ལྷ་སྡེ་གནམ་ལོ་ཡག
____ གསུམ་ཅུའི་དུས་དྲན་ཐེངས ༥༥ལ་བྲིས།
མི་རྣམས་བཤར་བཞིན་པའི་རྒྱབ་གཟུགས་ལ་ཅེར་ཐེངས་རེར
དུས་མིན་འཆི་བར་ཚུད་འདྲའི་མགོ་ཡོམ་ཡང་ཡང་འཁོར
ད་དུང་དབྱིངས་དཔྱད་ལའང་ངེས་གཏན་ཞིག་མི་འདུག
ལོ་རྒྱུས་ནི་ནུ་ཆུས་དབུལ་བའི་དྭ་ཕྲུག་ཅིག་དང་འདྲ་བར
དུས་ཀྱི་ལྡོག་འགྲོས་ཀློང་བཤུམས་ཀྱིན་པའི་ངུ་སྐད་ཕྲ་མོར
ནུས་མེད་ཤུགས་ཟད་ཀྱི་བཟོ་ལྟས་ཀུན་ནས་བཅངས
མི་ལོ་ལྔ་བཅུ་ང་ལྔའི་ཡར་སྔོན་གྱི་དེ་རིང
ཆར་རླུང་གིས་སྔར་མཐོང་མ་མྱོང་བའི་དྲག་གར་འཆམ
གངས་ཅན་བོད་ཡུལ་ཁྲག་དམར་གྱི་ཁྲུས་ལ་ཞུགས
མི་ཚོགས་སྔ་རྗེས་སུ་རི་ཆུ་ཁྲི་ཕྲག་གི་ཕང་བར་གཏན་དུ་སིམ
ལོ་རྒྱུས་སུ་འཁོད་པའི་དམར་སྐྱོན་དེ་དུས་བྱུང་ཡང
ལོ་ངོ་ལྔ་བཅུའི་རིང་ཉིན་གཅིག་ལྟར་མདུན་ནས་མདུན་ལ་བསྲིངས
རྒྱལ་སྐྱོབ་ལ་སྒོ་མོ་མེད་དམ་བཙན་རྒོལ་ལ་མུ་མཐའ་མི་འདུག
རྒྱབ་གཟུགས་དང་དམར་སྐྱོན་བར་མི་རྣམས་བཞུད་ཀྱིན་འཐོམ་བཞིན་གྱོལ་བཞིན་འདུག
༢༠༡༤ལོའི་ཟླ ༣ཚེས ༡༠ཉིན་བྲིས།
དམར་སྐྱོན། རྒྱབ་གཟུགས། ཁ་བསངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེ། ཡག་པ་ཟིག་མི་གོ་འི། གོ་ཚོད་ཙམ་བཤད་ན། མི་ལོ་ལྔ་བཅུར་གསོས་བའི་བྱིས་ཕྲུག་ཨ་ཚོ། གཤོག་པ་ཐོགས་ནས་འཕུར་ཐུབ་མེད་པ་གཅིག་པ་ཡིན་ཐལ་ཡ། ཁ་གསོན་པོ། ལུས་ཤི་བོ། ང་ནི་ང་རང་ལ་ཡིད་ཆད་གི་ཡ། གྱོལ་བཞིན་མི་འགྲོ་བར། བསྡད་ནས་ཉན། བཤད་བཞིན་བསྡད་ཡོད། ཁྱོད་ཅི་འདྲ་ཡིན། ཤ་ཉེ།
ཤན་ཁོ། རྒྱབ་གཟུགས་ཡལ་ནས་གསུམ་བཅུའི་དུས་དྲན་བརྗེད་ཉིན། ང་ཚོས་མཉམ་དུ་ཆང་འཐུང་ཆོག བཟི་ཆོག་མ་གཏོགས་སྐྱུག་མི་ཆོག་ཨ།