་ནི་དེ་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་། ༼་ཁྱེད་རང་སུ་ཡིན་པ་དེ་ལ་ང་རང་དགའ་གིན་འདུག་དང་། ཡང་ཐུགས་ཁུར་དང་བྱམས་བརྩེ། ནམ་ཡང་ང་ཡི་ཕྱོགས་སུ་ལངས་པའི་གཤིས་སྤྱོད་སོགས་ལ་ང་རང་དགའ་བོ་འདུག༽་ལ་སོགས་པའི་ཚིག་དེ་ཚོ་ངོ་མ་ཡག་པོ་འདུག་ལ། དེ་ནི་མིའི་རིགས་ཀྱི་རྣམ་ཤེས་སྒུལ་བར་བྱེད་པའི་གོ་རིམ་ཞིག་རེད།
ཨ་ཅེ་ཚེ་རིང་སྐྱིད་དང་། །
ཨ་ཁུ་ཨ་ལོག་ཁ་ཤས།།
ཨ་མི་རི་ཀའི་ཡུལ་ནས།།
ཨ་ཕོའི་ཨོང་ཁ་རྩོད་ཀྱི།།
ཨ་ཁུ་ཨ་ལོག་རྩོད་ལ་དགའ།།
ཨ་ཅེ་ཚེ་རིང་རྩོམ་ལ་དགའ།།
ཨ་ཕོ་ཁ་ཤས་མཇེ་ལ་དགའ།།
ཨ་རིའི་ཡུལ་འདི་རང་དབང་ཆེ།།
ཨ་མཆོག་ཡུལ་ནས་བྲོས་པ་ཡི།།
ཨ་ཅེ་མཛེས་མ་ཚེ་རིང་སྐྱིད།།
ཨ་ཅེ་ཟིག་དང་ལྡེབ་པ་ལས།།
ཨ་མདོ་ཕོ་རྒོད་མཉམ་དུ་སྡོད།།
ཨ་ཅེ་མཛེས་མ་ཚེ་རིང་སྐྱིད།།
ཨ་ཅེ་གཞན་ཟིག་བླངས་ཕྱིན་ཆད།།
ཨ་མདོ་ཡུལ་ལ་ཇི་ལྟར་འགྲོ།
ཨ་ཕ་ཨ་མས་ཇི་བསམ་སོམས།།
བུ་མོ་ཚེ་རིང་སྐྱིད་ལགས། དེ་འདྲ་ཡིན་ན་ཡག་བྱུང་ཟེར་རྒྱུ་ཡིན།
རང་གི་ཕ་མའི་འདོད་མོས་ནི། རྨོངས་ཞེན་དང་། ཀླད་རྙིང་། རང་གི་བུ་རྒྱུད་ཀྱི་འདོད་ཚུལ་ནི། གསར་གཏོད་དང། ཡར་རྒྱས།
གཞན་ལ་རིག་པས་བགྲོ་གླེང་བྱེད་ཟེར་ན།།
རིག་པའི་རལ་གྲི་ཁ་ན་རྣོ་མེད་ཀི།
གཞན་ལ་ཁྱིམ་གྱི་བསླབ་བྱ་རྒྱག་ཟེར་ན།།
གཞོན་ནུ་ཟླ་མེད་རྩིབ་ན་རོགས་མེད་ཀི།
གཞན་གྱི་ཆུང་མ་བྱེད་ཀི་འགྲོ་ཟེར་ན།།
བོད་པ་བྱམས་པའི་འོག་ན་སྟུ་མེད་ཀི།
བོད་ཀྱི་སྦྲང་དཀར་རྩམ་པར་དགའ་ན་ཡང་།།
རྩམ་དགའ་ཁྱོད་ལ་དགོས་པའི་མར་མེད་ཀི།
མེད་པ་རྐྱང་རྐྱང་འཛོམས་པའི་དྲ་ཁང་འདིར།།
བུ་མོ་མཛེས་མ་ཚེ་རིང་སྐྱིད་དགའ་ཀི།
ཨ་ཁུ་ཁ་བས་ཨ་ཅེ་འབོད་ན་ཡང་།།
ཨ་མདོ་བོ་མོ་ཨ་རིའི་ལུགས་སྲོལ་དགའ།།
ཨ་མཆོག་མཛངས་མ་ཨ་རི་སླེབས་ནས་བཟུང་།།
ཨ་ཕོ་རྣམས་ལ་ཨ་ཡ་བྱེད་པ་དཀའ།།
རིག་པའི་རལ་གྲིས་སངས་རྒྱས་ཀྱི་བཀའ་ལུང་ཟབ་མོ་ལས་ཀྱང་ཚེ་རིང་སྐྱིད་ཀྱི་དགོངས་དོན་རྩ་ཆེན་འཛིན་པ་འདི་ངོ་མ་སེམས་འགུལ་ཐེབས་དགོས་ཡ་ཞིག་རེད།
ཚེ་རིང་སྐྱིད་ཀྱིས་ལོ་མང་བུད་མེད་ཀྱི་ཐོབ་དང་དབང་ཚད་ལ་འབད་བརྩོན་གནང་བ་དེའི་མཐར་ཐུག་གི་འཇུག་འབྲས་བློ་སྤོབས་་ཆེན་པོས་མཚན་མཐུན་གཉེན་སྒྲིག་གི་ལེའུ་གསར་པ་ཞིག་བོད་མི་རིགས་འདི་ལ་གསར་གཏོད་ཀྱི་བྱ་གཞག་འབུལ་སྙམ་ཡང་བསམ་ཡུལ་ལས་འདས་པ་དེ་རིང་སྐུ་ཞབས་བྱམས་པ་སྔོན་དུ་ཤོར་ནས་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་སྙན་དེ་ཁོང་གིས་བླངས་སོང་།་
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ།། དགེ་བ་མིན་ན་སྡིག་པ་ག་ལ་ཡིན།། ཟེར་བ་དེ་ངོ་མ་དེ་ལྟར་ཡིན་ན་ཚེ་རིང་སྐྱིད་འདིས་དགེ་བ་རྒྱ་ཆེན་པོ་ཤི་ན་འགྱོད་མི་དགོས་པ་ཞིག་ཏན་ཏན་བསགས་ཡོད།
དྲ་ཁང་འདིའི་ནང་གི་བན་དེ་སྐྱ་མིན་སེར་མིན་བུད་མེད་ལ་ཁ་བརྡ་བྱེད་པའི་གོ་སྐབས་མེད་པ་འདི་ཚོར་ཁ་བརྡ་རེ་བྱས་པ་དེས་ཆོག
འདི་ཚོས་འཚོ་བ་དངོས་ཀྱི་ནང་། ཞེད་སྣང། འཚེར་སྣང་། སྤམ་པོ། བཅོས་མའི་བརྟུལ་ཞུགས་བཟུང་ནས་སྡོད་པ་ལས་རྫུ་བག་མ་ལུས་བཤིག་ནས་བུད་མེད་ཅིག་ལ་ཁ་བཙོག་བཤད་པའི་དཔེ་མེད། ཁོག་ན་མེ་འབར་ཡང་ཁ་ནས་དུ་བ་མི་ཐོན་པ་རྐྱང་རྐྱང་ཡིན།
འདི་ཚོས་མིང་རྫུན་རེ་བཏགས་ནས་དྲ་ཁང་ནང་སླེབས་སྐབས་བུད་མེད་རེར་ཐུག་པ་ཡིན་ན་གླང་རྒོད་རྫི་ལངས་པ་འདྲ་བོ་ཡོད། ཁྱེད་ལ་ཁ་བརྡ་བྱེད་རྒྱུར་ཁ་རྩོད་འདྲ་ཟིག་རྒྱག་གི་འདུག་གི་རེད།
ཨ་ཁུ་ཆ་བོས་རིགས་ལམ་མི་རྩོད་པར། །
ཨ་བོ་བྱམས་པའི་བསྐོར་ནས་མྱོས་དང་ཐལ། །
ཨ་ཁུ་གཞོན་ནུས་ཟ་དང་ཟུར་ནས། །
ཨ་ཅ་ཚེ་སྐྱིད་གླེང་ནས་ཤུ་འགྲོ་གི །
ཨ་ཁུ་རྒྱག་པ་ཁྱོད་ལ་ངས་ཅིག་བཤད། །
ཨ་ལགས་ཀླུ་སྨྱོན་ཚང་ནི་འདིར་མེད་ཀི །
ཨ་ལགས་ཁོང་ལྟར་ཁ་རོག་སྡོད་ར་ཤོག །
ཨ་ཁུར་ཉམས་མྱོང་མེད་པས་ཆི་ཟིག་བཤད། །
ཨ་བོ་ཆ་བོའི་སེམས་ཀྱི་བརྩེ་དུང་སྐོར། །
ཨ་ཅ་ཚེ་སྐྱིད་ང་ཚོས་མྱོང་བཞིན་ཡོད། །
ཨ་ཁུ་ལོ་ལོ་ཟུར་ནས་སྡོད་ར་ཉོན། །
ཨ་བུ་ང་ཚོའི་བར་ལ་འཛུལ་མ་ཡོང་། །
ཨ་ཁུ་རིན་པོ་ཆེ་ལ་སྐྱབས་སུ་ཆེ། །
ཨ་ཁུས་ཚང་མ་མཁྱེན་ནོ་ཧྲ་གི་ར། །
ཨ་བོ་ཆ་བོའི་འགྲོ་ལུགས་གླེང་ན། །
ཨ་བོའི་དད་པ་ཆུང་རེར་བུད་འགྲོ
སྐུ་ཞབས་བྱམས་པའི་སྐུབ།།
ཚེ་རིང་སྐྱིད་ཀྱི་བློ།།
ཕྱག་བཞི་པ་ཡི་རྩོམ།།
ཇི་འདྲ་ཡང་པ་ལ།།
ཨ་རིས་ཁེ་ཐིའི་ཨོང་དོ་མཐུག་པོ་དེ་།
ཨ་ཇོ་བྱམས་པར་ཐོབ་དང་མི་ཐོབ་ཞེས་།
ཨ་ཅག་ཚེ་རིང་སྐྱིད་དང་ཨ་ཁུ་ཚོས་།
ཨམ་གཙིགས་བསྡམས་ནས་རྩོད་པ་འདི་ལ་མཚར་།
ཨི་ཁུང་མང་ཡང་སྐྱགས་ཁོང་འདེམ་པས་སྐོར་།
ཨུ་ཚུགས་ནན་གྱི་འགོག་པའི་དོན་ཡང་མེད་།
ཨེམ་ཆི་གསུང་ལས་བཤང་ལས་ནད་འགོ་པ་།
ཨོ་ལོ་གཅེས་ལོ་རྣམ་ཀྱི་སེམས་ལ་བཟུང་།
ང་གཡག་རྒན་ལ་དེ་རིང་དེ་ཙམ་ཞིག་མ་གཏོགས་བཤད་རྒྱུ་མེད་།།
ཨ་རག་མཐུང་ནས་མཛེས་མ་འགུགས་ཐབས་བྱས་།
ཨ་མདོ་ཟེར་ནས་རང་ཚུགས་ཡོད་ཚུལ་བཤད་།་
ཨ་ཅེ་རྒྱ་མོས་སྐྱག་ཁུང་སྟོན་དུས་སུ་།་
ཨ་ལ་ཟེར་ནས་ངོ་མདངས་འཛུམ་གྱི་བཀང།
ཨ་མདོ་ཡུལ་ནས་ཡོང་བའི་ཕོ་གསར་ཚོ་།་
ཨ་ཁུ་སྟོན་པའི་རྣམ་ཐར་འཁྲབ་བཞིན་དུ་།
ཨ་བུ་བྱམས་པ་ཉིད་ལ་སྡིག་སྐུལ་བ་།
ཨ་རོགས་ཁམས་པའི་རིག་ན་ངོ་རེ་ཚ།
ཨ་ཁུ་རྒྱག་པ་བཟང་ཆ་ཟིག་ཡོད་ནོ།།
ཨ་བོ་ཆ་བོའི་སེམས་ཀྱི་དད་པ་མིན།།
ཨ་རིའི་ཡུལ་ནས་གཙང་མ་སྡོད་དགོས་ན།།
ཨ་ཅེ་ཆ་བོར་ཁ་གཙོག་བཤད་དགོས་ཀི།
ཨ་ཁུས་སྔོན་ཆད་དཔེ་ཆ་ཀློག་པ་ལས།།
ཨ་མདོ་བུ་མོར་སྐད་ཆ་བཤད་མ་མྱོང་།།
ཨ་ཅེ་ཚེ་རིང་འདི་གར་སླེབས་སོང་ནོ།།
ཨ་རིའི་བོད་མི་རྣམས་ཀྱི་རྒྱན་ཟིག་རེད།།
ཨ་ཇོ་བྱམས་པ་མནའ་མ་བུད་སོང་ནོ།།
ཨ་རིའི་བྱི་ལི་ཁེ་ཐེའི་བསོད་ནམས་རེད།།
ཨ་བོ་ཁ་ཤས་ཕྲག་དོག་ལངས་ན་ཡང་།།
