ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་ཤྲཱི་ཨ་ནནྟ་བཛྲ་ས་ཏྭ་ཡེ།
ཀ་དག་གདོད་མའི་གནས་ལུགས་རང་རིག་ཉིད་རྟོགས་པས།།
ཁ་དོག་སྣ་ཚོགས་འཇའ་ལུས་ལྷུན་གྲུབ་ཀྱི་སྤྲུལ་སྐུ།
ག་བུར་དབང་ལྟར་རིག་འཛིན་མཁས་གྲུབ་ཀྱི་རྒྱལ་པོ།།
ང་ཡི་བརྒྱུད་གསུམ་བླ་མའི་སྤྱི་གཟུགས་ལ་འདུད་དོ།།
ཅ་ནོར་འཁོར་འདས་རྣམས་ཀུན་ཆོས་སྐུ་རུ་འཆར་ཞིང་།།
ཆ་རྐྱེན་ཀུན་བཟང་རྫོགས་ཆེན་སྟོན་པ་རུ་སྣང་བར།།
ཇ་ཆང་རྟོག་སྒྲུང་རིགས་མིན་ཀུན་བྱེད་ཀྱི་རྒྱལ་པོ།།
ཉ་གང་ཟླ་བཞིན་ཡོངས་རྫོགས་ཀུན་ཁྱབ་ལ་འདུད་དོ།།
ཏ་ཐཱ་ག་ཏའི་བསྟན་པའི་སྙིང་ཐིག་གི་བདག་པོ།།
ཐ་དག་ཤེས་བྱ་ཀུན་གཟིགས་བདེ་གཤེགས་ཀྱི་དགོངས་པ།།
ད་འདས་མ་འོངས་འདྲེན་པའི་རྒྱལ་ཀུན་གྱི་སྤྱི་གཟུགས།།
ན་རཀ་སྡུག་ཀུན་བསལ་མཛད་དགའ་རབ་རྗེར་འདུད་དོ།།
པ་ར་མི་ཏའི་མདོ་སྔགས་དགོངས་འདུས་ཀྱི་ཟབ་གནད།།
ཕ་མ་གཉིས་མེད་རྒྱུད་སྡེའི་ཡང་གསང་གི་གནས་ལུགས།།
བ་ལ་ཧ་བཞིན་རིག་པ་སྤྱི་བརྟོལ་དུ་བསྟན་མཁས།།
མ་བུ་ངོ་སྤྲོད་ཚིག་གསུམ་གནད་བརྡེག་ལ་འདུད་དོ།།
ཙྭ་རི་གནས་མཆོག་བཞུགས་པའི་སྒོམ་ཆེན་གྱི་ཉམས་ལེན།།
ཚ་གྲང་དཀའ་སྤྱད་གནང་བའི་ཉན་རང་གི་སྤྱོད་པ།།
ཛ་ཡའི་ཐེག་པའི་རྩེ་རྒྱལ་ཨ་ཏི་ཡི་སྲོལ་འགྱེད།།
ཝ་ལེར་བསམ་ཚེ་བཀའ་དྲིན་ཟླ་བྲལ་ཁྱེད་འདུད་དོ།།
ཞྭ་དམར་སྔ་འགྱུར་བསྟན་འཛིན་དགའ་རབ་རྗེ་དྲན་ཚེ།།
ཟྭ་ཚོད་རྩམ་གཟན་བླ་མའི་འབྱུང་གནས་སུ་མཐོང་བས།།
འ་ཅག་གངས་ཅན་སྤྱི་དང་རྒྱལ་བསྟན་གྱི་མངའ་བདག།
ཡ་མཚན་ཀུན་བཟང་རྡོར་སེམས་དབྱེར་མེད་ལ་འདུད་དོ།།
ར་རིའི་དྲི་མ་ཀུན་བྲལ་རྫོགས་ཆེན་གྱི་ཤིང་རྟ།
ལ་ཟླའི་མན་ངག་ཀུན་གྱི་བཀའ་བབས་ཀྱི་གཏེར་སྟོན།།
ཤ་ཁྲག་འཇའ་ལུས་གྲོལ་བའི་བླ་མ་ཁྱེད་མཁྱེན་ནོ།།
ས་ལམ་བདེ་མྱུར་ཐོབ་པའི་དངོས་གྲུབ་ཅིག་སྩོལ་ཤོག།
ཧ་ཅང་སྒོ་གསུམ་གུས་པས་གསོལ་འདེབས་ལ་འབད་ཚེ།།
ཨ་ཏིའི་ཟབ་དོན་བརྒྱུད་པའི་རྣལ་འབྱོར་གྱི་ཚོགས་ལ།།
སྨིན་གྲོལ་སྣང་བཞི་མཐར་ཕྱིན་དཔལ་ཡོན་གྱིས་དབང་ཕྱུག།
བསྟན་འགྲོར་ཕན་བདེའི་དོན་ཀུན་ལྷུན་གྲུབ་སྨོན་ནོ།།
