སྤོབས་པ་མཐའ་ཡས།
དོལ་རྒྱལ་ཚོགས་པ་ལགས། སྐྱག་རྫུན་བཤད་མཚམས་ཞོག ཏཱ་ལའི་བླ་མ་དང་ཁོང་གི་སློབ་མ་ཚོའི་ཆོས་དད་རང་དབང་ལ་གུས་བརྩི་ཞུ་རོགས།
དོལ་རྒྱལ་ཚོགས་པ་དང་རྒྱལ་བ་རིན་པོ་ཆེའི་བར་ན་གྲོས་མོལ་བྱ་རྒྱུ་གང་ཡང་ལུས་མེད། དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་ནི་རྒྱལ་བ་རིན་པོ་སྐུ་སྒེར་གྱི་ཆོས་དད་རང་མོས་ཀྱི་གདམ་ཀ་གཙང་མ་ཡིན་སྟབས་སུས་ཀྱང་ཁོང་ལ་བཙན་ཤེད་ཀྱིས་གནོན་ཤུགས་སྤྲོད་མི་རུང་། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ཆོས་དད་རང་དབང་གི་བདམ་ཀ་འདི་ལ་མི་སུས་བཙན་ཤེད་དང་། འཇིགས་སྐུལ། གནོན་ཤུགས་སྤྲོད་མཁན་ཚོར་རྒྱལ་བ་རིན་པོ་ཆེའི་སློབ་བརྒྱུད་དང་། ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱུ་མཚན་དང་འབྲེལ་བའི་དགག་ལན་དུས་ཐོག་ཏུ་གནང་འོས།
རྒྱལ་བ་རིན་པོ་ཆེའི་དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་མཛད་པའི་སྐོར་ལ་བཀའ་མང་པོ་ཞིག་གནང་ཡོད། དེ་ཡང་། དོལ་རྒྱལ་བརྟེན་གསོལ་གྱི་གནད་དོན་འདི་ཐོག་དང་པོར་མངོན་གསལ་ཆུང་བའི་མི་སྒེར་གྱི་ཆོས་དད་རང་དབང་གི་གདམ་ཀ་དང་འབྲེལ་བའི་གནད་དོན་ཞིག་ཡིན་མོད། དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་གནོན་ཤུགས་དང་། ཨུ་ཚུགས། ཚ་འདྲི་མཚམས་མ་བཞག་སྟབས་རྒྱལ་བ་རིན་པོ་ཆེས་གསལ་བཤད་རིམ་པར་གནང་དགོས་ཐུག་པ་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་ཀྱི་སྐོར་ལ་གང་གསུངས་བ་ཚང་མ་ཉམ་ཆུང་དྲང་བདེན་དང་། རང་སྲུང་། ཁུངས་ལུང་ཡོད་པ། རྒྱུ་མཚན་དང་སྦྲགས་པ། ནང་ཁུལ་གྱི་ཞི་མཐུན་བཀའ་མོལ་ཤ་སྟག་མ་གཏོགས་བཙན་ཤེད་ཀྱི་རྣམ་པ་སྤུ་ཙམ་ཡང་མེད། དེ་ལས་ལྡོག་སྟེ་དོལ་རྒྱལ་ཚོགས་པས་ནམ་ཡིན་ཡང་ཨུ་ཚུགས་དང་། བཙད་ཤེད། རྨོངས་དད། བཙན་འཛུལ་བ་ཚུན་ཆོད་རྒྱབ་ཤེད་དུ་ཁུར་ནས་ཐ་ན་རང་གི་མི་རིགས་ཀྱི་མདུན་ལམ་རྩ་དོན་ཡན་ཆད་བློས་དོར་ནས་རྒྱལ་བ་རིན་པོ་ཆེའི་མཛད་པ་གང་དུ་བསྐྱངས་པར་སྡིག་དམོད་བྱེད་པར་སླེབས་ཡོད།
ང་རང་ཚོ་རྒྱ་བལ་འབྲུག་གསུམ་དུ་སྐྱབས་བཅོལ་བའི་འཚོ་བ་བསྐྱལ་ནས་འདུག་མྱོང་མཁན་ཚང་མས་ཤེས་གསལ་ལ། རྒྱལ་བ་རིན་པོ་ཆེ་དང་འབྲེལ་ཡོད་སྒྲིག་འཛུགས་ཚོའི་ངོས་ནས་དོལ་རྒྱལ་རྟེན་མཁན་ཚོར་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་ལ་མི་བཅར་བའི་འབོད་སྐུལ་ཞུ་བ་ཙམ་མ་གཏོགས་གཞན་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ཆ་ཚང་གནང་ཡོད། བཙན་བྱོལ་བོད་མིའི་རྩ་ཁྲིམས་དང་། བཅའ་ཁྲིམས། སྒྲིག་ཁྲིམས་གང་གི་ནང་ན་ཡང་དོལ་རྒྱལ་སྟེན་མཁན་ལ་སྐྱབས་བཅོལ་བོད་མིའི་ཐོབ་ཐང་གི་ཟུར་ཙམ་ཡང་མེད་ཚུལ་ཚིག་གཅིག་ཀྱང་གསལ་མེད།
