ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ།
ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་གིས་བོད་ཡིག་གསར་ལམ་བརྒྱུད་ནས་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཐད་སྤེལ་བའི་གཏམ་བརྗོད་ནི་དོན་དངོས་དང་འགལ་བའི་རྟོག་བཟོ་འབའ་ཞིག་རེད་ལ། ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ(གཤམ་དུ་ཐེ་བོད་གྲོགས་ཚོགས་ཡིན)ཧ་ལས་ཧོན་འཐོར་དུ་བཅུག་ཡོད་པས། རྒྱ་ཆེ་བའི་བོད་མི་དམངས་ལ་གསལ་བཤད་ཅིག་མི་བྱེད་ག་མེད་རེད་ལ། དག་སེལ་ཁག་གཤམ་གསལ།
༡༽ ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་ཐེ་ཝན་རང་བཙན་གྱི་ལྟ་བ་འཁུར་གྱི་འདུག་ཟེར་བ་ནི་དམངས་གཙོའི་སྤྱི་ཚོགས་ནང་དུ་དམངས་ཁྲོད་ཀྱི་ཚོགས་པ་ཇི་ལྟར་འཁོར་རྒྱུགས་གནང་བཞིན་པ་མ་ཤེས་པས་རེད། ཐེ་བོད་གྲོགས་ཚོགས་ནི་བོད་ལ་རང་དབང་མངོན་འགྱུར་ཡོང་བར་རྒྱབ་བསྐྱོར་ཡོད་པའི་ཐེ་ཝན་མི་དམངས་ལས་གྲུབ་པ་ཞིག་ཡིན་པས། ཚོགས་མི་དག་གིས་ཐེ་ཝན་རང་བཙན་གྱི་ལྟ་བ་འཁུར་གྱི་ཡོད་ མེད་དེ་བཞིན་ཐེ་བོད་གྲོགས་ཚོགས་ཀྱིས་ཐེ་གཏོགས་བྱས་ཆོག་པ་ཞིག་མ་རེད་ལ། ཚོགས་ཞུགས་གནང་སྐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡང་མིན་པས། ཚོགས་མི་རྣམས་ཀྱི་བསམ་བློར་ཚད་འཛིན་བྱེད་པའམ་རེ་བསྐུལ་བྱེད་མི་སྲིད་པ་ཞིག་རེད། དེ་བས། མི་ལ་ལས་ཐེ་བོད་གྲོགས་ཚོགས་ཀྱིས་ཐེ་ཝན་རང་བཙན་གྱི་ལྟ་བ་འཁུར་གྱི་འདུག་ཅེས་པ་ནི་རྩོམ་བྱང་དང་བརྗོད་བྱ་འགལ་བའི་དཔེ་ལས་མ་འདས། ཐེ་བོད་གྲོགས་ཚོགས་ནང་དུ་ཐེ་ཝན་རང་བཙན་གྱི་ལྟ་བ་འཁུར་མཁན་ཡོད་སྲིད་ལ། ཐེ་ཝན་རྒྱ་ནག་སྐམ་སར་ཟླ་སྒྲིལ་གཏོང་བའི་ལྟ་བ་འཁུར་མཁན་ཡང་ཡོད་སྲིད་པས། དེ་དག་ནི་ཐེ་བོད་གྲོགས་ཚོགས་ཀྱི་ལངས་ཕྱོགས་མིན་མོད། ཚོགས་མི་སྒེར་གྱི་ཆབ་སྲིད་ལངས་ཕྱོགས་ལ་ཐེ་གཏོགས་སམ་ཚད་འཛིན་བྱེད་ཐབས་ཡོད་པ་མ་རེད།
༢༽ དབུས་བོད་མིའི་སྒྲིག་འཛུགས་ནི་མི་དམངས་ཀྱིས་གདམ་པའི་གཞུང་ཞིག་རེད། དེ་ག་ནང་བཞིན་ཐེ་ཝན་མི་དམངས་ཀྱིས་དམངས་གཙོའི་འཚོ་བ་ལོངས་སུ་སྤྱོད་ཀྱིན་པའི་ཁར། དམངས་གཙོའི་གོམས་སྲོལ་འཇགས་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལག་བསྟར་གནང་དགོས་ཟེར་ལུགས་ཡོད་པ་མ་རེད་ལ། དེ་ལྟར་སྨྲ་བའི་ཐོབ་ཐང་ཡང་ང་ཚོར་ཡོད་པ་མ་རེད། གལ་སྲིད་ཐེ་བོད་གྲོགས་ཚོགས་ཀྱི་ཚོགས་མིའི་ཁྲོད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་མཁན་བྱུང་ཡོད་ཚེ། དེ་ནི་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་རེད་ལ། ཐེ་བོད་གྲོགས་ཚོགས་ཀྱི་ལངས་ཕྱོགས་མ་རེད།
༣༽ ༼ཐ་ན་ཁོང་ཚོའི་ཁྲོད་ཀྱི་ཁག་ཅིག་གིས་ཏཱ་ལའི་བླ་མའི་གནས་སྟངས་དེ་འདྲ་ཞིག་བོད་པའི་སྤྱི་ཚོགས་ནང་གནས་པ་ཡིན་ན།བོད་ལ་དམངས་གཙོ་ཚད་ལྡན་ཞིག་ཡོང་ཁག་པོ་ཡིན་པ༽ཟེར་བ་ནི་ཁུངས་ལུང་མེད་པའི་གཏམ་ཡན་རང་ཡིན་པར་མ་ཟད། ཐེ་བོད་གྲོགས་ཚོགས་ཀྱིས་ཏཱ་ལའི་བླ་མར་མཚན་སྨད་ཞུས་སོང་ཞེས་ནག་པོ་བཟོ་འདུན་འཆིང་བའི་གནོད་སེམས་རང་ཡིན་པས། ཐེ་བོད་གྲོགས་ཚོགས་ཧ་ལས་པ་དང་ཧོན་འཐོར་དུ་བཅུག་སོང་། ཚང་མས་ཤེས་གསལ་ལྟར། བོད་ཀྱི་དམངས་གཙོ་ནི་རྒྱལ་ཁབ་གཞན་དང་མི་འདྲ་སྟེ། འོག་ནས་ཡར་ལ་བརྩོན་ལེན་བྱས་པ་མ་ཡིན་པར་སྟེང་ནས་གཤམ་ལ་གསོལ་རས་བསྩལ་བ་ཞིག་རེད།
