༧གོང་ས་མཆོག་གིས་གྲོས་ཚོགས་ཚོགས་ཁང་དབུ་འབྱེད་གནང་བ། Posted on 2014-03-12 By ཁ་བརྡ་ 19 Comments on ༧གོང་ས་མཆོག་གིས་གྲོས་ཚོགས་ཚོགས་ཁང་དབུ་འབྱེད་གནང་བ། ) གློག་བརྙན་།
༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་སློབ་དངོས་འདི་གསན་དུས་མིག་ཆུ་ཤོར་སོང་།་སྐབས་སྔོན་མའི་ཚོགས་དུས་སུ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་དགུང་ལོ་༡༡༣བཞུགས་རྒྱུའི་གཏན་ཁེལ་ཡོད་ཀྱང་།རང་བཙན་རྩོད་མཁན་ཚོས་༧གོང་ས་མཆོག་དགུང་ལོ༡༠༥མར་བཅགས་པ་རེད་ཟེར་བའི་རྒྱལ་བའི་བཀའ་དགོངས་ལོག་འགྲེལ་བྱས་པ་དེ་དེ་རིང་གཞི་ནས་བཀའ་སློབ་གསོན་པོ་འདི་ནས་ར་འཕྲོད་བྱུང་།༧་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་སློབགསེར་རི་ལྟ་བུ་དེ་རྣམས་མི་དམངས་ལ་ལོག་འགྲེལ་བརྒྱབ་སྟེ་རྡབ་ཟིག་སྣ་ཚོགས་གཏོང་བ་དེར་ངོ་མ་ཡག་པོ་མ་རེད།
༧གོང་ས་མཆོག་གིས་སྤྱི་ལྷན་དབུ་འབྱེད་གནང་བ་ནི་གཟི་བརྗིད་རེད། འོན་ཀྱང་ཁོང་ཚང་གིས་དམ་བཅའ་འབུལ་སྟངས་ལ་གཞིགས་ན་སྔར་རྒྱུན་བཞིན་བྱས་ན་སྡོད་ཉེན་འདུག
བོད་ཀྱི་ཁྲིམས་ཞིབ་པ་ཚོས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཉིན་རེར་ཚར་གསུམ་རེར་ཆག་མེད་འདོན་ན་༸གོང་མཆོག་དགུང་གྲངས་བརྒྱ་ལྷག་བཞུག་བགྱིད་རེད བཀའ་བློན་རྣམས་པ་ཚོས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཚར་གསུམ་ཆག་མེད་འདོན་ན། ༸གོང་ས་མཆོག་དགུང་གྲངས་བརྒྱ་དང་བརྒྱད་བཞུག་བགྱིད་རེད། སྤྱི་འཐུས་རྣམས་པ་ཚོས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཚར་གསུམ་རེར་ཆག་མེད་འདོན་ན། ༸གོང་ས་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུག་བགྱིད་རེད། བོད་ཀྱི་ནང་ཆོས་དད་མཁན་བོད་རིགས་ས་ཡ་བཅུ་གསུམ་གྱིས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཚར་གསུམ་རེར་ཆག་མེད་འདོན་ན། ༸གོང་མཆོག་༸སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བཞུག་བགྱིད་རེད།
