ཕྱི་ལོ་༢༠༡༤ཟླ་༣ཚེས་༧ཉིན་ནིའུ་ཡོག་དང་། ནིའུ་ཡོག་ཉེ་ཁུལ་ས་གནས་ཁག་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་༸གོང་ས་མཆོག་ལ་ཆེད་དུ་དགའ་བསུ་དང་། ཕེབས་སྐྱེལ་ཞུ་བར་ཕེབས་པའི་བོད་མི་༨༠༠ལྷག་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་བའི་བརྙན་འཕྲིན་ཆ་ཚང་།
དེ་རིང་གི་བཀའ་སློབ་ཧ་ཅང་ཐུགས་ཐག་ཉེ་པོ་དང་ཐུགས་མཉེས་པོའི་ཐོག་གནང་བ་དང་། སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་དགོས་པ། བོད་རིགས་ཚོགས་པ་ཚོས་སློབ་ཕྲུག་སྐྱོ་པོའི་སློབ་ཡོན་ལ་རོགས་རམ་བྱེད་དགོས་པ། བོད་རིགས་ཚོས་དངུལ་གསོག་དགོས་པ་སོགས་ཕ་མས་བུ་ཕྲུག་ལ་ཇི་བཞིན་གསུངས་ཤིང་། གསུང་བཤད་ཀྱི་མཇུག་ཏུ་ལྷག་པར་དུ་ཐུགས་བརྩེ་བའི་བཀའ་སློབ་གནང་བ་དང་། སྐུ་ཁམས་གསལ་ཐང་ཡིན་པ་གསུངས་པ། བོད་པའི་མི་འབོར་སྐོར་གསུངས་པ་སོགས་ཀྱི་སྐབས་མིག་ཆུ་ཡང་ཤོར་བྱུང་། རྒྱལ་བའི་དབང་པོ་སྐུ་ཚེ་བརྟན་པར་ཤོག
རང་ཅག་བོད་མི་ཚོའི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་ནི་སྙིང་རྗེའི་རང་གཟུགས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོང་ཉིད་ཡིན་གཤིས། རིས་མེད་བོད་རིགས་ཡོངས་ཀྱིས་ཁ་ཞེ་གཉིས་སུ་མེད་པའི་དད་གུས་ཀྱིས་ཁོང་གི་བཀའ་དགོངས་ལམ་སྟོན་ལྟར་ཇི་བཞིན་བསྒྲུབ་ན། འཕྲལ་ཕུགས་ཀུན་ཏུ་དགེ་བའི་དོན་ལྡན་གྱི་འབྲས་བུ་བཟང་པོ་སྨིན་ངེས་པ་ནི་གདོན་མི་ཟའོ།
ཡིད་བཞིན་ནོར་བུ་ཁོང་གི་སྐུ་ཚེ་ཡུན་བརྟན་ངང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་གྱུར་ཅིག
ད་ལན་གྱི་བཀའ་སློབ་འདི་ནི་བོད་མི་རིགས་སྤྱི་ཡོངས་ལ་ཐུགས་བརྩེ་བའི་བཀའ་སློབ་ལོས་ཡིན། ཧ་ཅང་གི་སེམས་ཚོར་ཆེན་པོ་བྱུང་། གྲ་བསྒྲིགས་གནང་མཁན་ཚོ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། །
བཀའ་སློབ་ཆ་ཚང་ཉན་པ་ཡིན་
ཉན་ཚར་ནས་དགའ་སྐྱོ་ཟུང་འབྲེལ་གྱིས་སྐར་མ་ཁ་ཤས་ངུས་པ་ཡིན་
ཆོས་དར་སར་འདུད་དར་ཟེར་སྲོལ་ཡོད་པ་ལྟར་དོལ་རྒྱལ་ཚོགས་པའི་བྱ་སྤྱོད་ངན་པ་དེས་སྐྱོ་བ་ཐོལ་པ་ཞིག་བྱུང་
བཀའ་སློབ་ཆ་ཚང་ལ་ཉན་པ་ཡིན། བློ་བསྐྱེད་གསུམ་དང་དོགས་སློང་གཉིས་སླེབས་སོང་།
བློ་བསྐྱེས་གསུམ་སྟེ།
༡ ནང་ཆོས་ལ་ཉནས་ལེན་གྱི་ཆ་དང་ཚན་རིག་གི་ཆ། རྗེས་དཔག་གི་རིགས་ལམ་དུ་དབྱེ་ཞིང་། འཇིག་རྟེན་ལེབ་ལེབ་མ་ཡིན་པར་ཟླུམ་པོར་ངོས་ལེན་གནང་བ་ནི་དག་ཐེར་ཞིག་གི་དབུ་འབྱེད་རེད། ༢ ཇོའུ་མི་རིགས་དཔེར་དྲངས་ནས་བཙན་བྱོལ་བོད་མིའི་ཁྲོད་དུ་ཕྱུག་པོ་གང་མང་བསྐྲུན་པར་ཐུགས་རེ་ཆེན་པོ་གནང་བ་ནི་བོད་ཀྱི་གནད་དོན་ཐག་ཆོད་པར་དུས་་ཡུན་རིང་བོ་ཞིག་དགོས་པའི་དོན་དུའང་ལྟ་ཆོག་སྙམ། ༣ བོད་ཀྱི་ཕོ་གསར་མོ་གསར་ཚོས་བུ་ཕྲུག་བཟོ་བསྐྲུན་ལ་བསྐུལ་མ་གནང་བའང་ཐོག་མ་ཡིན་ངེས་པས། དཔའ་ཁས་ལེན་བྱེད་མཁན་མང་བོ་ཡོད་འོས་པ་ཞིག་རེད།
དོགས་སློང་གཉིས་ནི།
༡ རྒྱ་མི་ནང་བ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་ཡོད་གསུངས་སོང་། དོན་ལ་ས་ཡ་བརྒྱ་ནི་དུང་ཕྱུར་གཅིག་ཡིན་པས། རྒྱ་ནག་ཏུ་ནང་བ་སངས་རྒྱས་པ་དུང་ཕྱུར་བཞི་ནས་ལྔ་ཡོད་ཅེས་པའི་དོན་རེད། ངས་ད་ལྟ་རང་ཧྲང་ཧེ། ཐེན་ཅིན། པེ་ཅིང་བཅས་སུ་བོད་བརྒྱུད་ནང་བསྟན་ལ་འབྲེལ་བ་ངེས་ཅན་ཡོད་པའི་རྒྱ་མི་གསུམ་ལ་སྐད་ཆ་དྲིས་པ་ཡིན། ཁོང་ཚོས་ཧ་ལམ་ཁ་གཅིག་གྲགས་ཀྱིས་རྒྱ་ནག་ནང་གི་ཆོས་དད་པ་མང་ཤོས་ཀྱི་ཆོས་ལུགས་ནི་ཡི་ཤུའི་ཆོས་ལུགས་རེད་ལ། དུང་ཕྱུར་གཅིག་ལ་སླེབས་མེད། དེ་བཞིན་ནང་བ་ནི་ས་ཡ་བཅུ་ལའང་སླེབས་མིན་ཁག་པོ་རེད། དེ་ལས་ཀྱང་བོད་བརྒྱུད་ནང་བསྟན་ལ་དད་མཁན་ས་ཡ་ཁ་ཤས་ལས་མེད་གསུངས་སོང་། དེ་བས། རྒྱ་ནག་ནང་དུ་ནང་བ་ས་ཡ་བཞི་བརྒྱའམ་ལྔ་བརྒྱ་ལབ་མཁན་ཚོར་ཞིབ་འཇུག་ཡག་པོ་བྱེད་རན་ཡོད་པ་གསལ་བོ་རེད་སྙམ།
༢ བོད་རྒྱའི་འབྲེལ་གཏུག་ཕྱི་ལོ༡༩༧༩ལོ་ནས་བྱུང་བ་རེད། ཐོག་མ་ནས་རང་བཙན་སྨྲ་མཁན་འཇུ་ཆེན་ཐུབ་བསྟན་རེད་གསུངས་པ་ནི་གཡོལ་སྟངས་ཤིག་ཡིན་སྲིད་ཀྱང་། གཞན་རང་བཙན་སྨྲ་མཁན་སྟག་འཚེར་རིན་པོ་ཆེ་སོགས་ཕར་ཞོག ཐ་ན་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་ཀྱིས་བརྩམས་པའི་༼བཙན་རྒོལ་རྒྱལ་སྐྱོབ༽ཀྱི་རྒྱལ་ཁབ་སྐྱོབ་པ་ཞེས་པ་རང་བཙན་མ་ཡིན་ནམ། གཞན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་རང་རྣམ་ནང་ཐོག་མཐའ་བར་གསུམ་དུ་རང་ཐག་རང་གཅོད་བརྩོན་ལེན་བྱས་ཡོད་དོན་ཅི། དེ་བས། སྐབས་དེར་རང་བཙན་གྲོས་གཞིར་བཏོན་པ་ནི་མི་མང་བོ་ཞིག་གི་འདུན་པ་ལས་མི་རེ་གཉིས་ཀྱི་ཨུ་ཚུགས་ཤིག་ཡིན་གྱི་མ་རེད་འདོད།
གོང་ས་མཆོག་ལ་སྐྱབ་སུ་མཆི་ཟེར་བ་ལས་ཁོང་གི་བཀའ་སློབས་དག་སྙིང་བཅང་གིས་འབད་སྒྲུབ་བྱས་ན་དགེ་མཚན་ཆེ།
ཚོས་མི་རིགས་འདི་ལ་དབུ་འཁྲིད་འདི་འདྲ་ཞིག་ཡོད་པ་ནི་དངོས་གནས་དགའ་དགོས་ཞིག་ཡིན་།བཀའ་སློབ་ཞིབ་དུ་ཉན་མིག་ཆུར་དབང་མེད་དུ་ལྷུང་སོ་།
# 7 Chime In Italy་ལགས་ཀྱིས་མཆན་བཏབ་པ།:
March 10th, 2014 at 10:08 AM