ཏཱ་ལའི་བླ་མ་ནི་བོད་ལ་དམངས་གཙོ་བསྐྲུན་མཁན་རེད་ལ། རྩ་ཁྲིམས་གཏན་འཁེལ། གྲོས་ཚོགས་དང་སྲིད་བློན་འོས་འདེམས་ཀྱི་རུ་འདྲེན་པ་རེད། ཏཱ་ལའི་བླ་མ་མེད་ཚེ་བོད་ལ་དམངས་གཙོ་མེད་ཅེས་བཤད་ཐུབ། དེ་བས། གོང་གསལ་ཐེ་བོད་གྲོགས་ཚོགས་ཀྱིས་ཏཱ་ལའི་བླ་མར་མཚན་སྨད་ཞུས་སོང་ཟེར་བའི་སྒྲུབ་བྱེད་ཅི་ཡིན་ནམ། དེ་ལྟར་ཐེ་བོད་གྲོགས་ཚོགས་ཀྱིས་ཏཱ་ལའི་བླ་མར་མཚན་སྨད་ཞུས་སོང་ཞེས་ནག་ཉེས་འགེལ་དོན་གང་ཡིན་ནམ།
༤༽ ཡང༼ཐའེ་ཝན་གྱི་ནང་སྲིད་ལའང་ཐེ་གཏོགས་བྱས་ཏེ་ག་དུས་ཡིན་ཡང་སྐད་འབོད་སྐབས་བོད་རང་བཙན་དགོས། མཱ་ཡོན་ཅིག་མར་ཕབ་དགོས། ཞེས་སོགས་སྐད་རྒྱག་གི་རེད། མཱ་ཡོན་ཅིག་མར་འབབ་མིན་བོད་མིར་འབྲེལ་བ་ཡོད་པ་མ་རེད ༽ཟེར། དོན་ལ་འདི་དག་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་རྒྱུན་ལྡན་རྣམ་པ་ཞིག་རེད། ཐེ་བོད་གྲོགས་ཚོགས་ཀྱི་ཚོགས་མི་རྣམས་ཐེ་ཝན་མི་དམངས་ཡིན་སྟབས། ཐེ་ཝན་སྲིད་གཞུང་དང་སྲིད་འཛིན་ལ་སྐྱོན་བརྗོད་བྱེད་པའམ། ཁྲོམ་བསྐོར་འདུ་འཛོམས་ནི་མི་དམངས་ཀྱི་ཐོབ་ཐང་རེད། གལ་སྲིད་བོད་དོན་ཆེད་མཱ་ཡོན་ཅིག་མར་ཕབ་དགོས་ཞེས་ལབ་ཡོད་པའི་དབང་དུ་བཏང་ཡང་དེ་ནི་ཐེ་ཝན་གྱི་ནང་སྲིད་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལ་ཐེ་ཝན་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད། ཡིན་ནའང་། ཐེ་བོད་གྲོགས་ཚོགས་ཀྱིས་ད་ལྟའི་བར་དུ་བོད་དོན་སླད་མཱ་ཡོན་ཅིག་མར་ཕབ་དགོས་ཅེས་ལངས་ཕྱོགས་བཟུང་ཡོད་པ་མ་རེད།
༥༽ ཆེས་གུ་ཡངས་གཏོང་ཐབས་མེད་པ་ཞིག་ནི༼སྐབས་རེར་བོད་ཀྱི་གནས་ཚུལ་དེ་ཐའེ་ཝན་རང་བཙན་གྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་ཆཊ༽ཟེར་བ་དེ་རེད་ལ། ཐེ་ཝན་མི་དམངས་ཀྱིས་ བོད་ལ་རྒྱབ་བསྐྱོར་གནང་བའི་བྱ་སྤྱོད་རང་དོན་ཡིན་ཚུལ་བསྙད་པ་ནི་བོད་ཀྱི་རང་དབང་ཆེད་དུ་མི་ཤུགས་དང་དངུལ་ཤུགས་འདོན་དང་འབུལ་བཞིན་པའི་ཐེ་ཝན་མི་དམངས་ཀྱི་མཚན་སྙན་ལ་རྡོག་རོལ་བཏང་བ་ཡིན་པར་མ་ཟད། བོད་ལ་རྒྱབ་བསྐྱོར་གནང་བཞིན་པའི་ཐེ་ཝན་མི་དམངས་ཀྱི་བརྩེ་སེམས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པས། འདི་ལྟ་བུའི་ཚིག་ནག་སྐྱོན་བརྗོད་ལ་ང་ཚོས་ངོས་ལེན་རྩ་བ་ཉིད་ནས་བྱེད་མི་སྲིད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་ཤིག་གི་ངག་ལས་ཐོན་པའི་སྐད་ཆ་དེ་བས་ཀྱང་ཡིན་མི་འོས། འདི་ཐད་ང་ཚོས་བོད་མིའི་སྒྲིག་འཛུགས་ལ་ཐ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་པར་མ་ཟད། དགོངས་དག་ཞུ་དགོས་ཞེས་གཞེན་བསྐུལ་གཏོང་བཞིན་ཡོད།