དགེ་ལུགས་པའི་གདན་ས་ཆེན་པོ་ཁག་ཏུ་དོལ་རྒྱལ་སྟེནན་མཁན་འཛུལ་ཞུགས་མི་ཡོང་བའི་འབོད་སྐུལ་བྱེད་པ་དེ་ནི་བླ་མ་དང་སངས་རྒྱས་དབྱེར་མེད་དུ་ལྟ་བའི་བོད་བརྒྱུད་ནང་བསྟན་གྱི་རྨངས་གཞིའི་ཤེས་བྱ་ཙམ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ཕྱིན་ཤེས་གསལ་རེད། སྤྱིར་ན་ཡེ་ཤུའི་ཆོས་ཚོགས་ལ་འཛུལ་ཞུགས་བྱེད་པར་ཡེ་ཤུའི་ཆོས་ལུགས་ཀྱི་ལམ་སྟོན་བཞིན་འགྲོ་དགོས་པ་དང་། ཨི་ཟི་ལམ་གྱི་ཆོས་ལུགས་སུ་ཞུགས་ན་ཕག་ཤ་མི་ཟ་བ་སོགས་ཀྱི་ཚུལ་ཁྲིམས་བསྲུངས་དགོས། དེ་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་བླ་ན་མེད་པའི་ཆོས་ལུགས་ཉམས་སུ་ལེན་པ་ལ་བླ་མའི་བཀའ་བསྒྲུབ་དགོས་པ་དེ་གཞི་རྩའི་དམ་ཚིག་རེད། དེ་ནི་དགེ་ལུགས་པའི་གདན་སའི་དགེ་འདུན་པ་མང་ཆེ་བ་རྒྱལ་བ་རིན་པོ་ཆེའི་ཞལ་སློབ་ཡིན་པས་དེའི་ནང་དུ་རང་གི་རྩ་བའི་བླ་མ་དང་ལྟ་སྤྱོད་མི་མཐུན་མཁན་དང་མཉམ་དུ་འདུག་མི་རུང་བ་དེ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་ཡིན། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གང་ཡིན་ན་ཡང་རང་རང་གི་བླ་མ་དང་ལྟ་སྤྱོད་མི་མཐུན་མཁན་ལ་འབྲེལ་བ་གཅོད་པ་ཡོངས་ཁྱབ་ཀྱི་སྲོལ་རྒྱུན་ཡིན་པ་མ་གཏོགས་དོལ་རྒྱལ་ཚོགས་པ་ཁོ་ན་ལ་མིན།
དགེ་ལྡན་པའི་གདན་ས་ཆེན་པོ་ཁག་གི་ནང་དུ་དོལ་རྒྱལ་བསྟེན་མཁན་ཡོད་མི་རུང་། དེ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཚོགས་ཤིག་ན་བླ་མའི་བཀའ་དང་རྒྱབ་འགལ་བྱེད་མཁན་གྱི་མི་སྣ་ཡོད་ན་འོ་མ་རུལ་བ་ཐིག་པ་གཅིག་གིས་འོ་མ་ཡོངས་རྫོགས་རུལ་བར་བྱེད་པའི་དཔེ་དོན་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་དང་རྒྱབ་འགལ་བྱས་པ་རེད། ཆོས་ལུགས་ལ་ཆ་རྒྱུས་མེད་པའི་མི་ཞིག་ཡིན་ན་ཡང་འདི་ནི་ལས་སླ་པོར་ཤེས་ཐུབ་པའི་གནད་དོན་ཞིག་ཡིན། དཔེར་ན། དམངས་གཙོ་ཚོགས་པ་ལ་ཞུགས་ན་དམངས་གཙོ་ཚོགས་པའི་ལངས་ཕྱོགས་བཞིན་བསྒྲུབ་དགོས་པ་དང་། ལྗང་ཁུ་ཚོགས་པར་ཞུགས་ན་ལྗང་ཁུ་ཚོགས་པའི་སྒྲིག་ཁྲིམས་ཁུར་དགོས། ངལ་རྩོལ་ཚོགས་པ་ལ་ཞུགས་ན་ངལ་རྩོལ་ཚོགས་པའི་ལས་འགན་བསྒྲུབ་དགོས་པ་བཞིན་དུ་བོད་བརྒྱུད་ནང་བསྟན་ལ་ཞུགས་ན་རྩ་བའི་བླ་མའི་བཀའ་བསྒྲུབ་དགོས་པའི་གཞི་རྩའི་ཤེས་བྱ་འདི་བརྗེད་མི་རུང་། དོལ་རྒྱལ་བསྟེན་པ་དང་རྒྱལ་བ་རིན་པོ་ཆེའི་སློབ་ཚོགས་ཀྱི་གྲས་སུ་འདུག་པ་གཉིས་འགལ་བ་རེད། མེ་ཆུ་གཉིས་སྣོད་གཅིག་ཏུ་འཇོག་འདོད་ལྟ་བུའི་འཁྲུལ་སྣང་ཞིག་རེད།
དོལ་རྒྱལ་ལམ་ཤུགས་ལྡན་སྟེན་མཁན་རྣམ་པ་ལགས། བོད་ཀྱི་ཡུལ་དགོན་གང་ཞིག་ཡིན་རུང་། ཡུལ་དེའི་བླ་མའི་བཀའ་དང་རྒྱབ་འགལ་བྱེད་མཁན་གྱི་མི་དེ་དང་། དེ་ལ་རྒྱབ་སྐྱོར་བྱེད་མཁན་བཅས་ཚང་མ་ཡུལ་ལུང་པ་དེ་ནས་རྒྱང་འབུད་གཏོང་སྲོལ་ཡོད། ཡིན་ན་ཡང་། གཅིག་ནས་བོད་མིའི་ད་ལྟའི་གནས་སྟངས་དང་། ལྷག་པར་རྒྱལ་བ་རིན་པོ་ཆེས་གུ་ཡངས་ཀྱི་བྱམས་སྐྱོང་འོག་ཏུ་དོལ་རྒྱལ་ཚོགས་པ་ལ་ད་བར་དུ་བཀའ་ཆོས་ཞུ་བར་མི་བཅར་བའི་རེ་སྐུལ་ཙམ་ལས་བཙན་བྱོལ་བོད་མིའི་སྐྱིད་སྡུག་གི་ཁོངས་ནས་ཕྱིར་འབུད་སོགས་བྱས་མེད། དེ་ལྟ་བུའི་བཀའ་དྲིན་ལ་བསམ་ཤེས་ཀྱིས་ད་ནས་ཁོང་གི་ཆོས་དད་རང་མོས་ཀྱི་ཐོབ་ཐང་དང་། བདམ་ཀ དེའི་རང་དབང་བཅས་ལ་གུས་བརྩི་ཞུ་རོགས།