ང་ཚོས་མི་རིགས་འདི་ལ་དབུ་འཁྲིད་འདི་འདྲ་ཞིག་ཡོད་པ་ནི་དངོས་གནས་དགའ་དགོས་ཞིག་ཡིན་།བཀའ་སློབ་ཞིབ་དུ་ཉན་མིག་ཆུར་དབང་མེད་དུ་ལྷུང་སོ་།
དབང་ཆེན་གསེར་གྱི་ས་གཞི་དང་རི་ཡི་རྒྱལ་པོ་རི་རབ་སོགས་སངས་་ཆོས་ནས་གསུངས་པ་ལྟར་ཡོད་རེད་ལབ་ན་མངོན་སུམ་ལ་སྙོམ་ཡོང་གི་ཡོད་པ་དང་། མཐའ་གཅིག་ཏུ་རི་རྒྱལ་གླིང་བཞི་སོགས་ཡོད་ཅེས་ཨུ་ཚུགས་བྱེད་པ་ཡིན་ན་བོད་རྒྱུད་ནང་བསྟན་ལ་ཕན་ལས་གནོད་ཆེ་བ་ཡོད་པར་འདོད།
ཉིན་ཤས་གོང་དུ་བསྟན་འཛིན་རིགས་ལྡན་ཟེར་བའི་དྲ་གྲོགས་ཤིག་གིས་ཁས་རྩ་ནས་ལེན་གྱི་མི་འདུག ཧ་ལམ་་་ཁྱོད་ཀྱིས་མ་མཐོང་ཕྱིར་ན་མེད་མི་དགོས་པས་རི་རྒྱལ་གླིང་བཞི་སོགས་ཡོད་མདོག་མདོག་བཤད་པ་རེད། དེ་རིང་༧གོང་ས་མཆོག་གིས་བཀའ་སློབ་འདི་དག་ཉན་ནས་ཁྱོད་ཀྱི་ལོག་རྟོག་སེལ་ཐུབ་པའི་རེ་བ་ཡོད།
ཁྱོད་ཚོ་ཆོས་ཞེན་ཅན་བོད་མི་ཚོ་སངས་ཆོས་ལ་དགའ་ནའང་དགའ་སྟངས་ཤེས་ན་ཡག་པོ་རེད་བསམས་ཀྱི་འདུག བོད་མི་རིགས་རྩ་མེད་ཕྱིན་ན་ཕྱིན། བོད་རང་བཙན་མེད་ན་མེད། ཤཀྱའི་ཆོས་ལུགས་འདི་དར་རྒྱས་བྱུང་ན་ཚེ་འདི་ཕྱི་གཉིས་ལ་འདིས་འགྲིག་བསམས་བསྡད་མཁན་ཚོས་ངོས་ནས་སངས་ཆོས་འདིར་གཅེས་དྲག་ནས་ཞབས་འདྲེན་ཞུ་གི་ཡོད་པར་མཐོང་གི་འདུག
སངས་ཆོས་ནས་བཤད་པའི་སྐད་ཆ་ཡོངས་རྫོགས་དངོས་ཡོད་གནས་ཚུལ་དང་མཐུན་ཐབས་མེད་བཞིན་དུ་རྒྱུ་མཚན་རྟགས་སྣང་སྣ་ཚོགས་བཀོད་ནས་ཡོད་ཅེས་ཨུ་ཚུགས་རྒྱག་པ་འདི་ནི་ཡག་པོ་མ་རེད་འདོད། སངས་ཆོས་ནས་བཤད་པའི་སྐད་ཆ་ཡོད་ཚོད་དངོས་ཡོད་ཚན་རིག་དང་མཐུན་ཐབས་མེད་ནའང་སངས་ཆོས་ཀྱི་གཟི་བརྗིད་ཉམ་འགྲོ་དོན་རྩ་བ་ནས་མེད། འཛམ་གླིང་ཐོག་གི་ཆོས་ལུགས་ཡོངས་རྫོགས་དངོས་ཡོད་ཚན་རིག་དང་བརྒྱ་ཆ་བརྒྱ་མཐུན་མཁན་གྱི་ཆོས་ལུགས་གཅིག་ཀྱང་མེད། ཚན་རིག་དང་ཐག་ཉེ་ཤོས་ནི་བོད་པའི་སངས་ཆོས་ཡིན་པར་འདོད།
བོད་མི་བརྒྱ་ཆ་༧༠་ཡིས་སངས་ཆོས་ཤེས་ནས་དད་པ་སྐྱེས་པ་མ་རེད། སངས་ཆོས་ལ་རྨོངས་ནས་དད་པ་སྐྱེས་པ་རེད། བརྒྱ་ཆ་བདུན་བཅུ་རྨོངས་དད་ཅན་རེད། ནང་པའི་མཚན་ཉིད་ཙམ་དང་སྐྱབས་འགྲོའི་འགྲོ་སྟངས་ཙམ་ཡང་མི་ཤེས་མཁན་མང་ཤོས་རེད། ཡིན་ནའང་་རྨོངས་དད་མགོ་དེ་དག་གིས་རང་ཉིད་བདེ་སྐྱིད་ཡོང་ཆེད་མ་ཎི་ཡིན་ན་མང་པོ་འདོན་གི་རེད་་་་ཧཧཧཧ
སང་ཆོས་སང་ཆོས་མ་ཟེར།།
ཁྱོད་ཀྱང་མགོ་རིལ་ཡིན་པ།།
རྨོངས་དད་རྨོངས་དད་མ་ཟེར།།
ཁྱོད་ཀྱང་རྨོངས་པ་ཡིན་པ།།
ཧཧཧ ཀུ་རེ་ཡིན།
ནང་པའི་ཆོས་དང། ནང་ཆོས་ཞེས་ཐ་སྙད་བརྗོད་བདེ་བ་གོ་བདེ་བ་གཟི་བརྗིད་དང་ལྡན་པ་ཡོད་བཞིན་དུ་སངས་ཆོས་དང་སང་ཆོས་ཞེས་ཐ་སྙད་གསར་པ་འདྲ་འདི་དགོས་པ་ཅང་མ་མཆིས། ནོར་ཡོད་ན་དགོངས་དག།
ལྷ་སྡེ་གནམ་ལོ་ཡག་མིང་ཁྱད་འཚར་གནམ་འོག་ཡོད་པ་དེས་སྐད་ཆ་རྩ་བ་ནས་ཉན་ཤེས་ཀྱིན་མི་འདུག སྐབས་དེར་རང་བཙན་རྩོད་དགོས་གསུང་མཁན་འཇུ་ཆེན་ཐུབ་བསྟན་ཙམ་མིན་པ་གསལ་པོ་རེད།་༧གོང་ས་མཆོག་ནས་ཐོག་མར་གཉིས་མོས་ནས་བོད་དོན་ཐག་གཅོད་བྱེད་དགོས་པའི་དགོངས་ཚུལ་གསལ་སྟོན་གནང་སྐབས་གྲོས་ལ་དབང་བའི་བཀའ་ཤག་ཁོངས་སྐུ་ངོ་འཇུ་ཆེན་ནི་ངེས་པར་རང་བཙན་རྩོད་དགོས་པ་དང་གོང་ཆེན་པོ་རྒྱག་ནས་རྩོད་དགོས་པ་ཚོང་རྒྱག་པ་ནང་བཞིན་རེད་གསུངས་མཁན་གཅིག་པུ་དེ་ཡིན་པས་དེ་ལ་དགོངས་ནས་གོང་གི་བཀའ་སློབ་དེ་གནང་བ་རེད། རྒྱ་ནག་ནང་ནང་པ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱའི་བར་ཡོད་གསུངས་པ་དེ་རང་དགར་མིན་པར་རྒྱ་ནག་ཧྲང་ཧེའི་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཞིག་དང་པེ་ཅིང་ནས་ཞིབ་འཇུག་ཆེད་དུ་བྱས་པའི་སྡོམ་ཚིག་༧གོང་ས་མཆོག་ལ་ཞུས་ཡོད་པ་དེ་ལྟར་རེད། གཞན་ཡང་དད་ལྡན་མཇལ་བཅར་བའི་ཁོངས་རྒྱ་ནག་གི་མཁས་དབང་ཁག་ཅིག་གིས་ཞུས་ཡོད་ཤག
ལྷ་སྡེ་གནམ་ལོ་ཡག་མཆོག་ལ་དོགས་འདྲིར་ཕུལ་བ།
ཉིད་ཀྱིས་གོང་ས་མཆོག་གིས་རྒྱ་མིའི་ནང་པའི་མི་འབོར་སྐོར་ལ་དོགས་འདྲི་ཞིག་འདུག་པ་ལ། ངས་ཀྱང་ཞིབ་འཇུག་བྱས་པ་ཡིན། ང་ལ་གཤམ་གྱི་གནས་ཚུལ་འདི་ཐོབ་སོང་བས་དཔྱད་པ་གནོངས།
སྤྱི་ལོ་༢༠༡༢ལོར་རྒྱ་ནག་མི་འབོར་ནི། 1,351 Billion ཟེར། འདི་བོད་པའི་རྩིས་སྟངས་ལ།
ཐེར་འབུམ་གཅིག་དང་དུང་འཕྱུར་གསུམ་བྱེ་བ་ལྔ་ས་ཡ་གཅིག་རེད།
འཛམ་གླིང་ཐོག་གི་རྣམ་གྲངས་རིག་པའི་དཔྱད་ཞིབ་ཁུངས་བརྟན་ཤོས་སུ་རྩིས་པའི་ཕེའུ་ཞིབ་འཇུག་ལྟེ་གནས་(Pew Research Center) ཀྱིས་༢༠༡༢ལོར་རྩིས་བརྒྱབ་པ་ལྟར་རྒྱ་ནག་གི་གོང་གི་མི་འབོར་ལས་བརྒྱ་ཆ་༡༨ནང་པ་རེད་ཟེར།
1.351,000,000×18
_____________ = 243,180,000
100
དེ་མི་འབོར་ལ་ཕབ་ན། མི་འབོར་ས་ཡ་གཉིས་བརྒྱ་བཞི་བཅུ་ཞེ་གསུམ་དང་འབུམ་གཅིག་ཁྲི་བརྒྱད་རེད། ༢༠༡༢ནས་༢༠༡༣ལོ་གཅིག་གི་ནང་ལ་མི་འབོར་ཕར་ཚད་དེ་བརྒྱ་ཆ་ལྔ་ལ་རྩིས་དུས། ཉུང་མཐར་ནང་པ་ཡང་ས་ཡ་སུམ་བརྒྱ་ཙམ་ལ་བསླེབས་ཀྱི་འདུག དེར་བརྟེན། གོང་ས་མཆོག་གི་རྩིས་སྟངས་དེ་ཞིབ་འཇུག་ནང་ཐོན་པ་དང་ཤིན་དུ་ནས་ཐག་ཉེ་བར་འདུག ཞིབ་ཕྲ་གཤམ་ལ་གཟིགས།
http://www.pewforum.org/files/2014/01/global-religion-full.pdf
“The Global Religious Landscape”. Pew Research Center. December 2012. p. 46.