༦༽ བོད་ནང་གི་གནས་སྟངས་ཛ་དྲག་དང་བོད་ཀྱི་ལས་དབང་དུས་ཀྱི་འགག་རྩར་སླེབས་ཟིན་པའི་སྐབས་འདིར། བོད་ཕྱི་ནང་གཉིས་དང་འཛམ་གླིང་ཧྲིལ་བོར་གནས་པའི་བོད་དོན་རྒྱབ་བསྐྱོར་བ་སུ་ཡིན་ནའང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ནང་མུ་མཐུད་དུ་རང་བསྲེག་ངོ་རྒོལ་གནང་བཞིན་པར་རྒྱབ་བསྐྱོར་ཞུ་བསྐུལ་གྱིས་རང་དབང་བརྩོན་ལེན་བྱེད་འོས། དེ་ལས་ལྡོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་ཤིག་གི་ངག་ལས་ཐོན་པའི་སྐད་ཆ་འདི་དག་ལ་རྐྱེན་བྱས་བོད་ལ་རྒྱབ་བསྐྱོར་ཡོད་པའི་ཐེ་ཝན་མང་ཚོགས་ནང་ཁུལ་ཕྱོགས་ཁག་གཉིས་སུ་གྱེས་ངེས་པར་མ་ཟད། བོད་དང་ཐེ་ཝན་མི་དམངས་བར་དུ་འགལ་ཟླ་བཟོ་ངེས་ཡིན་པས། ཕྱི་མིར་གད་མོ་འཆོར་བ་དང་རང་མིར་བློ་ཕམ་སྐྱེས་གཞི་ཁོ་ན་ཡིན། ང་ཚོའི་རེ་བར་གོ་ལོག་ཏུ་གྱུར་ཟིན་པའི་དོན་རྐྱེན་འདི་བོད་དང་ཐེ་ཝན་བར་ཁྱབ་བརྡལ་ལ་མ་སོང་བའི་ཡར་སྔོན་གཙང་སེལ་གནང་རོགས།
དེ་མཚུངས་སུ་ང་ཚོས་བོད་ཕྱི་ནང་གི་མི་རེ་ངོ་རེ་ལ་འབོད་བསྐུལ་ནན་གྱིས་ཞུ་དོན། རྒྱ་ནག་གུང་ཁྲན་སྟོབས་ཤུགས་ཀྱིས་རང་དབང་སྤྱི་ཚོགས་ལ་རྒོལ་རྡུང་གཏོང་སྐབས། བཀོལ་སྤྱོད་གཏོང་མི་སྲིད་པའི་ཐབས་ལམ་མེད་སྟབས། རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་དཀར་ནག་དབྱེ་འབྱེད་དང་རྡོག་རྩ་གཅིག་སྒྲིལ་ནི་དབང་ཤུགས་དྲག་པོའི་གཉའ་གནོན་ལ་ཁ་གཏད་བཅགས་ནས་རངདབང་སྲུང་སྐྱོབ་བྱེད་སྟངས་ཡིན།
ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ནས།
སྤྱི་ལོ་༢༠༡༤ ལོའི་ཟླ་༢ ཚེས་༢༨ ཉིན།
http://www.tibettimes.net/news.php?showfooter=1&id=8571
針對藏人行政中央駐台灣的代表達瓦對台灣圖博之友會之評論,與事實不符充滿臆測,台灣圖博之友會感到非常震驚,有必要向圖博人民說明。聲明如下:
一, 所謂圖友會是主張台灣獨立一事,這是不理解民主社會民間組織的運作。圖友會是支持圖博自由的台灣人民所組成的,圖友會的成員是否主張台灣獨立並非圖友會所能控制,更非加入圖友會的前提條件,圖友會也不可能對成員做出任何思想要求或檢測。因此,若有人指圖友會主張台灣獨立,完全文不對題,圖友會成員中或許有人主張台灣獨立,也或許有人主張台灣和中國應該合併或統一,但這都不代表圖友會的立場,圖友會無從評論也無從干涉成員之政治立場。
二, 「藏人行政中央」是藏人民選的政府,台灣人民自己生活在民主體制下,有基本民主素養,不可能也無權對「藏人行政中央」之政策「要求」其執行。圖友會成員若有人對「藏人行政中央」的政策或主張提出其個人意見,是其個人言論之自由,但也不代表圖友會之立場。
三, 其指「該團體少數成員認為達賴喇嘛目前的狀況將對西藏社會真正實行民主制度產生障礙」,更是完全不知所云,但卻製造了圖友會「詆毀」達賴喇嘛的形象,圖友會感到震驚及不解。眾所皆知,圖博的民主制度和其他國家社會不同,並非由下向上爭取而是由上而下的。達賴喇嘛是將民主帶入圖博體制者,也是圖博憲法、國會及總理全面普選的重要推手,可以說沒有達賴喇嘛就沒有圖博民主。殊不知上述指控有何根據?刻意製造圖友會「詆毀」達賴喇嘛的形象又是所為何來?
四, 指圖友會常「干涉台灣內政」「示威遊行,並在西藏議題上要求馬英九下台」,然這些實為民主社會之常態。圖友會做為台灣人民的組織,對台灣政府及總統的任何批評及示威行動,都是人民的基本權利,至於是否以所謂西藏議題要求馬英九下台,那也是屬於台灣內政,「西藏行政中央」駐台代表也不宜對台灣內政「比手畫腳」,更何況至今為止圖友會未有以西藏議題要求馬英九下台之主張。
五, 最令人無法諒解的是,指控圖友會利用西藏獨立來搞台灣獨立,這種將台灣人民支持圖博視為動機自利不良的指控,已經侮辱了所有以行動出錢出力聲援圖博自由的台灣人民,嚴重傷害支持圖博台灣人民的感情。這種嚴肅的指控我們絕不能接受,這絕非「藏人行政中央」官員應有的言論,我們要向「西藏行政中央」提出最嚴重的抗議,要求道歉。
六, 值此圖博境內情勢史上最嚴峻、圖博命運關鍵的時刻,無論是圖博境內外同胞、全球支持圖博自由的人民,都應該團結一致,為境內不斷自焚的圖博人民發聲、爭取自由,「藏人行政中央」官員這些言論不僅在台灣支持圖博的社群中製造分化,也同時製造台、藏人民間之間隙,只會令親者痛仇者快,我們希望能予以詳細澄清,勿讓台藏兩民族間的誤會持續發酵擴大。我們更呼籲所有藏人提高警覺,在中共勢力無所不用其極在打擊自由社會時,唯有理智、明辨,團結一致,才能面對強權壓迫捍衛自由。
台灣圖博之友會
2014.02.28
