འོས་སྦྱོར་བ། འབའ་སྲས།
གཅིག http://voxer.com/v/32cafc2a89
གཉིས། http://voxer.com/v/4a92b96742
གསུམ། http://voxer.com/v/1cf84e725c
བཞི། http://voxer.com/v/f2b1379f1f
ལྔ་། http://voxer.com/v/4a36fe93e0
དྲུག http://voxer.com/v/111f52b141
བདུན། http://voxer.com/v/75162e3c21
བརྒྱད། http://voxer.com/v/86ea5ed813
དགུ http://voxer.com/v/9d5edc397f
བཅུ། http://voxer.com/v/4106620dcb
༡༦/༠༣/༡༤ འབའ་སྲས་ཀྱིས་སྒྲ་འཇུག་བྱས།
འབའ་སྲས་ཡ་འབའ་སྲས། དེང་སྐབས་ཁྱོད་སེང་རྡོར་ལ་ཐག་ཧ་ཅང་ཉེ་ག ཁྱོས་སེང་རྡོར་གྱི་བཤད་པ་དེ་དག་བདེན་པ་རེད་བསམ་གོ་ག ང་ཚོའི་སྤྱི་་ཚོགས་འདིའི་ནང་ནས་སུ་ཞིག་གིས་སྤྱི་ཚོགས་ཀྱི་སེམས་ཁམས་དང་མི་མཐུན་པ་ཞིག་བཤད་ཚེ་མི་གང་མང་ཞིག་དེའི་རྗེས་ལ་རྒྱུགས་རྒྱུར་དགའ་བ་ནི་སྤྱི་ཚོགས་བག་ཆགས་ཀྱི་གཤིས་ཤིག་ཡིན་པ་འདྲ། ཁྱོད་ཀྱིས་ཡང་དང་བསྐྱར་དུ་སེང་རྡོར་ལ་ཞབས་ཞུ་བྱེད་སྟངས་ལ་གཞིགས་ན་ཁྱོད་ཀྱིས་སེང་རྡོར་རང་ཉིད་རེད་བསམ་བཞིན་པ་དང་འདྲ་ལ། རང་ཉིད་སེང་རྡོར་རེད་བསམ་བཞིན་པ་དང་ཡང་འདྲ། དལ་གྱིས་བསམ་ན། སྐད་ཆ་གསར་བའི་རིགས་ལས་གསར་གཏོད་དང་མདུན་སྐྱོད་འབྱུང་གིན་ཡོད་པ་བདེན་ནའང། སྐད་ཆ་གསར་བ་ལ་ལ་ཞིག་ནི་བདེ་འཇགས་དཀྲོགས་བྱེད་ཅིག་དང་སྤྱི་ཚོགས་དཀྲུགས་བྱེད་ཅིག་ལས་ཅི་ཡང་མིན། ང་ཚོས་ཤེས་དགོས་པ་ནི་གང་ཞིག་སྐྱོར་དགོས་པ་དང་གང་ཞིག་གཅོག་དགོས་པ་དེ་རེད། མི་གང་མང་ཞིག་གིས་རང་མིང་སྤྱི་ཚོགས་ཁྲོད་ཁྱབ་པའི་ཆེད་དུ་སྙན་གྲགས་དཀའ་ཡང་སྐད་གྲགས་འཇོག་པའི་ཆེད་དུ་ལེགས་ཉེས་ལ་མ་ལྟོས་པར་སྐད་ཆ་ཡ་མཚན་བཤད་པ་དང་སྤྱོད་པ་ཡ་མཚན་སྟོན་པ་ལས་ཀ་ཡ་མཚན་སོགས་སྒྲུབ་ངེས་རེད། ང་ཚོས་མ་མཐའ་ཡང་རང་ཉིད་སོང་མྱོང་བའི་འདས་སོང་གི་ལམ་དེ་ལ་རྒྱུས་མངའ་ཡོད་ན་འགྲིག་ དེའི་ནང་གི་ལེགས་ཉེས་དབྱེ་འབྱེད་ཐུབ་ན་ལེགས དེ་དག་གཅིག་ཀྱང་མ་ཤེས་ན་རྒྱུས་མངའ་མེད་པའི་ཡུལ་དང་མ་འོངས་པ་ནི་དེ་བས་ག་ལ་ཤེས། ་་་་་་འདང་རྒྱག་རྒྱུ་མང་གི་ཡ་་་་་་་་་