དེ་རིང་སྐུ་མདུན་གྱིས་སྐུ་རྩེད་གནང་ཞོར་བཀའ་སློབ་ཐག་ཉེ་བོ་དང་སེམས་ཚོར་ཤུགས་ཆེན་བྱུང་བ་ཞིག་གནང་སོང་བས་མིག་ཆུ་ཤོར་སོང་། སྐུ་ཚེ་བརྟན་པར་སྨོན།
ལྷ་སྡེ་གནམ་ལོ་ཡག་ལགས།
ཕྲུ་གུ་སྐྱེ་འགོག་མི་བྱེད་རྒྱུའི་བཀའ་སློབ་ནི་གསར་པ་ཁྱོན་ནས་མ་རེད། སྔོན་་མ་དྲུག་ཅུ་རེ་གྲངས་ནང་། རྡོར་གདན་དུ་གསུང་ཆོས་མི་དམངས་འདུ་འཛོམས་ཆེན་པོ་ཞིག་གི་སར། ༧གོང་ས་མཆོག་གིས་ཕྱག་ཟུང་ཐལ་མོ་སྦྱར་ནས། “ཁྱེད་བུད་མེད་ཚོས་སྐྱེ་སྒོ་ཁྱོན་ནས་མ་བཀག་པར་པུ་གུ་ག་ཚོད་སྐྱེ་ནའང་སྐྱེད་པར་བྱེད་རོགས།” གསུངས་སོང་། ཞེས་ང་རང་རང་ལ་ཨ་མ་ལགས་ཞིག་གིས་གསུངས་བྱུང་ལ། ཨ་མ་ལགས་དེར་ཕྲུ་གུ་ཁྱོན་བསྡོམས་བཅུ་གཉིས་བྱུང་ཐུབ་སོང་བ་དེ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བསྒྲུབས་པ་ཡིན། ཟེར་གྱི་འདུག་པས། ཁྱེད་ཀྱིས་ཚིག་ཐག་ཆོད་པོས། “བོད་ཀྱི་ཕོ་གསར་མོ་གསར་ཚོས་བུ་ཕྲུག་བཟོ་བསྐྲུན་ལ་བསྐུལ་མ་གནང་བའང་ཐོག་མ་ཡིན་ངེས་པས།” ཞེས་བརྟག་དཔྱད་ཡེ་མེད་པར་རལ་གྲི་གནམ་གཡུག་བྱས་པ་ལྟ་བུ་མཐོང་སོང་བས་དེ་ལུགས་དགོངས་འཇགས་ཞུ།
ལྷ་སྡེ་གཡག་ལ་དོགས་འདྲི་ཡོད་པ་མ་རེད། དོགས་འདྲི་ཡོད་མདོག་བསྟན་རྒྱུའི་ཆེད་དུ་དོགས་འདྲི་ཞུས་པ་རེད། ལན་འདེབས་དགོས་དོན་ཡོད་པ་མ་རེད།
ཁ་བརྡ་ཚང་ཐུགས་རྗེས་ཆེ།
བཀའ་སློབ་བདུད་རྩི་ཟེགས་མ་ཟེར་ན་འདི་ལ་ཟེར། སྙིང་ལ་ཇི་འདྲའི་སྨིན་པོ་འདུག དགའ་སྐྱོ་འདྲེས་མའི་སེམས་ཁམས་སྔོག་ཡོང་དུས། ཕྱི་རོལ་ན་གནམ་གྱི་མདུད་ཐེག་གྲོལ་བ་ཇི་བཞིན་ཁ་བའི་འདབ་མ་ལྷབ་ལྷབ་བབ་ཞིང་།
ནང་དུ་ཆུ་མིག་རྡོལ་བ་ཇི་བཞིན་མིག་ཆུ་ཐྲོམ་ཐྲོམ་ལྷུང་ཞིང་མཁུར་ཚོ་རྒྱུད་ནས་སྐྱབས་ཚོལ་བཞིན་གནས་ངེས་མེད་དུ་ཡལ།
བརྩེ་ལྡན་ཕ་མས་བུ་ལ་བརྩེ་བ་ཇི་བཞིན་བྱང་སེམས་ཀྱི་མཛད་པའི་ངང་ཚུལ་འདི་མཐོང་ཡོང་དུས། གོ་ལ་ཟླུམ་པོའི་ཡང་སྟེང་ནས་
ངས་སྐད་སང་མཐོ་པོས་སྐྱབས་མགོན་ཕ་མ་འདྲ་བོ་ཞེས་ལན་གསུམ་འབོད་ན་འདོད། ངས་འདི་ལྟར་སྙན་ངག་སྐྱོར་བཞིན་མིག་ཟུང་གིས་སྒེའུ་ཁུང་རྒྱུད་ནས་ཕྱི་རོལ་གྱི་ཁ་བའི་མཛེས་སྡུག་ལ་རོལ། དུས་ཡུན་ཐུང་ངུ་ནང་མཐོ་ཚད་ཁྲུ་གང་ལས་ལྷག་པའི་ཁ་བས་སྲང་ལམ་དང་ཁང་ཁྱིམ་ཐམས་ཅད་གཡོགས། ཁ་བ་དཀར་པོ་ལས་གྲུབ་པའི་འཛམ་བུ་གླེང་ཞིག་ལ་སླེབས་པའི་ཚོར་སྣང་བྱུང་།
དེ་ལས་ཀྱང་མཛེས་ཞིང་ཡིད་དུ་འོང་ལ་ཉམས་དགའ་བ་ནི་ལམ་བར་གྱི་སྡོང་བུའི་ཡལ་ག་དག་ལ་ཁ་བས་གཡོགས་པ་ནི་དཔྱིད་ཀའི་འབྲས་ལྡན་སྡོང་བུ་ལ་མེ་ཏོག་ཤར་བ་ཇི་བཞིན་ཤུན་ཏུ་མཛེས། འདི་ལྟར་བསམ་གཞིགས་གི་དབྱངས་རྟ་ལ་དྲངས་ནས་
སྙན་ངག་སྐྱོར་བཞིན་རང་སེམས་ཁ་བ་དང་འདྲེས། ཁ་བའི་འདབ་མ་ཇི་བཞིན་རང་སེམས་ཕྲ་མོ་ཁ་བའི་འདབ་མ་དང་ལྷན་དུ་ཨ་སྔོན་དབྱངས་ནས་རང་དབང་གི་འཁོར་ཤིང་ལྷབ་ལྷབ་དུ་འབབ་པའི་སྐབས་འདིར་བློ་བུར་དུ་བུ་ཡུག་འཚུབ།
སྡོང་བུ་དག་ཕྱོགས་ངེས་མེད་དུ་གཡོས་ཞིང་ཡལ་ག་དག་དཀྲིགས།་དཔྱིད་ཀྱི་དཔལ་ཡོན་ལ་འགྲན་པའི་ཁ་བའི་མེ་ཏོག་ཀུན་ཕྱོགས་བཞི་གཏོར།
ལྷིང་འཇགས་ཀྱི་འཇིག་རྟེན་དཀར་པོ་ཟང་ཟིང་ཞིག་དུ་བསྒྱུར། ཁ་བ་བུ་ཡུག་འཚུབ་བཞིན་མི་མངོན་པའི་དབྱངས་ནས་འབྲུག་སྒྲ་ཞིག་གྲག་པས་བསམ་གཞིགས་གི་ཀློང་ལས་དེ་རིང་གི་ཉིན་མོ་ཕྱིར་དྲན་བྱས། དེ་རིང་ནི་ལོ་ངོ་ང་ལྔའི་སྔོན་གྱི་དེ་རིང་སྟེ། རང་རིགས་རྣམས་ཀྱིས་བརྗེད་དཀའ་བའི་ཁ་བ་བུ་ཡུག་གི་ཉིན་མོ་ཞིག་ཡིན། ང་བརྒྱད་ང་དགུ་ནས་བརྩམས་པའི་དེ་རིང་སྟེ། བཟོད་སྲན་དཀའ་བའི་བོད་མིའི་སྡུག་བསྔལ་རྣམས་ངས་ཇི་བཞིན་བརྗོད་མ་ནུས་ཀྱང་ཁ་བ་བུ་ཡུག་གི་ཁྲོད་དུ་གསལ་ལྷང་ལྷང་མིག་ལམ་ན་ཤར།
ཨེ་མ། འབྲུག་སྒྲ་ཡ་འབྲུག་སྒྲ། སྤྱིར་ཁྱོད་ཁ་བ་བུ་ཡུག་གི་ཁྲོད་གྲག་མི་སྲིད་ཀྱང། དེ་རིང་བུ་ཡུག་དང་ལྷན་ཁྱོད་གྲགས་པའི་དགོས་
མཚན་ཅི།།
དེ་རང་༧གོང་ས་མཆོག་གི་དཀའ་སློབ་ཉན་སྐབས་ཁ་བ་བབ་ཞིང་དངོས་བྱུང་ཚོར་སྣང་ཡིག་ཐོག་དུ་ཕབ་པ་ཡིན།
འདི་ནི་ངའི་མི་ཚེས་ནང་གི་ཉིན་ཐོ་དང་བོ་དེ་ཡིན།
༧གོང་ས་མཆོག་བཀའ་དྲིན་ཆེ། སེམས་ཐག་ཉེ་བའི་བཀའ་སློབ་དེ་སྙིང་དབུས་སུ་བཅངས་ནསཉིན་རེའི་བྱ་བ་ལས་ཀྱི
འཁོར་ལོའི་ནང་གང་ཐུབ་ལག་ཏུ་ལེན་རྒྱུའི་དམ་བཅའ་ཡོད།
གནམ་ལོ་ཡག་ཟེར་བ་ཀླད་པ་ཐང་ཐང་མེད་པ་ཞིག་འདུག གྲངས་གནས་བརྩི་སྟངས་ཤེས་ཀྱི་འདུག་ལ་སྐབས་དེར་འཇུ་ཆེན་ཐུབ་བསྟན་བཀའ་བློན་ཡིན་པ་ཞིབ་འཇུག་བྱས་མི་འདུག ད་དུང་ག་ས་ག་རུ་ལག་པ་བསྐྱངས་ནས་ས་བཤད་རྡོ་བཤད་བྱེད་པ་དེར་ཁྱོད་ངོ་མ་ངོ་ཚ་ཞིག་མེད་ས་རེད།
མཆན་ཚང་མར་བལྟས་པ་ཡིན། དེའི་ནང་ནས་བསམ་ཤེས་ལགས་ཀྱི་མཆན་འདེབས་སྟངས་དེ་ཤེས་ཡོན་པ་ཞིག་གི་བྱེད་བབས་ཡིན་པས། དགའ་ཡོད། འོན་ཀྱང་། ངས་ཡིག་ཆ་འདི་འདྲ་ཞིག་བརྙེད་སོང་།
ཕྱི་ལོ༢༠༡༠ལོའི་ཟླ༧ཚེས༢༦ནས་༢༧ཉིན། ཀྲུང་གོ་མི་དམངས་སློབ་ཆེན་དུ་བསྐོང་ཚོགས་གནང་བའི༼ཀྲུང་གོའི་ཆོས་ལུགས་ཀྱི་གནས་སྟངས་དང་འབྱུང་འགྱུར༽ཞེས་པའི་སྟེང་སྤེལ་བའི་སྙན་ཐོ་ལྟར་ན། ཀྲུང་གོའི་ནང་ ཆོས་ལུགས་ཁས་ལེན་མཁན་བརྒྱ་ཆའི ༨༥དང་ཆོས་མེད་སྨྲ་མཁན་བརྒྱ་ཆའི ༡༥རེད། དེའི་ནང་ནས་ཡི་ཤུའི་ཆོས་ལུགས་ལ་དད་མཁན་བྱེ་བ་གསུམ་(ནང་གསེས་ཆོས་སྒོར་ཞུགས་ཟིན་པ་བརྒྱ་ཆའི༣༨ དེའི་འཕྲོས་ཀྱིས་དཀོན་མཆོག་ཁས་ལེན་པ ཙམ་རེད།)དང་། སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་གྱིས་བརྒྱ་ཆའི ༡༨ཟིན་ཞིང་། དེ་ནི་ཧ་ལམ་མི་གྲངས་དུང་ཕྱུར ༡དང་བྱེ་བ ༨དང་ས་ཡ ༥ཡོད། ཡིན་ནའང་། ཆོས་སྒོར་ཞུགས་ཟིན་པའི་གྲངས་འབོར་བརྒྱ་ཆའི༡.༧སྟེ། ཧ་ལམ་མི་འབོར་བྱེ་བ༡དང་ས་ཡ ༧དང་འབུམ༣རེད།