ཟླ་བ་ཚེ་རིང་སྐབས་འཚོལ་བ་འདི་ནི་ནམ་ཡང་ངོ་ཚ་ཁྲེལ་འཛེམ་མེད་མཁན་ཞིག་རེད།ཐེ་ཝན་ནས་རྒྱ་མི་དམངས་ལ་དངུལ་སྒོར་ཆེད་འཁྲབ་སྟོན་ཆེད་བྱས་ཉེས་མང་བོ་བསགས་ཡོད། མགོ་འདོགས་རིང་ལུགས་པ་འདི་ཚོར་ཐང་ཆད་ཡ་རེད།
ཧ་མི་གོ་རྒྱུ་དེ་གོ་ནས་བྱུང་མི་ཆེན་པོ་རི་རྒྱལ་ལྷུན་པོ་རེད་གསུང་ཆུང་ཆུང་ཨབ་རའི་ཨབ་ཁུང་རེད་
ཐེ་ཝན་བོད་ཀྱི་གྲོགས་པོ་་ཚོགས་པོ་ལ། བོད་ཡིག་དེ་འདྲའི་ཡག་པ་ལ། རྡ་རམ་ས་ལར་ཁྱེད་ཚོའི་ཡན་ལག་ཡོད་པ་རེད་དམ། བརྗོད་བྱ་དེ་ཚོ་རྡ་སའི་གང་ཟག་ཁ་ཤས་ཀྱི་གསུངས་སྟངས་དེ་འདུག་དཱ། ཐེ་ཝན་བོད་གཞུང་གི་སྐུ་ཚབ་དོན་གཅོད་དང་ཁྱེད་རྣམ་པའི་བར་ལ་ངོ་ཐུག་གི་གཙང་མ་བཟོས་གནང་ན་གང་འདྲ་འདུག བོད་སོག་ལས་ཁུངས་སྒོ་རྒྱབ་ཚར་ཡོད་ས་རེད་ཟེར་གོ་བྱུང་། ད་གསར་པ་དེ་འདྲ་དང་ཤུལ་དེ་འདྲ༌ལུས་ཡོད་པ་རེད། ཁྱེད་ཚོ་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དེ་ད་ལྟ་བོད་ཀྱི་རྩ་དོན་ཐོག་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་པ་ག་རེ་བྱས་ཡོད་རེད། བོད་གཞུང་གི་གཞུང་ཚབ་དང་མ་མཐུན་པར་རྒྱབ་སྐྱོར་གང་འདྲ༌ཞིག་བྱ་གི་ཡོད། ཀུ་ཅི། རོགས་པ་མ་བྱུང་ནའང་གནོད་མ་སྐྱེལ་རོགས། བོད་མི་ནང་ཁུལ་དུ་རྩོད་གླེང་འདྲ་མ་འདྲ༌མ་བཟོ་རོགས། ཐུགས་རྗེ་ཆེ་ལོ་་།།།།།།
ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ནི་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མཁན་ཞིག་རེད། ཁོང་ལ་སྐྱོན་འཛུག་བྱེད་མཁན་དེ་དག་ནི་རྒྱ་མིའི་རྒྱུག་ཁྱི་ཡིན་པ་ཐག་གི་ཆོད། ཁོང་གིས་ཕྱག་ལས་གྲུབ་འབྲས་ལྡན་པ་གནང་ཡོད་པས་ཨ་ཞང་ཚང་སྡུག་ནད་མ་ཁྱོག་པར་ཁོང་ལ་མཚན་ཤས་བཟོ་ཐབས་བྱས་པ་རེད།
ཐེ་ཝན་བོད་ཀྱི་གྲོགས་པོ་་ཚོགས་པས་ལས་འགུལ་གང་དཔེལ་མིན་དེ་ངོ་དེབ་ཐོགས་པར་དང་བཅས་པ་གསལ་པོ་གསལ་ཀྱང་འདུག་དོན་མེད་སྟོང་སྐད་མ་རྒྱག་ཨ།
ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ཟེར་བ་འདི་ཡབ་གཞིས་ཚང་གི་རེད། ཚོགས་གཙོ་ནི་ཡབ་གཞིས་ཀྱི་མནའ་མ་རེད་ཟེར། མོའི་ཁྱོ་ག་བསྟན་འཛིན་མཁས་གྲུབ་ཡིན་ས་རེད།་ད་རེས་སྐུ་ངོ་ཟླ་བ་ལགས་ཐུག་ས་ཞིག་ལ་ཐུག་འདུག ད་ཨ་མདོ་ཚོགས་པའང་ལངས་ཡོང་ས་རེད་པ།
ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་གུས་བཀུར་ཡོད། བོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༡་་་་ཟླ་བ་ཚེ་རིང་ལགས་ཀྱིས༼སྐབས་རེར་བོད་ཀྱི་གནས་ཚུལ་དེ་ཐའེ་ཝན་རང་བཙན་གྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་ཆཊ༽ཅེས་གསུངས་པ་ལ་ཁོང་ཁྲོ་དེ་འདྲ་བྱེད་དགོས་དོན་ཅང་མི་འདུག་བསམས་ཀྱི་འདུག ང་ཚོ་བོད་རང་བཙན་འདོད་མཁན་ཚོས་ངོས་ནས་ཀྱང་ཐེ་ཝན་གྱི་གནད་དོན་དང་ཐེ་ཝན་མི་དམངས་བོད་རང་བཙན་གྱི་ཆེད་དུ་བེད་སྤྱོད་གཏོང་འདོད་ཡོད། ཐེ་ཝན་རང་བཙན་འདོད་མཁན་ཚོས་ཀྱང་བོད་ཀྱི་གནས་དོན་དང་བོད་མི་དམངས་ཐེ་ཝན་རང་བཙན་གྱི་ཆེད་དུ་བེད་སྤྱོད་གཏོང་ན་མོས་མཐུན་ཡོད།