གངས་རི་རྭ་བས་བསྐོར་བའི་་་་་་ གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ། ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གྱུར་ཅིག །
ཆག་མེད་ཟེར་ན་ག་རེ་རེད། ཀརྡོར་ལགས། ཚིག་འགྲེལ་ཞིག་ཡོད་པར་ཞུ། ར་དེ་ལ་ཝ་ཟུར་འབྲི་དོན་ལ་རྒྱུ་མཚན་ཅི་ཡོད། གངས་རི་ར་བ་འདྲ་བོས་བོད་ཁམས་བསྐོར་བ་རེད་དམ། གངས་རི་རྭ་ཅོ་འདྲ་བོས་བོད་ཁམས་བསྐོར་བ་རེད།
སྐུ་མདུན་གྱི་གསུང་གི་དོན་ཚན་གསུམ་པ་དེ་སྲིད་སྐྱོང་བློ་སེང་དང་ཤེས་རིག་ལས་ཁུང་གི་འགན་འཛིན་ཚོས་མ་ཐོས་མ་ཤེས་ཟེར་ས་མེད་པ་ཞིག་རེད།
གུང་བྲན་ནས་བོད་དེ་ཀེང་རུས་ཀྱིས་བཀང་སྟེ་བོད་མི་རིགས་རྩར་མེད་བཟོ་འཆར་དེ་ནི་སྟོང་བསམ་རང་རེད་སྙམ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
ཤེས་དགོས་པ་ཞིག་ལ་ཀེང་རུས་རྭ་བ་་་་འདི་རྩོམ་མཁན་ཁྲི་བྱང་རིན་པོ་ཆེ་ཟེར་བ་རེད་ཟེར། བདེན་པ་ཡིན་ནམ། དེ་མིན་མིན་ན་སུ་ཞིག་རྩོམ་པ་རེད། སྨོན་ལམ་ལོག་པ་ཞིག་དང་དོལ་འདྲེ་བསྟེན་མཁན་ཞིག་གིས་བྲིས་པ་འདོན་ན་ཕན་ཡོན་ཡོད་དམ།
ཨ་ཕྱི་ཆོས་སྒྲོན་ལགས། ཁྱེད་རང་གིས་ཨ་མ་ཧོ་དང་གྱེས་རྡོར་གྱི་མིང་ཐོག་ནས་རང་གི་སློབ་མ་རྣམས་ལ་གདམ་པ་གནང་དུས་བྱང་ཆུབ་སེམས་དཔའི་མདོག་གཅིག་དང་། ཨ་ཕྱི་ཆོས་སྒྲོན་གྱི་གདོང་ཁྱེར་ནས་གོང་ས་མཆོག་གི་ཐོག་ལ་ཤ་གཟན་ཁྲག་ལ་བརྔམས་པའི་ངོ་གདོང་ཞིག་འདུག བོད་མི་མང་ཆེ་བས་ཤེས་པའི་གངས་རི་རྭ་བའི་སྨོན་ལམ་དེ་ཕོ་ལྷ་མི་དབང་གིས་འགྱོད་བཤག་ལྟ་བུར་གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བདུན་པར་ཕུལ་བ་རེད། དེ་རིམ་བཞིན་སྐུ་འཕྲེང་རྗེས་མ་རྣམས་ལ་འགྲེ་བ་རེད་འདུག
# 6 གནམ་ལགས། ཆག་མེད་ཟེར་ན་ཆད་མེད་དང་དོན་འདྲ་བ་རེད། དཔེར་ན། ཚིག་མཛོད་དུ། ཆག་མེད་འབད་སྒྲུབ། རྒྱུན་མི་ཆད་པར་འབད་བརྩོན་ཆེན་པོས་སྒྲུབ་པ། ལྟ་བུའོ།། འདིར་ང་བདེན། ར་བ་འདི་ངའི་དཔེ་དེ་ན་རྭ་བས་བྲིས་པ་རང་འཇགས་བཞག་འདུག རྭ་བ་ལས་ར་བ་དག་པ་འདྲ། འདིར་ཁྱོད་བདེན་པ་རེད། ཀེང་རུས་རྭ་བ་་་ དང་། ཁྱི་སྤྱང་རིན་པོ་ཆེ་སོགས་བྲིས་པ་ནི། ཤིས་ཚིག་མ་ཡིན་པར། དཀྲུགས་ཚིག་ཅིག་རེད་འདུག