ཨ་ཕ་ཨ་མས་གནས་ལ་བྱིན་བཏང་ཟིག།
ཨི་ཁུང་སྐྱག་ཁུང་ན་ཚ་བཏང་ཡང་རུང་།།
ཨུ་ཚུགས་བྱས་ནས་བཟེད་ནས་སྡོད་དགོས་ཀི།
ཨེ་མ་དེང་སང་དུས་ཀྱི་སྙིག་མ་ལ།།
ཨོ་ཨོ་ལྟད་མོ་མང་པོ་མཐོང་གི་ཡ།།
ཨ་ལ་སྐུ་རྩེད་ཆེ་བའི་ཨ་ཁུ་ཁྱོད། །
ཨ་བུའི་སྨྱོད་བཤད་སེམས་ལ་ཕོག་པར་འདྲ། །
ཨམ་ཕྲུག་ཁོ་བོས་སྙིང་ཁར་ཐལ་སྦྱར་ནས། །
ཨ་ཁུའི་དགོངས་དྭངས་ཡོང་བའི་སྐྱབས་འཇུག་ཞུ། །
ཨ་རིའི་གཞུང་དང་ཨ་ཅེ་ཚེ་སྐྱིད་ལ། །
ཨ་རིར་ཡོད་པའི་བོད་མི་ལོས་ར་དགའ། །
ཨ་ཅ་མེད་པའི་ཨམ་ཕྲུག་ཁ་རྒོད་ང་། །
ཨ་ཅ་ཚེ་སྐྱིད་དགའ་ནས་སྨྱོན་བཞིན་ཡོད། །
མེ་རི་ལགས།
ཨི་ཁུང་སྙ་མའི་ནང་ལ་མ་རྒྱོབས་པར། །
ཨུ་ཚུགས་བྱས་ནས་མཇེ་རྒོད་གླང་རྭ་དེ། །
ཨེ་ཨེ་ཨ་ཨ་ཟེར་བཞིན་སྐྱག་ཁུང་ལ། །
ཨོ་ཟིག་སྐྱེལ་ཞོར་རྒྱག་མཁན་ཨ་མདོ་མིན། །
ཨ་ཁ་སྙིང་རྗེ་་ཨ་ཕྲུག་ཁ་ཤས་ཀྱིས།།
ཨ་ཅག་ཚེ་སྐྱིད་ཨ་རེ་བསམ་ན་ཡང་།།
ཨ་མཆོག་མཛངས་མས་ཨ་རོགས་ཁམས་པ་ལས།།
ཨ་མདོའི་བུ་ལ་ཨ་ལན་སྤྲོད་རབས་མེད།།
ཨ་རོགས་ཁམས་པའི་མཇེ་དེ་གླང་ངུའི་རྭ།།
ཨ་ཅེ་ཚེ་སྐྱིད་འཛུགས་ས་མ་ནོར་ཟིག།
ཨ་བོ་བྱམས་པའི་མཇེ་དེ་སྐྱག་ཚེབ་འདྲ།།
ཨ་རིའི་སྐྱག་གདོང་དཀྲུག་པའི་ཐུར་མ་རེད།།
ཨ་བུ་རྩམ་དགས་དགོངས་དག་ཞུ་མི་དགོས།།
ཨ་ཁུའི་བློ་རྒྱ་ནམ་མཁའི་མཐོང་ལྟར་ཡངས།།
ཨ་རིའི་ཡུལ་མི་སྦུག་སུ་དོག་ན་ཡང་།།
ཨ་ཁུ་ཆ་བོ་སྐྱོན་གྱིས་གོས་མི་སྲིད།།
ཨ་མདོའི་བུ་ལ་ཨ་ལེན་མེད་ཀྱང་རུང་། །
ཨ་ཅག་བུ་མེད་མཛེས་མ་མང་ན་ཡང་། །
ཨ་མཆོག་བུ་མོར་འགྲན་ཡ་མེད་པས་ན། །
ཨ་མདོའི་བུ་དག་དགའ་ཡང་འགྲིག་འདུག་སྙམ། །
ཨ་མདོའི་ཨ་ཇོར་ཤེས་ཡོན་ཡོད་ཁུལ་གྱིས།། ཨ་རིའི་ཡུལ་ནས་རྒྱག་གཏམ་ཤོད་སྐབས་སུ།།
ཨ་མདོའི་བུ་མོ་ཡིད་ཐང་ཆད་པའི་སེམས།། ཨ་ཁུའི་བསམ་ན་སྡུག་གྱོང་ཡིན་ཡང་སྲིད།།
ཨ་མཆོག་བུ་མོའི་དགའ་རོགས་སུ་ཡིན་ལ།། ཨ་མདོའི་བུ་ཁྱོད་སེམས་ཁྲལ་ཆེ་ཁུལ་བྱས།།
ཨ་ཡིག་ངག་ལས་ཐོན་པའི་མི་དེ་ཡང་།། ཨ་རོགས་ཁམས་པའི་བུ་རྒྱུད་གདོང་དམར་བོད།།
རྩམ་དགའ་ལ་།
ཨ་མཆོག་བུ་མོ་ཟེར་ནས་ཕྲག་དོག་བྱས་།
ཨ་རོགས་ཕོ་རྒོད་རིག་ནས་བརྩེ་བ་ཤོར་།
ཨ་ཁུ་ཟླ་མེད་ཁ་བརྡ་བྱེད་ཞོར་ཏུ་།་
ཨ་མའི་གོམ་པའི་རྗེས་སུ་འགྲོ་འདོད་སྐྱེས་།
ཨ་རོགས་ཕོ་ལ་དགའ་བོའི་མོ་གསར་ཁྱོད་།
ཨ་མདོ་ཕོ་གསར་ཅིག་གིས་ཚུལ་བཟུང་ནས་།
ཨ་ཁུ་ཟླ་མེད་མཇེ་ལ་བལྟ་བསམ་པ།
ཨ་ཅེ་ཚེ་སྐྱིད་མཐོང་ན་ངོ་རེ་ཚ།
ཚེ་ཡི་ལྷ་མོས་བྱིན་གྱིས་བརླབས་པ་ཡི།།
ཚེ་རིང་སྐྱིད་ཀྱི་སྙན་ངག་ཁ་རྩ་ནས།།
ཚེ་ཟད་ཁ་ཤས་ཁ་ཤ་འདར་ནོ་དེ།།
ཚེ་ཚེ་ར་ཕོ་སྤྱང་ཀུར་ཕྲད་པ་འདྲ།།
ཚེ་ཡི་འདུ་བྱེད་མ་རྫོགས་སྔ་རོལ་ནས།།
ཚེ་འཛིན་ལྷ་མོར་ཐེངས་གཅིག་མ་ཕྲད་ན།།
ཚེ་འདི་སྐྱེ་ཀྱང་ཨ་ཁུ་ཆོས་རྒྱལ་དྲུང་།།
ཚེ་འདི་དོན་མེད་འགྲོ་བ་བཞིན་དང་འདྲ།།
ཨ་མཆོག་བུ་མོར་ཁྲག་དོག་བྱེད་དོན་མེད། །
ཨ་རོགས་ཁམས་པ་བོད་རིགས་གཙང་མ་རེད། །
ཨ་ཁ་མེ་རི་ཁྱོད་ནི་མིག་ཚ་ཡང་། །
ཨ་ཕོའི་ཁ་ནས་དགོངས་དག་མི་ཐོན་གི །
ཨ་རོགས་མེད་པའི་ཨ་ཁུ་འགའ་ཞིག་གིས།།
ཨ་ཅག་ཚེ་རིང་སྐྱིད་ཀྱི་མཐའ་འཁོར་དུ།།
ཨ་ཡིག་བསྟར་ཏེ་རྩོམ་ཡིག་སྤེལ་ན་འདི།།
ཨ་རོགས་ཁམས་པས་མཐོང་ན་ཁུང་འཛུམ་བྱེད།།
ཨ་ཀྲད་འདྲ་བའི་ཨ་མདོའི་ཕོ་གསར་ཚོ།།
ཨ་ལན་བྲལ་ཡང་ཨ་ཞེ་ཚེ་སྐྱིད་ལ།།
ཨ་ཀྱོག་པ་ཀྱོག་ཨ་མཚར་བཤད་ན་ཡང་།།
ཨ་མཆོག་མཛངས་མས་ཨ་ཆད་ཨུ་ཐུག་བཟོས།།
ཧ་ཧ་་་་མགོན་པོ་ཕྱག་བཞི་པ་སོགས་ལའོ
ཨ་མདོའི་བུ་མོ་ཨ་ཅེག་ཚེ་རིང་ལ།།
ཨ་རོགས་ཨ་མདོའི་ཕོ་ལ་མྱོང་ཆ་ཆེ།།
ཨ་བོ་ཁམས་པའི་ཨ་ཕོ་ཐུག་ནས་བཟུང།།
ཨ་རྒྱ་ཨ་མ་ཨ་མདོར་རྫིག་པོ་མེད།།
ཨ་མདོའི་བུ་མོ་ཨ་མ་བྱེད་རན་འདུག།
ཨ་རོགས་གཏན་ཁེལ་བྱུང་བའི་ཨ་ལན་ལ།།
ཨ་ཁུ་ཚོས་དང་ཨ་ཕོ་ངེད་ཅག་གིས།།
ཨ་དགའ་ལྷ་དགའི་ཨ་འཚར་བཀྲ་ཤིས་ཞུ།།
ཨ་ཕའི་བུ་ལ་འཇོན་ཐང་ཆེ་བས། །
ཨ་ཁུ་ཁྱོད་འདྲའི་རྫིག་པོ་མི་དགོས། །
ཨ་བུའི་མཇེ་རྒོད་ཁོམ་དུས་དཀའ་གི།
ཨ་ཅག་མཛེས་མས་གཡས་འབོད་གཡོན་འབོད་རེད། །
ཨ་རོགས་ཨ་མདོ་ཁམས་ལ་ཁྱད་པར་མེད།།
ཨར་བཞུགས་ཨ་ཅེག་མཛེས་མ་ཚེ་རིང་སྐྱིད།།
ཨ་མ་མཛངས་མ་ཞིག་གི་ཨ་ཐོབ་སྟེ།།
ཨ་ཕོ་ཨ་ཕའི་མདུན་ནས་རེག་ནི་བྱོས།།
ཨ་ཕའི་དུས་སུ་སླེབས་པའི་ཨ་ཕོ་ང།།
ཨ་མ་བྱེད་ནི་ཨ་ཅེག་འདི་ན་མེད།།
ཨ་ཁུ་ཨ་ནེ་ལས་གཞན་ཚང་མ་ཡིས།།
ཨ་ཕར་ཨ་མ་འཚོལ་ལ་རོགས་རེམས་བྱོས།།
ཚེ་རིང་སྐྱིད་ཁྱོད་ཀྱིས་རང་སྒེར་གྱི་ཚབ་བྱས་ནས་སྐད་ཆ་ཤོད་ཀྱིན་ཡོད་ཟེར་དེ་བདེན་པ་རེད། འདི་ན་སུ་ཡང་རང་སྒེར་གྱི་ཚབ་བྱས་ནས་སྐད་ཆ་ཤོད་པ་མ་གཏོགས་ཚོགས་སྡེ་ཞིག་གི་མགྲིན་ཚབ་པ་ཡིན་ཟེར་མཁན་འདྲ་མཐོང་མ་སོང་། ཡིན་ན་ཡང་ཁྱོད་ཀྱི་མཆན་དང་པོའི་ནང་དུ་ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད།
ཟེར་བར་བལྟས་ཚེ་ཁྱོད་ཀྱིས་རང་སྒེར་གྱི་ཚབ་བྱེད་པ་ལས་བརྒལ་དེ་ནང་པ་སངས་རྒྱས་པ་ཚང་མའི་ཚབ་བྱས་ནས་སྐད་ཆ་བཤད་འདུག ཁྱོད་བོད་ཀྱི་མཛངས་མ། བུད་མེད་ཚོགས་པའི་དབུ་ཁྲིད། རྩོམ་པ་མོ་སོགས་ཡིན་པའི་ཆ་ནས་སྤྱི་ཚོགས་ཤིག་གི་ཚབ་བྱས་ནས་སྐད་ཆ་བཤད་པའི་དབང་ཚད་དང་འོས་འགན་ཡོད། ཡིན་ན་ཡང་སྐད་ཆ་ཞིག་ཡིན་ཕྱིན་སྤྱི་སྒེར་སུས་ཚབ་བྱས་རུང་འགན་འཁུར་དགོས་པ་རེད། མི་ཐེབས་ཆག་ང་ལྟ་བུས་ཀྱང་སྔོན་མ་ཞིག་ལ་དྲྭ་ཐོག་འདིར་སྐད་ཞིག་ཤོད་སྟངས་མ་འགྲིགས་པས་བཟོད་གསོལ་རིང་པོ་ཞིག་ཞུ་དགོས་བྱུང་སོང་། ཡི་གེ་དེ་ད་དུང་དྲྭ་རྒྱ་འདིའི་ཡིག་མཛོད་ནང་དུ་ཡོད་ཡོད་པ་རེད། ངས་ནི་མཚན་མཐུན་བཟའ་སྒྲིག་འདི་མི་སུ་གཅིག་གིས་ངོས་ལེན་ཡོད་དགོས་ཞེས་བཤད་མེད་ལ་ངོས་ལེན་བྱེད་མི་རུང་ཞེས་ཀྱང་བཤད་མེད། ངོས་ལེན་མི་བྱེད་མཁན་ལ་ཡང་ཁག་མེད་ཚུལ་ཙམ་བཤད་ཡོད། ཁྱད་མཚར་བ་ཞིག་ལ་འདི་ན་གྲྭ་བ་དང་གྲྭ་ཟུར་ཚོས་ཀྱང་ནང་པའི་དཀོན་མཆོག་གིས་མཚན་མཐུན་བཟའ་སྒྲིག་ལ་གནང་བ་ཡོད་མེད་ཐག་ཆོད་མེད་དུས་སུ་མཛངས་མས་དཀོན་མཆོག་གསུམ་ཁས་ལེན་མཁན་ཚོས་འདི་ངོས་ལེན་བྱེད་དགོས་པར་ཐག་ཆོད་ཡོད་པ་དེ་རེད། འདི་སྤྱིར་མི་ཚང་མས་ངོས་ལེན་དགོས་པ་ཙམ་དུ་མ་ཟད་དཀོན་མཆོག་གསུམ་ཁས་ལེན་མཁན་ཚོར་ལྷག་པར་དུ་འགན་ག་རེ་ཡོད་པ་ཡིན་ནམ། དེ་ཡིན་རུང་ལྷག་པར་དཀོན་མཆོག་གསུམ་པོ་ཟེར་ནས་འབོད་མཁན་ཚོས་ཁོང་ཚོའི་འདོད་པའི་མཐར་ཐུག་ལ་རྒྱབ་སྐྱོར་དང་ངོས་ལེན་བྱ་དགོས་པར་འདོད།