༢་་་་བོད་དང་ཐེ་ཝན་ཡུར་གུར་གསུམ་ལས་དབང་གཅིག་པ་རེད། གཅིག་གི་གཅིག་ལ་རྒྱབ་སྐྱོར་དང་རྡོག་རྩ་ཆིག་སྒྲིལ་བྱེད་ནས་གུན་ཁྲན་ཏང་གི་ཁ་གཏོད་བཅག་དགོས་པ་ནི་མི་རིགས་གསུམ་ཀའི་ཁེ་ཕན་རེད། ཁྱོད་རང་ཚོས་ཡང་བོད་དང་བོད་མི་རིགས་ཁྱོད་རང་ཚོའི་རང་དབང་རང་བཙན་དང་འགྲོ་བ་མིའི་ཐོབ་ཐང་གྱི་ཆེད་དུ་བེད་སྤྱོད་ཐོངས། ང་ཚོས་ཡང་ཁྱོད་ཚོ་བོད་རང་དབང་རང་བཙན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་དུ་བེད་སྤྱོད་གཏོང་ཆོག་པ་གནང་རོགས་བྱོས། དེ་འདྲ་བྱུང་ན་་་ཉུང་ཉུང་གསུམ་པོ་ཕྱོགས་གཅིག་ཏུ་བསྡུ་ཡང་དུས་མང་པོ་ཆགས་ཡོང་གི་རེད། རང་ཚོ་གསུམ་ཀའི་ཁེ་ཕན་འགྲུབ་ཡ་ལ་ཕན་ཐོགས་ཡོང་གི་རེད་འདོད།
༣་་་་བོད་དང་ཐེ་ཝན་ཡུར་གུར་གསུམ་རྡོག་རྩ་ཆིག་སྒྲིལ་ཡོང་དགོས་པ་ནི་ངའི་རྨི་ལམ་ཆེ་ཤོས་ཡིན། ང་ཚོ་རང་དབང་རང་བཙན་དགོས་མཁན་དང་། རང་དབང་དམངས་གཙོ་ལ་དགའ་བའི་མི་རིགས་ཚོས་ཕྱོགས་བཞི་མཚམས་བརྒྱད་ནས་དམར་ཕྱོགས་སྲིད་དབང་སྒེར་འཛིན་པ་གུན་ཁྲན་ཏང་ལ་རྒོལ་དགོས། རྒད་པོ་གུན་ཁྲན་དམར་པོ་ལ་ཚེ་རིང་པོ་མེད་ངེས་ཡིན།
༤་་་་ཐེ་ཝན་རང་བཙན་པ་ཚོས་བོད་དང་ཡུར་གུར་བེད་སྤྱོད་མ་བྱེད། བོད་རང་བཙན་པ་ཚོས་ཐེ་ཝན་དང་ཡུར་གུར་བེད་སྤྱོད་མ་བྱེད། ཡུར་གུར་བས་བོད་དང་ཐེ་ཝན་བེད་སྤྱོད་མ་བྱེད་ན་གུན་ཁྲན་དམར་པོའི་འོག་ནས་རང་དབང་རང་བཙན་རང་ཉིད་གཅིག་པོས་ལེན་ཐུབ་བམ། ཧཧཧ་་་དེ་དཀལ་ལས་ཁག་པོ་རེད། ཐེ་ཝན་མི་དམངས་ཀྱིས་བོད་ལ་རྒྱབ་སྐྱོར་གནང་བ་དེ་རང་དོན་གཞན་དོན་གཉིས་ཀ་རེད། བོད་མི་དམངས་ཀྱིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དེ་རང་དོན་གཞན་དོན་གཉིས་ཀ་ཡིན། རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་དོན་དག་ངོ་མ་ཕྱོགས་གསུམ་ཀའི་དོན་དག་རེད་མ་གཏོགས་ཕྱོགས་གཅིག་ཁོ་ནའི་དོན་མ་རེད།
༥་་་་ངས་ངོས་ནས་སྲིད་འཛིན་མ་ཡུང་ཅིང་ལ་དགའ་པོ་རྩ་བ་ནས་མེད། ཁོ་རང་གུན་ཁྲན་དམར་པོས་རྐུབ་ལ་མེ་མདའ་བརྒྱབ་དུས་བྲོས་ཡོང་བའི་མི་ཞིག་རེད། ཁོ་ཐེ་ཝན་གླིང་ཕྲན་ཐོག་ཏུ་སྐྱབས་བཅོལ་བསླེབས་ནས་བསྡད་ཡོད་ནའང་བོད་ཟ་སེམས་བྱེད་ནས་བོད་རྒྱ་ཁུངས་ཡིན་མདོག་མདོག་བཤད་ཀྱི་འདུག བྱས་ཙང་ཁོ་ལ་དགའ་པོ་མེད།
སོ་སོའི་གཞུང་གིས་བརྒྱ་ནང་ནས་བཅུ་དང་། བཅུ་ནང་ནས་གཅིག་བསལ་ནས་སྐོས་པའི་མི་དང་བཙུགས་པའི་ཤིང་དེ་ལ་ཡིད་ཆེས་ཆེ་བ་བྱེད་དགོས་པ་རེད་དམ། ཁ་ཙམ་གྱིས་བོད་པའི་གྲོགས་པོ་ཡིན་ཟེར་མཁན་གྱི་རྒྱ་མི་ཚོར་ཡིད་ཆེས་ཆེ་བ་བྱེད་དགོས་པ་རེད། ཀླད་པ་ཐང་ཐང་ཡོད་པའི་མི་གཅིག་ཡིན་ན་ལམ་སང་ཧ་གོ་མདོག་ཁ་པོ་རེད། དེ་འདྲའི་མགོ་ཡང་མདོག་ལ།
རྟག་ཏུ་ཁ་རང་བཙན་དང་མི་བྲལ་མཁན་ཚོས་བོད་རང་བཙན་ལ་ནམ་ཡང་ངོས་ལེན་མི་བྱེད་པའི་རྒྱ་མི་ཚོར་ཡིད་ཆེས་མདོག་བྱེད་པ་འདི་ཅི་འདྲའི་ཡ་མཚན་ཞིག་མ་རེད་དམ།
ལུང་གིོ་རྗེས་འབྲངས་དབང་རྟུལ་ཁྱོད་རང་ཁ་བཙུམ། ལུང་ཙམ་མ་གཏོགས་རྟོགས་ཐུབ་པའི་རིག་ལམ་མེད་པ། རྒྱུ་མཚན་ཡང་དག་བཤད་ཀྱི་མེད་ན་ཅིག་བཤད་མ་སྡོད། ཁྱོད་ཚོ་རིག་གནས་གསར་བརྗེ་སྐབས་ཀྱི་སྤྲང་ཕྲུག་ཚོས་བོད་རང་བཙན་ལ་ངོས་ལེན་མི་བྱེད་པར་ང་ཅོ་རིས་གསལ་པོ་ཤེས་ཀྱི་ཡོད། ཁ་བྲལ་བ་དང་གསར་བརྗེ་ངོ་ལོག་པ་ཟེར་ནས་བོད་མི་ཁུལ་དུ་རྡུང་རྡེག་ག་ཚོད་བཏང་ཡོད་མེད་སྙིང་ལ་བྲིས་པའི་རི་མོ་ཡིན།