ད་བལྟས་ཡོང་ན་བོད་མིས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ལྐོག་ལྐོག་སིབ་སིབ་ཀྱི་མཆོད་ཕྱག་བྱེད་དགོས་པ་མ་ཟད་རྒྱལ་ཆེན་ཤུགས་ལྡན་ལ་ཡང་ལྐོག་ལྐོག་སིབ་སིབ་ཀྱི་དད་པ་བྱེད་དགོས་ཡ་ཞིག་ཆགས་འདུག བོད་པ་ཚང་གི་ཆོས་ལུགས་དད་མོས་འདི་ཅི་འདྲའི་ཁྱད་མཚར་པོ་ལ། ཧཧཧ།བོད་པ་ཚང་གི་ཆོས་ལུགས་ལ་ངུ་མ་དགོད་ཀྱི་སྣང་བ་ཞིག བོད་པ་ཚང་གི་ཆབ་སྲིད་ལ་ཡང་ངུ་མ་དགོད་ཀྱི་སྣང་བ་ཞིག ཧཧཧ
པན་ཆེན་རིན་པོ་ཆེས་སྲུང་མའི་སྐོར་ལ་བཀའ་སློབ་སྙན་པོ་ཞིག་གནང་བ་གོ་མྱོང་། ཁོང་གིས། སྲུང་མ་ཚོའི་ལས་ཀ་ནི་ཆོས་པ་ཚོར་རོགས་པ་བྱས་ནས་མཐུན་རྐྱེན་སྒྲུབ་པ་དང་འགལ་རྐྱེན་གཏོར་བ་དེ་རེད། དེར་བརྟེན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བོད་ལ་སྲུང་མ་མང་པོ་དམ་ལ་བཏགས་ནས་ལས་ཀ་སྐུལ་ཡོད། རྗེ་རིན་པོ་ཆེས་སྲུང་མ་མང་པོར་བཀའ་བསྐོས་ནས་ལས་ཀ་སྐུལ་གྱི་ཡོད། ཤུགས་བསྟན་དེ་རྒྱལ་བ་ལྔ་པས་འདེད་ནས་བཀྲ་ཤིས་ལྷུན་པོ་དང་ས་སྐྱར་བྲོས་ཡོང་བ་རེད། དེ་ལ་ལས་ཀ་སྐུལ་བ་དེ་ནོར་བ་རེད། བྱས་ཙང་བཀྲ་ཤིས་ལྷུན་པོར་དོལ་རྒྱལ་སྲོག་གཏད་ལྟ་ཅི། སྲུང་མའི་འགྲས་སུ་འཇོག་གི་མིན་གསུངས། རྗེས་མ་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་གསར་པའི་ནང་ལ་དོལ་རྒྱལ་བསྟེན་མི་ཆོག་པ་གསལ་པོ་འདུག འདི་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ཕྱོགས་བསྡུས་ནང་ལ་འདུག ད་དོལ་རྒྱལ་བ་ཚོས་པན་ཆེན་རིན་པོ་ཆེའི་སྐུ་པར་བཞག་ནས་ཁོང་ཚོའི་མགོན་སྐྱབས་ཡིན་མདོག་བྱེད་པ་འདི་ཧམ་པ་དང་སྐྱག་རྫུན་ལས་མི་འདས།
སྤོབས་པ་མཐོ་ཡང་ང་རྒྱལ་མི་ཆེ་ལ།།
མཐའ་ཡས་བརྗོད་ཀྱང་རྫུན་གཏམ་མ་བསླད་པ།།
བདེན་པར་བསྟོད་དང་རྫུན་པར་སྨད་ན་ནི།།
བདེན་པ་རྣམ་པར་རྒྱལ་ལོ་བོད་རྒྱལ་ལོ།།
དོལ་རྒྱལ་ཚོགས་པ། སྐྱག་རྫུན་མཚམས་ཞོག ཞེས་པ་སྤོབས་པ་མཐའ་ཡས། བྲིས་པའི་ཆེད་རྩོམ་འདི་ལ་དགའ་གུས་ཡི་རངས་སོ། # 2 བསམ་ཤེས་ཀྱིས། དོལ་རྒྱལ་ཚོགས་པ་འགས། པཎ་ཆེན་རིན་པོ་སྐུ་པར་བེད་སྤྱོད་བྱས་པར། རྫུན་རྐུབ་སྟོན་པར་ཤིན་ཏུ་ལེགས།
ཁྱེད་གཉིས་ཀ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་གདའ། ད་དུང་གཞོན་སྐྱེས་སྨྱུག་འཛིན་པ་ཚོས། ངར་ཤོག ཕེབས་ཤོག དགའ་བསུ་ཡོད། ཕེབས་བསུ་ཡོད།
དོལ་རྒྱལ། ཕྱིར་ཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག། །།