ཏལ་སྦྱིན་ལགས་ཀྱི་དོགས་ལན། སྙན་སྒྱག་སེལ་བའི་སྨན་ཐུར། ༧གོང་ས་མཆོག་ནི་རྒན་ཡོལ་གཞན་དང་མི་འདྲ་བར་བགྲེས་ཡོལ་དུ་ཕེབས་ཟིན་ཡང་རང་རིགས་སྣེ་མོ་བ་ཡིན་མིན་ཀུན་གྱི་གཙིག་གི་ཏོག་དང་ཁོག་གི་སྙིང་བཀའ་དྲིན་བླ་ན་མ་མཆིས་པའི་མི་གཅིག་བུ་དེ་ཡིན་པས་ དམ་འབུལ་ཞུ་ཡུལ་ཤིན་ཏུ་འོས་ཞིང་བཀའ་དྲིན་ཚོར་བའི་བརྡ་ཞིག་དུ་འང་སྣང་། གཞི་ལུས་བོད་མི་ཡོངས་ཀྱི་ཚབ་བྱེད་ཐུབ་མཁན་ཁོང་གཅིག་བུ་སྟེ། ཁྱེད་ནི་ང་ཚོའི་སྙིང་ཁོང་ན། ང་ཚོ་ཁྱོད་ཀྱི་མིག་ལམ་ན། ཞེས་པ་ལྟར་ཁོང་གི་མདུན་ནས་དམ་འབུལ་ཞུ་ན་གཞི་ལུས་བོད་མི་ཡོངས་ཀྱི་ མདུན་ནས་དམ་འབུལ་ཞུ་བ་གཅིག་ཡིན་ནོ། སྤྱིར་ཁ་བ་གངས་ཅན་ལ་བླ་སྲོག་ནི་གཉིས་སྟེ་རྒྱལ་བ་པན་ཆེན་རྣམ་གཉིས་མཆིས་ཀྱང་། པན་ཆེན་རིན་པོ་ཆེ་ད་བལྟ་བཞུགས་ཡོད་ན་རང་གི་སྐད་ཡིག་གཅིག་བུ་སྒང་ནས་རྗེས་ལུས་ལས་སྔོན་དུ་ཐོན་ནས་ཡར་རྒྱས་རྒྱལ་ཁབ་རྣམས་དང་འདྲ་མཉམ་ཆགས་ཚར་ཡོད་རེད།
ཕོ་ལྷ་མི་དབང་ཟེར་བ་སུ་རེད། ཁྲི་བྱང་རིན་པོ་ཆེས་མཛད་པ་རེད་ཟེར་བ་སེར་འབྲས་དགའ་གསུམ་པའི་དགེ་བཤེས་མང་པོས་ལབ་ཀི་འདུག ང་གཅིག་པུ་མ་རེད་ད། ཛོ་རས་ཁུངས་ཁྱེར་ཤོག སྔོན་མ་ངས་འདོན་པ་ཡིན། མཛད་བྱང་མཐོང་མྱོང་མེད། བླུན་པོ་ཆུ་སྣ་གར་ཁྲིད་བཞིན་དེང་དུས་ངས་འདོན་ཀི་མེད།
གངས་རི་རྒྱང་མཐོང་ལགས་སུ་གསལ་བཤད། དམ་བཅའ་འབུལ་ཡུལ་བོད་མིའི་སྐྱབས་གནས་ཉག་གཅིག་ཡིན་པ་རྩོད་མེད་ཡོངས་གྲགས་རེད། འོན་ཀྱང་དམ་བཅའ་འབུལ་མཁན་ཚོས་དམ་བཅའ་ཕུལ་བ་ལྟར་ལག་བསྟར་བྱེད་མིན་ཐོག་ཕལ་ཆེར་གསལ་རིས་ཐང་གསལ་རེད་སྙམ་གྱི་ཡོད། དེར་བརྟེན་འབུལ་ཡུལ་དང་འབུལ་མཁན་གྱི་གནས་བབ་གཏན་ནས་འཁྲུག་མི་ཉན་དྲ་གྲོགས་ལགས།
ཕོ་ལྷ་མི་དབང་དང་པོ་ཆོས་ལུགས་འཐེན་ཁྱེར་གྱིས་རྒྱལ་མཆོག་སྐལ་བཟང་རྒྱ་མཚོར་སྡང་སེམས་བཅངས། རྗེས་མ་རྒྱལ་བ་སྐལ་བཟང་རྒྱ་མཚོ་ངེས་དོན་གྱི་རིས་མེད་ཡིན་པ་མཁྱེན་པ་མ་ཟད། རྒྱལ་དབང་མཆོག་ནས་ལོ་མང་མི་རྒྱུ་བཏང་ནས་བསམ་ཡས་སྐྱར་གསོ་གནང་བ་མ་ཟད། ཁོང་གི་ཕ་ནོར་ཡོངས་སུ་རྫོགས་པ་བསམ་ཡས་བཞེངས་རྒྱུར་མངགས་པ་སོགས་ངེས་དོན་རིས་མེད་ལས་ཀ་ཕྱི་ལ་ཁྱབ་བསྒྲགས་མེད་བསྒྲུབས་པ་མཛད་པ་དེ་དག་ཕོ་ལྷས་ཤེས་ནས་འགྱོད་བཤག་ཅང་བཅས་གངས་རི་རྭ་སྐོར་མ་འདི་ སྤྱི་ལོ་1755ཡས་མས་ལ་མཛད་པ་རེད། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་གུ་རུ་རིན་པོ་ཆེ་དང་བོད་ཁ་བ་ཅན་གྱི་བདེ་སྡུག་གཉིས་ཤིན་དུ་འབྲེལ་བ་ཟབ་པར་མཁྱེན་ནས། བསམ་ཡས་ཞིག་གསོ་གནང་རྒྱུ་དེ་ལ་ཆེས་དོ་འགལ་མཛད་ནས། ལས་གྲྭ་དེ་ལ་དམིགས་བསལ་དོ་འཁུར་ཐོག་ཁོང་གི་ཡབ་ལ་དོ་དམ་མཛད་པར་བསྐུལ་བ་སོགས་རིས་མེད་ཀྱི་བྱ་བ་དུ་མ་མཛད་ཡོད།
ཛོ་རས་ཡག་པོ་གསུངས་སོང་། ཡིན་ན་ཁོས་གསུང་ཡིན་པའི་ཁུངས་ཁྱེར་ཤོག གང་ན་གསུངས། གསུང་འབུམ་ཡོད་དམ། དེ་ན་ཡོད་པར་སུས་བདེན་དཔུང་ཐུབ། ངས་བོད་རྒྱལ་གླུ་དང་ཞབས་འདི་གཉིས་ཁྲི་བྱང་ཡིན་པ་དབྱིན་དེབ་ཞིག་ལས་རིག་སོང་། མ་ཚད་དམངས་ཁྲོད་ཁ་བརྡ་ལས་དགེ་ལུགས་དག་མ་ཚོས་བཤད་ཀི་འདུག དེས་ན་དིལ་མཁྱེན་གྱིས་མཛད་པའི་ཞབས་བརྟན་འདོན་བཞིན་ཡོད། དེ་གང་ཡིན་ན་འོག་ལ་འགོད་ཀྱིན་ཡིན། དེ་ཡང་ཇི་སྐད་དུ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།། ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།། གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ནི་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་གསོལ་འདེབས་མཛད་པ་བཞིན་༧གོང་ས་སྐྱབས་མགོན་མཆོག་གི་ཞལ་གསུང་བྱིན་རླབས་ཅན་ནོ།། སརྦ་མངྒ་ལམ།། །། མདོར་ན་ཁྱི་སྤྱང་གི་གཡོ་སྒྱུས་ངན་སྨོན་དེ་བོད་ལ་ཁྱབ་ཚར་བ་རེད། དེ་མིན་པའི་སྒྲུབ་བྱེད་ཡོད་ན་ཁུར་ཤོགས། ལུང་རིགས་གསེར་གྱི་ལྡེའུ་མིག་ལ་གཟིགས་ཡོད་དམ། དེས་ནང་དྭོགས་པ་འདི་སློང་འདུག་གམ། མཛོ་གཡག་འབྲི་ལུག་ཁྱེད་ཚོས་སྒེར་འཁོན་ཡོད་སའི་མི་རེ་གཉིས་དམིགས་ཀྱིས་དཀར་ན་ནག་པོ་བཟོ་ཨེ་ཐུབ་ལྟ་གི་མ་འདུག་ལོ། ང་ནི་ཨ་ཕྱི་རྒན་མོ་ཞིག་ཡིན། མིང་ལ་ཆོས་སྒྲོན་ཡིན། བོད་ཡིག་རེ་འབྲི་ས་ཡོད་དུས་གང་ཤར་འབྲི་གི་ཡོད། བླ་ཆེན་ཚོ་ངའི་སྐེ་ལ་སྦྱར་ན་ལེགས་པོ་མཐོང་ངོ་།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།། ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།། ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།། གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་སློབ་དངོས་འདི་གསན་དུས་མིག་ཆུ་ཤོར་སོང་།་སྐབས་སྔོན་མའི་ཚོགས་དུས་སུ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་དགུང་ལོ་༡༡༣བཞུགས་རྒྱུའི་གཏན་ཁེལ་ཡོད་ཀྱང་།རང་བཙན་རྩོད་མཁན་ཚོས་༧གོང་ས་མཆོག་དགུང་ལོ༡༠༥མར་བཅགས་པ་རེད་ཟེར་བའི་རྒྱལ་བའི་བཀའ་དགོངས་ལོག་འགྲེལ་བྱས་པ་དེ་དེ་རིང་གཞི་ནས་བཀའ་སློབ་གསོན་པོ་འདི་ནས་ར་འཕྲོད་བྱུང་།༧་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་སློབགསེར་རི་ལྟ་བུ་དེ་རྣམས་མི་དམངས་ལ་ལོག་འགྲེལ་བརྒྱབ་སྟེ་རྡབ་ཟིག་སྣ་ཚོགས་གཏོང་བ་དེར་ངོ་མ་ཡག་པོ་མ་རེད།
༧གོང་ས་མཆོག་གིས་སྤྱི་ལྷན་དབུ་འབྱེད་གནང་བ་ནི་གཟི་བརྗིད་རེད། འོན་ཀྱང་ཁོང་ཚང་གིས་དམ་བཅའ་འབུལ་སྟངས་ལ་གཞིགས་ན་སྔར་རྒྱུན་བཞིན་བྱས་ན་སྡོད་ཉེན་འདུག
བོད་ཀྱི་ཁྲིམས་ཞིབ་པ་ཚོས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཉིན་རེར་ཚར་གསུམ་རེར་ཆག་མེད་འདོན་ན་༸གོང་མཆོག་དགུང་གྲངས་བརྒྱ་ལྷག་བཞུག་བགྱིད་རེད
བཀའ་བློན་རྣམས་པ་ཚོས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཚར་གསུམ་ཆག་མེད་འདོན་ན། ༸གོང་ས་མཆོག་དགུང་གྲངས་བརྒྱ་དང་བརྒྱད་བཞུག་བགྱིད་རེད།
སྤྱི་འཐུས་རྣམས་པ་ཚོས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཚར་གསུམ་རེར་ཆག་མེད་འདོན་ན། ༸གོང་ས་མཆོག་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུག་བགྱིད་རེད།
བོད་ཀྱི་ནང་ཆོས་དད་མཁན་བོད་རིགས་ས་ཡ་བཅུ་གསུམ་གྱིས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་ཚར་གསུམ་རེར་ཆག་མེད་འདོན་ན། ༸གོང་མཆོག་༸སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་བཞུག་བགྱིད་རེད།
རྭ་བའི་རྭ་བས་ལ་བཅོས།
གངས་རི་རྭ་བས་བསྐོར་བའི་་་་་་
གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གྱུར་ཅིག །
ཆག་མེད་ཟེར་ན་ག་རེ་རེད། ཀརྡོར་ལགས། ཚིག་འགྲེལ་ཞིག་ཡོད་པར་ཞུ།
ར་དེ་ལ་ཝ་ཟུར་འབྲི་དོན་ལ་རྒྱུ་མཚན་ཅི་ཡོད། གངས་རི་ར་བ་འདྲ་བོས་བོད་ཁམས་བསྐོར་བ་རེད་དམ། གངས་རི་རྭ་ཅོ་འདྲ་བོས་བོད་ཁམས་བསྐོར་བ་རེད།
སྐུ་མདུན་གྱི་གསུང་གི་དོན་ཚན་གསུམ་པ་དེ་སྲིད་སྐྱོང་བློ་སེང་དང་ཤེས་རིག་ལས་ཁུང་གི་འགན་འཛིན་ཚོས་མ་ཐོས་མ་ཤེས་ཟེར་ས་མེད་པ་ཞིག་རེད།
ཀརྡོ་ལགས། ་་་ ཀེང་རུས་རྭ་བས་སྐོར་བའི་ཞིང་ཁམས་སུ་ཞེས་པ་དེ་རྩོམ་མཁན་དེ་སུ་ཡིན་ནམ།
གུང་བྲན་ནས་བོད་དེ་ཀེང་རུས་ཀྱིས་བཀང་སྟེ་བོད་མི་རིགས་རྩར་མེད་བཟོ་འཆར་དེ་ནི་སྟོང་བསམ་རང་རེད་སྙམ།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
ཤེས་དགོས་པ་ཞིག་ལ་ཀེང་རུས་རྭ་བ་་་་འདི་རྩོམ་མཁན་ཁྲི་བྱང་རིན་པོ་ཆེ་ཟེར་བ་རེད་ཟེར། བདེན་པ་ཡིན་ནམ། དེ་མིན་མིན་ན་སུ་ཞིག་རྩོམ་པ་རེད། སྨོན་ལམ་ལོག་པ་ཞིག་དང་དོལ་འདྲེ་བསྟེན་མཁན་ཞིག་གིས་བྲིས་པ་འདོན་ན་ཕན་ཡོན་ཡོད་དམ།
ཨ་ཕྱི་ཆོས་སྒྲོན་ལགས། ཁྱེད་རང་གིས་ཨ་མ་ཧོ་དང་གྱེས་རྡོར་གྱི་མིང་ཐོག་ནས་རང་གི་སློབ་མ་རྣམས་ལ་གདམ་པ་གནང་དུས་བྱང་ཆུབ་སེམས་དཔའི་མདོག་གཅིག་དང་། ཨ་ཕྱི་ཆོས་སྒྲོན་གྱི་གདོང་ཁྱེར་ནས་གོང་ས་མཆོག་གི་ཐོག་ལ་ཤ་གཟན་ཁྲག་ལ་བརྔམས་པའི་ངོ་གདོང་ཞིག་འདུག
བོད་མི་མང་ཆེ་བས་ཤེས་པའི་གངས་རི་རྭ་བའི་སྨོན་ལམ་དེ་ཕོ་ལྷ་མི་དབང་གིས་འགྱོད་བཤག་ལྟ་བུར་གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བདུན་པར་ཕུལ་བ་རེད། དེ་རིམ་བཞིན་སྐུ་འཕྲེང་རྗེས་མ་རྣམས་ལ་འགྲེ་བ་རེད་འདུག
# 6 གནམ་ལགས།
ཆག་མེད་ཟེར་ན་ཆད་མེད་དང་དོན་འདྲ་བ་རེད། དཔེར་ན། ཚིག་མཛོད་དུ། ཆག་མེད་འབད་སྒྲུབ། རྒྱུན་མི་ཆད་པར་འབད་བརྩོན་ཆེན་པོས་སྒྲུབ་པ། ལྟ་བུའོ།། འདིར་ང་བདེན།
ར་བ་འདི་ངའི་དཔེ་དེ་ན་རྭ་བས་བྲིས་པ་རང་འཇགས་བཞག་འདུག རྭ་བ་ལས་ར་བ་དག་པ་འདྲ། འདིར་ཁྱོད་བདེན་པ་རེད།
ཀེང་རུས་རྭ་བ་་་ དང་། ཁྱི་སྤྱང་རིན་པོ་ཆེ་སོགས་བྲིས་པ་ནི། ཤིས་ཚིག་མ་ཡིན་པར། དཀྲུགས་ཚིག་ཅིག་རེད་འདུག