ཞིབ་ཕྲ་དྲ་ཐག་འདིར་གཟིགས་རོགས། http://www.douban.com/group/topic/14590417/#!/i!/ckDefault
གོང་གསལ་གྲངས་འབོར་ལས་མཐོང་ཐུབ་པ་ནི་རྒྱ་ནག་སྐམ་སར་ནང་བ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་ཡོད་ཅེས་པ་ནི་དོན་དང་མི་མཐུན་པའི་གྲངས་འབོར་ཞིག་རེད་ལ། མཚམས་ལ་ལར་ཀྲུང་གོའི་ནང་བ་བཤད་སྐབས། དེའི་ཁོངས་སུ་ཐེ་ཝན། ཧོང་ཀོང་། ཨོ་མོན་སོགས་ཀྱང་བསྡུས་འདུག་པས། དེའང་ཡང་དག་ཅིག་མ་རེད། རྒྱ་ནག་ནས་ཡོང་མཁན་ནང་ཆོས་དད་པ་ཡོད་ཟེར་མཁན་གྱི་ཤེས་ཡོན་པ་ཚོར་གཟབ་གཟབ་གནང་རན་ལ་སླེབས་འདུག དཔེར་ན། ད་རེས་ངས་ཐེ་ཝན་བོད་རིག་པའི་དར་འཕེལ་ཐད་ཞིབ་འཇུག་ཐེབས་ཆག་ཅིག་བྱས་པ་ཡིན། མི་སྣ་ཞིག་གི་ལོ་རྒྱུས་བརྙེད་སོང་། ཁོང་གིས་སྔར་འབྲས་སྤུངས་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་གྲབས་ཡོད་སྐབས། བོད་ལ་རྒྱ་དམར་གྱི་བཙན་འཛུལ་སླེབས་པས། ལྷ་ས་དང་གྱེས་ནས་ཐེ་ཝན་ལ་སླེབས་ཡོད་པ་དང་ཚེ་མཇུག་ལ་ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་དར་སྤེལ་ཐད་ལག་རྗེས་ཆེན་པོ་འདུག ཡིན་ནའང་། ཁོང་ནི་སྔར་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་བོད་ལ་བཏང་བའི་གསང་ཉུལ་བ་རེད་ལ། ལས་འགན་གཙོ་བོ་བོད་དང་རྒྱ་གར་ས་མཚམས་ལ་ཞིབ་འཇུག་བྱེད་སླད་རེད། དེ་བས། ལྷག་པར་དུ་ཤེས་ཡོན་ནང་བ་ཡིན་ཟེར་མཁན་ཚོ་བརྟག་བྱ་ལས་ཧྲིལ་གྱིས་ལེན་བྱ་ཞིག་རྩ་བ་མིན་པའང་དེང་གི་གནས་སྟངས་ཀྱིས་ཐག་བཅད་མེད་དམ།
ད་རྒྱ་ནག་ལ་ནང་པའི་མི་འབོར་གང་ཙང་ཡོད་མེད་དེ་ང་ཚོས་མ་ཤེས་ཀྱང་ཆོག རྒྱ་ནག་གི་ནང་པས་ད་བར་དུ་བོད་ཀྱི་རང་དབང་གནད་དོན་ལ་རྒྱབ་སྐྱོར་ཅི་ཙམ་བྱས་འདུག འདས་པའི་དུས་སུ་ཏཱ་ལའི་བླ་བླ་མ་བཅུ་གསུམ་པའི་དུས་སུ་སྡེ་པ་གཞུང་གིས་གོ་མིན་ཏང་ལ་འབྲེལ་བ་བཅད་ནས་བསྡད་སྐབས་སུ་བོད་དུ་གསང་ཉུལ་གྱི་ལས་ཀ་བྱེད་མཁན་དེ་ཚོ་རྒྱ་མི་ནང་པའི་གྲྭ་བཙུན་ཡིན་ཚུལ་འདུག རྒྱ་ནག་གོང་མ་ཆན་ལུང་ནས་བཟུང་སྟེ་ནང་པ་ཡིན་ཟེར་མཁན་དེ་ཚོས་བོད་ཀྱི་དགོན་སྡེ་ཁ་ཤས་རེ་ལ་འབུལ་བ་ཕུལ་ཡོད་ན་མ་གཏོགས་བོད་མི་རིགས་ཀྱི་གནད་དོན་ཐད་ལ་སངས་རྒྱས་པ་སྤུན་ཟླའི་འདུ་ཤེས་རོགས་རེས་བྱས་པ་ཞིག་ཅང་འདུག་གམ། ང་ཡང་སངས་རྒྱས་པའི་ཆོས་ལུགས་ལ་དད་ཟེར་མཁན་གྱི་རྒྱ་མི་ཁ་ཤས་རེ་ཐུག་སོང་མོད་བོད་ཀྱི་རང་དབང་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མི་འདུག ཡིན་དང་ཡིན། རང་གི་རྒྱལ་ཁབ་ཀྱི་གནད་དོན་མི་དགོས་ཟེར་ནས་ཆོས་ལུགས་བདམས་མཁན་ང་ཚོའི་བཙན་བྱོལ་ཁྲོད་ཀྱི་བླ་རྒན་ཁ་ཤས་རེ་མ་གཏོགས་སུ་ཡང་ཡོད་པ་མ་རེད་དོ།། རྒྱ་མི་ལ་དངུལ་ཡོད་པས་དེ་དང་མཉམ་དུ་བསྡད་ན་བོད་མིས་དངུལ་ཐོབ་གི་མ་རེད། རྒྱ་མི་སངས་རྒྱས་ཆོས་ལུགས་ལ་དད་པས་བོད་མི་ལ་སྙིང་རྗེ་བལྟས་ནས་རང་དབང་ཡང་སྤྲོད་གི་མ་རེད། རེ་སྟོང་མ་བཅངས་རོགས་ཟེར་ནས་ཞུ་འདོད་བྱུང་།
དྲ་ཐོག་ནས་རྒྱ་ནག་གི་ནང་པའི་མི་འབོར་འཚོལ་་དུས་འདི་འདྲ་ཞིག་རེད་འདུག
Country
Number of Buddhists
China
102 000 000
Japan
8 965 000
Thailand
55 480 000
Vietnam
49 690 000
Myanmar
41 610 000
Sri Lanka
12 540 000
South Korea
10 920 000
Taiwan
9 150 000
Cambodia
9 130 000
India
7 000 000
(All Statistics on this page sourced from http://www.adherents.com)
འཛམ་གླིང་སྤྱིའི་ཆོས་ལུགས་ཀྱི་མི་གྲངས་ཀྱི་དབྱེ་བ་འདི་འདྲ་ཞིག་བྲིས་འདུག
World Religions
Number of Adherents
Christianity
2 billion
Islam
1.3 billion
Hinduism
900 million
Secular/Nonreligious/Agnostic/Atheist
850 million
Buddhism
360 million
Chinese traditional religion
225 million
Primal-indigenous
190 million
Yoruba religion
20 million
Juche
19 million
Sikhism
18 million
Judaism
15 million
Spiritism
14 million
Babi and Bahai faiths
6 million
Jainism
4 million
Shinto
4 million
Cao Dai
3 million
Tenrikyo
2.4 million
Neo-Paganism
1 million
Unitarian-Universalism
800 thousand
Scientology
750 thousand
Rastafarianism
700 thousand
Zoroastrianism
150 thousand
སྤྱི་འཛམ་གླིང་ཐོག་ཏུ་ནང་པ་ས་༣༦༠་ལས་མེད་ན་་་རྒྱ་མི་ནང་པ་ས་ཡ་༤༠༠་ཡོང་དོན་མེད་པར་འདྲ། ཉེ་འཁོར་གྱི་མི་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེན་ལ་རྫུན་བཤད་ནས་རྒྱ་མི་ནང་པ་ས་ཡ་༤༠༠ཡོད་རེད་་་་ཚང་མས་ཁྱོད་ལ་དད་པ་བྱེད་ཀྱི་ཡོད་རེད་ཅེས་ཞུས་ཡོད་ཟོལ་འདུག རྒྱ་མི་ཡུལ་གྱར་ཚོ་མིན་ནམ་སྙམ། མ་གཏོགས་ཁུངས་དང་ལུང་ཅང་ཡོད་ཟོལ་མི་འདུག་སྙམ།
སྤོབས་པས་གསུངས་པ་ལྟར་རྒྱ་ནང་པ་ཡིན་ནའང་འདྲ། རྒྱ་ཡེ་ཤུ་ཡིན་ནའང་འདྲ། རྒྱ་ཁ་ཆེ་ཡིན་ནའང་འདྲ། དྲང་བདེན་ལ་མི་བརྩི་བའི་གཞན་གྱི་རྒྱུ་ནོར་ཧམ་འཕྲོག་བྱེད་འདོད་པའི་རྒྱ་མི་ཚོས་ཆོས་ལུགས་ག་རེ་ཡིན་ནའང་བོད་ཟ་བརྩིས་ཁོ་རང་བྱེད་ཀིན་རེད། མ་གཏོགས་རྒྱ་ནང་པ་ཞིག་གིས་ཆོས་ལུགས་གཅིག་པས་ལ་རྒྱའི་ཐོག་ནས་བོད་ཀྱི་རྒྱུ་ནོར་བོད་མི་ལ་བདག་པའི་རྒྱབ་སྐྱོར་རྩ་བ་ནས་བྱེད་ཀིན་མ་རེད་འདོད།