ཟེར་བ་འདི་ལ་བོད་པའི་ནང་ཆོས་ཀྱི་དཀོན་མཆོག་གི་གནང་བ་ཅི་ལྟར་ཡོད་སྐོར་དེ་ལ གསལ་བཤད་ཅིག་དགོས་ཀྱི་འདུག
ཁྱོད་ཀྱིས་མི་ཞིག་གིས་ཁྱོད་གཅེར་གཟུགས་སུ་ཡོད་པའི་འདྲ་པར་ཞིག་དྲྭ་ཐོག་ཏུ་སྤེལ་སྐོར་ལ་མི་འདོད་པའི་རྣམ་འགྱུར་ཞིག་བསྟན་འདུག་མོད་མི་དང་པོ་སྐྱེ་དུས་སུ་གཅེར་བུར་སྐྱེས་ཤིང་ང་ཚོ་ཡང་མཚམས་མཚམས་ལ་མི་མང་པོས་མི་མཐོང་ས་ནས་གཅེར་བུར་འབུད་ཀྱིན་ཡོད། ཚོགས་སྡེ་ལ་ལ་ཞིག་ད་དུང་གཅེར་བུར་བསྡད་ཡོད་པ་རེད། དེ་ལ་དེ་ཙམ་ཧ་ལས་རྒྱུ་ག་རེ་ཡོད། དེ་ཡང་ཁྱོད་ཚོས་རྩོད་བཞིན་པའི་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཟེར་བ་དེའི་གཅིག་མ་རེད་དམ། མ་གཞི་ཁྱོད་གཅེར་གཟུགས་ཀྱི་པར་ཞིག་ཡོད་ཚུལ་འདི་ན་སུ་གཅིག་གིས་གླེང་གིན་མེད་དུས་ཁྱེད་རང་ཉིད་ཀྱིས་དེ་གླེང་ཡོང་དགོས་དོན་ཡང་ཅི་ཡིན་ནམ། མི་གཅེར་བུ་མཐོང་མ་མྱོང་མཁན་སུ་གཅིག་ཀྱང་མེད་པས་ཁྱོད་གཅེར་གཟུགས་སུ་ཡོད་པའི་པར་ཞིག་མཐོང་རུང་དམིགས་བསལ་དུ་ཧ་ལས་མཁན་སུ་ཡང་ཡོད་རྒྱུ་མ་རེད།
བུད་མེད་ཕལ་མོ་ཆེའི་གཤིས་ཀ་དེ་འདྲ་ཞིག་ཡིན་པ་ལོས་ཡིན་མོད་དྲྭ་ཐོག་འདི་ན་ཁྱོད་ལས་བཟེ་རེ་ཆེ་བ་གཅིག་ཀྱང་མི་འདུག ཅིག་ཅིག་གིས་ཅིག་འགྲིགས་མ་སོང་། ཉིས་ཉིས་གིས་ང་བཀག་ཐབས་བྱེད་ཀྱིན་འདུག ཉེ་འཁོར་ན་སུ་ཡོད་དེ་ཚོས་མ་འགྲིགས་པ་དེ་འདྲ་མང་པོ་ཞིག་རྒྱུན་དུ་ཤོད་འདུག་པ་དེ་ཡང་གཏམ་བཤད་ཀྱི་ཁོར་ཡུག་ཅིག་ན་དེ་ཙམ་མཛེས་པ་ཞིག་མ་རེད། ངས་ནི་ཁྱོད་དང་པོ་དྲྭ་ཚིགས་སུ་ཞུགས་པའི་དུས་ནས་མཐོང་བྱུང་ཡང་ཁྱོད་ལ་དེ་འདྲའི་སྡུག་ནད་མི་ཐེག་པ་ཞིག་བཟོས་པ་གཅིག་ཀྱང་མཐོང་མ་བྱུང་། ཁྱོད་གཅེར་གཟུགས་ཀྱི་པར་བཟོས་པ་གོ་མ་བྱུང་ལ་ཁྱོད་བཀག་ཐབས་བྱས་པ་ཡང་ཚོར་མ་བྱུང་། ཁྱོད་ལ་བོད་ཀྱི་མཛངས་མའི་ཅོད་པཎ་གཡོགས་ཉིན་ནས་བཟུངས་ཚང་མས་གཞི་བདག་གསོལ་གསོལ་བྱེད་བཞིན་པའི་སྣང་བ་བྱུང་། ཐ་ན་ཁྱོད་དྲྭ་ཚིགས་རེར་ཞུགས་སྐབས་ཀྱང་ཁྱོད་ཀྱི་རྩོམ་ཡིག་ཡག་བཙོག་ནས་མི་གླེང་བར་བོད་ཀྱི་མཛངས་མ་ཞེས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ་མཁན་ག་ཚོད་ཅིག་ཡོང་གིན་འདུག མི་རེ་ཟུང་རེས་རྩེད་མོ་རེ་བརྩེས་པར་ཡང་མི་བཟོད་པ་དེ་འདྲ་འདུག་ན་འདི་ན་སྤྲུལ་སྐུ་ཀླུ་སྨྱོན་ལ་དམའ་འབེབས་ག་ཚོད་བྱས་སོང་ཡང་དེ་ལ་ཁོང་གིས་དོ་སྣང་ཡང་བྱེད་ཀྱིན་མི་འདུག་ག ནམ་ནམ་ཞར་ཞར་ལ་རང་གི་ཉེ་འཁོར་གྱི་མི་དེ་ཚོའི་སྟེང་དུ་སྡུག་སྨྲེ་རྐྱང་རྐྱང་བཏོན་བསྡད་ན་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད།
ངོ་མ་བཤད་ན་དྲྭ་ཐོག་ན་ཡོད་པའི་ཚེ་རིང་སྐྱིད་ཟེར་བ་འདི་བོད་ཀྱི་མཛངས་མ་ཡིན་མིན་ཡང་དོགས་གཞི་ཆེ། བོད་ཀྱི་མཛངས་མ་ངོ་མ་ཡིན་ན་ང་ལ་ཞོ་བསྙལ་སྟངས་ཤིག་བསླབས་རོགས་དང་། ང་འབྲོག་པའི་བུ་ཆུང་གྲོང་ཁྱེར་དུ་ལྷུང་བ་ཞིག་གིས་བདུན་ཕྲག་རེ་རེ་བཞིན་Greek Styleཟེར་བའི་ཞོ་Litre གཅིག་ལ་སྒོར་མོ$8རེ་སྤྲད་ནས་ཉོ་བཞིན་ཡོད་པས་འགྲོ་སོང་ཆེ་དྲགས་འདུག མཛངས་མ་ལོ་ལོ། སྐུ་མཁྱེན།
ཨ་ལ་ལ་ལ་ཡ་མཚན་ལྟད་མོ་ཆེ།།
ཨ་ཡིག་རང་བྱོན་མང་པོས་གཟི་བྱིན་ངོམ།།
ཨ་ཁུ་འདི་ཚོའི་ངག་མདུད་གྲོལ་བ་འདྲ།།
ཨ་ཅེ་ཚེ་སྐྱིད་ངག་ལ་ཞུགས་པ་འདྲ།།
ཨ་ལ་རྩེད་མོ་ངོ་མཚར་ཆེ་རྒྱུ་མེད།།
ཨ་ཁུའི་ཁ་ན་སྟུ་དང་རྐུབ་ལས་མེད།།
ཨ་ཕོའི་མཚན་མཐུན་གླེང་ན་བརྩེ་བ་གླེང།།
ཨ་རོགས་ཕོ་མོ་ཁྱད་མེད་བརྩེ་བ་གླེང་།།
ཨ་རོ་ཁྱེད་ཚོའི་སེམས་ན་རྒྱོ་མ་གཏོགས།།
ཨ་མཚར་མི་ཡི་བརྩེ་བ་བོར་བ་འདྲ།།
ཨ་ཕས་ལོ་མང་ཨ་མ་བསྒུགས་ནས་བསྡད།།
ཨ་ཅེེག་མཛེས་གཅིག་ཀྱང་མ་རེད་ཐཱ།།
ཨ་ཕོ་ཧོར་ནས་ཡིན་ཨ་ཅེག་ལ།།
ཨ་ཕས་དངོས་གནས་དང་ལེན་ཞུ་ཐབས་བྲལ།།
ཨ་ཕར་སྦྱར་བའི་དཔེ་འདི་འུ་ཅག་གི།།
ཨ་མ་དག་ལའང་སྦྱར་ན་འགྲིག་མོད་ཀྱང།།
ཨ་ཅེག་ཚང་མས་དངོས་ལེན་མི་བྱེད་ནོ།།
ཨ་ཕོ་བདག་གིས་སྔོན་ནས་ཤེས་བསྡད་ཡོད།།
ཨ་ཕོ་ཨ་ཅེག་མིང་གི་ཁྱད་པར་རེད།།
ཨ་ཁུ་ཨ་ནེ་སོགས་ལ་བརྟག་རྒྱུ་མང།།
ཨ་ཕ་ཨ་མ་ཡིན་མིན་མ་གཏོགས་པའི།།
ཨ་རོགས་ཨ་ལན་བྱེད་སྟངས་སྐབས་འགལ་གཅིག།།
ཨ་ཁུའི་ཚོགས་ལ་སྐུར་འདེབས་བྱས་འདུག་ཅེས།།
ཨ་བོ་ང་ལ་དམོད་ཚིག་མ་བསྒྲགས་རོགས།།
ཨ་ནེ་བཞུགས་སའི་མཐའ་རུ་བསྡད་དུས་ཀྱི།།
ཨ་ཕའི་སེམས་སུ་འཆར་བའི་མྱོང་བ་ཡིན།།
ཨ་ཅེག་མཛངས་མའི་གཙུག་རྒྱན་ཚེ་རིང་སྐྱིད།།
ཨ་མ་བྱས་པའི་དུས་སུ་སྔོན་ནས་སླེབས།།
ཨ་རོགས་ཁམས་པ་ད་ལྟ་གང་དུ་བཞུགས།།
ཨ་རི་ཡུལ་ན་མེད་ན་ལེན་ཐབས་བྱོས།།
དགོངས་དག་བཏེགས་མ་ཚར་གོང་དུ་ཤོར
ཨ་ཅེག་མཛངས་མའི་གཙུག་རྒྱན་ཚེ་རིང་སྐྱིད།།
ཨ་མ་བྱེད་པའི་དུས་སུ་སྔོན་ནས་སླེབས།།
ཨ་རོགས་ཁམས་པ་ད་ལྟ་གང་དུ་བཞུགས།།
ཨ་རི་ཡུལ་ན་མེད་ན་ལེན་ཐབས་བྱོས།།
ཨ་ཕོ་བདག་གིས་ཁ་ཚོད་མ་བཟུང་ནས།།
ཨ་ཅེག་མཛེས་མར་གནོད་པའི་ཚིག་ཡོད་ན།།
ཨ་མའི་བུ་ལ་བྱམས་པས་སྐྱོང་བ་བཞིན།།
ཨ་མདོའི་བུ་མོས་ཁོ་བོར་གུ་ཡངས་མཛོད།།
ཨ་ལ་རྩེད་མཚར་བྱས་པའི་ཨ་རྩོམ་འདི།།
ཨ་ཁུ་ཨ་ནེ་ཚོགས་ལ་ཕོགས་གྱུར་ན།།
ཨ་ཕོ་བདག་གིས་པུས་མོ་སར་སྦྱར་ནས།།