པཎ་ཆེན་བཅུ་བ་ཆེན་པོའི་གསུང་འབུམ་དུ་དོལ་རྒྱལ་སྐོར་ཡོད་པ་རྫུན་མ་ཞིག་གིས་བཅུག་པ་རེད་ཟེར། ༡༽པཎ་ཆེན་བཅུ་བ་༧ཀུན་གཟིགས་པཎ་ཆེན་མཅོག་གིས་དོལ་རྒྱལ་དམ་བསྒྲགས་སྐོར། ཀུན་གཟིགས་པཎ་ཆེན་བཅཅུ་བ་ཆེན་པོ་ཚ་ཚོ་ངག་དབང་གྲགས་པའི་དགོན་པ་༡༠༨་བཏབ་པའི་ཐོག་མ་རྔ་བའི་ཨ་འདུ་ཡག་མགོ་དགོན་དུ་ཕེབས་དུས་རླུང་འཚུབས་སོགས་གནམ་གཤིས་ཀྱི་འགྱུར་བ་རེ་བྱུང་། རས་གུར་རལ་བས། ༧ཀུན་གཟིགས་མཆོག་གིས་དེ་རྒྱལ་ངན་ཤུགས་ལྡན་གྱིས་ཆོ་འཕྲུལ་ཆུང་ངུ་ཞིག་རེད། ཁོས་ངེད་ཚོ་ཡང་དག་པའི་ལྟ་བ་ཅན་ལ་བར་གཅོད་བྱེད་མི་ཐུབ། ང་ཚོ་ལ་བླ་མ་ཡང་དག་པ་དང་། ཡི་དམ་ཆོས་སྲུང་ཡང་དག་པ་འབྲལ་མེད་ཡོད་ཅེས་བཀའ་བཙན་པོ་གནང་བ་རེད། འདི་སྐོར་ལ་སྒྲ་ཐག་ཀྱང་ཡོད་ཟེར། ༢༽པཎ་ཆེན་བཅུ་བའི་གསུང་རྩོམ་རྣམས་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུ་དག་བྱེད་དུས་དོལ་རྒྱལ་ཀྱི་སྐོར་མེད་པ་རེད། ༣༽པཎ་ཆེན་བཅུ་བ་ཆེན་པོའི་བོད་ཡིག་གི་དྲུང་ཡིག་ཨ་ལགས་བསྭེ་ཚང་བློ་བཟང་དཔལ་ལྡན་དང་། དཔེ་ཝར་སྤྲུལ་སྐུ་འཆི་མེད་རྡོ་རྗེ་སོགས་ཤིན་ཏུ་ཐུགས་ཉེ་བའི་སྐུ་མདུན་པ་ཚོས་དེ་རྫུན་མ་ཡིན་ཚུལ་གསུང་ཡོད། ཨ་ཀྱ་ཚང་གིས་འདིས་སྐོར་ལ་ཅིག་གསུང་དགོས་འདུག ༤༽ཕཎ་ཆེན་རིམ་བྱོན་སྐུ་གདུང་ལྷ་ཁང་དུ་སྲུང་མའི་སྐོར་གྱང་རིས་འབྲི་དུས་༧ཀུན་གཟིགས་མཆོག་གིས་རྒྱལ་པོ་ཤུགས་ལྡན་ལྟ་བུའི་འཇིག་རྟེན་དྲེགས་པའི་སྐོར་མི་དགོས། པཎ་ཆེན་རིམ་བྱོན་གྱི་བཀའ་སྲུང་ཡང་དག་པ་རྣམས་དང་ང་རང་ཁྱིམ་རྒྱུད་ཀྱི་སྲུང་མ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལས་གཞན་མི་དགོས་ཅེས་བཀའ་བབ་ཡོད། ད་ལྟ་ལྷ་ཁང་དུ་མཇལ་བས་ཀྱང་ཤེས། གཟིགས་མཁན་རྣམས་ཀྱིས་༧ཀུན་གཟིགས་མཆོག་གི་གསུང་འབུམ་གསར་བཞེངས་སྐབས་དགོངས་པ་བཞེས་གྲོགས་ཅེས་འབོད་བསྐུལ་ཞུ་བའོ། །
ཡེ་གེ་འབྲི་མཁན་ཚོས་ཡདི་འདྲ་བྲིས་ན་རྒྱབ་སྐྱོར་ཡོད།
པཎ་ཆེན་རིན་པོ་ཆེ་མཆོག་གིས་དོལ་རྒྱལ་སྐོར་ལ་གང་དུ་ག་རེ་གསུངས་ཡོད་མེད་འདིར་ཁུངས་སྣེ་རེ་གསལ་འདོད་ཞུ་ཐུབ་ན་ཕན་པོ་འདུག གལ་ཆེན་ཡང་རེད། སྤོབས་པ་ལགས་ཀྱི་ལྗགས་རྩོམ་འདི་དངོས་གནས་ཡག་བྱུང་།
འདྲེ་གསོལ་བ་ནི་ཆོས་བྱས་པ་མ་རེད། དེས་ན་འདི་ཆོས་དད་རང་དབང་དང་འབྲེལ་ནས་བཤད་པ་ནི་གཞི་རྩ་མེད་པ་ཞིག་རེད།
གནས་ལུགས་ཅན་ལ་ནམ་ཡང་གུས་བཀུར་དང་།།
ཕྱོགས་ཞེན་ཅན་ལ་ཁ་ངན་ཚིག་ངན་གཉིས།།
བུ་ཆུང་བདག་གི་རང་གཤིས་དངོས་ཡིན་པས།།
དྲྭ་བའི་འབུ་དག་ཁའི་ནང་ཚ་པོ་མཆོད།།
དེང་སང་རྡ་སའི་རི་ཟུར་དེ་བར་རྒྱ་འདྲེ་གསོན་པོ་དེ་འདྲ་ཡོད་སྐད། དོལ་ཚོགས་ཚོས་དེ་ཚོ་ཡང་ཡི་དམ་ལ་རྨོང་ནས་དངུལ་དངོས་ཀྱིས་གསོལ་མཆོད་འདྲ་བྱེད་རྩིས་མེད་དམ། དེ་ཡང་ཁོ་ཚོས་མཐོང་བའི་ཆོས་རེད། དོལ་ཆོས། ངོ་མ་རེད་དོལ་ཆོས་ཟེར་བ་དེ་འདྲ་ཞིག་ལས་ངོས་འཛིན་ཐབས་མེད།