རིག་པ་ལ་ལན་མ་ཐེབ་ན་ཚིག་ངན་མ་བཤད་རང་བཤད་རེད། ཁྱོད་རང་གིས་བསམ་བློ་ཐོང་དང་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་ཚོས་བོད་རང་བཙན་ལ་ངོས་ལེན་བྱེད་ཀྱི་རེད་དམ། ཁྱོད་ཚོ་སྐྱ་མིན་སེར་མིན་གྱི་མགོ་མཁྲེགས་ཚོས་བོད་རང་བཙན་ཁ་ལ་ཁྱེར་ནས་ཐ་ན་གོང་ས་མཆོག་ལ་ཡང་ཟུར་ཟ་དང་སྐྱོན་བརྗོད་བྱེད་རྒྱུར་ཐེ་ཚོམ་མེད་བཞིན་དུ། བོད་རང་བཙན་ནམ་ཡང་ཁས་མི་ལེན་པའི་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པར་གུས་བཀུར་གྱི་བསམ་པ་དེ་ཇི་ལྟར་བྱུང་བ་རེད། ཁོང་ཚོ་རྒྱ་མི་ཡིན་པས་རེད་དམ། ཡང་ན་དངུལ་མང་བས་རེད། དངོས་གནས་བསམ་བློ་ཡ་མ་བརླ་ཁྱོད་ཚོར་སྐབས་རེ་སྙིང་རྗེ་འདྲ་ཞིག་སྐྱེ་ཡོང་གི་འདུག
ཚིག་ངན་བཤད་རེས་ཀྱི་ངང་ཚུལ་ནང་ ཆབ་སྲིད་གོ་རྟོག་གི་དྲོ་བ་མི་འདུག
ཅོ་རི་ཉི་མ་འདི་བདེན་དོན་ཐད་ནས་གླེང་མཁན་ཞིག་ལས། ཆོལ་ཁ་དང་ཆོས་ལུགས་ཀྱི་དྲི་མས་མ་གོས་པ་ཞིག་ཆགས་འདུག ང་ཚོ་བོད་མི་ཡོད་དོ་ཅོག་ལ་དགོས་རྒྱུ་དངོས་ནི་དེ་ཡིན། དྲང་ཚུགས་བརྟན་པར་ཡི་རང་ཡོད།
རྒྱལ་ཁབ་དང་ཚོགས་པ་སུ་ཡིན་ན་བོད་ལ་རྒྱབ་སྐྱོར་ཡོད་འདོག་ནི་དང་པོ་ཁོ་རང་ཚོས་ཁེ་ཕན་གཙོ་བོར་འཛིན་གྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཟླ་བ་ཚེ་རིང་ལགས་ཀྱིས༼སྐབས་རེར་བོད་ཀྱི་གནས་ཚུལ་དེ་ཐའེ་ཝན་རང་བཙན་གྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་ཆཊ༽ཞེས་པ་འདི་དངོས་ཡོད་གནས་ཚུལ་རེད། ཟླ་བ་ཚེ་རིང་ནི་མིང་དོན་མཚུང་པའི་དོན་གཅོད་ཀྱི་ཕྱག་ལས་གནང་འདུག་བསམ།
ང་ཚོས་རང་གྲི་གནམ་གཡུགས་ཀྱིས་གནད་དོན་ཞིག་ལ་ཆོད་བསྡོམས་རྒྱབ་པ་ལས། ཕྱོགས་གཉིས་ཀྱི་གནད་དོན་ལ་ཉན་རྒྱུ་གལ་ཆཻན་རེད། ཐེ་བན་དོན་གཅོད་ལ་མཚོན་ན། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་ཙང་ཆོ་མེད་ལོང་གཏམ་གསུང་གི་མ་རེད། དེས་ན། ང་ཚོས་ཕྱོགས་གཉིས་ཀྱི་གནས་ཚུལ་ཇི་བཞིན་ཤེས་པའི་ཐོག་ནས་ཆོད་བསྡོམ་འཇོག་དགོས་པ་ལས་ཁ་ངན་ཚིག་ངན་བཤད་ནས་ཅི་ཕན། ངའི་ངོས་ནས་བརྗོད་ན། གནས་སྐབས་གང་ཡང་ཤོད་རྒྱུ་མེད། བཤད་པའི་དབང་དུ་བཏང་ཡང་ལོང་གཏམ་དུ་འགྲོ་རྒྱུ་ལས་ཅང་མེད་པ་རེད། དེས་ན། ང་ཚོས་རེ་སྒུག་བྱེད་དགོས་པ་ནི་དོན་གཅོད་མཆོག་གི་ལན་འདེབས་དེ་རེད། དེ་ནས་དབྱེ་ཞིབ་བྱེད་ཆོག་གི་རེད།
ལུང་རྟོགས་ལགས། ཐེ་ཝན་དོན་གཅོད་རྒྱ་དམར་གྱི་ཁ་སྒོ་རེད་དམ། ཐེ་ཝན་བོད་ཀྱི་གྲོགས་པོ་རྒྱའི་ཁ་སྒོ་ཡིན་མིན་ལྟ་རྒྱུ་ལྷག་ཡོད། གང་ལྟར་ཐེ་ཝན་དོན་གཅོད་ཀྱིས་ནམ་རྒྱུན་དུ་ཐེ་རྒྱ་ཚོའི་ཆོས་ཚོགས་ཁ་ཤས་དང་ལྷན་ཆོས་ཚོང་བརྒྱབ་ནས་བསྡད་ཡོད་པ་དངོས་ཡོད་རེད། དེ་མིན་སྔོན་མར་ཀླུ་མཁར་བྱམས་ཐེ་ཝན་དུ་དགུ་བཅུ་གསུམ་ཚོགས་པའི་མིང་ནས་འགྲོ་དུས་ཐེ་ཝན་དོན་གཅོད་བོད་རང་བཙན་ལ་གཡོ་ནས་དཔའ་བོ་ཆབ་སྲིད་བཙོན་ཟུར་ཁོང་ལ་ཁ་ཡ་བྱས་ཡོད་པ་མ་རེད།
ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ལས། ཐེ་ཝན་དོན་གཅོད་ཁང་གལ་ཆེ་བགྱིད་རེད། རྗོད་དོན་ལ་ཞིབ་དཔྱད་ཀྱིས་དྲང་བདེན་ལ་རྒྱབ་སྐྱོར་བྱ་དགོས།
མཆན་པ་རེ་ཟུང་གིས་ག་དུས་ཡིན་ན་ཆོལ་ཁ་དང་ལུང་ཚན་དྲུད་ཡོང་དགོས་པའི་རྒྱུ་མཚན་ཅི། དངོས་གནས་ཐབས་སྡུག་རེད།