ཨ་ལགས་ཤིག་གི་མདུན་ནས་འགྱོད་བཤགས་བྱེད།།
རེད་ཡ། སྤོབས་པས་བཤད་པ་ལྟར་ཨ་ལགས་ཀླུ་སྨྱོན་འདི་ངོ་མ་མི་ཐུན་མོངས་མ་ཡིན་པ་ཞིག་རེད་འདུག ཐོག་མར་ང་ཡང་ཁོང་སྤྲུལ་སྐུ་ཆགས་པའི་རྒྱུད་རིམ་ནས་ཡིད་མ་རངས་པ་བྱེད་མཁན་ཞིག་ཡིན་ལ་ཁོང་ལ་སྐུར་འདེབས་བྱེད་མཁན་ཨང་དང་པོའི་གྲས་ཞིག་ཀྱང་ཡིན། ཁོ་ལ་སྐྱོན་བརྗོད་དང་ངན་སྨྲས་ཇི་ལྟར་བྱས་ཀྱང་རང་ཉིད་ཀྱི་བཤད་དགོས་པའི་སྐད་ཆ་དེ་ལས་དོན་མེད་ཀྱི་ཉོབ་གཏམ་མི་གླེང་ཞིང་ཁྱད་པར་དྲྭ་གྲོགས་ཕལ་ཆེར་བ་ལ་དར་སྲོལ་ཆེ་བའི་ཕྱོགས་རིས་དང་འཐེན་ཁྱེར་གྱི་སྐད་ཆ་ཧ་ཅང་ཉུང་བས་ངས་རང་བཞིན་གྱིས་མགོ་འདོགས་ཞུ་དགོས་ཐུག་སོང་། ཨ་ཅག་ཚེ་སྐྱིད་ཡང་ང་ཚོ་བོད་པ་ཚོ་དང་དྲ་རྒྱ་འདི་ནང་ཉེ་བར་མཁོ་བའི་མི་སྣ་གལ་ཆེན་ཞིག་ཡིན་པས་སྤོབས་པས་དེ་ལ་ལྟ་ཚུལ་ཡག་པོ་མི་འདུག་པས་སྤོབས་པ་ཁྱོད་ཙུག་གེ་བསྡད་ན་ཡག་་མ་གཏོགས་ང་ཚོ་ཁམས་ལུང་པའི་མི་དེ་ལས་སླ་འོ་ཡོད་མ་རེད་ད། སྤྲུལ་སྐུ་ཨོ་སྟོབས་ལ་ངས་རྔ་ལ་བསྟུན་པའི་འཆམ་ཞིག་འཁྲབ་ཤོག་ཟེར་རྒྱུ་ཡིན།
ཚེ་སྔོན་ལས་དབང་མེད་པའི་ཚེ་ཟད་འགས།།
ཚེ་སྐྱིད་མཛངས་མ་ཚེ་རོགས་བྱུང་བས་ན།།
ཚེ་འདི་གཞན་གྱི་ཚེ་གཡོག་རྒྱུག་བཞིན་དུ།།
ཚེ་ཡི་དུས་བྱས་་ཚེ་འདིར་འགྱོད་མེད་ཟེར།།
ད་ཁ་དྲོ་་་གནས་ཚུལ་འདི་ལ་མཚར་ཁུལ་མ་བྱེད་་་་་་་་་་་་་་་་འདི་ནི་བོད་པ་ཚོར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དར་བའི་ལམ་ལུགས་ཤིག་རེད། མཚན་མཐུན་གཉེན་བསྒྲིགས་བྱེད་ཚུལ། མཚན་མཐུན་ཆགས་སྤྱོད་བྱེད་ཚུལ། མཚན་མཐུན་གཉེན་སྡེབ་ཀྱི་བཟའ་འཁོན་དང། བཟའ་འཐོར་རྒྱག་ཚུལ་སོགས་མང་ནི་རེད། ཧ་ཅང་ཞི་ཞིང་དུལ་མདོག་སྟོན་མཁན་ཚོ་འདིའི་ཕྱོགས་ནས་སྨྱོས་འཇོག་ནི་རེད། འདི་བོད་ཀྱི་སྲོལ་རྒྱུན་རེད། མཐོ་ས་ཆེ་ནས་ཡོད་པའི་ལམ་ལུགས་རེད། བུ་རྒོད་པོ་འདིས་འདི་དམངས་ཁྲོད་དུ་ཁྱེར་ཡོང་འདུག འདི་ནི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཚུལ་ཞིག་རེད།
ཞ་བོའི་ཚོགས་ནས་རྐང་ལྡན་གཅིག་པུ་དང་།།
ལོང་པའི་ནང་ནས་མིག་ལྡན་གསེར་རུའི་སྤུན།།
བུ་མོ་ཚེ་རིང་སྐྱིད་ཀྱི་འཇོན་ཐང་ལ།།
མིག་བུ་ཚ་བའི་གྲྭ་ཟུར་རྣམས་ཀྱིས་གསོན།།
སྡང་བའི་རྣམ་འགྱུར་དགའ་བའི་མཐར་ཐུག་དང་།།
མི་འདོད་རྣམ་འགྱུར་འདོད་པས་མྱོས་པའི་མཚན།།
མི་འཇིགས་སྐད་ཆེན་སྒྲོགས་པ་འཇིགས་པའི་རྟགས།།
རང་གཤིས་གཞན་ལ་ངོམ་པའི་ཕོ་རྒོད་རྣམས།།
ཡོན་ཏན་ལྡན་ལ་བསྟོད་བསྔགས་བྱས་པ་ཡིས།།
དེ་ཡིའི་བསམ་འཆར་འཐད་པར་མཚོན་མི་ནུས།།
མཚན་འཐུན་གཉེན་སྒྲིགས་བོད་ཀྱི་སྲོལ་ལས་བརྒལ།།
བཟང་སྤྱོད་ནུབ་པའི་བལྟས་འདིས་ནམ་ཡང་སྐྱོ།།
བྱམས་པ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་གཞིས་ཤིག་ནས་སྐྱེས་པ་དང་། ཁོ་རང་ལོ་ཆུང་སྐབས་མོན་གྷོ་བོད་སློབ་ལ་ལོ་ཤས་རིང་ཕྱིན་འདུག དེ་དུས་ནས་བྱམས་པ་ཡི་བསམ་སྤྱོད་ཉམས་གསུམ་ནི་བུད་མེད་དང་གཅིག་མཚུངས་ཡོད་སྐད། དེ་དང་འབྲེལ་ནས་ངས་ཀྱང་འདིར་དྲ་གྲོགས་ཚོ་ལ་ཅིག་འདྲི་འདོད་བྱུང་སོང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སྐུ་ཚེ་སྨད་ཕེབས་ཀྱི་དུས་སྐབས་ནང་ལ་ཁོང་གིས།
མེ་ཏོག་ལམ་དུ་བགྲོད་པར་མ་བྱས་ཤིང་།།
གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ལ།།
ཡལ་འདབ་ལྔ་བའང་ངལ་བར་བྱས་མིན་པར།།
དྲན་པའི་ཀ་ཆེན་འགྱེལ་འདིས་སྣང་བ་སྐྱོ།། ཞེས་དང་། ཡང་།
འགྱུར་མེད་ལྷོད་པོར་གནས་པའི་གཤིས་ལེགས་པོ།།
སྙིང་གི་གྲོགས་ཁྱོད་བདག་མདུན་སླེབས་པ་ཡི།།
དགའ་བ་འདི་ཙམ་གཞན་གྱིས་སྟེར་ནུས་སུ།།
ད་དུང་ཡང་ཡང་ཕེབས་དང་སྔོན་པོ་ཏོག ། ཅེས་སོགས་བྲིས་གནང་འདུག་པ་འདིར་རྒྱབ་ལྗོངས་དང་འགྲེལ་སྟངས་དམིགས་བསལ་ཅན་འདྲ་ཡོད་དམ་མེད།
ང་རང་དེ་སྔར་བལ་ཡུལ་ན་ཡོད་དུས་ཨ་མདོའི་མི་ཚང་ངོ་ཤེས་ཡག་པོ་ཞིག་ཡོད། ཁོང་བཟའ་མི་གཉིས་ཀྱི་བུ་དེའང་འགྲོ་སྟངས་འདུག་སྟངས་ཕལ་ཆེར་བུ་མོར་འདྲ་ཟིག་རེད། ད་ག་ལེར་བསམ་བློ་གཏོང་དུས་བྱམས་པ་དང་གཅིག་པ་རེད་བསམ་བསམ་ཞིག་དྲན་གི་འདུག
གདན་ས་ཁག་དང་དགོན་པ་ལ་བཞུགས་མྱོང་བའི་གཞོན་ནུ་ཟླ་མེད་དང་རིག་པའི་རལ་གྲི། ཀླུ་སྨྱོན་རིན་པོ་ཆེ་སོགས་ལ་བཀའ་འདྲ་ཞུ་རྒྱུ་ཞིག་ལ།
དབྱིན་ཇིའི་ཚིག་གི་ནང་Gay དང་ Homo Sextual ཟེར་བ་འདི་དང་མཐུན་པའི་སྐད་ང་ཚོ་བོད་སྐད་ནང་ལ་ཡོད་དམ། ངའི་གོ་ཐོས་ལ་དགོན་པའི་ནང་གྲྭ་པ་ཕན་ཚུན་ཆགས་པ་སྤྱོད་པའི་གནས་ཚུལ་ཡོང་གི་ཡོད་སྟབས། དེའི་ཐ་སྙད་ལ་དོ་སྣང་དང་འཕེལ་རིམ་སོགས་ཡོད་ན། གུས་པ་ཚོར་བགྲོ་གླེང་ཞིག་གནང་རོགས།
ངས་འདིར་ཕོ་དང་ཕོ་ལུས་འབྲེལ་བྱེད་པར་ཡག་ཉེས་ཅི་ཡང་ཤོད་ཀྱི་མེད། གཙོ་བོ་འདི་དང་འབྲེལ་བའི་ཐ་སྙད་ཤེས་འདོད་འདུག
ད་ལྟ་འདིར་བཀོལ་བའི་ཐ་སྙད་དེ། མཚན་མ་གཅིག་པའི་ཆང་ས་འབོད་པ་འདི་ངག་ལ་བཀོལ་མི་བདེ་ལ། རྣ་བ་ལ་ཡང་སྙན་པོ་མི་སྣང་།
gay ལ་ཕོ་ལུས་མོ་ལུས་ཟེར་མཁན་འདུག Homo Sextual ཕོ་ཡིན་ན་གྲྭ་ལྟ་རྒྱབ་དང་མོ་ཡིན་ན་ཟངས་ནག་(སླ་ང) ཁ་བསྒོར་ཟེར་བ་དེ་འདྲ་གོ་མྱོང་། གཞེས་ནིང་ཞིག་མིན་ནམ་ཅིག་ལ་ངེད་ཚོས་འདིའི་སྐོར་ཁ་བརྡ་ཅུང་ཟད་བྱས་པ་དྲན། དེའི་སྐབས་འདིའི་སྐོར་ཕལ་ཆེར་ཁ་བརྡ་ཐེངས་དང་པོ་ཡིན། ངས་མིང་གི་ཐོགས་དོན་དང་དག་ཆ་མ་ཤེས་པར་བྲ་ལྟ་ཞེས་བྲིས་པ་ཡིན། རྗེས་སུ་སྡེ་གྲྭ་སའི་མཁས་པ་ཚོས་གྲྭ་ལྟ་ཞེས་བྲིས་ཡོང་གི་འདུག དེ་ནས་གཞི་ནས། ཨོ་ཐ་སྙད་འདིའི་འབྱུང་ཁུངས་གྲྭ་བ་ཚོའི་རྐུབ་ཡིན་ཟིག་མོད་བསམས་སོང་།
མི་ཟེར་བ་འདིས་མི་བྱེད་དགུ་བྱེད་ག་རེ་ཡིན་ནའང་བྱེད་གི་རེད། ས་ཁུག་ལུང་ཁུག་དེ་ཚོ་ན་འདི་ལ་འབོད་སྟངས་འདྲ་མི་འདྲ་ཡོད་རྒྱུ་རེད་ད། རྩད་བཅད་ན།