སྤོབས་པ་ལགས་ཀྱིས་སྤོབས་པ་མཐོན་པོས་སྐད་ཆ་དག་ལ་ཡིག་ངག་གཉིས་ཐོག་ནས་དགའ་བསུ་ཡོད་ལ། ཡང་ན་ལུས་ངག་ཡིད་གསུམ་ཀྱིས་རྒྱབ་སྐྱོར་ཚད་མཐོན་པོ་ཡོད།
པན་ཆེན་རིན་པོ་ཆེ་དང་འབྲེལ་བའི་དོལ་རྒྱལ་བ་ཚོའི་རྫུན་ད་དུང་གཅིག་འདི་ལ་འཐེར་འདོན་བྱེད།
ཕ་རྒོད་བླ་མའི་ཞལ་ལུང་སྟེ། དོལ་རྒྱལ་བ་ཚོས་བཀའ་འགྱུར་ལ་རྩི་བའི་དེབ་དེ་ལ། པན་ཆེན་སྐུ་ཕྲེང་བརྒྱད་པ་བློ་བཟང་དཔལ་ལྡན། དེའི་ཡང་སྲིད་པན་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་གཉིས་རྙིང་ཆོས་ལ་ཞུགས་པས་དོལ་རྒྱལ་གྱིས་དཀྲོངས་ཟེར། འདི་ལྟར་ཡིན་ན། ཁྱོད་ཚོས་ཁོང་གི་ཡང་སྲིད་སྐུ་ཕྲེང་བཅུ་པར་རྒྱབ་བསྟེན་འཚོལ་བ་འདི་ཤིན་དུ་ནས་མ་རུང་བའི་བྱ་སྤྱོད་མ་ཡིན་ནམ། དོལ་རྒྱལ་གྱིས་པན་ཆེན་སྐུ་ཕྲེང་གཉིས་དཀྲོངས་རྗེས་ད་དུང་གསུམ་པ་བེད་སྤྱོད་བཏང་ནས་དོལ་ཁུངས་འཚོལ་བ་འདི་ཁབ་རྗེས་ལ་སྙུང་ཐར་དང་། སྐྱག་པ་གཅིན་གྱིས་འཁྲུད་པ་མ་ཡིན་ནམ། དོལ་རྒྱལ་གྱིས་ལག་དམར་བྱས་རྗེས་ཀྱི་ཐོ་ཞིབ་ཕྲ་ཞིག་བརྙན་ཐུང་འདིའི་ནང་ལ་འདུག་ལ་འདི་ལ་སྣོན་མ་གཅིག་ནི། དོལ་རྒྱལ་བ་ཚོས་བཤད་རྒྱུར་ཁོང་ཚོས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡང་དཀྲོངས་ཟེར། འདི་སྣན་དགོས་འདུག
https://www.facebook.com/photo.php?v=559533290811402&set=vb.100002642078748&type=2&theater
བོད་ཀྱི་སྤྱི་ཚོགས་ནང་གི་ཕུང་འདྲེ་ཡོད་ན་མེད་ན་ནི་དོལ་ཚོགས་འདི་རེད། དོལ་ཚོགས་ཚོས་ཕ་མེས་ཀྱི་བླ་བཙོངས་ནས་རྒྱ་དམར་དགྲ་བོའི་ལག་ནས་ལྟོ་རྒྱབ་འཚོལ་གྱི་ཡོད། དེ་ལ་བོད་མི་སུས་ཡང་གུ་ཡངས་གཏོང་ཐབས་མེད།
དོལ་ཚོགས་གིས་པཎ་ཆེན་གཅུ་པའི་སྐུ་པར་བེད་སྤྱོད་ཀྱི་ཁོང་ལ་མཚན་ཤས་བཟོས་པ་རང་རེད།
སྤོབས་པ་མཐའ་ཡས་ལགས་ཀྱི་གསུངས་ལ་མངོན་པར་བསྟོད་དོ།
སྤོབས་པ་མཐའ་ཡས་ལགས་ཀྱི་གསུངས་ལ་མངོན་པར་བསྟོད་དོ།
དོལ་རྒྱལ་ཚོགས་པ་ལ་གྲོས་མོལ་བྱ་རྒྱུ་གང་ཡང་ལྷག་ཡོད་པ་མ་རེད།
ད་ནི་རྒྱ་ཁྱི་དོལ་ཚོགས་ཀྱི་རྫུན་རྐུབ་རེ་རེ་བཞིན་བརྡོལ་བའི་དུས་ལ་བབས་པ་རེད། སྤོབས་པ་མཐའ་ཡས་ལ་བཀའ་དྲིན་ཆེ་ཞུ།
རྣམ་པ་ཚོས་གཟིགས་ཞིབ་དང་འབྲེལ་གདེངས་འཇོག་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་། རང་རེའི་སྤྱི་ཚོགས་ནང་གི་གུ་ཡངས་པོ་དང་། མཐོང་རྒྱ་ཆེན་པོ། བསམ་བློ་གསར་པ་ཡོད་ཟེར་མཁན་མང་པོ་ཞིག་གིས་ད་དུང་ཡང་ཆོས་དད་རང་དབང་གི་གཞི་རྩའི་ངོ་བོ་དང་། དེའི་ཐོབ་ཐང་། ད་དུང་དེ་དང་འབྲེལ་བའི་ལས་འགན་བཅས་ཡག་པོ་ཞིག་ངོ་ཟིན་མེད་པ་འདྲ་བས་འདི་དག་གི་ཐད་ལ་དོག་འདྲི་དང་། དགག་པ། བསམ་འཆར་མི་འདྲ་བ་གང་ཡོད་འདོན་པར་དགའ་བསུ་ཚད་མེད་ཡོད། བརྗོད་གཞི་འདི་དང་འབྲེལ་བའི་རྒྱུ་མཚན་དང་། སྒྲུབ་བྱེད། རིགས་པ་མང་པོ་ཞིག་རྒྱབ་གནོན་གྱི་ཚུལ་དུ་ཉར་ཡོད་པས་དེ་ཚོ་ཡང་བརྗོད་གཞི་འདི་ལ་དོ་སྣང་ཡོད་མཁན་ཡོད་ན་ངས་རིམ་པས་ཡིག་ཐོག་ཏུ་ཕབ་ནས་རྣམ་པ་ལྷན་རྒྱས་ཀྱི་སྤྱན་སྔར་འབུལ་འཆར་ཡོད།