འབའ་སྲས་ཟེར་བ་འདིས་སྙན་ངག་འབྲི་ཁུལ་བྱེད་པ་མ་གཏོགས། སྙན་ངག་ཕྲིས་པ་གཅིག་ཀྱང་མེད།
ཡིད་མི་ཆེས་ན་བརྩམས་ཆོས་ཚད་ལྡན་ཞིག་བསྟན་རོགས།
སེང་རྡོར་ནི་མིང་གྲགས་སྐམ་པོ་དམིགས་ཀྱིས་དོན་དུ་གཉེར་མཁན། ངོ་ཚ་མེད་མཁན་ཞིག་རེད།
ཁོང་གི་ངོ་ཚ་མེད་པའི་ངོ་ལྐོག་རྒྱབ་མདུན་གྱི་སྤྱོད་པ་དག་ནི་དཔྱོད་ལྡན་དག་ལ་ཧ་ཅང་གསལ་བ་རེད།
འབའ་སྲས་ཟེར་འདི་སྙིང་རྗེ། རང་གིས་རང་ལ་མིང་ཞིག་ཀྱང་འདོགས་ཤེས་མི་འདུག
འབའ་སྲས་ཡིན་ན་ཅིག རང་གིས་རང་ལ་ཞེ་ས་འདྲ་བྱས། མིང་གྲགས་སྐམ་པོ་དོན་དུ་གཉེར་བ་འདི་དངོས་མི་ཚད་ལྡན་ཞིག་གི་ལས་ཀ་མ་རེད།
ཁ་སྔོན་ཡང་དགེ་རབ་ལ་མཁས་དབང་ཞེས་སྤྲེལ་ལད་འཁྲབ་ཀྱི་འདུག ད་སྡོད་ཚུགས་ཀྱི་མེད་པ་འདྲ
མིའི་ཡུལ་ནས་གཡོག་པོ་བྱས་ནང་ཁ་རོག་གར་བསྡད་ན་ཡག་ག རང་ཉིད་གཡོག་པོ་ཡིན་པ་བརྗེད་དུ་མ་འཇུག
གཅོད་པ་ཟེར་བ་འདི། མྱི་ཟིག་ཡིན་ནི་ན་ཨ!། ཟོག་ཟིག་ཡིན་ནི་ན་ཨ!། སྐད་ཆ་འདི་མོ་བྱས་ནས་བཤད་ན། ང་མི་འཐེད་ཀི། གསེར་ཡུམ་བརྒྱ་ཐམ་པ། འབའ་སྲས་འདི་ཤི་མ་སོང་ན། གསོད་རྒྱུ་ཞིག་མ་རེད་ཡ། གཅོད་ཁོ་ལས་ངན་པོ།
གངས་དཀར་རྒྱལ་སྲས། རླུང་མ་ལངས། ངས་རྩོམ་རིགས་སྨྲ་བ་ཚང་མར་རྩོམ་རིགས་གཏམ་བཤད་གནང་དུ་འཇུག་བཞིན་པ་ལས། སེང་རྡོར་ལ་དམིགས་བསལ་གྱིས་ལམ་སྣེ་ཞིག་བསྐྲུན་བཞིན་མེད། ངས་བསྐྲུན་ཀྱང་མི་ཐུབ་ལ་བསྐྲུན་ཡང་མི་དགོས། ད་དུང་རིམ་པས་མང་མང་ཞིག་གིས་གཏམ་བཤད་སྤེལ་གི་རེད། ཁྱོད་ལ་ཡང་བཤད་རྒྱུ་ཡོད་ན་གོ་སྐབས་སྟེར་ཆོག་ཡ།
སེང་རྡོར་གྱི་སྐད་ཆ་དེ་ཚོ་ཐོས་རྗེས་གཞི་ནས་སེང་རྡོར་གྱི་ལྗིད་ཚད་ཤེས་སོང་ང་། ངས་ནི་ཁོ་དེ་ལས་ཨོ་ཙམ་མིན་འགྲོ་བསམ་ནས་ཡོད། འོན་ཀྱང་། གསར་བོ་ལ་ཅང་སྟོན་རྒྱུ་མེད་ཀ་་་་་་གང་ལྟར། སྐད་ཆ་སུས་བཤད་ན་འདོད་པ་རེད། དཔྱད་རྗོད་རེ་བྱེད་ཐུབ་ན་ལྷག་པར་བཟང་་གི་་་
