ཉིན་མཐའ་མའི་གྲོས་ཚོགས་གསར་འགྱུར་གློག་བརྙན། Posted on 2014-03-222014-03-22 By ཁ་བརྡ་ 23 Comments on ཉིན་མཐའ་མའི་གྲོས་ཚོགས་གསར་འགྱུར་གློག་བརྙན། གསར་འགྱུར།
ད་ཁྱོན་ནས་འགྲིག་མི་འདུག བདེ་སྲུང་བཀའ་བློན་གྱིས་དོལ་རྒྱལ་ཚོགས་པའི་གནད་དོན་ཞི་འཇམ་ཡོང་ཐབས་ཐད་གསུང་གི་འདུག ཚོགས་གཙོ་ལགས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་རྙོག་དྲ་ཇེ་ཆེར་གཏོང་འདུན་འདུག བཀའ་སྤྱི་གཉིས་ཀྱི་བར་ལ་འགལ་བ་ཡོད་པ་ཞིག་མཐོང་ཡོང་གི་འདུག ད་དུང་ཚོགས་གཙོས་གྲོས་ཚོགས་ནང་ཆོལ་ཁའི་རྙོག་གླེང་མེད་ཅེས་གོང་ས་མཆོག་ལ་ཞུས་ཚུལ་གསུང་གི་འདུག་སྟེ། ད་རེས་ཨ་མདོའི་སྤྱི་འཐུས་འོས་འདེམས་ནང་ཆོལ་ཁའི་རྩོད་རྙོག་བེད་སྤྱོད་གཏོང་བཞིན་པ་ཡོངས་གྲགས་ཡིན་པས། གོང་ས་མཆོག་ལ་སྐྱག་རྫུན་ཞུས་འདུག ད་ག་རེ་བྱེད་དགོས་སམ།
ཆ་ཚང་ཉན་པ་ཡིན། གོང་གི་མཆན་འདི་བདེན་པར་སྣང་། ཡིན་ནའང་། སྤྱི་འཐུས་ཚོགས་གཙོ་ལགས་ཀྱིས་འགྲེལ་བརྗོད་གནང་བའི་དུས་ལ་སླེབས་ཡོད་པས། མཐའ་བསྡོམས་ཕྱོགས་གཉིས་ལ་ཉན་རྗེས་མ་གཏོགས་འགོད་མི་བདེ་ཡང་ལན་མ་བཏབ་ཚེ་ཁ་མི་གྲགས་པའི་ངོས་ལེན་ཟེར་བ་ཞིག་ཀྱང་ཡོད་པ་རེད། བསམ་ཚུལ་གཞན་ཡོད་དམ།
སྤྱི་འཐུས་ལྷན་ཚོགས་འདི་སྔར་དང་མི་འདྲ་བའི་ཡར་རྒྱས་ཆེན་པོ་ཕྱིན་འདུག སྡངདགྲ་བོས་མཐོང་ན་ཡིད་སེམས་འཁྲུག་ལེ་དང་། གཉེན་ཕུ་ནུས་མཐོང་ན་སྤྲོ་བ་སྐྱེ་ལེ་ཞིག་རེད།
ཨ་རོ། ཁྱོད་ཀྱི་མྱི་ཁའི་ནང་དུ་ཚོགས་གཙོས་ཆོལ་ཁའི་རྙོག་དྲ་བཀོལ་བཞིན་དུ་གྲོས་ཚོགས་ནང་ཆོལ་ཁའི་རྙོག་དྲ་མེད་ཅེས་རྒྱལ་བ་རིན་པོ་ཆེར་མགོ་གཡོག་མགོ་བསྐོར་གཏོང་བཞིན་པ་དང་། ཤུགས་ལྡན་རྩོད་རྙོག་མེད་པ་བཟོ་ཐབས་ལས་ལྡོག་ནས་ཆེ་རུ་གཏོང་འདུན་འཆིང་བཞིན་པ་སོགས་ཡོང་ཐུབ་ཀྱི་མེད་པས། ངའི་ཁྱི་ཁ་མི་འགུལ་ག་མེད་མ་རེད་དམ།
ཨ་རོག་ལྷ་སྡེ་གནམ་ལོ་ཡག ཁྱེད་རང་མི་ཤེས་ཡོན་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། སྐད་ཆ་བཤད་སྟངས་འདི་ཚོ་ལ་ལྟས་ན་རྒྱ་རྒན་ཞིག་དང་ཁྱད་པར་ཅང་མི་འདུག སངས་རྒྱས་དཀྲོང་པ་ཞེས་པའི་དཔེ་དེབ་རྩོམ་དགོས་པའི་དམིགས་ཡུལ་ལ་ཡང་དོག་པ་ཟ་དགོས་པ་ཞིག་རེད།