དྲང་པོ་བཤད་ན་མི་དགའ་ཟེར་བ་ལྟར། མི་དགའ་ནའང་བཤད་དགོས་ཐུག་གི་འདུག བོད་མ་ཤོར་གོང་ལ་བོད་གཞུང་གི་སྐུ་དྲག་ངན་པ་ཚོས་མངོན་ལྐོག་བརྒྱུད་གསུམ་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ལྟ་བུའི་བོད་སྤྱི་ཕན་གྱི་དགོངས་པར་བར་ཆད་བཟོས་ནས། རྒྱལ་བའི་དགོངས་པ་མ་འགྲུབ། བོད་ས་ཤོར། བོད་མི་མང་བསད། མང་པོ་བཙོན་དུ་ཚུད། མང་པོ་ཕ་ཡུལ་བཞག་ནས་རྒྱ་གར་སོགས་ཕྱི་རྒྱལ་ཁག་ཏུ་སྤྲང་པོ་བྱས་ནས་སྲོག་སྐྱོབས་ཏུ་འབྲོ་དགོས་ཐུག་པ་རེད། དེའི་ཕྱིར་སྐུ་དྲག་ཚོས་ནག་ཉེས་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་ནམ་ཡང་བཀྲུས་ན་དག་ཐབས་ཡོད་པ་མ་རེད།
བོད་ཤོར་བའི་རྗེས་སུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་མཆོག་གིས་བོད་དང་འཛམ་གླིང་སྤྱི་ཕན་གྱི་དགོངས་པ་རྒྱ་ཆེན་པོ་རྣམས་ལ། ཁམས་པ་ཁག་ཅིག་གིས་རྒྱུན་ཆད་མེད་པར་བར་ཆད་བཟོས་ནས། རྒྱལ་བའི་དབང་པོ་མཆོག་ལ་སྐུ་ངལ་ཚད་མེད་བཟོས་དང་བཟོ་བཞིན་པ་རེད། སྔ་མོའི་བོད་ཀྱི་སྐུ་དྲག་ཚོ་དང་ད་ལྟའི་ཁམས་པ་ཁག་ཅིག་གི་བྱེད་སྟངས་གཅིག་པ་ཆགས་ཡོད་ལ། ཁོང་ཚོའི་ནག་ཉེས་མི་རབས་ནས་མི་རབས་བར་དུ་དག་ཐབས་མེད་པ་མ་ཟད། བོད་རྩ་མེད་དུ་འགྲོ་བའི་རྐྱེན་གཙོ་བོ་དེ་ཆགས་ཡོད་པ་རེད།
མདོར་དེད་རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་སྐུ་དྲག་མཁྲེགས་འཛིན་ཅན་ཚོ་དང་། ཡང་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་དགོངས་པར་བད་ཆད་རིམ་པ་བཟོ་མཁན་ཁམས་པ་མཁྲེགས་འཛིན་ཅན་ཚོའི་ནག་གཅིག་པ་རེད། ཆུ་སྒང་རྙོག་དྲ། ཐེ་ཝན་གྱི་ཕོག། དོལ་འདྲེའི་དཀའ་རྙོག་ཚང་མ་བཟོ་མཁན་གཙོ་བོ་ཁམས་པ་ཁག་ཅིག་ཆགས་ཡོད་པ་རེད། རྙོག་དྲ་དེ་ཚོ་ཕྱིའི་རྣམ་པ་མི་འདྲ་བ་ཡིན་ནའང་། དོན་གྱིས་ཕྲག་དོག་ཆེ་བའི་ཁམས་པ་ཁག་ཅིག་གིས་གནས་ཚུལ་འདྲ་མི་འདྲ་ལ་ཁ་གཡར་ནས། རྣམ་པ་མི་འདྲ་བའི་རྙོག་དྲ་མང་པོ་བཟོ་གི་ཡོད་པ་རེད། མདོ་དོན་ཁོང་ཚོས་༧རྒྱལ་བའི་མཛད་འཕྲིན་ལའང་ཕྲག་དོག་བྱས་པའི་ཁུལ་རེད།
བྱས་ཙང་རྒྱལ་དབང་བཅུ་གསུམ་པའི་དགོངས་པར་བར་ཆད་བཟོ་མཁན་སྐུ་དྲག་ཚོ་དང་བཅུ་བཞིའི་དགོངས་པར་བར་ཆད་བཟོ་མཁན་ཁམས་པ་ཁག་ཅིག་གི་ནག་ཉེས་ཡང་ལྕི་གཅིག་པ་ཆགས་ཡོད་པ་རེད།
ཆེས་གལ་ཆེ་ཤོས་ཤིག་ལ། འདིར་ཁམས་པ་ཁག་ཅིག་ཅེས་པ་གོ་བ་གསལ་བོ་ལེན་རོགས། མིང་གྲགས་དང་རྒྱུ་ནོར་ལ་དགའ་མཁན་ངོ་ཚ་ཁྲེལ་མེད་པའི་མགོ་གཙོ་ཉུང་ཤས་ཤིག་ལས། མདོ་སྟོད་མི་མང་སྤྱི་ཡོངས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་དང་གཏོང་བཞིན་པའི་བྱས་རྗེས་རྣམས་བརྗོད་ན་རྫོགས་མེད་པ་ཡོད་རེད། བོད་ལ་དུས་ལོག་བྱུང་སྐབས་ཀྱང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་ཆུ་བཞི་སྒང་དྲུག་སོགས་ཀྱི་སྙིང་སྟོབས་དང་བྱས་རྗེས་རྣམས་འཇིག་རྟེན་མ་སྟོང་བར་དུ་བོད་མི་ཚོས་སེམས་ནང་བཀའ་དྲིན་དྲན་ཤེས་དང་སེམས་ལ་ཉར་གི་རེད། དེའི་ཕྱིར་དྲང་གཏམ་འདིས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ནང་བྱས་རྗེས་རླབས་ཆེན་ལྡན་པའི་མདོ་སྟོད་མི་མང་སྤྱི་ཡོངས་ལ་གོ་ནོར་མི་ཐེབས་བའི་རེ་བ་ཡོད། དྲང་པོ་མ་བཤད་ན་མི་ངན་མང་པོ་ཞིག་མདི་སྟོད་མི་མང་གི་ནང་དུ་འཛུལ་ནས་བོད་དོན་ཕུགས་དཀྲུགས་མདའ་དཀྲུགས་བྱེད་ཀྱི་ཡོད་སྟབས། མི་བཤད་ཐབས་མེད་རེད།
སྟག་སྨྱོན་ལགས་ཀྱིས་དྲང་པོ་བཤད་ཁུལ་གྱིས་རྫུན་ཡང་ཏོག་ཙམ་བཤད་ཀྱིན་འདུག། ༧སྐུ་ཕྲེང་བཅུ་གསུམ་པའི་བོད་གསར་འཛུགས་བསྐྲུན་གྱི་བྱ་གཞག་གི་དགོངས་པ་ཟབ་མོར་བར་དུ་གཅོད་མཁན་སྐུ་དྲག་གཅིག་པོ་ཨེ་ཡིན་ནམ། ངས་ལྟར་ན་༧སྐུ་ཕྲེང་བཅུ་གསུམ་པའི་དགོངས་པ་རྒྱ་ཆེན་ལ་བར་དུ་གཅོད་མཁན་མངའ་བདག་ཆེན་པོ་གསུམ་ག་ཡོད་པ་རེད་དྲན་ཡོད། དེ་མིན་ན་༧བཅུ་གསུམ་པའི་དགོངས་པ་བསྒྲུབ་མཁན་ལུང་ཤར་དང་དགེ་ཆོས་སྤྱན་བསལ་སྐུ་དཔོན་སོགས་ཀྱི་ལུས་སྲོག་ལ་འཚེ་བར་བྱེད་མཁན་དེ་ཚོ་སུ་ཡིན་ནམ། འདི་ཚོའི་བྱེད་གཏེ་དེ་སུ་རེད། ད་དུང་༧བཅུ་གསུམ་པའི་བོད་གསར་འའཛུགས་བསྐྲུན་གྱི་དགོངས་གཞི་བླ་མེད་འོག་ལྷ་སར་དབྱིན་ཇིའི་སློབ་གྲྭ་འཛུགས་རྒྱུར་ངོ་རྒོལ་གྱིས་བར་དུ་གཅོད་མཁན་དེ་ཚོ་སུ་རེད། བྱས་ཉེས་འདི་ཚོ་ཞིམ་སྐྱག་སྦས་སྦས་བྱས་ནས་ཅང་ཕན་གྱི་མ་རེད། མ་གཞི་འདས་དོན་གླེང་ནས་རུལ་དྲི་ཁ་རོགས་ལས་ཅང་ཡོད་རྒྱུ་མ་རེད། རེད་དེ་འདས་དོན་ལ་བསླབ་བྱ་བླངས་ནས་འབྱུང་འགྱུར་ལ་ཁ་ཕྱོགས་མ་ནོར་བ་བྱེད་རྒྱུ་དེ་ཡང་གལ་ཆེན་དོན་ཆེན་རེད།
སྐུ་ཞབས་རྣམ་དཔྱོད་ཡངས་པ་སྟག་སྨྱོན་ལགས་སླར་ཡང་འདིར་མཇལ་བས་དགའ་བྱུང་། ཁྱེད་ཀྱིས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་པར་བར་ཆད་མཟོ་མཁན་ཁམས་པ་ཁག་གཅིག་རེད་གསུངས་པ་དེར་བརྟག་དཔྱད་ཅིག་བྱ། དོལ་ཚོགས་ཀྱི་རྙོགས་གླེང་སློང་མཁན་འདི་ཁམས་པ་ཁོ་ན་ཡང་མ་རེད། གངས་ཅན་བླ་མ་དང་། དགེ་བཤེས་སྐལ་བཟང་། མདོ་སྨད་པ་ཡོན་ཏན་རྒྱ་མཚོ་སོགས་དོལ་ཚོགས་ཀྱི་མགོ་གཙོའི་གྲས་རེད། དགའ་ཁྲི་ལུང་རིག་རྣམ་རྒྱལ་ལྟ་བུའི་ཁམས་པའི་མི་ཆེན་ཡང་ཡོད་པ་བདེན། མདུན་ལ་ཐོན་ནས་རྒྱུག་མཁན་གྱི་གྲས་སུ་ཁམས་པ་ཡོད་པ་བདེན་པ་རེད།
ཁྱེད་ཀྱིས་གསུངས་པ་བཞིན་གལ་སྲིད་དོལ་རྒྱལ་འདི་ཁམས་པ་དང་འབྲེལ་བ་ཆེ་ན་དེའི་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད་སྐོར་ཁྱེད་ཀྱིས་མཁྱེན་གྱིན་ཡོད་དམ།
