ཚེ་རིང་།
མིག་ལ་འཚེར་བའི་དམར་སྨུག་གི་ཚེ་སྲོག
རེ་ཞགས་དང་ཡིད་ཆེས་ཀྱིས་སྦར་དེ
བགྲོད་དཀའ་བའི་ལོ་ཟླའི་ཁུགས་པ་རེ་རེ་བཞིན
འདི་ལྟར་ཨུ་ཚུགས་དང་བཟོད་སྒོམ་གྱིས་བརྒལ་དགོས
འདི་ནི་གྲྭ་རྐྱང་ཚོའི་ལས་དབང་གིས་བསྐོས་ཐང་ཡིན་ལ
གནས་ལུགས་སུ་གྲུབ་ཟིན་པའི་སྲོལ་རྒྱུན་གྱི་ལམ་བུའང་ཡིན
སྣང་སྲིད་མཛེས་སྡུག་གི་སྐྱེས་དངོས་ཡོད་ཚད་
མཐོང་ཚུལ་ལས་ལོག་པའི་འགྲེལ་བཤད་ཅིག་གིས
ཁོ་ཚོ་གང་དུ་སོང་ཡང་རང་ལུས་རང་
གང་དུ་བསྡད་ཀྱང་རང་སེམས་རང་གིས་
རྒྱ་མཚོ་ལྟ་བུའི་འཚོ་བའི་རྦ་རླ
སྙིང་དབུས་སུ་བཙན་གྱིས་བསྒྲིགས་
རྣ་ཐོས་མིན་པའི་ངང་ངམ་ཤུགས་ཀྱི
ཁོ་ཚོ་སུ་ཞིག་གིས་བར་དུ་བཙིར་བ་
གང་དུའང་འགྲོ་མ་ཕོད་ལ/
གང་ནས་ཀྱང་འདུག་མ་བདེ/
དུས་རབས་ཀྱི་མིག་ཤེལ་ངོར
ཁོ་ཚོ་གཞན་གྱི་མཐོང་ལམ་ན་ཚེར་མ་
སུ་ལའང་ལེ་གདའ་ བྱེད་མ་ནུས་པར་/
འཁོས་ཀ་ཞན་པའི་ཁང་མིག་དེ་ལས/
རྣམ་ཐར་གྱི་ཤོག་ཧྲིལ་རྙིང་བ་དག་
འཇིག་རྟེན་གཞན་དེ་ཡི་སྐྱིད་སྣང་
བདག་གཞན་མཉམ་བརྗེ་དང་འདོད་ཆུང་
ཚ་གདུག་གི་ཉིན་ཞག་ཁྲོད་ཆུ་ལྟར་
མྱོང་སྣང་དུ་གྲུབ་པའི་དངོས་པོ་
ནམ་ཡང་སེམས་ཀྱི་ལྡོག་ལམ་དུ་ཆོས་
དེར་རྟེན/ ཁོར་ཡུག་འདིའི་ཕྱི་རོལ་ནས/
ཁོ་ཚོས་འཇིག་རྟེན་ལ་བལྟས་ནས་ངུ
འཇིག་རྟེན་གྱིས་ཁོང་ཚོ་མཐོང་དེ་
ཆོས་རྭའི་ལྡེ་མིག་གི་དབྱངས་རྟས/
མལ་དུ་ཡུར་བའི་ནངས་དགོང་གི་བྱ་
ཁོང་ཚོས་དབུ་ཞྭ་སེར་བོ་ཕྲག་ཏུ་
བསྐལ་བའི་མེ་དཔུང་ལྟ་བུའི་རིགས་
དུག་གསུམ་གྱི་མཁར་རྫོང་རེ་རེ་
ཡོད་ཡོད་འདྲ་བའི་འཚོ་བའི་འོད་ཐི
ནམ་ཡང་ངུར་སྨྲིག་གི་ཤམ་གོས་རྟོ
མུ་འབྲེལ་དུས་བཞི་ཡི་བཞུར་རྒྱུ
གླེགས་བམ་འགའི་ཉིན་སྲིབ་བཙན་གྱི
མིག་ཟུང་བཙུམ་ནས་བསམ་བློ་གཏོང་
ཁོ་ཚོས་རང་ཉིད་སུ་ཡིན་ད་དུང་
ངལ་དུལ་དང་རེ་དོགས་ཀྱི་ཚོར་ཤེས་
སྟོན་རླུང་གིས་ཁུར་བའི་ལྗོན་ལོ་
མིག་མདུན་དུ་རིམ་གྱིས་སྤུངས་དུས
སེམས་པ་འདི་རླུང་ལ་དཔྱངས་པའི་
ལང་ལོང་དུ་གཡོ་ཞིང་ལྷབ་ལྷེབ་ཏུ་
ལྷན་སྐྱེས་ཀྱི་སྐྲ་ལོ་ནག་པོ་དུ
རྒྱུས་མེད་ཀྱི་འཇིག་རྟེན་ཞིག་གི
ཁོས་རང་དབང་མེད་པར་རང་གི་རུམ་ལ་