རྒྱུ་མཚན་གང་ཡིན་ཧ་གོ་མ་སོང་ཡང་།ཁྱོད་ཚོ་མི་སྒེར་གྱི་འདོད་པ་སྤྱོད་པ་ཅིག་ལབ་ཡོང་དུས་།གཉིད་ཡང་ཐུབ་གྱིན་མེད་པ་འདྲ་བ་མཐོང་སོང།
་བསམ་ཤེས་ཟེར་བ་་ཞིག་གིས་དབྱིན་ཇིའི་Homo sexuality དང་Gay ཟེར་བ་གཉིས་་བོད་ཡིག་ཏུ་ཇི་ལྟར་བསྒྱུར་ན་ལགས་ཞེས་དྲིས་འདུག་པས་དྲི་ཚིག་བཟང་པོ་རེད་བསམ་བྱུང་།ལན་ཅིག་འདེབས་དགོས་བསམ་ཡང་དེ་མུར་བརྗེད་འདུག།་དེ་རིང་མགོན་པོ་ཕྱག་གཉིས་བ་ཟེར་བ་ཞིག་གིས་gay ལ་ཕོ་ལུས་མོ་ལུས་ཟེར་མཁན་འདུག Homo Sextua་ཞེས་དྲངས་ནས་།དེ་ལ་འགྲེལ་ཞིག་རྒྱག་ཁུལ་བྱས་འདུག་།་སྔོན་མའི་ཉམས་མ་བཞག་པར་Homo sexuality་་ཞེས་བྲིས་ད་བཏགས་ནོར་རེད་སྙམ་པ་དང་།་རྗེས་མའི་དབྱིན་ཇི་ཤེས་གིན་མེད་པ་འདྲ་བའི་བཟོ་ཤིག་མཐོང་སོང།
དབྱིན་ཇིའི་ཚིག་ལ།་Homo sexuality་དོན་དག་གཞན་པ་ཤིག་རེད་།་་Homo མི་སོགས་འདུས་བའི་འདུས་བའི་སེམས་ཅན་མང་པོ་ཤིག་ལ་ཟེར་ཅིང་།་དེ་ནི་ལོ་ས་ཡ་གཉིས་ཙམ་གྱི་སྔོན་དུ་བྱུང་བའི་དུད་འགྲོའི་རིགས་ཞིག་ལ་ཟེར་ཅིང་།དེའི་ནང་དུ་མི་དང་སྤྲེའུ་སོགས་ཀྱང་འདུས་ཡོད་པ་རེད་།དེ་བས་Homo sexuality་ཚིག་གཉིས་ཐ་དད་དུ་བྲིས་བ་ན་གོ་བ་གཞན་པ་ཤིག་ལེན་དགོས་ནི་རེད་
ད་ལྟ་ང་ཚོས་གླེང་བཞིན་པ་ནི་Homosexuality་ཞེས་ཚིག་གཉིས་འདྲེས་ཡོད་པ་དེ་ཡིན་པ་དང་།་དེ་ནི་ཕོ་ཡི་ཕོ་ལ་ཆགས་པ་སྤྱོད་པ་དང་།་མོ་ཡི་མོ་ལ་ཆགས་པ་སྤྱོད་པ་དེ་ལ་ཟེར་བཞིན་ཡོད་པ་རེད་།དེ་བཞིན་Gayཟེར་བ་ནི་ཕོ་ཡི་ཕོ་ལ་ཆགས་པ་སྤྱོད་མཁན་དང་lesbian ཟེར་བ་བུད་མེད་གཉིས་ཀྱི་བར་གྱི་འབྲེལ་བ་དེ་ལ་ཟེར་བཞིན་འདུག་།
བོད་པ་ཁ་ཅིག་གིས་རྒྱ་ཡིག་同性恋 དང་དབྱིན་ཇིའི་same-sex་ཟེར་བ་བརྟེན་ནས་མཚན་མཐུན་ཞེས་བསྒྱུར་འདུག་།་སྤྱིར་མཚན་མཐུན་ཟེར་བ་དེ་ཕོ་ལུས་མོ་ལུས་ཟེར་བ་དང།་གྲྭ་ལྟ་རྒྱབ་དང་།་་ཟངས་ནག་(སླ་ང) ཁ་བསྒོར་ཟེར་བ་གྲོང་སྐད་ཕལ་བ་།་མི་དགྲ་རུ་འཛིན་འདོད་པ་ལྟ་བུ་ཐ་སྙད་ལས་ཡག་པོ་འདུག་།ཚིག་ཅིག་བསྒྱུར་བ་ལ་དྲང་བོ།་བར་ཏུ་གནས་བ་ཚིག་ཞིག་བསྒྱུར་ཅི་ཐུབ་བྱ་དགོས་བ་ལས་།དོན་མེད་དུ་ཚིག་དེ་འདྲ་བཀོལ་རྒྱུ་མེད་།་རྗེས་སུ་ཉེན་ཁ་ཆེན་པོ་རེད་།ངས་སྔོན་ཆད་ཅིག་ལ་ཀུན་དགའ་བོ་མངའ་མདོ་ནས་ཕུང་གཅིག་འཁྲུག་པ་ཟེར་བ་ཤིག་ཀློག་སོང་སྙམ་ད་ལྟ་དེ་ལ་གསལ་ཆ་མེད་།་ཨ་ཁུ་ཟླ་མེད་དེ་ལ་གཟིགས་པའི་རེ་བ་ཞུས་ཡང་།་ཁོ་རྐུབ་སྟུ་གཉིས་ཀྱི་ཁྱད་པར་བར་ནས་མགོ་འཁོར་ནས་ད་དུང་ལན་མ་བྱུང་ཐལ།
ངས་བསམ་པར་།་ཀུན་དགའ་བོ་མངའ་མདོ་ཕུང་གཅིག་པ་ཞེས་ཡོད་ན་ཕུང་གཅིག་པ་དང་།དེ་མེད་ན་མཚན་མཐུན་ཞེས་བཏགས་ན་བཟང་གིན་རེད་བསམ།
ཡ་ཡ། ད་ཐ་སྙད་སྐོར་ལ་ནེའུ་ཡོག་ཀོ་ལེན་བྷེ་ཡ་མཁས་པ་ཅིག་གི་འདི་ལྟར་གསུངས་སོང་། ཁྲིམས་མཐུན་མ་ཡིན་པའི་ཆགས་སྤྱོད་ཡོངས་སུ་རྫོགས་པ་Homosexuality འདི་རེད་ཟེར། དེ་ཡང་ sexual misconduct, དོན་ལ་མཚན་མཐུན་ཆགས་སྤྱོད་གཅིག་བུ་མ་རེད། མི་ཡིས་དུད་འགྲོ་ལ་ཆགས་པ་སྤྱོད་པ་དང་། མིའི་ནང་ནས་ཀྱང་ཕོ་ཡིས་ཕོ་ལ་དང་། ད་དུང་ཕོ་ཡིས་མོ་ལ་སྤྱོད་ན་ཡང་དགེ་འདུན་མ་ལ་སྤྱོད་པ། དེ་བཞིན་དུ་གཞན་གྱི་ཆུང་མ་ལ་སྤྱོད་པ། རང་གི་ཆུང་མ་ལ་ཡིན་ན་ཡང་སྤྱོད་ས་མ་སྤྱད་པར་མི་སྤྱོད་ས་སྤྱད་པ། སྤྱོད་ས་ལ་ཡིན་ན་ཡང་དུས་མ་ཡིན་པ་དཔེར་ན་གྲང་བ་སླེབས་པའི་སྐབས་སུ་སྤྱོད་པ་ཚང་མ་ལ་འདོད་ལོག་སྤྱོད་པ་ཅེས་སྔར་ནས་གཏན་འབེབས་བྱས་ཡོད་པས་དེ་ལ་དོགས་པ་ཡོད་དོན་མི་འདུག་སྙམ། དེ་མིན་gay and lesbian ཀྱི་སྐོར་འདི་རེད། འདི་ལ་འགྲེལ་བཤད་ཡག་པོ་ཅིག་རྒྱབ་སོང་ཡང་ད་ཡག་པོ་ཅིག་དྲན་གི་མི་འདུག གང་ལྟར་འདི་ནི་ཁྲིམས་མཐུན་སྟེང་དུ་འགྲོ་མིན་ལ་རྩོད་པའི་སྒང་རེད། དབྱིན་ཚིག་འདི་ནི་ཐོག་མར་ཁྲིམས་མཐུན་མིན་པ་ཅིག་རྗེས་སུ་ཁྲིམས་མཐུན་ཆགས་པ་ཅིག་གི་སྒང་ནས་ཡོང་བ་ཅིག་དྲན་སོང་ཡང་ཅི་ལྟར་ཡིན་དྲན་གི་མི་འདུག བོད་སྐད་ནང་དུ་མཚན་མཐུན་ཆགས་སྤྱོད་ཟེར་བ་ཅིག་ཡོད་པ་འདི་རྒྱ་ནག་གི་ཐུང་ཤིན་ལེན་ཟེར་བ་ཅིག་ཡོད་པ་དེའི་ནང་ནས་བསྒྱུར་བ་ལོས་ཡིན་སྙམ། དབྱིན་ཇིའི་ཚིག་གི་ནང་ན་གོང་དུ་མི་རི་ནས་དྲང་བའི་ཚིག་ same-sex ཟེར་བ་དེ་མིན་ན་གཞན་ཚིག་ཅིག་ད་དུང་རྙེད་མ་སོང་།
མཆན་པོ་དག་ལ། ཐུགས་རྗེ་ཆེ། གུས་པར་ཚིག་ཁ་ཤས་ཤིག་བརྙེད་སོང་བས། ད་དུང་མུ་མཐུད་འཚལ་བར་ཞུ།
Gay: ཕོ་གྲོགས།
Lesbian – མོ་གྲོགས།
Homosexuality རྟགས་མཐུན་ཆགས་སྤྱོད།
ཡང་ན།
ཕོ་ཟུང་། མོ་ཟུང་།
ཨ་རོག་བླ་རྒན་ཆ་བོ་ད་རུང་འདིའི་བསྐོར་ནས་ཐར་གིན་མེད་ནོ་ཆི་ཟིག་རེད། ང་འདིའི་བསྐོར་ནས་སུན་ནས་ཡུན་རིང་བུད་ཐལ། དེ་ལས་འདི་ན་་་་་ང་དང་དགུན་ཁའི་སྙན་ངག་་་་ཅེས་པ་འབྲི་སྟངས་མ་འདྲ་བ་ཞིག་འདུག འདིའི་བསྐོར་ནས་ང་ཚོས་སོ་སོའི་ལྟ་ཚུལ་རེ་གླེང་ཞོར་ལ་སྙན་ངག་ཐར་འཐོར་རེ་འབྲི་རས་བྱེད་འདོད་ན་ཕེབས་ཤོག་ར་ང་རྩམ་དགའ་ཁོམ་བསྡད་ཡོད།
དུས་རབས་ཉི་ཤུ་བ་ཞེ་ལྡང་གི་དུས་རབས་དང་། དུས་རབས་ཉེར་གཅིག་པ་འདོད་ཆགས་ཀྱི་དུས་རབས་རེད་ཤག དེང་སང་རྐུབ་ལབ་པ་དང་གནམ་ལོང་འགྲོ་ཡི་འདུག ག
མ་ཤི་ན་ལྟ་ཨང་། དུས་རབས་ཉེར་གཉིས་པ་མ་རིག་པའི་དུས་རབས་རེད། མི་ཚང་མ་སྨན་དང་ཐ་མ་འཐེན་ནས་ཉལ་འདུག་གི་རེད།
བྱ་རྒོད་རྒྱལ་བོའི་ལུང་བསྟན་ཁ་ཚ་དགོས་གཏུགས་མ་འདི་སློབ་དཔོན་རིན་པོ་ཆེའི་ཞལ་ལས་གསུངས་པ་འདྲ་བོ་འདུག བྱ་རྒོད་རྒྱལ་བོ་ལ་ཕྱག་འཚལ་ལོ།
