བྲེ་ནག
མུན་ནག་གི་མཚན་མོ་རེ་ཕར་ལ་བསྐྱལ་ནས།
འོད་སྣང་གི་ཉིན་མོ་རེ་ཚུར་ལ་བསུ་དུས།
མདང་དགོང་གི་སྐྱོ་གདུང་དང་མིག་ཆུ།
དེ་རིང་གི་མཛེས་སྡུག་དང་རེ་བ་ཅི་ནས་མིན།
གྱེས་བྲལ་དང་ངུ་ཤུམ་གྱིས་བསྐྱལ་བའི་མདང་དགོང་།
ཁེར་རྐྱང་དང་ལྷིང་འཇགས་ཀྱི་ཁྲོད་དུ་ཕར་ལ་འདས་ཏེ།
དགའ་སྤྲོ་དང་རེ་བས་ཚུར་ལ་བསུ་བའི་དེ་རིང་།
མཛེས་སྡུག་དང་ཕུགས་བསམ་གྱིས་ཁེངས་ནས་ཡོད།
ལྷན་འཛོམས་དང་གྱེས་བྲལ། དགའ་བ་དང་སྐྱོ་བ།
ལྐོག་གྱུར་གྱི་ལྟོས་གྲུབ་ཅིག་གི་གནད་དུ་འཁོར་བཞིན།
བརྩེ་བ་དང་དུང་བ། གང་ཞིག་གི་དམར་ཆུང་སེམས་པ།
བྱམས་དང་སྙིང་རྗེ་གང་ཡང་མེད་པའི་རྐང་པ་ཞིག་གིས།
ཅིའི་ཕྱིརའདི་ལྟར་རྡོག་རྫིས་བྱས་དགོས་སམ།
འཁོར་བ་ཡིན་ན་ཆོག འཇིག་རྟེན་ཡིན་ན་རུང་།
ཟློག་ཐབས་མེད་པའི་ཆོས་ཉིད་ཅིག་གིས་མནར་དུས།
གཉའ་མི་ཆག མགོ་མི་སྒུར།
སང་ཉིན་གྱི་ཉི་ཟེརདེ་སླར་ཡང་འཆར་ངེས་པས།
མདུན་བསྐྱོད་ཀྱི་སྤོབས་པ་མ་ཞུམ་ཞིང་།
མདུན་མཆོང་གི་སྙིང་སྟོབས་མ་ཉམས་པར།
མདུན་ནས་མདུན་དུ་བསྐྱོད་དེ།
མདུན་ཕྱོགས་སུ་ལྷམ་མེར་བཞད་པའི་བརྩེ་བའི་མེ་ཏོག་ཆུན་པོ་དེའི་སླད་དུ།
རང་ཉིད་ཀྱི་ཡོད་ཚད་འབུལ་ཆོག་ལ། རང་ཉིད་ཀྱི་ཡོད་ཚད་འབུལ་ཡང་དགོས་སོ།
ནམ་ཡང་འདི་ལྟར་སྟོང་འདང་ཞིག་གིས་མི་ཚེ་ལ་མགོ་སྐོར་འཐེབ་ཕུགས་བསམ་དང་རེ་བསྙེག་འདུན་ལམ་དང་འཚོལ་ཉུལ་ཧེ་ཧེ་འདི་དག་ནི་རྨིང་གཞིའི་མི་གཞི་དང་ཡང་ན་དངོས་ཡོད་ད་ལྟའི་འཚོ་བ་ལ་གས་སྲུབས་དོད་དུ་འཇུག་པའི་ལྟ་བ་དང་ཚོར་སྣང་མི་ལགས་པ་ཞིག་ལས་གང་ཡང་མེད་དངོས་ཡོད་ལ་མཁོ་བ་ནི་ད་ལྟའི་གནས་བབ་ཀྱི་ཚོར་ཤུགས་རང་ཡིན།