ལོ་རྒྱུས་ཐོག་ཏུ་བོད་པའི་བླ་ཆེན་ཚོས་རྒྱ་ནག་གོང་མའི་དབུ་བླ་མཛད་ཀྱང་རྒྱ་ནག་གོང་མས་བོད་ཟ་བརྩིས་ཤ་དག་བྱས་ཡོད་པ་ནི་ལོ་རྒྱུས་ཀྱིས་དཔང་རྟགས་བྱེད་ཀྱི་ཡོད། དེར་བརྟེན་མཆོད་ཡོན་གྱི་འབྲེལ་བ་ཡིན་ནའང་་འདྲ། དབང་ལུང་གི་འབྲེལ་བ་ཡིན་ནའང་འདྲ། ཆོས་འབྲེལ་ཅི་ཙམ་བཞག་ཀྱང་བོད་མིའི་དབང་གི་ཉི་མ་བ་ལ་ཕན་ཐོགས་ཅང་ཡོང་གི་མ་རེད་འདོད།་་་རེ་སྟོང་རེད་ཅེས་ཞུ་རྒྱུ་ཡིན།
མཁས་བའི་དབང་པོ་ལྷ་སྡེ་གནམ་ལོ་ཡག་གིས། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་སློབ་ལ། སྡོམ་མཆན་གསུམ་དང་རྫུན་རྔ་གཉིས་ཕུད་འདུག་པ་ནི། ཧ་ཧ་ཧ་ཧ་ཧ་ཧ། མྱི་མ་ཤི་ན། སྐད་ཆ་མདོ་མེད་གོ་རྒྱུ་མང་གི་ཡ། ཁེར་ཅིག།
འོན་པས་མ་གོ་གཏམ་ངན། ཞར་རས་མ་རིག་གཏེ་ངན།
ལྷ་སྡེ་གནམ་ལོ་ཡག་གི་གནས་ཚུལ་གནང་བར་ཐུགས་རྗེ་ཆེ། མུ་མཐུད་དཔྱད་པར་བྱའོ།
ཉིན་ཤས་གོང་དུ་བསྟན་འཛིན་རིགས་ལྡན་ཟེར་བའི་དྲ་གྲོགས་ཤིག་གིས་ཁས་རྩ་ནས་ལེན་གྱི་མི་འདུག ཧ་ལམ་་་ཁྱོད་ཀྱིས་མ་མཐོང་ཕྱིར་ན་མེད་མི་དགོས་པས་རི་རྒྱལ་གླིང་བཞི་སོགས་ཡོད་མདོག་མདོག་བཤད་པ་རེད། དེ་རིང་༧གོང་ས་མཆོག་གིས་བཀའ་སློབ་འདི་དག་ཉན་ནས་ཁྱོད་ཀྱི་ལོག་རྟོག་སེལ་ཐུབ་པའི་རེ་བ་ཡོད།
ཅོ་རི་ལགས། ངས་ཁྱོད་རང་འདི་ལྟར་འདོད་མཁན་དུ་བཞག་པ་ཡིན། འོན་ཀྱང་དོན་དུ་ང་གཉིས་མཐུན་ཆོས་སུ་འགྲོ་བ་འདྲ། གང་ལྟར་ཡང་བཤད་ནོར་ཐེབས་སྲིད་རུང་གོ་ནོར་མ་ཐེབས་པ་གནང་རོགས། ངས་སྐབས་འགའ་ཞིག་ཏུ་མངོན་པ་མཛོད་ནས་དེ་ལྟར་གསུང་ཡང་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་རང་ཨེ་ཡིན་ཞེས་ཀྱང་ལབ་རྒྱུ་བྱུང་། མ་ཟད་མཛོད་ཀྱི་དགོངས་པ་དང་འགལ་ཡང་ནང་བསྟན་གྱི་དགོངས་པ་དང་འགལ་དགོས་པ་མ་མཐོང་ལ། རྟག་གཅིག་རང་དབང་བའི་བདག་སྤངས་ཀྱང་གང་ཟག་བདག་འཛིན་སྤོང་མི་དགོས་པ་མཁྱེན་གྱི་ཡོད་གཤའ་རེད། ནང་པའི་ལྟ་བ་ནི་བདག་མེད་པའི་རྟེན་འབྱུང་སྟོང་པའི་སྟེང་ནས་འཇོག་པ་ཡང་གསལ་པོ་ཡིན་པས་གྲུབ་མཐའི་སྐབས་འགའ་ཞིག་དང་ནང་པའི་སློབ་དཔོན་འགའི་དགོངས་པ་རིགས་པ་དང་མི་མཐུན་ན་དགོངས་པ་ཞུ་དགོས། རྒྱ་ཆེ་ས་ནས་ལྟ་ན། བླ་མའི་དགོངས་པ་ཡིན་ཡང་གཞུང་ཆེན་མོ་དང་འགལ་ན་གང་ཞིག་གདམས་གསེས་དགོས་པ་ཤེས་དགོས།
ནང་པའི་གྲངས་འབོར་ནི། གོང་དུ་བསམ་ཤེས་ལགས་དང་ལྷ་སྡེ་ལགས་ཉིད་བཅས་ཀྱི་དབྱེ་ཞིབ་ལས་མི་འདྲ་བ་མཐོང་བས་ཡང་བསྐྱར་ཞིབ་འཇུག་དགོས་ངེས་ལགས། ༧རྒྱལ་བ་རིན་པོ་ཆེས་ཀྱང་ཁུངས་ཤིག་གཟིགས་ནས་གསུང་པ་ལས་བྱུང་རྒྱལ་རལ་གྲི་གནམ་གཡུགས་གནང་བ་ཨེ་ཡིན། གལ་ཏེ་བསམ་ཚུལ་དབྱེ་ཞིབ་མ་མཐུན་པ་འདྲ་བྱུང་ཡང་འགལ་འདུ་མེད།
(The global religious landscapes)གྲངས་འབོར་རྩིས་སྟངས་ཀྱང་འདུག་ལ། སྐབས་རེ་གནས་ཚུལ་འདི་འདྲ་ཡང་ཡོང་སྲིད། དཔེར་ན། བལ་ཡུལ་དེ་ཧིན་དྷུའི་ལུང་པར་རྩིས་འཇོག་བྱས་ཀྱང་། ནང་པ་ཡང་ཕོན་ཆེན་པོ་ཡིན་རུང་ཁོང་ཚོས་གྲངས་འབོར་རྩིས་དུས། ཧི་མ་ལ་ཡི་རི་བརྒྱུད་དང་ལྷག་པར་རྟ་མང་གི་མི་འབོར་བགྲང་ཚུལ་ལ་ཧེ་བག་ཆེན་པོ་ཤོར་ནས་ནང་པའི་གྲངས་འབོར་དེ་ཏག་ཏག་བསྡད་ཀྱི་མེད་པ་བཤད་སྲོལ་ཡང་འདུག་པར་དབྱེ་ཞིབ་བྱ་དགོས་པ་མཐོང་།
བོད་དུ་དད་པའི་རྗེས་འབྲངས་དང་ཆོས་རྗེས་འབྲངས་གཉིས་དད་པའི་རྗེས་འབྲངས་མང་ཡང་སྐྱོན་མ་མཐོང་སྟེ། དད་པའི་རྗེས་སུ་འབྲངས་ས་དང་རིགས་པའི་རྗེས་སུ་འབྲངས་ས་དེ་དཀོན་མཆོག་གསུམ་དེ་རང་ཡིན་པས། དེ་རིགས་པས་སྒྲུབ་ཐུབ་པས་དཀའ་ངལ་གང་ཡང་མེད།
ནང་བསྟན་ལ་གཅེས་རང་ད྄ག་ནས་རང་བཙན་མེད་ན་མེད། ག་རེ་མེད་ན་ཡང་འགྲིག་ཅེས་ནམ་ཡང་བརྗོད་མ་མྱོང་ངོ་།།བསྟན་པ་སྟོབས་ཀྱིས་བསྐྱངས་པའི་མེས་དབོན་རྣམ་གསུམ་སྐབས་ཀྱི་རྒྱལ་ཁབ་ཆེན་པོ་དེ་ང་ཚོའི་གཟི་བརྗིད་བླ་ན་མེད་རུང་དེ་ཞིག་ཟིན་པ་རེད། ད་དུང་འུ་དུམ་བཙན་པོར་ཆེ་བསྟོད་གནང་བ་ཇི་འདྲ་ཞིག་གམ་སྙམ། གང་ལྟར་དུས་རབས་དགུ་པའི་མཇུག་ཏུ་བོད་སིལ་བུར་སྟོར་མཁན་གྱི་བཙན་པོ་དེ་སུ་ཡིན་ནམ་སྙམ།།བསྟན་པའི་གཞི་མ་བཤིག་མཁན་དེ་སུ་ཡིན་ནམ། དེ་འདྲའི་འོག་བོད་འདི་མུན་པ་འགྲིམས་དགོས་པ་བྱུང་བ་རེད་སྙམ། རང་བཙན་འདོད་ཀྱང་ཡོང་ཐབས་མིན་འདུག་ལ། རང་ལ་འཇོན་ཐང་ཤེས་ཡོན་དཔལ་འབྱོར་མེད་ལ། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་ཡང་མེད་པས་བསྒྲུབ་མི་ཐུབ་པར་ཨུ་ཚུགས་རྒྱག་དགོས་དོན་མཐོང་གི་མིན་འདུག་ལགས། དེ་ལས་དགོས་རྒྱུ་ནི་རང་དབང་ཐོབ་ཐང་དེ་ཡིན་ལ། རྒྱ་ནག་མང་གཙོར་ཆགས་ཐབས་ཡོད་ལ། རྒྱལ་ཁབ་ཆེན་པོ་ཞིག་གི་འོག་ནང་བསྟན་དང་རང་གི་ཁྱད་ནོར་རང་དབང་ཡོང་རྒྱུའི་གོ་སྐབས་ཀྱང་ཡོད་པས་སོ།།དེ་དང་དེལ་སོགས་དུ་མར་བཤད་དུ་ཡོད་པ་བཅས་སོ།།
ང་ཚོས་རྒྱ་ནག་ནང་ནང་པ་ཇི་ཙམ་ཡོད་མིན་རྩོད་རྒྱག་དགོས་པར་ཡོངས་རྫོགས་དུས་ཚོད་ཀྱིས་གསལ་བཤད་བྱེད་པར་ངེས། མཁན་པོ་བསོད་དར་རྒྱས་གཅིག་པུའི་ཆོས་ཞུ་བ་གྲངས་ས་ཡ་བརྒལ་ཡོད་པ་ཁོང་གི་དྲྭ་ཚིགས་སུ་གསལ་བས་གནམ་ལོ་ཡག་ཟེར་བའི་མིང་ཁྱད་མཚར་ཅན་ཁྱེད་ནས་ཐུགས་ཁྲལ་མི་དགོས། རིམ་གྱིས་གསལ་པོ་ཆགས་ངེས་པས་རྩོད་པ་ཙམ་གྱིས་མི་ཕན་ནོ། །
མཁན་པོ་བསོད་དར་རྒྱས་ཀྱིས་བརྩམས་པའི་དེབ་བླུ་མཁན་ས་ཡ་ཁ་ཤས་ཤིག་བྱུང་ཡོད་པ་བདེན་པ་རེད། ཡིན་ནའང་། བོད་རང་གི་གྲངས་ཀའི་བརྩི་སྟངས་ལྟར་ན། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ཡིན་པའི་ཁར། དེ་དག་བཅུ་བསྐོར་རེ་བྱས་ནས་འཕར་གྱི་ཡོད་པས། ས་ཡ་བཅུ་ལ་བྱེ་བ་གཅིག བྱེ་བ་བཅུ་ལ་དུང་ཕྱུར་གཅིག་ཅེས་འབོད་ཀྱི་འདུག དེ་བས། ས་ཡ་བཞི་བརྒྱ་དང་ས་ཡ་བཞི་ནི་ས་དང་གནམ་གྱི་བར་ཁྱད་མ་རེད་དམ། དེ་གཅིག་ཡིན།