ངས་དེ་བསྒྱུར་བ་མིན། བོད་རང་གི་ཐ་སྙད་ཡོད་མེད་ལས་བཤད་གི་ཡོད། ངས་ཁ་སང་གི་མཆན་དེ་མ་བཀོད་སྔོན་ཝེ་ཁེ་ཕེ་ཌི་ཡ་ནང་བལྟས་ཟིན་པ་ཡིན། དེའི་ནང་homo ཟེར་ན་མཚུངས་པའི་དོན་དུ་འགྲེལ་ཡོད་གི Lesbian ནི་གྷི་རིག་གི་གླིང་ཕྲན་ Lesbos ནས་བྱུང་བ་ཡིན་འདུག གླིང་ཕྲན་དེ་གནའ་སྔ་མོའི་གྷི་རིག་གི་སྙན་ངག་མ་ sappho ཡི་ཕ་ཡུལ་ཡིན་པས་དེ་དང་འབྲེལ་བ་ཡོད་འདུག མོ་ནི་མཚན་མཐུན་འདོད་བརྩེ་བ་ཞིག་ཡིན་ས་རེད། ལོ་ནི་སྤྱི་ལོ་སྔོན་གྱི་ལོ་ ༦༣༠ནས་༦༡༢ བར་ཞིག་ལ་སྐྱེས་ཤིང་ ༥༧༠ བར་ཞིག་ལ་གྲོངས་པའི་གནས་ཚུལ་འདུག
དང་པོར་རང་ཉིད་ལ་ཐ་སྙད་ཡོད་མེད་ལྟོས། རང་ཉིད་ལ་ཐ་སྙད་ཡོད་ན་ཡིན་གཅིག་མིན་གཅིག་བསྒྱུར་དགོས་པའི་རྒྱུ་མཚན་མེད་པར་འདོད།
ངའི་ཕལ་སྐད་ཐེབ་ཆག་དེ་གཞན་ཕལ་སྐད་ལྗིད་ཁོག་ཚ་བོ་དེ་འདྲ་ཡོད་མེད་ལྟ་མཁན་གྱི་ཕོ་ཉར་མངགས་པ་ཡིན། གཞན་ཅང་མིན། དེ་མིན་རྟགས་འཇུག་ནང་ཕོས་ཕོ་ལ་དྲངས་པ། མོས་མོ་ལ་དྲངས་པ་ལ་རྟགས་མཚུངས་ཟེར་བའི་ཐ་སྙད་ཅིག་ཀྱང་ཡོད་པ་རེད།
སྤྱོད་ལམ་འདི་འདྲ་ཞིག་ཡོད་ཕྱིན་ཆད་བོད་ནང་ལ་འདི་སྐོར་ལ་ཐ་སྙད་སྙིང་རྗེ་མོ་དེ་འདྲ་ཏན་ཏན་ཡོད་རྒྱུ་རེད་བསམས། ད་རུང་ལུང་ཁུག་འདྲ་མི་འདྲར་ཐ་སྙད་དུ་མ་ཞིག་མེད་འགྲོ་སྙམ། gay ལ་ཕོ་ལུས་མོ་ལུས་བེད་སྤྱོད་གཏོང་མཁན་ཡང་དགའ་རབས་འདུག་ག
མགོན་ཕྱག་ངས་ཁྱོད་ཀྱིས་ཚིག་དེ་གཉིས་བསྒྱུར་བ་རེད་ཟེར་གིན་མེད།་ཁྱེད་ཚིག་དེ་གཉིས་ཀྱི་ག་གཅོད་འཚམས་ཤེས་ཀྱིན་མི་འདུག་ཅེས་དང་།་ངས་ཀྱང་ཐ་སྙད་དེ་འདྲ་བོད་ཀྱི་སྐད་ཡིག་ཏུ་ཡོད་མེད་ལྟོས་།ལྷག་པར་ཏུ་ཀུན་དགའ་བའི་མངའ་མདོ་ཟེར་བ་ཞིག་ཡོད་པས་དེ་ནང་དུ་དེ་ནས་མ་རྙེད་ན་།ཁྱོད་ཀྱི་གྲོང་ཚིག་ངལ་རྩོལ་མི་མང་ལས་བྱུང་བ་རྣམས་གཞན་ལ་ཟུར་ཟ་དང་།མཐོང་ཆུང་གི་ཚུལ་དུ་འདུག་པས་།ཚིག་དེ་དག་མ་བཀོལ་བར་རྒྱ་ནག་ལས་བསྒྱུར་བའི་མཚན་མཐུན་ཟེར་བའི་ཚིག་དེ་ཡག་པོ་འདུག་ཅེས་ལབ་པ་ཡིན་།ཧ་གོ་སོང་ངམ།
ཀུན་དགའ་བོའི་མངའ་མདོ་ཟེར་ན་ཀུན་དགའ་བོའི་མངལ་མདོ་ཟེར་བ་དེ་འེ་རེད།
ཧ་ཧ་ཧ་།དེ་ཐེངས་ད་ཁྱོད་ངར་དང་ཟིག་།གྲྭ་ཟ་ནས་བསྡད་པ་དག་ལ་དེ་འདྲའི་ཁྱད་ཆོས་ཞིག་་ལར་ཡོད་།རེད་ལགས་ང་སྔོན་མ་ཨ་ཁུ་ཤིག་གིས་འདི་ལ་ལྟོས་ན་ཚན་རིག་ཡོད་གིན་ཟེར་ནས་།འདུག་མི་ཐུབ་པར་མདོ་དེ་མཇལ་བ་ཡིན་།མཇེ་ལངས་ནས་ཉི་མ་བཞི་ལ་འདུག་མ་ཐུབ་།དེ་འདྲའི་མདོ་སྐྱིད་པོ་ཤིག་།དེ་འདྲའི་མདོ་དྲང་བོ་ཤིག།་དོན་ཕར་ཞོག།ཚིག་སྤྱོར་སྟངས་དེ་ཚོ་གཅིག་པོ་ཆ་ནས་ཤིན་ཏུ་ནས་ཧ་ལས་དགོས་བ་འདུག་།ཁོམ་པ་ཡོད་ན་མཚམས་འདྲ་བསྡད་ནས་མདོ་དེ་ཚོ་ཞིབ་ཀློག་འདྲ་བྱེད་ཐུབ་ན་སྙམ་པའི་སྨོན་ལམ་རེ་རྒྱག་གིན་ཡོད།
Gay ལ་འཛན་ཕོ། Lesbian ལ་འཛན་མོ་ཞེས་བསྒྱུར་ན་ཇི་འདྲ་འདུག འཛན་ནི་སྤྱོད་པའི་དོན་དང་འཛན་ཕོ་འཛན་མོ་བརྗོད་ན་ཕོ་མོའི་རྒྱུན་སྲོལ་འབྲེལ་བ་འཆོལ་བ་ལ་གོ་དགོས་པ་འདྲ།
བོད་ཀྱི་བཀའ་འགྱུར་ནང་གི་དུམ་པ་བཞི་ཅུ་ཞེ་གྲངས་ཞིག་མ་གཏོགས་འཇར་པན་ནས་བོད་ཀྱི་བཀའ་འགྱུར་པར་དུ་འདེབས་སྐབས་གཞན་པ་རྣམས་བསྟན་འགྱུར་ཁྲོད་དུ་བཞག་འདུག གཞན་པ་ཚང་མ་སངས་རྒྱས་ཀྱི་བཀའ་མ་ཡིན་ཟེར།
སྐབས་རེ་འཇར་ཕན་པ་དང་ནུབ་ཕྱོགས་པ་ཚོ་ཡང་རྙོག་བཤད་ལ་དགའ་མཁན་རེད་།ཡིནའང་ལོ་བརྒྱ་ཙམ་གྱི་སྔོན་གྱི་འཇར་མན་ནས་ལེགས་སྤྱར་གྱི་སྐོར་ལ་མཁས་བ་མང་པོ་བྱུང་བ་རེད་ལ་།ཁོ་ཚོས་དེ་སྐོར་ལ་ཞིབ་མཇུག་མང་པོ་བྱས་པ་རེད་།ཡིནའང་བོད་དུ་བསྟུར་ན་བསྟུར་ཐུབས་མེད་པ་ཞིག་རེད་།ཕལ་ཆེར་སྤྱི་ལོ་༡༨༨༠་ཙམ་ལ་ཇོ་ནང་གི་རྒྱ་གར་ཆོས་འབྱུང་ཡང་འཇར་མན་གྱི་སྐད་དུ་བསྒྱུར་ནས་འདུག་།ཧ་ལས་བའི་ཞིབ་འཇུག་ཅིག་བྱས་ཡོད་ས་རེད་།
ཨོ་དེ་ད་ཧ་གོ་ད་གོ བསམ་ཚུལ་བཤད་པ་ཡག་པོ་རེད། ད་རུང་ར་ཐ་སྙད་ཡག་པོ་དེ་འདྲ་རྙེད་རྒྱུ་ཡོད་ན་ཐང་། ལོ་ལོན་རྒན་རྒོན་དེ་ཚོར་དྲིས་ན། བོད་ཀྱི་ཆོས་གཞུང་གི་ཐ་སྙད་དེ་ཚོའང་ཕ་ཁུངས་མ་ཁུངས་དེད་ན་ཁ་སྐད་ཅིག་ལ་ཐུག་བསྡད་ཡོད་པ་རེད། དེ་ཚོའང་ཤེས་པ་གྱིས།
མགོན་པོ་ལགས་།
ཁྱོད་ངལ་རྩོལ་མི་མང་གི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་དོ་སྣང་བྱེད་མཁན་ཞིག་ཡིན་པས་།ངལ་རྩོལ་མི་མང་དང་།ལྷག་པར་ཏུ་ལོ་ལོན་དབུལ་བོ་དེ་ཚོ་ལས་ལེགས་བཤད་བསམ་གྱིས་མི་ཁྱབ་པ་རེ་ལེན་དགོས་བསམ་གིན་ཡོད་ནའང་།ཐོག་དང་པོ་ལོ་སྟོང་ཕྲག་གཅིག་ཙམ་གྱི་རིང་ལ་ངལ་རྩོལ་མི་མང་གིས་སྒྲུག་པའི་གླེགས་བམ་བྲག་རི་བརྩིགས་པ་མང་པོ་འདུག་པས་།་དེ་དག་གི་ནང་དུ་ཅི་ཡོད་བལྟ་།དེ་ནས་ཁྱེད་ཀྱིས་བཤད་པའི་ངལ་རྩོལ་མི་མང་དེ་ཚོ་ལ་དྲིས་ན་ག་འདྲ་འདུག།
ད་ gay གི་དོན་ ཕོ་ལུས་མོ་ལུས་ཟེར་བ་ཞིག དེ་ནས་ཁམས་ནང་ཆེན་ནས་ཕོ་ལུས་མོ་མིན་ཟེར་བ་ཞིག ཕོ་ལུས་མོ་མིན་འདི་ཕོ་མོ་གཉིས་ཀར་ཟེར་གསུངས། ཐད་ཀར་བསྒྱུར་ན་མཚན་མཐུན། འཚོ་བྱེད་བུས་འཛན་ཕོ་འཛན་མོ་ཟེར། ད་ཁྱེད་ཚོར་ཁ་སྣོན་རྒྱག་རྒྱུ་ཡོད་པས།
ཐ་སྙད་ག་ཚོད་མང་ན་ཡག་ག་རེད་མ་གཏོགས་སྐྱོན་ཡོད་པ་མ་རེད།
དེ་རྩོམ་རེ་འབྲི་ནའང་ཁྱེད་ལ་གདམ་ག་ཞིག་ཡོད་པ་རེད། ཐ་སྙད་ཡག་ག་ཅིག་དགོས་ན་ཡག་ག སྡུག་ག་དང་མཐོང་ཆུང་གི་ཐ་སྙད་ཅིག་དགོས་ན་དེ་ཡང་ཡོད་པ་རེད། དེ་རེ་རེ་ལ་ཐོགས་དོན་རེ། ཐ་སྙད་གཅིག་མ་གཏོགས་ཡོད་མ་ཆོག་པ་འདྲ་བོ་ཞིག་བཤད་ཡོང་བ་དེ་རང་གིས་ཅི་གང་མི་ཤེས་པའི་རང་མཚང་སྟོན་པ་ཙམ་ཡིན་ན། རང་གིས་རང་ལ་ཤ་ཚ་བ་གྱིས།
དེ་ར་འདྲ་སེ་འདུག གླེགས་བམ་དེ་ཚོ་ངལ་རཽལ་མི་མང་གི་སྐད་ཆ་རེད། ང་གླེགས་བམ་དེ་ཚོ་ལས་ངལ་རྩོལ་མི་མང་ལ་ཐད་ཀར་འབྲེལ་གཏུགས་བྱེད་རྒྱུར་དགའ། ད་ལྟའི་མི་མང་གི་ཁ་ན་མེད་ནས་ཨུ་ཐུག་ན་གླེགས་བམ་དེ་ཚོར་མ་བལྟས་རང་བལྟས་རེད། གཉིས་ཀར་མེད་པ་ཡིན་ན་རང་བཟོ་བྱེད་དགོས་རེད། རང་བཟོ་བྱེད་དགོས་བྱུང་ན་ང་ཤེས་ལྡན་པ་ཚོས་བཏགས་པའི་ཐ་སྙད་ལས་མི་མང་གིས་བཏགས་པའི་ཐ་སྙད་ལ་དགའ་བོ་ཡོད། ཤེས་ལྡན་པ་ཚོས་རྒྱ་ཡིག་ལ་བལྟས་ནས་རྒྱ་ཡིག་དང་འདྲ་བོ་ཞིག དབྱིན་ཡིག་ལ་བལྟས་ནས་དབྱིན་ཡིག་དང་འདྲ་སེ་ཞིག་བཏགས་ཡོང་གི་རེད། མཚམས་རེར་བོད་ཡིག་གི་ཐ་སྙད་ཅིག་རེད་ཟེར་ན་ཡིད་མི་ཆེས་པ་དེ་འདྲའང་འདུག མི་མང་གིས་བཏགས་པ་དེ་བོད་སྐད་བཀྲུས་ན་དག་རྒྱུ་མེད་པ་དེ་འདྲ་རེད།