ཐེ་དོན་ཟླ་ཚེ་ནི། བོད་ཞེན་ལྷག་བསམ་ཅན་ཞིག་རེད། ཡང་རེ་ཟུང་གིས་ཆོལ་ཁའི་ཕྱོགས་ཞེན་རྒྱབ་ལ་ཁུར་ནག་ཁོང་ནག་པོ་བཟོ་ཨེ་ཐུབ་ལྟ་གི་འདུག་ག
ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལ་མཚོན་ན་ཕོད་པ་གསུམ་ལྡན་དང་། ཤེས་ཡོན་གཉིས་ལྡན་གྱི་མི་བུ་ཡིན་ལ། ལྷག་པར་དུའང་བཙན་བྱོའི་སྒྲིག་འཛུགས་དང་༧གོང་ས་ཡིད་བཞིན་ནོར་བུའི་བཀའ་དྲིན་ངོས་ཟིན་མཁན་ཞིག་ཡིན་པ་ལས། འདུག་ས་པེ་ཀོའི་སྒང་དུ་བྱས་ཏེ་མིག་ནང་དུ་ཐལ་བ་བླུགས་མཁན་གྱི་སྐྱག་འབུ་ཚོ་དང་ནམ་ཡང་མི་འདྲ་ས་མང་། གོང་གསལ་ལུང་རྟོགས་ལགས་ཀྱིས་ཡག་པོ་གསུང་འདུག གནས་ལུགས་ལྡན་པ་རེད།
ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ཞེས་པ་དེ་ལ་རྒྱུས་ལོན་བྱེེད་ཐབས་ཅི་འདྲ་ཡོད་དམ། ངོ་སྤྲོད་གནང་རོགས།
བསྟན་འཛིན་ལགས་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་དྲྭ་རྒྱ་དེ་རེད་Taiwan friends of Tibet
ཀླུ་མཁར་བྱམས་ལགས། འདུག་ཚོད་སིན་ན་ཡག་གི་རེད། ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་སྐུ་བཞེངས་ཏེ་རང་གཞུང་གི་སྐུ་ཚབ་དོན་གཅོད་མཆོག་ལ་སྐྱོན་བརྗོད་བྱེད་ཐབས་བྱས་ན་དེ་ནི་དགོད་བྲོ་བ་ཞིག་དང་ཡིད་སྐྱོ་དགོས་པའི་བྱེད་ཐབས་ཤིག་རེད། སྔོན་ཆད་ཀླུ་མཁར་བྱམས་ཟེར་བ་འདིར་ཤེས་ཚད་ཡོད་ཀྱང་མེད་ཀྱང་། བསམ་བློ་ཡོད་ཀྱང་མེད་ཀྱང་། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ཡོད་ཀྱང་་མེད་ཀྱང་། གང་ལྟར་མི་མང་པོ་ཞིག་གིས་ཁོ་རང་ཚུགས་ཅན་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད་པ་རེད། ན་ནིང་ད་ལོའི་བྱེད་སྟངས་གཏམ་སྟངས་འདི་དག་གིས་ཁོ་ལ་སྤྱི་ཚོགས་ནང་གདེང་འཇོགས་ཕན་ཙམ་ཡོད་པ་དེ་ཡང་ས་ནང་ལ་བསྲེས་བཞིན་འདུག སྔོན་ཆད་བོད་གཞུང་དང་བོད་པའི་སྤྱི་ཚོགས་ནང་གི་གཏེ་བོ་སྐོར་ཞིག་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་དངུལ་ཟོས་ཏེ་བོད་པའི་རྩ་དོན་འཐབ་རྩོད་དང་བོད་སྤྱི་ཚོགས་ལ་བརྡབ་གསིག་བཏང་བ་རེད། དེང་སྐབས་ཀླུ་མཁར་བྱམས་སོགས་རང་བཙན་ཁ་ལ་འཁྱེར་མཁན་སྐོར་ཞིག་ཐེ་ཝན་བོད་ཀྱི་གྲོགས་པོ་ཟེར་བ་འདིའི་དངུལ་སྒོར་གྱི་རྗེས་སུ་ཁྱི་ལྟར་རྒྱག་སྟེ་བོད་སྤྱི་ཚོགས་ནང་གཏོར་བརླག་གཏོང་ཐབས་ལ་འབད་བརྩོན་བྱེད་ཀྱིན་འདུག གང་ལྟར་སོ་སོའི་ལྟོ་རྒྱབ་ཆེད་ཁོང་ཚོའི་རྗེས་སུ་འགྲོ་ནའང་བོད་སྤྱི་ཚོགས་ནང་ལག་པ་བསྲིང་སྟེ་རྙོག་དྲ་མ་སློང་རོགས། སྐུ་མཁྱེན།
ནེའུ་ཡོག་གི་གྲོགས་པོ་ཞིག་གིས་འདི་བཏང་སོང་ལ། འདིར་འགོད་རོགས་ལབ་སོང་། རྒྱ་ཡིག་ཤེས་མཁན་ཞིག་གིས་བསྒྱུར་རོགས།
我們發表‘中共惡警達瓦財仁十大惡行’後,對達瓦財仁進行了進一步的調查。我們既將不斷分批把藏奸達瓦財仁的醜行公布於眾。
(A)藏奸達瓦財仁妄圖利用達賴喇嘛的名聲為自己謀取私利。
藏奸達瓦財仁原本是青海玉樹的中共的惡警,吃喝嫖賭,五毒俱全的,常在酗酒後打罵老百姓,調戲婦女,當地人叫他酒瘋子。來 到國外以後達瓦財仁表面上都說不喝酒,實際和他信得過的人在一起照樣酗酒。一次喝醉後,達瓦財仁對薛偉講,藏人出國混,就必要討得達賴喇嘛的歡喜。達瓦財 仁説中間道路根本走不通,我支持中間道路只有一個目的,就是要討達賴喇嘛高興,他高興了,我就能得重用。薛偉後來對‘北京之春’的人講説‘達瓦財仁這個傢 伙表面誠實心奸猾,和他打交道要防一手’。
(B)藏奸達瓦財仁汙蔑才加欺騙達賴喇嘛。