ལུང་རྟོགས་ཟེར་བ་དང་སྒྲོལ་མ་འབུམ་ཟེར་བ་གཉིས་མི་གཅིག་པ་རེད་པས། ཁྱི་ཁ་བཙུམ་ལབ་ན་ག་རེ་རེད། ད་ཁོ་རང་ཚོར་ལབ་ཡ་ལྷག་མི་འདུག་ག ཁོང་ཁྲོ་ལངས་པ་ནི་རྐུབ་བརྟོལ་བ་རང་རེད།
དེང་སང་རྡ་སར་སྐད་ཆ་འདི་འདྲ་ཞིག་འགྲོ་བཞིན་འདུག ༼ཚོགས་གཙོ་མཆོག་དེ་སྔོན་ཞིག་ལ་གལ་སྲིད་ཀླུ་མཁར་བྱམས་སྤྱི་འཐུས་ཆགས་པ་ཡིན་ན། ཁོང་གིས་ཚོགས་གཙོའི་ལས་ཐོག་ནས་དགོངས་པ་ཞུ་ཡི་ཡིན་ཞེས་གསུངས་ཡོད་ཀྱང་། ཐེངས་འདིའི་བར་མའི་འོས་བསྡུ་སྐབས་སུ་ཀླུ་བྱམས་རྡ་ས་ནས་ཨང་དང་བོ་ཐོབ་པ་དེས་ཚོགས་གཙོའི་མགོ་ཡོམ་འཁོར་དུ་བཅུག་ཅིང་། ཁོང་གིས་ད་ནས་སྟོབས་ཤུགས་ཡོད་ཚོད་བདེ་སྦྱད་ནས་གསེར་རྟ་བཀྲ་ཤིས་དོན་གྲུབ་ཟེར་བ་ཐོབ་ཐབས་སུ། གདན་ས་གསུམ་ནས་བཀྲ་ཤིས་དོན་གྲུབ་ལ་འོས་ཤོག་འཕེན་རྒྱུར་དངོས་ཤུགས་གཉིས་ནས་བརྒྱུད་བསྐུལ་དང་བསྐུལ་སློང་བྱེད་ཀྱིན་འདུག༽ཅེས་གང་སར་གྲགས་ཀྱིན་འདུག སྐད་ཆ་འདིར་ལྟོས་ན་ལྷ་སྡེ་གནམ་ལོ་ཡག་གིས་གསུངས་པ་དེར་རྒྱུ་མཚན་འདུག་བསམ་སོང་།
ཨ་རོགས་་ལུང་རྟོགས། དེང་སྐབས་བོད་ལ་དོགས་སློང་བྱེད་མཁན་གྱིས་ཕོངས་ཡོད་པ་ལས་དོགས་སློང་བྱེད་མཁན་མང་དྲགས་མེད་པས། དགའ་བསུ་ཡོད་ལ། ཡང་སྒོས་དེབ་ཧྲིལ་བོ་བཀླགས་རྗེས་སྐད་ཆ་བཤད་སྤོབས་ན་ཨ་མའི་བུ་ལ་བརྩི་ངེས་ཡིན། དེ་ག་ནང་བཞིན་ངའང་ཚོགས་གཙོའི་བྱེད་སྟངས་ལ་དོགས་པ་ཟ་ཆོག་གི་རེད་ལ། ཁྱེད་ནང་བཞིན་བཤད་ཕོད་མཁན་ཞིག་ཅིས་བྱེད་མ་ཆོག་པ་རེད་དམ། ཚང་མས་དྲི་བ་གཉིས་ལ་བསམ་བློ་གཏོང་རོགས། ༡ བདེ་སྲུང་བཀའ་བློན་མཆོག་གི་འགྲེལ་བརྗོད་ལྟར་ཤུགས་ལྡན་གནད་དོན་ཞི་འཇམ་དུ་གཏོང་ཐུབ་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། ཡང་ན། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཤད་ཀྱིན་པ་ལྟར་ཤུགས་ལྡན་གནད་དོན་ས་གྲགས་གནམ་གྲགས་བྱས་ནས་ཛ་དྲག་ཏུ་བཏང་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། དད་པ་ཡོད་ཟེར་མཁན་ཚོས་ལན་དྲང་མོར་ཕྲིས་ཤོག ༢ རང་ས་མ་རེག་གོང་ལ་ཆོལ་ཁའི་བར་དུ་ས་རྩོད་བསླངས་དང་སློང་མུས་ནའང་། ད་དུང་རྒྱལ་བ་རིན་པོ་ཆེ་ལ་དབུ་བསྐོར་གཏོང་འདུན་གྱི་སྙིང་ཁམས་དེ་སུས་སྐུ་ངོ་སྤེན་ཚེ་སྤྲད་པ་རེད་དམ། ཨ་མདོ་བ་ཚོ་མ་རེད་དམ།
ཤུགས་ལྡན་གནད་དོན་ས་གྲགས་གནམ་གྲགས་བྱས་ནས་ཛ་དྲག་ཏུ་(བཏང་བ་མ་རེད)ཡོད་པའི་གནད་དོན་བོད་མི་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་གྲོགས་མོ་ཚང་མ་ལ་ཡིད་གཟབ་བྱེད་དུ་བཅུག་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནི་རེད། དད་པ་ཡོད་ཟེར་མཁན་ཚོ་གཅིག་པོའི་ལས་འགན་ཞིག་མ་རེད། སྐྱེས་བ་བོད་ལུས་བླང་ནས་ཞབས་རྗེས་དགྱ་ལ་ཞུ་བཞིན་པའི་གནད་དོན་ལ་ཡིད་མི་དགའ་མཁན་ཚང་མས་ཤེས་དགོས་བ་ཞིག་རེད། ཁོ་རེ། སྐད་ཆ་ལ་གོ་རིམ་དང་། བཤད་ཚུལ། ཉན་ཚུལ། སྣ་མིན་སྣ་ཚོགས་ཡོད་པ་རེད། བཤད་ཤེས་ནས་བཤད་བཞིན་ཡོད་དམ། ཁ་གཅུས་ནས་བཤད་བཞིན་ཡོད། སེམས་ནང་ན་སྙིང་ནད་ཞིག་མེད་འགྲོ་བསམ་བསམ་ཞིག་བྲིས་འདུག་གི་ཨ།
ཨ་རོག་གནམ་ལོ་ཡག ཞིབ་འཇུག་པ་ཞིག་གི་སྐད་ཆ་བཤད་སྟངས་འདི་འདྲ་ཡིན་ན་ཡིད་སྐྱོ་བ་ཞིག་རེད། དོལ་རྒྱལ ཚོགས་པས་གོ་སྐབས་ཡག་པོ་ཞིག་རག་ན་ས་གྲགས་གནམ་གྲགས་བྱས་རུང་མ་བྱས་རུང་གོང་ས་མཆོག་གི་སྐུ་ཕྱ་ལ་གནོད་བསྐྱལ་རྒྱུ་ཡིན་པ་གཏན་ཁེལ་རེད། ཁོང་ཚོས་གོང་ས་མཆོག་གི་སྐུ་ལ་རྒོལ་རྩིས་མེད་ཟེར་བ་ནི་མགོ་སྐོར་གྱི་བྱ་ཐབས་ཤིག་ཡིན་པ་དཔྱོད་ལྡན་སུས་ཀྱང་ཤེས་གསལ་རེད། ཨ་རི་དང་རྒྱ་གར་གསང་བའི་ལས་ཁུང་གིས་གོང་ས་མཆོག་གི་སྐུ་ཕྱ་ལ་ཉེན་ཁ་ཆེ་ཤོས་དོལ་ཚོགས་ཡིན་པ་དེ་སྔར་ནས་བཤད་ཟིན་པ་ཞིག་མ་ཡིན་ནམ། སྤྱིར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ས་བསྒྲགས་གནམ་བསྒྲགས་བྱས་པ་ཞིག་མ་མཐོང་ཡང་། བྱས་ཡོད་པའི་དབང་དུ་བཏང་ཡང་དེ་ལྟར་བྱས་པས་དོལ་ཚོགས་ངན་དུ་འགྲོ་རྒྱུ་དང་། གང་ཡང་མ་བཤད་ན་བཟང་དུ་འགྲོ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