ཕྱོགས་གཞན་ནས་བཤད་ན། སངས་རྒྱས་ཆོས་ལ་དད་མཁན་མང་ཚུལ་ལབ་ཀྱིན་པ་ནི་མགོ་བསྐོར་གཏོང་ཐབས་ཤིག་ཡིན་པ་གོང་དུ་ལྷག་བསམ་ཅན་མང་བོས་གསུངས་ཟིན་སྟབས་བསྐྱར་བཟློས་མི་དགོས་པ་འདྲ། དེ་མིན་དགོས་མེད་རྩོད་པ་རྒྱག་གི་མེད། དོགས་སློང་ཙམ་ཡིན། ཡིན་མིན་ཚང་མས་ཞིབ་འཇུག་བྱོས། གཞན་གྱིས་བཤད་ཚད་བདེན་པར་བརློམ་པ་དང་རང་མིས་ལབ་ཚད་འགྲན་རྩོད་ལ་ལྟ་བཞིན་པ་ནི་མ་རིག་པ་གཞན་ཞིག་གོ
ས་ཡ་བཞི་བརྒྱ་ནི། དུང་ཕྱུར་བཞི་དང་དོན་གཅིག ༸གོང་ས་མཆོག་གི་གསུང་གི་གྲངས་དེ། ཡིག་ཐོག་ལ་མ་འཁོད་པ་ཚང་མ་བརྩིས་ནས་གསུངས་པ་ཡིན་པས། རྒྱ་མི་འབོར་དུང་ཕྱུར་བཅུ་གསུམ་བརྒལ་བ་ལས། དུང་ཕྱུར་བཞི་ལྷག་ནང་མ་རེད་ཅེས་ལབ་མི་ཐུབ། ནང་པ་ཡོད་ཚད་གྲངས་ཆ་ཚང་ཡིག་ཐོག་ཏུ་སུ་ཡིས་བཀོད་ཐུབ་སྙམ་པས་་་་་ དཔྱད་པར་འཚལ།
དུང་ཕྱུར་བཞི་ལ། ས་ཡ་བཞི་བརྒྱ་ཞེས་བོད་སྐད་ནང་ལ། ལབ་མི་ཆོག་ཅེས་པ་ནི། སེམས་གུ་དོག་པའི་སྐྱོན་འབའ་ཞིག་གོ།
སྤྱིར་ལབ་མ་ཆོག་པ་ཡོད་པ་མ་རེད། ཡིན་ནའང་། བོད་ཀྱི་ཤེས་རིག་སྲུང་སྐྱོབ་ཟེར་བ་དེར་འགྲེལ་ཞིག་བསྐྱོན་གནང་ཡོད་པ་ཞུ།
དུང་ཕྱུར་ལས་ས་ཡ་བརྒྱ་ཟེར་ན་ཡིད་ལ་འཆར་བདེ་བ་འདུག
ལྷ་སྡེ་གནམ་ལོ་ཡག་ལགས།ཝེ་ཁེ་པེ་སྒྲི་ཡ་ནས་ཞིབ་འཇུག་ལན་འདེབས་ལྟར་ན།རྒྱ་ནག་ནང་དུ་སངས་རྒྱས་ཆོས་ལ་དད་པ་བྱེད་མཁན།ས་ཡ་དྲུག་བརྒྱ་དང་བདུན་ཅུ་དོན་བཞི་ལྷག་ཡོད་འདུག ཡིད་མི་ཆེས་ན་དྲ་ཐག་འདི་ལ་གཟིགས་རོགས།ཁྱེད་ཚོས་༧རྒྱལ་བ་རིན་པོ་ཆེར་གང་བྱུང་གིས་བསྙོན་མ་འཛུགས་རོགས།སྐུ་མཁྱེན།།http://en.wikipedia.org/wiki/Buddhism_by_country
ལ་སྟོད་སྟོབས་རྒྱས་ལགས། སེམས་ཤུགས་ལ་ཡི་རངས་ཡོད། འོན་ཀྱང་། བསྙོན་འཛུགས་དང་དོགས་སློང་ལ་རྩ་བའི་ཁྱད་པར་ཡོད་པ་རེད། བསྙོན་འཛུགས་ནི་མ་བྱས་པ་ཞིག་བྱས་སོང་ཞེས་པའི་དོན་དང་། དོགས་སློང་ནི་བསྐྱར་དཔྱད་དགོས་ཀྱི་འདུག་ཅེས་པའི་དོན་ཏེ། སངས་རྒྱས་ཆོས་ལུགས་པའི་ལུགས་ལྟར་བཤད་ན། སྟོན་པ་ཤཀྱཱ་ཐུབ་པས་བསྟན་པའི་བསྲེག་བཅད་བརྡར་གསུམ་གྱི་ཚུལ་ལ་ཞུགས་པའི་ཁུལ་རེད།
གཞན་ཁྱེད་ཀྱིས་རྒྱ་ནག་གི་མི་འབོར་སྤྱི་དང་བརྒྱ་ཆའི་དབྱེ་སྟངས་ལ་གོ་བ་ཆེར་ལོན་མེད་པ་འདྲ། བསྐྱར་དུ་ཞིབ་གཟིགས་གནང་རོགས།
ལྷ་སྡེ་ལགས་ཀྱིས་བསྐྱར་དུ་ཡག་པོ་གཟིགས་རོགས།
Practicing Buddhists 269,917,168
Cultural Buddhists 674,792,919
རྒྱ་ནག་སྐམ་སར་དོན་དངོས་སུ་སངས་རྒྱས་ཆོས་ལ་དད་མཁན་ག་ཚད་ཡོད་མེད་ཐད་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་སྡོད་རྒྱ་རིགས་མཁས་པ་དང་དམངས་གཙོ་དོན་གཉེར་བ། ད་དུང་བོད་ལ་དོ་སྣང་ཅན་དང་བོད་མི་རྒྱ་ཡིག་ཤེས་མཁན་བཅས་ཀྱིས་གྲུབ་པའི་མིང་ལ་༼བོད་ལ་དགའ་བ་༽ཞེས་པའི་ཡིག་ཟམ་ཚོགས་པ་ཞིག་ཡོད་པར་བཀའ་འདྲི་ཞུ་བཞིན་པའི་སྒང་ཡིན་ལ། ད་ལྟ་ལན་ཐོག་མ་འབྱོར་ཡོད་ཅིང་། ཁོང་ནི་༼པེ་ཅིན་གྱི་དཔྱིད་ཀ༽ཞེས་པའི་རྒྱ་ཡིག་དུས་དེབ་ཀྱི་རྩོམ་སྒྲིག་པ་གསར་བ་ཁྲིན་ཝེ་ཅིན་ལགས་རེད། གྲངས་འབོར་ཁ་སང་ངས་རྣམ་པ་ཚོར་ཕུལ་ཟིན་པ་དེ་རེད་ལ། གཤམ་གསལ།
༼ཀྲུང་གོའི་ནང་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་གྱིས་བརྒྱ་ཆའི ༡༨ཟིན་ཞིང་། དེ་ནི་ཧ་ལམ་མི་གྲངས་དུང་ཕྱུར ༡དང་བྱེ་བ ༨དང་ས་ཡ ༥ཡོད། ཡིན་ནའང་། ཆོས་སྒོར་ཞུགས་ཟིན་པའི་གྲངས་འབོར་བརྒྱ་ཆའི༡.༧སྟེ། ཧ་ལམ་མི་འབོར་བྱེ་བ༡དང་ས་ཡ ༧དང་འབུམ༣རེད།༽
དེ་མིན་ཁོང་གིས་རྒྱ་མི་ནང་བ་ཡིན་ཟེར་མཁན་ཚོ་ཕྱུག་པོར་འགྱུར་བ་དང་བུ་རེག་པ། དཔོན་ས་འཕར་བ་བཅས་ཀྱི་ཆེད་ཡི་པས། བོད་མི་སངས་རྒྱས་ཆོས་ལུགས་པ་ཚོ་དང་རྩ་བའི་ཁྱད་པར་ཡོད་པ་གསུངས་འདུག
སོ་སོའི་ཡུལ་ལུང་པའི་གནད་དོན་ལ་ཐུག་ཡོང་དུས་ང་ཚོ་བོད་མི་བླ་རྒན་ཁ་ཤས་རེ་མ་གཏོགས་ཆོས་ལུགས་ཀྱི་ལ་རྒྱ་བརྩིས་ནས་རང་རང་གི་ཁེ་ཕན་བློས་གཏོང་མཁན་ཞག་ག་ལ་ཡོད། ལོ་གཉིས་ཀྱི་གོང་ལ་ཐའེ་ལན་ཌི་དང་ཁེམ་བྷོ་ཌི་ཡ་གཉིས་ཀ་ས་མཆམས་ཀྱི་དོན་ལ་རྩོད་པ་ག་འདྲ་ཆེན་པོ་ལངས་སོང་ང་ཚོས་མཐོང་ཐོས་ཡོད་ཡོད་པ་རེད། ཆོ་སལུགས་ལྟ་གྲུབ་གང་ཡིན་ན་ཡང་རང་རང་གི་ལུང་པའི་གནད་དོན་ལ་བརྗེ་མཁན་དཀོན་པོ་རེད། རྒྱ་དམར་དང་ཝིཏི་ནམ་གཉིས་ཀ་བློ་མཐུན་ཐོག་ལ་སྤུན་ཟླ་ཡིན་ཟེར་མཁན་དེ་གཉིས་ཀྱིས་ཀྱང་ས་མཚམས་ཀྱི་གནད་དོན་ལ་ཐུག་དུས་གསོན་ཁྲག་བཞུར་བ་ལ་སེར་སྣ་ཞིག་མི་འདུག
སྤོབས་པ་ལགས་ཀྱིས་བཤད་རྒྱུར། མི་རིགས་ལ་ཐུག་ན་ཆོས་ཀྱི་ལ་རྒྱ་མེད་ཟེར། དེ་ཚང་མས་ཤེས་ཤེས་པ་རེད། ལྟོས་དང་། ཨི་རན་དང་ཨི་རག་དབར་ལ་ལོ་བཅུ་གྲངས་དམག་བརྒྱབ་སོང་། གཉིས་ཀ་ཁ་ཆེ་རེད། ཇར་མན་གྱིས་ཕ་རན་སིའི་མི་ག་ཚོད་བསད་མི་འདུག་གམ། གཉིས་ཀ་ཡེ་ཤུ་བ་རེད། ས་སྐྱ་དང་འབྲི་གུང་དབར་ལ་མི་ག་ཚོད་བསད་མིན་འདུག་གམ། དགེ་ལུགས་དང་བཀའ་བརྒྱུད་དབར་དེ་བཞིན་རེད། དེ་བཞིན་བཀའ་བརྒྱུད་ནང་ཁུལ་ག་ཚོད་གསོད་རེས་བྱས་མིན་འདུག་གམ། དགེ་ལུགས་ནང་ཁུལ་ཐག་ཉེ་སར་ཚན་ཉིད་ཀྱི་རྒན་དགེ་ལུགས་པས་བསད་སོང་། གོང་ས་མཆོག་ཀྱང་དགེ་ལུགས་པའི་ཤུགས་ལྡན་བ་ཚོས་སྐུ་སྲོག་ལ་འཚེ་བར་བཀའ་གནང་སོང་།