ཁྱེད་དེ་འདྲའི་དཀའ་ལས་རྒྱབ་ནས་ག་རེ་བྱེད་ཀིན་ཡོད་།་ཕོ་ལུས་མོ་ལུས་ཟེར་ན་གོ་རྒྱུ་ཆེན་པོ་མི་འདུག་།་རོང་སྐད་ལུང་སྐད་ཅིག་ལས་མི་འདུག་ལ་།་དེ་མིན་གཞན་ལ་ཟུར་ཟའི་ཉམས་ཞིག་ཀྱང་འདུག་པས་།་དེ་མ་བཀོལ་ན་བཟང་།་་ཕོ་ལུས་མོ་ལུས་ཟེར་ན་མཚན་གཉིས་མ་ནིང་ཟེར་བ་དང་གཅིག་པ་རེད་།་དེ་བས་ཁྱེད་ཀྱིས་ཨུ་ཚུགས་བྱེད་ན་།མཚན་གཉིས་མ་ནིང་ཟེར་ན་ཇི་འདྲ་རེད་།
ཡང་སྐད་ཆ་གཞན་ཞིག་ནས་བཤད་ན་།་མ་ནིང་ཟེར་བ་འདི་ལུས་ཀྱི་གྲུབ་ཚུལ་དང་།ཁྱད་པར་མཚན་མ་ཆགས་སྟངས་ཀྱི་དབང་གིས་བཏགས་པ་ཡིན་ཞིང།་འདི་Gay,་དང་Lesbian -དེ་བཞིན་Homosexuality ཆགས་པ་སྤྱོད་སྟངས་ཀྱི་དབང་གིས་བཤད་པ་ཅིག་རེད་།དེ་བས་མ་ནིང་རིགས་སྣ་ཚོགས་དང་འདི་དག་ལ་ཁྱད་པར་ཡོད་པ་རེད་ལ་།་ཁྱེད་རང་གི་ཕོ་ལུས་མོ་ལུས་ཟེར་བ་ཤིན་ཏུ་མི་མཚམ་པ་ཞིག་འདུག་སྙམ།
མགོན་པོ་ལགས་།
ཁྱེད་གླེགས་བམ་དེ་དག་གི་མིང་ཡང་མ་གོ་ན་།དེ་དག་ལ་འབྲེལ་བ་ཅི་ལྟར་བྱས་།་སྐབས་རེ་ངལ་རྩོལ་མང་གིས་ཟ་མ་དང་།་འཁྲུག་པ་སྤྱོད་པ་དང་།་དེ་བཞིན་ལག་གི་ལས་ཀ་ཤེས་པ་ཙམ་ལས་ཅི་ཡང་ཤེས་གིན་མ་རེད་།དེ་བས་ང་ཚོ་ངལ་རྩོལ་མི་མང་ལ་སྒྲུག་བསྡད་ན་།་འཇིག་རྟེན་ན་ཡར་རྒྱས་ཟེར་བ་ཤིག་ཡོད་ཐབས་ཡོད་པ་མ་རེད་།ཁ་ཅིག་གིས་འཇིག་རྟེན་གྱི་ཡོད་ཚད་ངལ་རྩོལ་མི་མང་གིས་ལག་པ་ནས་བྱུང་ཞེས་ཟེར་གིན་ཡོད་མོད་།དོན་གྱིས་ཁོ་ཚོའི་སྐད་ཆ་དེ་ཁོ་ཚོའི་བློ་ཡི་དཔྱད་པ་བཏང་བ་ལས་བྱུང་བ་ཞིག་རེད།
ཕོ་གཟུགས་མོ་སེམས་ཅན་དང་མོ་གཟུགས་ཕོ་སེམས་ཅན་གྱི་མི་འདི་རིགས་ལ་”ཕོ་ཕྱེད་མོ་ཕྱེད་”ཅེས་བཏགས་ན་དོན་ལ་འབྱོར་བར་སེམས། ཚང་མས་བལྟས་ན་དེ་ལྟར་མ་རེད་དམ། ངས་ནི་འདི་ལྟར་འདོག་གི་ཡིན་ལ་འདི་ལྟར་འབོད་ཀྱི་ཡིན།
ཨོ། དེས་ན་གླེགས་བམ་ནང་གི་ཚིག་དེ་ཚོ་གནམ་ནས་བབས་པ་ཡིན་རྒྱུ་རེད། འཛམ་གླིང་ཐོག་ས་ཆ་གང་ཞིག་ལ་མཚོན་ནའང་ཡི་གེ་དེ་ཚོ་སྐད་ལ་བརྟེན་ནས་བཟོས་པ་རེད། དཔེ་ཆ་དེ་ཚོ་སྐད་ཀནཡི་དཔེ་ཆ་རེད།
ངས་ད་ཁན་སེ་ཀློག་ཁ་བྱས་པའི་དཔེ་ཆ་དེ་ཚོ་བོད་སྐད་དང་མ་འབྲེལ་བཞིག་མ་མཐོང་། སྐད་ལ་མ་བསྟེན་པར་མཁས་པ་ཚོས་གསར་བཏོད་བྱས་ཡོང་བའི་ཐ་སྙད་དེ་འདྲ་ཡོད་རྒྱུ་རེད་དེ། ཐ་སྙད་དེ་ཚོའང་བོད་སྐད་ཀྱིས་གྲུབ་པ་ཡིན་པ་ལ་རྩོད་གླེང་ཁོ་རང་ཡོད་པ་མ་རེད།
ཨ་ཁུ་ཀླུ་སྨྱོན་ལགས།
ཕོ་གཟུགས་མོ་སེམས་ཅན་དང་མོ་གཟུགས་ཕོ་སེམས་ཅན་ལ་ཕོ་ཕྱེད་མོ་ཕྱེད་ཅེས་འབོད་རྒྱུ་ཡིན་ན།
ཕོ་གཟུགས་མོ་སེམས་ཅན་ཞིག་གི་ལུས་གཤགས་བཅོས་བྱས་ནས་མོ་རུ་བསྒྱུར་བ་ཡིན་ན་དེ་ལ་ཇི་ལྟར་འབོད་དགོས་སམ། མོ་ཞེས་པའི་ཐ་སྙད་དེ་སྦྱར་རུང་ངམ་མི་རུང། བཅོས་མའི་མོ་ཟེར་ན་ག་འདྲ་འདུག
སྔོན་ཆད་ཅིག་ལ་།ང་ཚོ་ཕ་ཡུལ་དེ་ནས་ངལ་རྩོལ་པ་ནས་སློབ་སྤྱོང་བྱེད་དགོས་ཞེས་ལབ་ནས་སློབ་གྲྭ་རྣམས་ཀྱི་སྒོ་རྒྱབ་།དཔེ་ཆ་རྣམས་མེ་ལ་བསྲེགས།སློབ་ཕྲུག་ཚང་མ་ངལ་རྩོལ་པ་དག་གི་ཁྱིམ་དུ་མངགས་ཏེ་།ངལ་རྩོལ་པ་དག་ལས་སློབ་སྤྱོང་།ང་ཚོས་ཀྱང་དེ་ལྟར་བྱ་དགོས་སམ།་ཧཧཧ
ཨ་རྒ་མེ་རི་གཏོར་མཁན་ལགས།
ཁྱོད་ཀྱང་མཇེ་རྙ་མ་བཤད་རྒྱུར་དགའ་མཁན་ཞིག་རེད་འདུག དེ་ཡག་པོ་རེད། མཇེ་རྙ་མའི་ཁ་བརྡ་འདི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་མེད་དུ་མི་རུང་།
དེ་ནས་འབོད་སྐུལ་ཞུ་རྒྱུ་ཞིག་ལ། མཇེ་རྙ་མ་རྐྱང་རྐྱང་ལ་མགོ་འཁོར་ནས་མི་འདུག་པར། མེ་ཡི་ལྕགས་རི་གཏོར་ཚུལ་དེའི་མཇུག་སྐྱོང་རྒྱུ་མ་བརྗེད་རོགས།
ཁ་ཕྱོགས་མེད་ལགས། མོ་ལུས་ཕོ་རུ་དང་ཕོ་ལུས་མོ་རུ་གཤགས་བཅོས་བྱས་པའི་མི་དེ་ཚོར་དེང་སང་གི་འབོད་སྟངས་ལྟར་ཕོ་ལོག་མོ་ལོག་ཅེས་པའི་ཚིག་འདི་སྤྱད་ནས་བོས་ན་འཚམ་པོར་འདུག་བསམ།
དེ་མིན་པ་ཚོར་གོང་ལྟར་ཕོ་ཕྱེད་མོ་ཕྱེད་ཅེས་བོས་ན་འགྲིག་པར་བསམ།
སྐད་ཀྱི་སྒྱུ་རྩལ་འཚོལ་ན་དམངས་ཁྲོད་ལ་ཕྱིན། ལག་ཤེས་སྣ་མང་སློབ་ན་དམངས་ཁྲོད་ལ་ཕྱིན། སྲོལ་རྒྱུན་གོམས་སྲོལ་བསྙེགས་ན་དམངས་ཁྲོད་ལ་ཕྱིན། གནའ་བོའི་རིག་གནས་འཚོལ་ན་དམངས་ཁྲོད་ལ་ཕྱིན། དམངས་ཀྱི་ངག་རྩོམ་སློབ་ན་དམངས་ཁྲོད་ལ་ཕྱིན། ཞིང་ལས་འབྲོག་ལས་སློབ་ན་དམངས་ཁྲོད་ལ་ཕྱིན། རང་བྱུང་རིག་པ་སློབ་ན་དམངས་ཁྲོད་ལ་ཕྱིན། སྲོག་ཆགས་རིག་པ་སྦྱོང་ན་དམངས་ཁྲོད་ལ་ཕྱིན། ཤེས་རིག་ཕལ་ཆེ་བའི་འབྱུང་ཁུངས་དམངས་ཁྲོད་ན་ཡོད།
ཆོས་ཀྱི་གཞུང་ལུགས་སྦྱོང་ན་ཆོས་གྲྭ་ལ་ཕྱིན། དེང་རབས་རིག་གནས་སྦྱོང་ན་གྲོང་ཁྱེར་ལ་རྒྱུགས། ལ་སོགས་པ་རིགས་བསྒྲེའོ
ཁྱོད་དངོས་གནས་ངལ་རྩོལ་མི་དམངས་ལ་དགའ་མཁན་ཞིག་རེད་།ང་ཚོའི་ཕ་ཡུལ་དེ་ནས་ཀྱང་ངལ་རྩོལ་མི་དམངས་ཀྱི་མགོ་ཁྲིད་པ་ཟེར་བ་འདྲ་བོ་རེད།་ཡ་ཡ་དེ་ཡིན་རྒྱུ་བྱོས།
ཡེ་ཤེས་ཀྱི་སྐད་ཆ་དེ་ཚོ་མེ་རི་གཏོར་མཁན་གྱིས་མཐོང་ཆུང་རེད་འདྲ་བོ་ཞིག་བཤད་ཡོང་གི་འདུག་ག ངས་བལྟས་ན་རང་མི་རིགས་ཀྱིས་བཏགས་པའི་རང་བྱུང་གི་ཐ་སྙད་དེ་ཚོ་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་གཅིག རྗེས་མ་ཞིག་ལ་ཐ་སྙད་རང་གི་ཐོག་ནས་ཤེས་རྒྱུ་མང་པོ་ཞིག་ཡོད་པ་རེད། ཐ་སྙད་འདི་ཚོས་མི་རིགས་ཤིག་གི་འདུ་ཤེས་ཀྱི་འཕེལ་རིམ་དང་ཐོག་མའི་ལོ་རྒྱུས་སོགས་ང་ཚོས་ཤེས་ཐུབ་རྒྱུ་ཡིན་པ་རེད།