達瓦財仁酒後對人講他最佩服的人就是才加,才加懂得怎麽讓達賴喇嘛高興。達瓦財仁講,才加騙達賴喇嘛有90 percent以上的漢人擁護中間道路,擁護達賴喇嘛當精神領袖。所以達賴喇嘛才對才加信任有加。達瓦財仁還講他根本不信才加的話,有0.5 percent的漢人能支持達賴喇嘛就不錯了,才加完全是想為鞏固他自己在達賴喇嘛身邊的地位,才找了幾個中國民運分子一起説一些好聽的話瞞騙達賴喇嘛,騙取達賴喇嘛的信任。
(C)藏奸達瓦財仁生活腐爛,斂財不擇手段,非常破壞達賴喇嘛的聲譽。
達瓦財仁為了騙財和雪域出版社的女董事長亂搞。亂搞完還對別人説這個女人太醜。又干又瘦。和她搞比受刑還難受。達瓦財仁還給臺灣許多富婆介紹假喇嘛,借雙修密法為藉口,騙這些人的財和色。達瓦財仁從中抽50 percent的紅利。幾年下來達瓦財仁成了千萬富翁。現已查明,達瓦財仁在臺灣有3個私人賬戶,其中2個定期存款賬戶一個有8百萬台幣,一個有4百50萬台幣。達瓦財仁個人變成暴發戶,也嚴重損害了‘達賴喇嘛基金會’的聲譽。
(D)達瓦財仁為打擊圖博之友會不擇手段,肆意造謠汙蔑。
達瓦財仁四處散布各種攻擊臺灣圖博之友會創建人周美里的謠言。最惡毒的是他自己也直接造謠。達瓦財仁説達賴喇嘛的姪子凱度 頓珠和他交惡,完全都是凱度頓珠的媳婦周美里挑撥的結果。達瓦財仁還講說周美里恨他的原因是周美里多次挑逗他,想跟他上床,都被他拒絕。周美里由愛生恨, 所以處處跟他為難。知情人都知道凱度頓珠和周美里兩口子關係很好,達瓦財仁完全是胡說八道,這都是他不改中共惡警的惡習。
(E)藏奸達瓦財仁惡毒打擊中共仇恨的藏人政治犯。
藏人前政治犯協會副會長李克先5月 受臺灣圖博之友會和周美里的邀請赴臺訪問演講。按規矩,臺灣達賴喇嘛基金會的主任達瓦財仁有義務表示關切和提供必要的協助。基金會的秘書長在提醒達瓦財仁 時,達瓦財仁説‘李克先不是桑東仁波切的人,也不是才加的人,李克先和周美里一樣就是一個搗亂分子,我們要儘量跟媒體打招呼,不要報道他們的活動,降低他 們的影響’。
李克先過去被共產黨判過死刑的政治犯,可見共產黨對他有多深的仇恨,達瓦財仁過去是中共惡警,專門替共產黨鎮壓政治犯,現在,達瓦財仁居然又借用達賴喇嘛基金會的名義來打壓李克先和周美里,真算一大諷刺。有人懷疑説達瓦財仁打壓李克先是因為達瓦財仁已經再次被中共收買。
(F)藏奸達瓦財仁嚴重危害臺灣社會對藏人的觀感。
達瓦財仁介紹假喇嘛給富婆,又借雙修的說法搞淫亂,他在其中對假喇嘛和富婆雙方索求無度又貪得無厭,所以得到2個綽號‘龜公達瓦’和‘財迷達瓦’。達瓦財仁本人每個禮拜都去夜店找艶遇。三年前得過花柳病又不敢到正式醫院就診。就找無證的黑醫。黑醫瞭解達瓦財仁的底細後向他敲詐500000台幣,才答應不向媒體披露達瓦財仁的症狀。
藏奸達瓦財仁這樣的劣跡數都數不過來,要是西藏流亡政府還不把這個惡習不改的中共惡警撤換掉,流亡政府,達賴喇嘛,藏人的名聲都會被他糟蹋的什麽都不剩。
藏奸達瓦財仁更多惡行醜行,我們將繼續分期又分批揭露,敬請期待。
ཨ་ཁ་ཁ། གླེང་མོ་འདི་ཡག་པོ་ཞིག་གཏན་ནས་མ་རེད། ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་པ་དག་གིས་ཐུགས་གུ་ཡངས་པོ་བཞེས་ནས་འགལ་བ་ཆེར་མི་འགྲོ་བ་དང་། གཟབ་ནན་གྱིས་སྤྱི་དོན་གྱི་ཕན་གནོད་ལ་གཞིག་ཏེ་བཟོད་སྒོམ་དང་ཤེས་རབ་སྤྱོད་པའི་དུས་ལ་སླེབས་འདུག གཅིག་བྱས་ན་འཆར་གཞི་ཅན་རེ་གཉིས་ཀྱིས་གོ་སྐབས་བཟུང་སྟེ་དཀྲུགས་ཤིང་བཟོས་པ་ཡང་ཡིན་སྲིད། གཅིག་བྱས་ན་གཞི་མེད་ཀྱི་རྩོད་གླེང་སྟེ་ཞིག་འགའ་ཞིག་གིས་བསམ་བཞིན་བཟོས་པ་ཡང་ཡིན་སྲིད། ཆབ་སྲིད་ཀྱི་གཡུལ་ས་ལ་འདི་འདྲའི་རིགས་ཤིན་ཏུ་མང་པས་སོ། །ལེགས་པར་སོམ་དང་། གཅིག་རྒྱལ་བ་རིན་པོ་ཆེའི་སྐུ་ཚ་རློན་པ་རེད། གཅིག་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དོན་གཅོད་རེད། ནང་ལ་བཀྲ་མ་ཤིས་ན་ཕྱི་ཡི་དོན་འགྲུབ་ག་ལ་སྲིད། དེ་གཉིས་རྩོད་པ་ཤོར་ན་ཕྱིར་སྡོད་བོད་མའི་ནང་ཆ་ཕྱི་ལ་བསྟན་ཚར་བ་རེད། དབུ་རང་གཉིས་གང་བྱེད་སོ་སོའི་འདོད་པ་རེད། སྟག་ཚེར་རིན་པོ་ཆེ་ནང་བཞིན་ནང་མིའི་བརྩེ་དུང་དང་མཐུན་ལམ་ལེགས་ཀྱང་ཆབ་སྲིད་ལྟ་བ་སོ་སོ་ཡིན་སྲིད་པ་རེད། དེ་ལ་དགག་པ་བྱེད་དགོས་ཀྱང་མེད། རང་དབང་རེད། སྐུ་ངོ་སྐུ་ཚ་གཉིས་ལ་འགལ་བ་མེད། །སྐུ་དོན་སྒྲུབ་ལ་བློ་རྒྱ་ཡངས་དུ་སོང་། །སྐུ་ཤ་བརྒྱག་པ་ཞབས་ཀྱིས་འདེགས་ནུས་ཤིང་། །སྐུ་ཚེགས་མེད་པར་བྱ་བ་མཐར་ཕྱིན་ཤོག །