སེང་རྡོར་གྱི་རྩོམ་ཡིག་བཀླགས་མྱོང་ལ་སྐད་ཆའང་ཉན་མྱོང་། འབྲི་རྩལ་ནི་དངོས་གནས་ཡག་པོ་འདུག རྩོམ་ཡིག་གི་བརྗོད་བྱ་དང་དཔྱད་གླེང་ཟེར་ནའང་འདྲ་ཁ་བརྡ་གཉིས་ལ་ཡིད་འཕྲོག་པོ་ཞིག་མེད་པ་མ་ཟད། ད་དུང་དགོད་ཤོར་བ་མང་པོ་འདུག དཔེར་ན། ཁང་དཀར་ལགས་ཀྱི་ཆོས་འབྱུང་བརྩམས་ཆོས་དེ་ཁོངས་བཙན་ཡིན་པ་ཁོ་རང་གིས་ཤེས་ཚོད་ཀྱིས་བཤད་བཤད་པའི་མཐར་ཐུག་འབབ་ས་ནི། ཁོ་རང་གི་རྟུལ་ཕོད་ཅེས་པའི་བརྩམས་ཆོས་དེ་བསྟན་བཅོས་ཚད་མ་ཡིན་པ་ཁོ་ནའོ།
སྙན་ངག་གི་སྐོར་གླེང་ཡོང་དུས་བསྐྱར་བཤད་དང་གླེན་བཤད་ཤིན་ཏུ་མང་བ་ཞིག་འདུག དཔེར་ན། རཱ་མ་ཎའི་རྟོགས་བརྗོད་དང་སྤྲིན་གྱི་ཕོ་ཉ་གཉིས་ཀ་སྙན་ངག་གི་ཕུད་དང་རྩེ་མོ་ཡིན་ན་སྙན་ངག་འབྲི་དགོས་དོན་མེད་པ་དང་། དེང་གི་མི་རྣམས་མཁས་པ་དང་གནའ་མི་རྣམས་གླེན་པར་བརྩིས་ཏེ་གླེན་བཤད་མང་པོ་བྱས་འདུག ད་དུང་ཁོ་རང་གིས་སྐད་ཆ་བཤད་དུས་གསན་མཁན་རྣམས་ཅི་ཡང་མི་མཁྱེན་པའི་བྱིས་པ་སྐོར་དང་འདྲ་བར་༼དི་ཟེར་དགོས་ནི་རེད་ཡ། དི་ཡིན་ནི་རེད་ཡ། དི་འགྲིག་ཡོད་ནི་མ་རེད་ཡ། ༽ ཁོ་ནའི་གཅོད་སྡུད་ཙམ་ཡང་མི་ཤེས་པ་འདྲ་བོ་ཞིག་བཟོས་འདུག བདེན་མི་བདེན་སོ་སོས་ཁོང་གི་བརྩམས་ཆོས་ཀློགས། སྐད་ཆར་ཉོན་དེ་ནས་ཧ་གོ་ཡོང་།
སེང་རྡོར་གྱིས་བཅད་གསར་ཟེར་ནས་ལྷ་འབོད་ཀླུ་འབོད་གང་འདྲ་བྱས་ཀྱང་བཤད་རྒྱུ་མེད་པའམ་བཤད་མ་ཤེས་གང་ལྟར་གླེན་བཤད་མང་གི དེ་ཙམ་གྱིས་ཅིག་ཡིན་ཟེར་ས་མི་འགྲོ། ཡིན་ཡང་མཐའ་གཅིག་ཏུ་དབྱིག་པ་ལེབ་བརྡུང་བྱེད་ན་ག་ནས་ཁོའི་སྙན་ངག་ཁ་ཤས་ཤིག་ཡག་ཐ
བོད་ནང་གི་ཤེས་ཡོན་པས་འདི་འདྲ་རྐྱང་བཤད་ནས་དུས་ཚོད་བསྐྱལ་ལས་ལུག་རྫི་བྱས་བསྡད་ན་ཕན་ཞིག་ཐོགས་འགྲོ་གི་ཡོད་རེད། དངོས་གནས་སྙིང་བོ་ཞིག་མི་འདུག
སེང་རྡོར་ནི་ཡེ་ཤུ་བོད་དུ་སྤེལ་བར་ཁས་བླངས་ཡོད་པ་དེ་རེད།