ཐ་སྙད་ཡག་པོ་ཞིག་བཏགས་ན་དེའང་མ་འགྲིགས་པ་ཡོད་པ་མ་རེད། དེས་ཀྱང་ཐ྄སྙད་དེ་ནམ་ཞིག་ལ་བྱུང་བ་དང་རིག་གནས་ཀྱི་འཕེམ་རིམ་ནང་གི་དཀྱོག་མཚམས་ཤིག་སྟོན་གི་ཡོད་པ་རེད། མདོར་དེད་ན་ཐ་སྙད་དེ་ཚོའང་ལོ་རྒྱུས་ཀྱི་དཔང་པོ་རེ་ཡིན་པ་རེད། ང་ཚོས་ལོ་རྒྱུས་ཟེར་ན་ཡིན་གཅིག་མིན་གཅིག་རྒྱལ་རབས་ཆོས་འབྱུང་ནང་གི་ལོ་ཚིགས་ལ་ལྟ་དགོས་པའི་ངེས་པ་ཡོད་མ་རེད། ཐ་སྙད། གོམས་སྲོལ། རི་མོ། རྩིག་ལས་སོགས་མང་པོ་ཞིག་ནས་ང་ཚོར་ལོ་རྒྱུས་ངོ་སྤྲོད་བྱེད་གི་ཡོད་པ་དེ་ཁྱེད་ཚོས་ཀྱང་ཤེས་ཤེས་པ་ལྟར་རེད།
ང་ངལ་རྩོལ་མི་མང་གི་མགོ་ཁྲིད་བྱེད་པར་མི་དགའ། ངལ་རྩོལ་མི་མང་གི་ནང་ལ་ཞུགས་ནས་ཁོ་ཚོས་ཅི་བྱེད་དང་ཅི་བཤད་ལ་ཉན་པར་དགའ། མིག་གི་ལྟ་བ་དང་རྣ་ཡིས་ཉན་པར་དགའ། ད་ངོ་མ་གླེགས་བམ་མཐུག་པོ་ཚོའི་ནང་ནས་མ་མཐོང་བ་མང་པོ་མཐོང་རྒྱུ་ཡོད་པ་རེད།
མགོན་པོ་ལགས་།
ངས་ངལ་རྩོལ་མི་དམངས་ཀྱི་སྐད་ཆ་ལ་མཐོང་ཆུང་བྱེད་ག་ལ་ཐུབ་།མགྱོགས་པོ་ང་ཚོ་ཚང་མས་སྔོན་གྱི་དཔེ་ཆ་ཐམས་ཅད་མེ་ལ་བསྲེགས་ནས་ངལ་རྩོལ་གྱི་མི་དམངས་ཀྱི་ཁྱིམ་དུ་སློབ་སྤྱོང་ལ་འགྲོ་དགོས་ནི་རེད།ངས་རང་གིས་དུས་རྒྱུན་འདི་འདྲ་ཞིག་བསམ་གིན་འདུག་།ཐོག་མར་སྔོན་གྱི་གླེགས་བམ་ཁྲི་ཕྲག་མང་པོ་འདུག་།དེའི་ཚོའི་ནང་དུ་ཐ་སྙད་དེ་འདྲ་ཡོད་མེད་བལྟ་།་དེ་ནས་ངལ་རྩོལ་མི་དམངས་ལ་དེ་འདྲ་བལྟ་།་དེ་ནས་ཐད་བསྒྱུར་རམ་མིང་གསར་ཏུ་བཏགས་ན་ཡག་པོ་རེད་བསམ་གིན་འདུག་མོད་།་ཁྱེད་ངལ་རྩོལ་མི་དམངས་ཤིག་ཁ་དང་མགོ་ཡི་ནམ་ཡང་གཏོང་ཐུབ་མི་ཐུབ་པར་།གླེང་མ་ཐག་ཏུ་ངལ་རྩོལ་མི་དམངས་ཤིག་དྲུད་ཡོང་གིན་འདུག་།དེ་བས་གོང་གི་སྐད་ཆ་རྣམས་ཞེ་དྲགས་འཚམས་པོ་ཡོད་།
རེད་ལགས་།་ཁྱེད་ཁོང་ཚོ་དང་མཉམ་དུ་བསྡད།་མཉམ་དུ་ངལ་རྩོལ་བྱས་།མཉམ་དུ་བགོ་བྱ་རྒྱབ་།མཉམ་དུ་འདུག་སྟེགས་སྟེང་དུ་།ཐམས་ཅད་མཉམ་མཉམ་ཞིག་ཡིན་བསམ་གིན་འདུག་།དེ་བས་ང་ཚོ་མཉམ་དུ་མི་འདུག་པ་རྣམས་ཀྱི་གླེགས་བམ་ཆེན་པོ་དག་ལ་ཁུངས་གཏུགས་རྒྱུ་ལས་གཞན་ཅི་ཡོད།་ཧཧཧ
gay ལ་ཕོར་ཆགས་་དང་། lesbian ལ་མོར་ཆགས་ཟེར་ན
ཨ་ཁུ་ཀླུ་སྨྱོན་ལན་གནང་ནོ་ཐུགས་རྗེ་ཆེ།
ཕོ་ལོག་མོ་ལོག་ཟེར་བའི་ཐ་སྙད་དེ་བརྗོད་བདེ་བོ་ཞིག་འདུག་འོན་ཀྱང་དོན་གྱིས་ཆ་ནས་ལོག་ཅེས་པ་དེ་བྱེད་མེད་ལས་ཚིག་ཅིག་ཡིན་པས་གོ་བ་དག་དག་བསྡད་མེད་ནི་འདྲ་ཞིག་རེད།
ཐ་སྙད་དེ་ལ་མིང་འདོགས་སྟངས་ཀྱི་ཆ་ནས་བསྒྱུར་བ་དང་འགྱུར་བའི་ཁྱད་པར་ལྟ་བུ་འདུག
གང་ལྟར་རྗེས་གྲུབ་ཀྱི་མིང་ཚིག་རེ་རེ་ལའང་སྒྲ་བཤད་དུ་ཡོད་པ་བོད་ཀྱི་སྐད་ཡིག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། དེ་རྩ་ཆེན་པོ་ཞིག་རེད། མིང་གསར་བ་ཞིག་བཏགས་སྐབས་གཙོ་བོ་བརྗོད་བདེ་མིན་ལ་བལྟ་དགོས་རྒྱུ་རེད་དེའི་སྟེང་སྒྲ་དོན་གྱི་འབྲེལ་བ་གྲུབ་སྟངས་ལ་བལྟ་རྒྱུ་གལ་ཆེ། སྐབས་རེ་ཐ་སྙད་བརྗོད་བདེ་མིན་ཟེར་དུས་རྣ་བར་གོམས་མ་གོམས་ཀྱི་དབང་དུ་འགྲོ། སྒྲ་དོན་གྱི་འབྲེལ་བ་ནི་གོམས་མ་གོམས་ཀྱི་ཐོག་ནས་གྲུབ་རྒྱུ་ཞིག་མིན་པས་དེ་ལ་ཡང་བསམ་གཞིགས་བྱེད་ས་ཡོད་སྙམ།
ཕོ་ལོག་མོ་ལོག་ནི་འགྱུར་བ་མ་ནིང་རེད། ད་དུང་མཚན་ལན་གསུམ་འགྱུར་ཅེས་ཀྱང་ཟེར། དེ་ནི་ཟླ་བ་ཡར་ངོ་ལ་ཕོ་ཆགས་མར་ངོ་ལ་མོ་ཆགས། དེ་བཞིན་མཚན་འགྱུར་འགྲོ་གི་ཡོད་པ་རེད། དེ་བྱེད་མེད་ལས་ཚིག་མ་གཏོགས་བྱེད་འབྲེལ་ལས་ཚིག་སྦྱར་དོན་མེད་ཀ
འདི་ན་གོ་རྒྱུ་ཅན་གྱི་གློག་བརྙན་ཅིག་ཡོད། http://www.youtube.com/watch?v=4UeBYwxsFko
ཕོ་ལ་ཐུག་དུས་མོར་སྤྲུལ། །
མོ་དང་ཕྲད་དུས་ཕོར་འགྱུར། །
མཚན་གཉིས་ལྡན་པའི་མི་ལ། །
ཁེ་སང་མང་བོ་ཡོད་ཀི །
do not worry about him. i think .this is not bad not good. we will see so many like him.it is vrey normal.
ཞབས་འདྲེན་རེད། ངོ་ཚ་རྒྱུ་ཁྱེད་ལ་མེད་ངེད་བོད་པ་ཚང་སྣ་བུག་མ་བཀོག
ངས་བསམ་ན་ཁྱེད་རང་ལ་འདི་འདྲི་གོ་སྐབས་ཐོབ་ན་ཁྱེད་ཀྱིས་གང་བྱེད་དམ་
དེ་ནས་མི་གཞན་ལ་བཤད་ན་དོན་དང་ལྡན་པ་ཞིག་ཐོབ་
ངས་བསམ་པར་ཉོན་མོང་ཀྱི་ལས་ཞིག་བྱེད་ཚར་ན་ཐབས་ལམ་གང་ཡིན་ན་ཁྱད་པར་ཡོད་དམ་མཉམ།
མྱི་འདི་ཚོ་ལས་རྒྱུ་མང་ལ་བཤད་རྒྱུ་ཡང་མང་གི་གོ
ད་དཀོན་མཆོག་མཁྱེན། དཀོན་མཆོག་མཁྱེན། ད་ནི་མི་བྱེད་པ་གཅིག་ཀྱང་མི་འདུག་ལ།
མི་བཤད་པའང་གཅིག་ཀྱང་མི་འདུག
ཡིན་ནའང་དུས་རབས་དང་གནས་བབ་ལ་བསམས་ནས་ངས་སྐུ་ཞབས་བྱམས་པ་དང་ཕོ་གསར་ཁེ་ཐི་གཉིས་ལ་འཚམས་འདྲི་ཞུ། གོང་དུ་མང་པོ་ཞིག་གིས་སོ་སོའི་བསམ་ཚུལ་བཤད་འདུག་ལ། ཕན་ཚུན་བགྲོ་གླེང་ཡང་རབ་དང་རིམས་པར་བྱས་འདུག ཁ་ཤས་ཧང་མདོག་བྱས་འདུག་ལ། ཁ་ཤས་ཀྱིས་ངོས་ལེན་གཙང་མ་ཡང་གནང་འདུག གང་ལྟར་མངོན་གསལ་དོད་མ་དོད་ཙམ་ལས་གནས་ཚུལ་འདི་བོད་པ་ཚང་གི་མལ་ཆས་གསེབ་ཏུ་བྱུང་མ་བ་ཞིག་ཨེ་ཡིན་ན། ཁ་ཐུག་བཤད་ན་ངོ་མ་ཡིན་རྒྱུ་མ་རེད། ཡིན་ནའང་ཐམས་ཅད་ཁོག་ཏུ་སྦ་བ་བོད་པའི་གཤིས་ཀ་ཞིག་རེད།
བོད་མིས་བོད་ནང་གི་དོན་དག་མ་ཤེས་སྔོན་ཕྱི་རྒྱལ་ཚོས་ཤེས་བསྡད་འདུག ་་བོད་ལ་འདས་མཆོད་་ ཟེར་བའི་དེབ་ནང་འདི་ལྟར་བཀོད་འདུག ཁྱོ་ག་གཅིག་གིས་བུད་མེད་དུ་མ་བསྟེན་པ་དང་བུད་མེད་གཅིག་གིས་ཁྱོ་ག་དུ་མ་བསྟེན་མཁན་ཡོད་པའི་སྤྱི་ཚོགས་འདིའི་ནང་འཁྲིག་ཐབས་རྣམ་གྲངས་སྤེལ་མར་ཡོད། གྲྭ་པའི་ཁྲོད་ཁ་དང་རྐུབ་ནང་ལ་བླུགས་མཁན་དང་བུས་བུ། ། ལྷག་པར་བྱིས་པར་སྤྱོད་མཁན་གྱི་ཚད་མཐོན་པོ་རེད་ཅེས་བཀོད་འདུག
དེབ་འདི་ནི་སྔོན་ཁམས་ཕྱོགས་སུ་ཡེ་ཤེས་ཆོས་སྤེལ་དུ་སླེབས་ཤིང་སྤོམ་མདའ་རབ་དགའ་ཚང་གི་ཁྱིམ་མིས་གཙོས་པའི་དེ་ཁུལ་གྱི་མི་རྣམས་ལ་སྨན་བཅོས་རོགས་མགོན་བྱས་ཡུན་གང་འཚམས་སྡོད་མཁན་ཇོར་རྗེ་ཕ་ཁྲེར་སོན་སྡེ་དགེ་སྲས་ཚང་དུ་བཞུགས་པའི་སྐབས། ཁོ་ལ་བུ་མོ་དེ་འདྲ་བཀོད་སྒྲིག་བྱས་པ་ལས་འཕྲོས་པའི་སྐད་ཆ་རེད། འདི་དང་འདི་འདྲ་ད་རུང་གཞན་ཞིག་ཏུའང་མཐོང་།