དོལ་རྒྱལ་གདོན་འདྲེ་ཡིན་པ་༧རྒྱལ་དབང་ལྔ་བ་ནས་གསལ་འདོན་བྱས་ཟིན་པ་དང་གཉན་འཕྲེང་གི་དུས་འདིར་༧གོང་ས་བཅུ་བཞི་བས་དེ་དོན་བཞིན་རྒྱུད་བསྒྲགས་བྱེད་པ་ཁོང་གི་འོས་འགན་དང་ཉན་མི་ཉན་སོ་སོའི་འདོད་པ་རེད་ཅེས་བཀའ་སློབ་གང་མང་གནང་ཚར། ལ་ཤས་ཀྱིས་མགོ་མ་ཚོས་པ་རྗེས་འབྲང་སྐོར་ཞིག་གིས་དེ་སྔ་ནས་མཚམས་འཇོག་གཙང་མ་བྱས་དང་བྱེད་བཞིན་པ་ཞིག་རེད། ལྷག་འཕྲོས་ཚོས་ཁ་ལ་འཁྱེར་བའི་སྲུང་མ་དེ་གདོན་འདྲེ་ཡིན་པ་ཤེས་བཞིན་དུ་ལྡོག་ཕྱོགས་ནས་འགྲེལ་ཁུལ་བྱེད་ཞོར་གུང་ཁྲན་དམར་གཞུང་གི་དངུལ་དངོས་འོག་ན་སྤས་སྐུང་གི་ཚུལ་གྱིས་འགྲེངས་སྟེ་འཇམ་མགོན་བླ་མའི་བསྟན་སྲུང་ཡང་དག་ཞིག་ཡིན་པ་སྒྲུབ་ཀྱི་ཡོད། ཇི་ལྟར་བཤད་ཀྱང་གདོན་འདྲེ་དེའི་བྱུང་རིམ་ལས་ནང་བཀྲ་མ་ཤིས་པའི་གནས་ཚུལ་མང་པོ་བྱུང་ཡོད་ལ། མ་ཟད། མི་གསོད་ཉེས་རྡུང་གི་སྤྱོད་ངན་ཡང་མང་པོ་བྱུང་ཡོད། ད་ལྟའི་ཆར་ཡང་ཁ་ཕྱོགས་གཞན་དུ་བསྒྱུར་ནས་༧གོང་ས་མཆོག་ནུབ་ཕྱོགས་ཡུལ་གྲུར་ཕེབས་སྐབས་ལེགས་ཉེས་ཀྱི་རྣམ་དཔྱོད་མེད་པའི་མགོ་སེར་སྐོར་ཞིག་བསྡུས་སྟེ་ཆོས་དད་རང་དབང་སྤྲོད་ཀྱི་མེད་པའི་འབོད་ཚིག་བསྒྲོགས་ཀྱི་ཡོད། བསྐོར་བ་ཇི་ལྟར་བརྒྱབ་ཀྱང་གདོན་འདྲེ་ཁ་འཁྱེར་གྱིས་དམར་གཞུང་གིས་བཀོད་སྒྲིག་ལྟར་བོད་པ་ནང་ཁུལ་གྱི་མཐུན་སྒྲིལ་དང་ནུས་པ། ཁ་ཕྱོགས་གང་ཐད་ལ་རང་ཉིད་བོད་མི་ཞིག་ཡིན་པ་བརྗེད་ནས་རང་ཉིད་ཀྱི་ཁ་གཏད་རང་ཉིད་ཀྱིས་གཞོམ་གྱི་ཡོད་པ་བོད་པ་ཚང་མའི་ཤེས་དགོས་པའི་དུས་ལ་བབ་ཡོད།
ངས་བསམ་ན་ཁམས་ཀྱི་སྡེ་ཚོ་མང་པོ་ཞིག་སྔར་བོད་དབུས་གཞུང་གི་གྲས་སུ་ཡར་མ་ཚུད། རྒྱ་ནག་གོང་མའི་ཁོངས་སུ་མར་མ་ཚུད་པར་ས་ཁུག་ལུང་དཀྱོག་གི་མི་རྒོད་དུ་གྱུར་སོང་སྟབས། མི་མང་པོ་ཞིག་ཆབ་སྲིད་ཀྱི་གྱ་གྱུ་ལ་གོམས་མེད་སྟབས་ཕྱོགས་གཅིག་ནས་མི་ཁ་རི་ཁ་ཐུག་དྲང་པོ་དང་། དགའ་སྡུག་གི་ཚོར་བ་ཕྱིར་སྟོན་མགྱོག་པོ། མི་ལ་ཡིད་ཆེས་བློ་གཏད་བྱེད་མཁན། སྡུག་ཕྱོགས་ནས་རྒྱ་ཆེ་ས་ནས་མི་མཐོང་བ་དང་། གཞན་གྱི་བཀོལ་སྤྱོད་འོག་ཏུ་འགྲོ་སླ་བ་བཅས་ཡིན་པས་ཁམས་མི་ནང་ཁུལ་ལ་ཡང་མ་འགྲིགས་པའི་དཀའ་ངལ་མང་པོ་འཕྲད་པ་དང་། དོལ་ཚོགས་ཀྱི་གནད་དོན་ལྟ་བུའི་མདུན་ཏུ་ཐོན་མཁན་ཡང་ཁོ་ཚོ་ཆགས་སོང་རེད་བསམ། མཚན་ཉིད་དགེ་བཤེས་བློ་བཟང་རྒྱ་མཚོའི་འདས་རྐྱེན་ལས་ཀྱང་གསལ་པོར་མཐོང་ཐུབ་པ་ཞིག་མི་འདུག་གམ། ངའི་བསམ་ཚུལ་ཙམ་ཡིན།
སྤོགས་པ་མཐའ་ཡས་ལགས་ཀྱིས་སྐབས་འདིར་བདེན་པའི་རྒྱབ་ལངས་དང། ངན་པའི་གཡོ་བྱུས་ཐེར་འདོན་གནང་བར་ཧ་ཅང་དགའ་པོ་བྱུང་རྗེས་སུ་ཡིད་རང་ཡོད། སྐུ་ཉིད་ཀྱི་ཤེས་ཡོན་བོད་སྤྱོད་གཏོང་ས་ནོར་མི་འདུག།
སྟག་སྨྱོན་གྱི་བཤད་པའི་སྐད་ཆ་དེར་བདེན་པ་ཏོག་ཙམ་འདུག་པ་དེས་ངའི་ཁམས་པའི་ལ་རྒྱ་འདི་ལ་ན་ཚ་ཏོག་ཙམ་བཏང་བྱུང་། ང་ཚོ་ཁམས་པ་མི་ཐབས་སྡུག་འདི་འདྲ་མིན། དོལ་རྒྱལ་སྤེལ་མཁན་གཙོ་བོ་དབུས་གཙང་བ་རེད་ཅེས་བརྒྱ་ཆ་བརྒྱ་ཐམ་པས་ཞུ་ཐུབ། ངས་དོལ་རྒྱལ་གྱི་བླ་རྒྱུད་འབུལ་ཆོག
ཕ་བོང་ཁ་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ། མཛེ་སྨད་རིན་པོ་ཆེ། ཟོང་རིན་པོ་ཆེ། ༼འདི་པ་ཁམས་པ་རེད།༽