སྐྱོ་བྲག་དགའ་དབང་།
ངས་ཉེ་སྔོན་ཞིག་ན་དྲ་ལམ་དག་ཏུ་སྙན་ངག་པ་གྲགས་ཅན་ལྷ་རྩེའི་ཁུ་བྱུག་གིས། ལོ་མང་གི་ཉམས་མྱོང་དང་། དམིགས་བསལ་གྱི་རིག་རྩལ་ལ་བརྟེན་ནས། ཆེད་སྦྱོང་འཛིན་གྲྭའི་སློབ་དེབ། མིང་། སྙན་ངག་ལ་འཇུག་པའི་ལམ། ཞེས་པ། དོན། བོད་པའི་རྩོམ་ཚུལ་སྔ་ཕྱི་བར་གསུམ་འདྲེས་པའི་སྙན་གཞུང་ར་མ་ལུག་ཅིག་ཡོད་རབས་ཀྱི་གནས་ཚུལ་སྤེལ་བ་ན། སྙན་ངག་གི་བདུད་རྩིས་སེམས་ཁམས་བརྟས་པའི་བློ་གསལ་དོན་གཉེར་ཅན་དག་གིས། བལྟ་འདོད་ཡོད་ཅིང་འཐོབ་ཐབས་དགོས་པས་གང་ནས་རེག་མིན་གྱི་བཀའ་འདྲི་གནང་གི་གདའ།
གཞུང་གི་ཆོག་མཆན་ཐོབ་པའི་དཔེ་རྟགས་བར་དོའི་འཕྲང་རིང་འགྲིམ་པའི་དཀའ་ཚེགས་ཟུར་ལ་བཞག་སྟེ། རང་དབང་གི་པར་སྐྲུན་ལེགས་གྲུབ་བྱུང་བ་དིང་སྐབས་འགྲེམ་སྤེལ་བྱེད་ཀྱིན་ཡོད་འདུག །
འབྲེལ་གཏུག་བྱ་སའི་ཁ་བྱང་ནི། སྐྱེ་དགུའི་ལབ་དགོན་ཚོང་ཁྲོམ་གྱི་དཔེ་མཛོད་ཁང་། ཁམས་པའི་ལྷ་ཆབ་ལགས། ཁ་པར་ཨང་གྲངས། ༠༠༨༦༡༣༡༣༩༡༦༢༢༢༤ ཡིན་པར་འདུག་ལ། ད་དུང་གློག་རྡུལ་འཕྲུལ་དེབ་ཀྱང་བཟོས་ཟིན་ཏེ། འབར་ཞུན་མུ་འབྲེལ་འཕྲུལ་དེབ་གསར་པའི་ཕབ་ལེན་དྲ་གནས་ཀྱི་ཁ་བྱང་། http://pan.baidu.com/s/1sjHFa8l འདི་ཉིད་ཡིན་པར་བཀོད་གདའ།
ད་ནི་རང་རང་སོ་སོའི་འདོད་མོས་དང་ཆ་རྐྱེན་ལ་དཔགས་པའི་འཚོལ་སྒྲུབ་ཀྱིས་ལས་སླ་བོར་འཐོབ་ངེས་སུ་ཡོད་པར་འདུག་པས་བློ་འདོད་སྐོང་བ་ལ་དཀའ་ཚེགས་ཅི་ཡང་ཡོད་པ་ཡིན་ནོ། །