ཞེས་རབ་རྒྱན་ཤིང་རྟའི་ཆོ་འཕྲུལ་ཟླ་བའི་ཚེས་པ་བཅོ་ལྔ་འམ་རང་བཞིན་རྫོགས་པ་ཆེན་པོའི་སྟོན་པ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་འཁྲུངས་སྐར་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འཇའ་ལུས་འཕོ་བ་ཆེན་པོ་གཤེགས་པའི་ཚུལ་བསྟན་པའི་ཚེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པོ་ཕྱུངས་པས་དགའ་རབ་རྡོ་རྗེ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་བ་ལས་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ་ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུ་མཐིང་ཁ་ཞུན་མས་རང་བྱོན་དུ་བྲིས་པ་བབས་ཏེ་རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་པ་གཅིག་སྣོད་དུ་བབས་པས་འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲོལ་བར་གྱུར་ནས་རྟོགས་པའི་གདིང་དང་ལྡན་པར་གྱུར་པའི་དུས་ཆེན་ཁྱད་པར་ཅན་ལ་ཤར་ཕྱོགས་པ་མཁའ་འགྲོ་ཡེ་ཤེས་ཆོས་སྒྲོན་གྱིས་བསྐུར་བ་ལྟར་ཤྲཱི་སྨྱོན་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་གྲལ་ནས་གསོལ་བ་འདེབས་པར་དགེའོ།།
ཀྱེ་མ། དཔལ་དགྱེས་ད་ངོ་མ་སྨྱོ་ཡོད་ས་རེད། མཁན་ཆེན་ཚུལ་ཁྲིམསབློ་གྲོས་མཆོག་ལ། རང་རེ་རྣམས་ཀྱིས་ཞུས་མ་དགོས་པ་ལྟར་བསྔགས་པའི་གནས་ཤིག་ཡིན། ད་ལན་ཁྱོད་ཀྱིས་༧གོང་ས་མཆོག་མཚན་ལ་མཛད་བྱང་བཀོད་ནས་། མཁན་ཆེན་ཚུལ་བློ་ཞབས་བརྟན་ཞིག་བཀྲམ་ཡོད་འདུག་ཟེར་། བྲིས་མཁན་ཁྱེད་རང་མ་བྲིས་ནས་༧ གོས་ས་མཆོག་ཡིན་འདོག་བཟོས་རེད་ཟེར། བོད་ལ་བཀྲམ་འདུག་ཟེེར། ཁྱེད་རང་དེ་འདྲ་མ་གནང་རྒྱལ་བ་ཐུགས་མ་དཀྲུགས་ན་དགའ།
བདེན་པ་ཡིན་ན་ཏི་སི་ཤིན་ཏུ་བཟང་། དེ་འདྲ་གང་ན་འདྲ་བྲིས་འདུག སུས་ཟེར། གང་ན་འདུག ངོ་མ་ཡིན་ན་ལྟས་ངན་རེད། འདིར་འཁོད་དང་ང་ཚོས་བགྲོ་གླེང་བྱ་ཆོག་རེད། རྫུན་རྐུབ་ཕུབ་ཐུབ་ངེས་རེད། དཔེ་ཐབས་སྐྱོ་བོ་རེད། གོང་ས་མཆོག་གིསགསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་ངོས་འཛིན་འདུག་ཟེར་བ་ནང་བཞིན་རེད། ཧ ཧ གལ་ཏེ་ཏི་སིས་རྫུན་ཡིན་ན་འབྲི་གུང་པ་ཡོངས་ལ་ངོ་ཚ་ཉོས་པ་མིན་ནམ། སོ་སོའི་སྒེར་འཁོན་ཆེ་དྲན་ནས་མཁས་དབང་ཞིག་ལ་ཟུར་ཟ་ན་ཡག་པོ་གཏན་ནས་ཡག་པོ་མ་རེད་དོ། མདོར་ན་ཚང་མ་འདིར་ཁོད་ཅིག