དེ་བཞིན་ཡུལ་ལུང་ལ་ལྟོས་ན། ཨ་མདོའི་ཚོ་ཁག་ཚོའི་དབར་ལ་མི་ག་ཚོད་བསད་མིན་འདུག་གམ། དབུས་གཙང་དབར་དེ་བཞིན་རེད། ཁམས་པ་ལི་ཐང་དང་འབའ་པ་ཚོའི་དབར་ལ་དེ་ལྟར་རེད། ད་འདི་ལ་རྙོག་ཁྲ་གང་འདུག
མདོར་ན། རྒྱུ་ཉོན་མོངས་འོག་ལ་ཤོར་ནས་དམག་འཁྲུག་སོགས་ཡོང་བར་བྱེད། དེ་འགོག་པར་ཆོས་ཀྱི་དགོས་པ་བཤད་ཀྱི་ཡོད།
གནམ་ལོ་ཡག་ཅན་ལ་ཞུ་རྒྱུར། ངོས་ནས་ཁྱེད་ལ་རྒྱ་ནག་ཏུ་ཡོངས་གྲགས་བྱས་ཟིན་པའི་གསལ་བསྒྲགས་ཤིག་འབུལ་རྒྱུ་ཡིན། དེ་ཡང་རྒྱ་ནག་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ལྟེ་གནས་ཁང་ནས་༢༠༡༡ ཟླ་༡༠ པའི་་སྤེལ་བའི་གསལ་བསྒྲགས་རྒྱ་ཡིག་ཐོག་ཡོད་པ་གཤམ་དུ་འགོད་རྒྱུ་ཡིན།
2011年10月,由中国社会科学院世界宗教研究主编、社会科学文献出版的2011年宗教蓝皮书 <中国宗教报告(2011)>目前在京发布。蓝皮书援引美国普度大学的调查显示:最近30年来在中国恢复最为迅速的宗教是佛教,信仰者人数也是全体人口中所占比例最大的大约为18%,认同信仰佛教的人大数大约有2亿左右 。 རྒྱ་ནག་སྤྱི་ཚོགས་ཚན་རིག་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སྡེ་ཚན་ནས་ཡོངས་གྲགས་ནང་པ་སུ་དུང་ཕྱུར་གཉིས་གཡས་གཡོན་ཞིག་ཡོད་པར་བཤད་པ་དེས་རྒྱ་ནག་ནག་ནང་ནང་པ་ཇི་ཙམ་ཡོད་མེད་ཐད་སྡོམ་ཚིག་ཆེན་པོ་ཞིག་འགོད་ཐུབ། སློབ་ཆེན་བྱེ་བྲག་པ་དེ་འདྲས་ཆེད་དུ་ཞིབ་འཇུག་བྱས་པར་དུང་ཕྱིར་བཞི་ལྔ་ཡོད་ཅེས་གྲུབ་འབྲས་བཏོན་འདུག་ཀྱང་རྒྱ་ནག་ནང་ཡོངས་གྲགས་སུ་རྩིས་ཐབས་མེད་པ་གསལ་པོ་རེད། གནམ་ལོ་ཡག་ཅན་ཁྱེད་ནས་ཞིབ་འཇུག་ཆ་ཚང་མ་བྱས་པར་ཚིག་ཐག་བཅད་ནས་དུང་ཕྱུར་བཞི་ལྔ་མེད་ཅེས་ཟེར་བ་དེས་སྐུ་ཉིད་ཀྱི་རྒྱུན་གྱི་དགོངས་པ་བཞེས་སྟངས་ལ་ང་ཚོས་ཚོད་དཔགས་བྱེད་ཐུབ། ཉིད་ལ་བཀའ་འདྲི་ཞུ་རྒྱུར། རྒྱ་ནག་ནང་ནང་པ་དེ་ལྟར་དུང་ཕྱུར་བཞི་ལྔ་མེད་པའི་ཁུངས་ལུང་ཅི་ཞིག་ཡིན་ནམ། ངའི་གྲོགས་པོ་ཧྲང་ཧེ་ཆོས་ལུགས་ཅུས་ཀྱི་མི་སྣས་བཤད་དོན་རྒྱ་ནག་ནི་འཛམ་གླིང་ནང་ནང་པ་ཆེས་མང་ཤོས་དང་། མ་འོངས་པར་རྒྱ་ནག་མི་མང་བརྒྱ་ཆ་དྲུག་ཅུ་བརྒལ་བ་ནང་ཆགས་ངེས་ཞེས་སྨྲ་བས་ཡང་སྙིང་སུ་ཞིག་ལ་དངོས་ཡོད་ཀྱི་ཁུངས་ལུང་མང་ངམ།
གྲངས་འབོར་དེ་ངས་ཉིན་ཤས་སྔོན་ནས་བྲིས་ཚར་ཡོད་ལ། ཁྱོད་ཀྱིས་ཆ་ཚང་བཀོད་མི་འདུག མདོར་བསྡུས་ན།
༼ཕྱི་ལོ༢༠༡༠ལོའི་ཟླ༧ཚེས༢༦ནས་༢༧ཉིན། ཀྲུང་གོ་མི་དམངས་སློབ་ཆེན་དུ་བསྐོང་ཚོགས་གནང་བའི༼ཀྲུང་གོའི་ཆོས་ལུགས་ཀྱི་གནས་སྟངས་དང་འབྱུང་འགྱུར་ཞེས་པའི་སྟེང་སྤེལ་བའི་སྙན་ཐོ་ལྟར་ན། … …སངས་རྒྱས་ཆོས་ལུགས་ལ་བརྩི་བཀུར་ཡོད་མཁན་གྱིས་བརྒྱ་ཆའི ༡༨ཟིན་ཞིང་། དེ་ནི་ཧ་ལམ་མི་གྲངས་དུང་ཕྱུར ༡དང་བྱེ་བ ༨དང་ས་ཡ ༥ཡོད། ཡིན་ནའང་། ཆོས་སྒོར་ཞུགས་ཟིན་པའི་གྲངས་འབོར་བརྒྱ་ཆའི༡.༧སྟེ། ཧ་ལམ་མི་འབོར་བྱེ་བ༡དང་ས་ཡ ༧དང་འབུམ༣རེད།༽ སྤྱིར་བརྩི་བཀུར་ཡོད་མཁན་དང་དད་པ་ཡོད་མཁན་གཉིས་གོ་དོན་མ་འདྲ་བ་གཉིས་རེད།
གཞན་རྒྱ་ནག་སྐམ་སར་སངས་རྒྱས་ཆོས་ལ་དད་པ་ཡོད་མཁན་དུང་ཕྱུར་བཞིའམ་ལྔ་མེད་པ་ནི་ཉིད་ཀྱིས་གོང་དུ་བཀོད་ཟིན་པ་ལྟར་རེད་ལ། ངས་བརྟག་དཔྱད་བྱེད་དགོས་ཀྱི་འདུག་ཅེས་དོགས་སློང་བྱེང་ཀྱིན་པ་ལས་ད་དུང་མཐའ་བསྡོམས་བརྙེད་མེད། ཚང་མས་མུ་མཐུད་ནས་བརྩད་གཅོད་བྱེད་དགོས་ཀྱི་འདུག
གཞན་ཧྲང་ཧེ་ཆོས་ལུགས་ཅུའུ་ཡི་མི་སྣས་དེ་ལྟར་ལབ་ཐུབ་བམ། གུང་ཁྲན་ཏང་ཡོན་ཡིན་ན་ཆོས་དད་བྱེད་ཆོག་གི་མ་རེད། ཆོས་ལུགས་ལ་འུད་སྒྲོག་བྱེད་མི་ཆོག་ཅེས་ས་མཚམས་ཡོད་པ་རེད། དེ་ལས་ལྡོག་མཁན་ཚོའི་རྒྱབ་ལྗོངས་བརྟག་དགོས་ནི་རེད། འདི་དག་ནི་ཞིབ་འཇུག་གི་མ་མཐའི་ཚད་གཞི་རེད།
དེ་མིན་གོང་དུ་བློ་དཀར་མང་བོས་དབྱེ་ཞིབ་ཡག་པོ་གནང་འདུག་པས། དེ་ལུགས་ཐུགས་འཇགས་ཡོད་པ་ཞུ།
སངས་རྒྱས་ཆོས་ལུགས་པའི་སྟོན་པ་ཤཀྱཱ་ཐུབ་པས་བསྟན་པའི་བསྲེག་བཅད་བརྡར་གསུམ་གྱི་ཚུལ་དུ་བྱེད་འདོད་ན། ཁ་ཏང་ཡོན་དང་སེམས་ནང་བསྟན་ཆོས་ཡོན་ཡིན་པ་སུ་སུ་ཡོད་པ་ཤེས་དགོས་བ་རེད་དོ། མ་ཤེས་བར་དུ། ནང་ཆོས་དད་ལྡན་པའི་རྒྱ་རིགས་ག་ཚོད་ཡོད་མེད་རྩད་མི་ཆོད་དོ། བསྲེག་བཅད་བརྡར་ལ་ཏང་ཡོན་ཡིན་པ་ཙམ་གྱིས་དག་སོང་བ་ཞིག་མི་ཡོང་ངོ་། ༧རྒྱལ་བའི་བཀའ་གསུངས་ལས་མི་རྒྱལ་ལོ། སྟོན་པའི་ཅི་གསུངས་ཀྱིས་རྒྱལ་བ་ལ་དབུ་ལྕགས་ཞུས་ན་མི་འགྲིག་གོ། གྲངས་ཀ་ག་ཚོད་ཡོད་མེད་དེ་གནད་དོན་ཞིག་མིན་བཞིན་དུ། ༧རྒྱལ་བས་ཞལ་རྫུན་ཞུས་མདོག་གིས་ཁུངས་མེད་ཁུངས་རེ་འཚོལ་བ་ནི་མི་འོས་སོ།
ཞིབ་འཇུག་པས་ག་རེ་བཤད་མིན་ལ་མ་ལྟོས་པར་རྒྱ་ནག་ནི་གནའ་སྔ་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་པས་ནང་ཆོས་ཀྱི་རྗེས་འབྲང་པ་ནི་ཆོས་ལུགས་གཞན་གྱི་རྗེས་འབྲང་པ་ལས་མང་བ་ཡོད་པ་ཚོད་དཔག་ཐུབ་པ་ཞིག་རེད། ལྷག་ཏུ་དེང་སང་རྒྱ་རིགས་ཁྲོད་ན་ཆོས་དད་པ་ཉིན་རེ་བཞིན་ཇེ་མང་ལ་འགྲོ་བཞིན་ཡོད་པ་དངོས་ཡོད་ཡིན་ཞིང་། ཐ་ན་གུང་ཕྲན་དམར་ཤོགས་ཀྱི་མཐོ་རིམ་མགོ་ཁྲིད་ཚོའི་ནང་མིའི་ཁྲོད་ན་ཡང་ནང་ཆོས་ཀྱི་རྗེས་འཇུག་པ་མང་པོ་ཡོད་པ་དངོས་ཡོད་ཡིན་འདུག་པས། མི་འབོར་དུང་ཕྱུར་བཅུ་གསུམ་གྱི་ནང ནས་དུང་ཕྱུར་བཞི་ལྔ་ཞིག་ནང་པ་ཡིན་པར་བཤད་ཀྱང་ཡིད་མི་ཆེས་པ་དང་ཧང་སང་དགོས་པའི་དོན་དག་ཅིག་མ་རེད།
ང་ཚོ་བོད་མི་ཁ་ཤས་ཀྱིས་རིག་གནས་གསར་རྗེའི་སྐབས་ཀྱི་དམར་ཤོག་པའི་ལྟ་བ་དེ་འདོར་མ་ཐུབ་པར། ཆོས་ལ་དད་པ་བྱེད་མཁན་དེ་འདྲའི་མང་པོ་ཞིག་ཡོང་མི་སྲིད་པ་བསམ་གྱི་ཡོད་སྲིད་ཀྱང་། དོན་དངོས་ནང་ཆོས་ཀྱི་མིའི་ཡིད་དབང་འཕྲོག་ཤུགས་ནི་ཁོང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཚོད་རེད།