ཏལ་སྦྱིན་ལགས་ཀྱི་དོགས་ལན། སྙན་སྒྱག་སེལ་བའི་སྨན་ཐུར།
༧གོང་ས་མཆོག་ནི་རྒན་ཡོལ་གཞན་དང་མི་འདྲ་བར་བགྲེས་ཡོལ་དུ་ཕེབས་ཟིན་ཡང་རང་རིགས་སྣེ་མོ་བ་ཡིན་མིན་ཀུན་གྱི་གཙིག་གི་ཏོག་དང་ཁོག་གི་སྙིང་བཀའ་དྲིན་བླ་ན་མ་མཆིས་པའི་མི་གཅིག་བུ་དེ་ཡིན་པས་
དམ་འབུལ་ཞུ་ཡུལ་ཤིན་ཏུ་འོས་ཞིང་བཀའ་དྲིན་ཚོར་བའི་བརྡ་ཞིག་དུ་འང་སྣང་།
གཞི་ལུས་བོད་མི་ཡོངས་ཀྱི་ཚབ་བྱེད་ཐུབ་མཁན་ཁོང་གཅིག་བུ་སྟེ།
ཁྱེད་ནི་ང་ཚོའི་སྙིང་ཁོང་ན།
ང་ཚོ་ཁྱོད་ཀྱི་མིག་ལམ་ན། ཞེས་པ་ལྟར་ཁོང་གི་མདུན་ནས་དམ་འབུལ་ཞུ་ན་གཞི་ལུས་བོད་མི་ཡོངས་ཀྱི་
མདུན་ནས་དམ་འབུལ་ཞུ་བ་གཅིག་ཡིན་ནོ།
སྤྱིར་ཁ་བ་གངས་ཅན་ལ་བླ་སྲོག་ནི་གཉིས་སྟེ་རྒྱལ་བ་པན་ཆེན་རྣམ་གཉིས་མཆིས་ཀྱང་།
པན་ཆེན་རིན་པོ་ཆེ་ད་བལྟ་བཞུགས་ཡོད་ན་རང་གི་སྐད་ཡིག་གཅིག་བུ་སྒང་ནས་རྗེས་ལུས་ལས་སྔོན་དུ་ཐོན་ནས་ཡར་རྒྱས་རྒྱལ་ཁབ་རྣམས་དང་འདྲ་མཉམ་ཆགས་ཚར་ཡོད་རེད།
ཕོ་ལྷ་མི་དབང་ཟེར་བ་སུ་རེད། ཁྲི་བྱང་རིན་པོ་ཆེས་མཛད་པ་རེད་ཟེར་བ་སེར་འབྲས་དགའ་གསུམ་པའི་དགེ་བཤེས་མང་པོས་ལབ་ཀི་འདུག ང་གཅིག་པུ་མ་རེད་ད། ཛོ་རས་ཁུངས་ཁྱེར་ཤོག སྔོན་མ་ངས་འདོན་པ་ཡིན། མཛད་བྱང་མཐོང་མྱོང་མེད། བླུན་པོ་ཆུ་སྣ་གར་ཁྲིད་བཞིན་དེང་དུས་ངས་འདོན་ཀི་མེད།
གངས་རི་རྒྱང་མཐོང་ལགས་སུ་གསལ་བཤད། དམ་བཅའ་འབུལ་ཡུལ་བོད་མིའི་སྐྱབས་གནས་ཉག་གཅིག་ཡིན་པ་རྩོད་མེད་ཡོངས་གྲགས་རེད། འོན་ཀྱང་དམ་བཅའ་འབུལ་མཁན་ཚོས་དམ་བཅའ་ཕུལ་བ་ལྟར་ལག་བསྟར་བྱེད་མིན་ཐོག་ཕལ་ཆེར་གསལ་རིས་ཐང་གསལ་རེད་སྙམ་གྱི་ཡོད། དེར་བརྟེན་འབུལ་ཡུལ་དང་འབུལ་མཁན་གྱི་གནས་བབ་གཏན་ནས་འཁྲུག་མི་ཉན་དྲ་གྲོགས་ལགས།
ཕོ་ལྷ་མི་དབང་དང་པོ་ཆོས་ལུགས་འཐེན་ཁྱེར་གྱིས་རྒྱལ་མཆོག་སྐལ་བཟང་རྒྱ་མཚོར་སྡང་སེམས་བཅངས། རྗེས་མ་རྒྱལ་བ་སྐལ་བཟང་རྒྱ་མཚོ་ངེས་དོན་གྱི་རིས་མེད་ཡིན་པ་མཁྱེན་པ་མ་ཟད། རྒྱལ་དབང་མཆོག་ནས་ལོ་མང་མི་རྒྱུ་བཏང་ནས་བསམ་ཡས་སྐྱར་གསོ་གནང་བ་མ་ཟད། ཁོང་གི་ཕ་ནོར་ཡོངས་སུ་རྫོགས་པ་བསམ་ཡས་བཞེངས་རྒྱུར་མངགས་པ་སོགས་ངེས་དོན་རིས་མེད་ལས་ཀ་ཕྱི་ལ་ཁྱབ་བསྒྲགས་མེད་བསྒྲུབས་པ་མཛད་པ་དེ་དག་ཕོ་ལྷས་ཤེས་ནས་འགྱོད་བཤག་ཅང་བཅས་གངས་རི་རྭ་སྐོར་མ་འདི་ སྤྱི་ལོ་1755ཡས་མས་ལ་མཛད་པ་རེད། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་གུ་རུ་རིན་པོ་ཆེ་དང་བོད་ཁ་བ་ཅན་གྱི་བདེ་སྡུག་གཉིས་ཤིན་དུ་འབྲེལ་བ་ཟབ་པར་མཁྱེན་ནས། བསམ་ཡས་ཞིག་གསོ་གནང་རྒྱུ་དེ་ལ་ཆེས་དོ་འགལ་མཛད་ནས། ལས་གྲྭ་དེ་ལ་དམིགས་བསལ་དོ་འཁུར་ཐོག་ཁོང་གི་ཡབ་ལ་དོ་དམ་མཛད་པར་བསྐུལ་བ་སོགས་རིས་མེད་ཀྱི་བྱ་བ་དུ་མ་མཛད་ཡོད།
ཛོ་རས་ཡག་པོ་གསུངས་སོང་། ཡིན་ན་ཁོས་གསུང་ཡིན་པའི་ཁུངས་ཁྱེར་ཤོག གང་ན་གསུངས། གསུང་འབུམ་ཡོད་དམ། དེ་ན་ཡོད་པར་སུས་བདེན་དཔུང་ཐུབ། ངས་བོད་རྒྱལ་གླུ་དང་ཞབས་འདི་གཉིས་ཁྲི་བྱང་ཡིན་པ་དབྱིན་དེབ་ཞིག་ལས་རིག་སོང་། མ་ཚད་དམངས་ཁྲོད་ཁ་བརྡ་ལས་དགེ་ལུགས་དག་མ་ཚོས་བཤད་ཀི་འདུག དེས་ན་དིལ་མཁྱེན་གྱིས་མཛད་པའི་ཞབས་བརྟན་འདོན་བཞིན་ཡོད། དེ་གང་ཡིན་ན་འོག་ལ་འགོད་ཀྱིན་ཡིན།
དེ་ཡང་ཇི་སྐད་དུ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་འདི་ནི་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་གསོལ་འདེབས་མཛད་པ་བཞིན་༧གོང་ས་སྐྱབས་མགོན་མཆོག་གི་ཞལ་གསུང་བྱིན་རླབས་ཅན་ནོ།། སརྦ་མངྒ་ལམ།། །།
མདོར་ན་ཁྱི་སྤྱང་གི་གཡོ་སྒྱུས་ངན་སྨོན་དེ་བོད་ལ་ཁྱབ་ཚར་བ་རེད། དེ་མིན་པའི་སྒྲུབ་བྱེད་ཡོད་ན་ཁུར་ཤོགས། ལུང་རིགས་གསེར་གྱི་ལྡེའུ་མིག་ལ་གཟིགས་ཡོད་དམ། དེས་ནང་དྭོགས་པ་འདི་སློང་འདུག་གམ། མཛོ་གཡག་འབྲི་ལུག་ཁྱེད་ཚོས་སྒེར་འཁོན་ཡོད་སའི་མི་རེ་གཉིས་དམིགས་ཀྱིས་དཀར་ན་ནག་པོ་བཟོ་ཨེ་ཐུབ་ལྟ་གི་མ་འདུག་ལོ། ང་ནི་ཨ་ཕྱི་རྒན་མོ་ཞིག་ཡིན། མིང་ལ་ཆོས་སྒྲོན་ཡིན། བོད་ཡིག་རེ་འབྲི་ས་ཡོད་དུས་གང་ཤར་འབྲི་གི་ཡོད། བླ་ཆེན་ཚོ་ངའི་སྐེ་ལ་སྦྱར་ན་ལེགས་པོ་མཐོང་ངོ་།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
འཛམ་གླིང་ཞི་བདེ་དེད་དཔོན། བོད་ཀྱི་ལུང་པ་སྐྱེལ་མཁན། གོང་ས་མཆོག་གི་གསུང་ལས་དྲངས།