ནང་པའི་གྲངས་འབོར་ཆེན་པོ་གསུང་ཡས་དེ་མགོ་སྐོར་གཡོ་ཇུས་རང་མ་ཡིན་སྙམ། ནང་པ་གཅིག་གྱུར་ཡིན་ན་མཐུན་འབྲེལ་དགོས་པ་དང་། དེ་ལ་ཕན་ཚུན་ངོ་ཤེས་དམ་འབྲེལ་བྱུང་ན་ལེགས་པ་ཡང་རེད། རྒྱ་ནག་ནང་པ་ཚོས་བོད་ཀྱི་ནང་པར་དཀའ་ངལ་ཆེན་པོ་ཕྲད་པའི་གདུང་སེམས་མཉམ་བསྐྱེད་བྱ་དགོས་པ་ཞིག་ཀྱང་མཐོང་ལ། ༧གོང་ས་མཆོག་ནས་ཁོང་ཚོ་ཐུགས་བརྩེས་དོར་མེད་ལ། མ་དོར་རོགས་ཞེས་རེ་སྐུལ་ཡང་ཞུས་ཡོད།
བོད་ཀྱི་གྲངས་གནས་རྩིས་སྲོལ་དེ། ས་ཡ་དང་བྱེ་བ་གཉིས་གང་ཞིག་སྔོན་ལ་རྩིས་སྲོལ་ཕྲན་བུ་ཁྱད་པར་མཐོང་། ངོས་ཀྱི་བསམ་པར་བྱེ་བ་སྔོན་དང་དེ་ནས་ས་ཡ་རྩིས་ན་ལེགས་པར་མཐོང་།
༡ གཅིག
༡༠ བཅུ།
༡༠༠ བརྒྱ།
༡༠༠༠ སྟོང་།
༡༠ ༠༠༠ ཁྲི།
༡༠༠ ༠༠༠ འབུམ།
༡ ༠༠༠ ༠༠༠ ས་ཡ།
༡༠ ༠༠༠ ༠༠༠ བྱེ་བ།
༡༠༠ ༠༠༠ ༠༠༠ དུང་ཕྱུར།
རྣམ་པ་ཚོས་རྒྱ་ནག་གི་ནང་དུ་རྒྱ་རིགས་ནང་པ་མང་པོ་ཞིག་ཡོད་པར་ཧ་གོ་བ་དེ་ངོ་མཚར་ཆེན་པོ་ལོས་ཡིན། ཡིན་ནའང་རྒྱ་རིགས་ཚང་མས་ཁོང་རང་ཚོ་མི་ལོ་༥༠༠༠་ལྔ་སྟོང་ཡན་གྱི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་ཟེར་ནས་རང་ཚུགས་བཟུང་ནས་བསྡད་ཡོད་པ་རེད། དེ་ཡང་སྐད་དང་ཡི་གེ་ཆོས་དང་རིག་གཞུང་རྒྱལ་སྲིད་བཅས་སྣ་ཚོགས་ཡོད་པའི་མི་རིགས་ཤིག་ཡིན་ཟེར་ནས་བསྡད་འདུག། བོད་པའི་ནང་པ་དེ་ཚོས་རང་མི་རིགས་ཀྱི་ལོ་རྒྱུས་ཤོད་དུས་མི་ལོ་༡༠༠༠་ཡས་མས་ཅིག་གི་སྐོར་མ་གཏོགས་ཁ་ནས་གླེང་ཤོར་དོགས་བྱེད་ཀྱི་ཡོད་པ་རེད། རྒྱ་མའི་ནང་པ་དང་བོད་པའི་ནང་པ་གཉིས་དབར་བསམ་བློའི་རྨང་གཞིའི་གནས་ཚད་ག་འདྲ་ཡོད་པ་ཡང་ཤེས་དགོས་པ་འདུག། དངོས་གནས་བྱས་ན་བོད་པ་ཚོས་འདི་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་རེད། གཞན་མི་འབོར་མང་ཉུང་རྐྱང་རྐྱང་བལྟས་བསྡད་པ་ཡིན་ན་དོན་གྱི་སྙིང་པོ་རགས་ཁག་པོ་ཡིན་འགྲོ། རྒྱ་རིགས་ནང་པ་དེ་ཚོས་རྒྱ་མི་རིགས་ཀྱི་ལོ་རྒྱུས་ཀྱི་བྱུང་ཁུངས་དེ་གཞན་ལ་བཏུག་གི་མ་རེད། ཁ་གསལ་ངོ་གསལ་བྱས་ནས་རྒྱ་མི་རིགས་རང་གི་ལོ་རྒྱུས་གཙང་མ་གང་ཡོད་པ་རྣམས་ཕྱི་གསལ་ནང་གསལ་བྱས་ནས་འཆད་ཀྱི་འདུག། བཤད་པས་མི་ཚད་ངོམ་གྱི་འདུག དེར་མ་ཚད་རྒྱ་མི་རིགས་རང་གི་སྔ་རབས་ཀྱི་ཆོས་དང་རིག་གཞུང་དེ་ཚོ་གདུག་པོ་ཞེ་བོ་ཞིག་རེད་ཟེར་ནས་རྩ་བ་ནས་གླེང་གི་མི་འདུག་གོ བོད་པ་ནང་པ་ཚོས་དེ་ལྟར་བྱེད་ཀྱི་ཡོད་དམ། ཕྱོགས་གཅིག་ནས་སྤོབས་པ་ཁྱེར་ཆོག་ཀྱང་། ཕྱོགས་གཅིག་ནས་ངོ་ཡང་ཚ་ཤེས་དགོས་ས་རེད། རྒྱ་རིགས་ནང་པའི་གྲལ་དུ་བཤིབ་པར་བྱེད་པ་ལ་བསམ་བློའི་ཁྱད་ཆོས་མང་པོ་ཚང་དགོས་ས་རེད་དོ། འདིའི་སྐོར་ནས་མང་པོ་ཞིག་གླེང་རྒྱུ་འདུག དེ་རིང་དེ་ཙམ་ཡིན། །
ཀརྡོ་ལགས། དེ་འདྲའི་ཁུངས་གཟིགས་ཡོད་དམ། བྱུང་ན་ཐུགས་ཕན་གསོས་པོ་ཡོང་ས་རེད། ཐུགས་ཆེ་གནང་།
Bonpoལགས།
བོད་ཀྱི་རིག་གཞུང་ལ་གནའ་བོའི་རིག་གཞུང་ནི་བོད་རང་ནས་ཡོད་ལ། ནང་པ་སངས་རྒྱས་པའི་ཆོས་ནི་སངས་རྒྱས་ཤཱཀྱ་ཐུབ་པར་མ་གཏུགས་ན་ཁུངས་མེད་པ་ཆགས་ཉེན་དང་། བཀའ་འགྱུར་བསྟན་འགྱུར་རྣམས་རྒྱ་གར་སྐད་ནས་བསྒྱུར་བ་ཡིན་པས་ཆོས་ཀྱི་ཁུངས་རྒྱ་གར་ལ་གཏུགས་པར་འགལ་འདུ་མེད་སྙམ་མོ།།
༼htt://en.m.wikipedia.org./wiki/Buddhism_by_countr
htt://www.pewforum.org/2012/12/18/global-religious-landscape-budhist/༽
དྲ་ཐག་འདི་གཉིས་ཐོག་གཟིགས་དང་༢༠༡༣ ལོར་རྒྱ་ནག་ནང་ནང་པ་ས་ཡ་༢༧༠ དང་། ༢༠༡༠ ལོར་ས་ཡ་༢༤༤ཡོད་ཅེས་འཁོད་འདུག་པས་གན་ལོ་ཡག་ཁྱེད་ནས་གང་གསུངས་རྒྱུ་ཡོད་དམ། ངོས་ཧྲང་ཧེའི་གྲོགས་པོར་དུང་ཕྱུར་བཞི་ལྔ་ཡོད་པའི་གཞི་འཛིན་ཅི་ཞིག་ཡིན་པའི་སྐོར་དྲིས་ཡོད་པས་མི་རིང་བར་ལན་ཕུལ་ཆོག གནམ་ལོ་ཅན་གྱི་འདོད་པར་གུང་ཁྲན་ཏང་མི་ཞིག་ཡིན་ན་ནང་པ་ཡིན་མི་ཆོག་པ་དེ་དཔྱད་ཞིབ་ཀྱི་མ་མཐའ་རུ་འཛིན་དགོས་ཟེར། ཡིན་ནའང་དེང་སང་ཞི་ཅིན་ཕིན་ནང་པ་དང་ཁོང་གི་བཟའ་ཟླ་ཡིན་པ་སོགས་གཞས་མ་གྲགས་ཅན་ཝང་ཧྥེ་དང་ལི་ལེན་ཅི་སོགས་ནང་པ་ཡིན་པར་ཀུན་ཏུ་གྲགས་པས་ཏང་མི་ལ་ནང་པ་མིན་དགོས་ཟེར་བ་ནི་ཁུངས་འཁྱོལ་བའི་གཏམ་ཞིག་ཏུ་མ་མཐོང་ངོ་། །༽
ཧ་ཧ་ཧ། གལ་སྲིད་ཞིས་ཅིན་ཕེན་སངས་རྒྱས་ཆོས་ལུགས་པ་ཡིན་ན། བཅོམ་ལྡན་འདས་ཀྱི་རྣམ་སྤྲུལ་ཡིན་ངེས་པས། ད་ཅང་ལྷག་མི་འདུག་གཱ ཁོང་གི་ལམ་སྟོན་ནང་ཤར་བསྐྱོད་བྱེད་རྒྱུ་དེ་མ་རེད་དམ། ཡིན་ནའང་། ཁྱེད་རྣམ་པས་ངེས་པར་དུ་མཁྱེན་དགོས་པ་ནི་གུང་ཁྲན་རིང་ལུགས་ནི་ལྟ་གྲུབ་ཅིག་རེད། ལྟ་གྲུབ་དེའི་འོག་ནས་མི་འབོར་དུང་ཕྱུར༡༤ལ་དབང་བསྒྱུར་བྱེད་ཀྱི་ཡོད་པ་རེད་ལ། དབང་བསྒྱུར་གྱི་ཁྲིམས་མཐུན་རང་བཞིན་ཡང་དེའི་སྟེང་ལ་བབས་ཡོད་པར་མ་ཟད། དབང་བསྒྱུར་ཕྱོགས་ཁག་གིས་གཙོས་པའི་ཁེ་བཟང་ཟ་མཁན་ཚང་མ་དེར་འཇུས་ཡོད་པ་རེད། དེ་བས། འགྱུར་ཆོག་ཆོག་ཅིག་ཡོད་པ་མ་རེད་ལ། ང་ཚོའི་རེ་བ་ལྟར་ཡོང་མི་སྲིད་པ་ཞིག་ཀྱང་རེད། དེ་ལྟ་ཞིག་མིན་ན། དམར་ཤོག་གི་དབང་བསྒྱུར་སྔར་ནས་འགྱུར་ཚར་བ་རེད། དེ་མིན་ཐ་ན་བོད་ནས་དགེ་བཤེས་ཐོན་པའི་རྒྱ་མི་རྣམས་མྱུལ་མ་ཡིན་ཚུལ་གོང་དུ་མང་བོས་བཤད་ཡོད་པ་ལྟར་རེད།
༡ གཅིག
༡༠ བཅུ།
༡༠༠ བརྒྱ།
༡༠༠༠ སྟོང་།
༡༠ ༠༠༠ ཁྲི།
༡༠༠ ༠༠༠ འབུམ།
༡ ༠༠༠ ༠༠༠ ས་ཡ།
༡༠ ༠༠༠ ༠༠༠ བྱེ་བ།
༡༠༠ ༠༠༠ ༠༠༠ དུང་ཕྱུར།
༡༠༠༠ ༠༠༠ ༠༠༠ ཐེར་འབུམ།
༡༠ ༠༠༠ ༠༠༠ ༠༠༠ ཁྲག་ཁྲིག
༡༠༠ ༠༠༠ ༠༠༠ ༠༠༠ རབ་བཀྲམ།
ཁུངས་ཚིག་མཛོད་ནང་གི ༼གྲངས་གནས་དྲུག་ཅུ་༽ལ་གཟིགས་རོགས་གནོངས།