གཉིས་ནས་ཆོལ་ཁའི་བར་ལ་རྩོད་རྙོག་སློངས་དང་སློང་བཞིན་པ་ཟེར་བ་དེ་ཡང་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད། དེ་འདྲའི་གནས་ཚུལ་ཞིག་ཡོད་ན་གང་ཟག་སུས་རྩོད་རྙོག་སློང་གི་ཡིད་པ་དང་། ཇི་ལྟར་སློང་གི་ཡོད་པ། ས་གནས་གང་དུ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་སློང་ཡོད་པ་སོགས་གསལ་པོ་ཞིག་བཟོ་དགོས་པ་རེད། དེ་མིན་སྐད་ཆ་འདི་ཚོ་སྐབས་འཚོལ་བའི་སྐད་ཆ་ཞིག་ལ་མ་རྩིས་རང་རྩིས་རེད།
ལྷན་རྒྱས་ཕེབས་ནས་མུ་མཐུད་དུ་བགྲོ་གླེང་གནང་བར་བཀའ་དྲིན་ཆེ། ༡ གལ་སྲིད་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཕྱ་ལ་གནོད་པ་ཡོད་པ་བདེན་ན། སེལ་ཐབས་ལེགས་ཤོས་དེ་ཆེ་བ་ཆུང་བ་བཟོས། ཆུང་བ་མེད་པར་གཏོང་རྒྱུ་དེ་རེད་ལ། བདེ་སྲུང་བཀའ་བློན་མཆོག་གི་གཏམ་བཤད་ལས་དེ་དོན་མངོན་མི་ཡོང་ངམ། དེ་ལས་ལྡོག་ནས་ཚོགས་གཙོའི་བྱེད་སྟངས་འོག་ཞུགས་ན། སྐུ་ཕྱ་ལ་གནོད་པ་ཆེ་རུ་འགྲོ་བཞིན་པ་མ་ཡིན་ནམ། ༢ ཚོགས་གཙོས་ད་རེས་ཀྱང་གསེར་རྟའི་རྙོག་གླེང་མདོ་སྨད་སྤྱི་འཐུས་འོས་འདེམས་ཐད་བཀོལ་བཞིན་པ་ཡོངས་གྲགས་ཡིན་པར་མ་ཟད། མིག་མཐོང་ལག་ཟིན་ཅན་དུ་འགྱུར་བཞིན་པ་གོང་དུ་མཆན་མཆན་གྱི་ནང་དུའང་མཐོང་གསལ་རེད། དེ་ན་ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་གྲོས་ཚོགས་ནང་ཆོལ་ཁའི་རྩོད་རྙོག་མེད་ཅེས་པ་ནི་རྫུན་མ་རེད་དམ། དེ་ལ་གཞོགས་འདེགས་བྱེད་མི་ཡོངས་ཀྱང་རྫུན་ལ་ཞུགས་ཟིན་པ་མ་ཡིན་ནམ། མཇུག་འབྲས་ག་རེ་ཡིན་པ་ཚང་མས་མཁྱེན་གསལ་རེད། གོང་གསལ་གྱི་དྲི་བ་དག་ཞིབ་འཇུག་རིམ་པར་འཇུག་པའི་ཐོག་མའི་བགྲོ་གླེང་ཡིན། དེ་ནས་ང་ཚོས་མཉམ་དུ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ནས་བགྲོ་གླེང་གི་ཁྱབ་ཁོངས་རིམ་པས་ཆེ་རུ་བཏང་ཆོག
དྲང་པོར་ཞུས་ན། དོལ་རྒྱལ་རྙོག་གླེང་དགུ་བཅུ་གོ་གྲངས་ནས་ཤུགས་ཆེ་རུ་ཕྱིན་ཡོད་པར་བརྟག་སྐབས། ཟམ་གདོང་རིན་པོ་ཆེར་འབྲེལ་བ་ཆགས་ཡོད་ལ། སྐབས་དེར་མི་མང་པོ་ཆུ་སྣ་གར་ཁྲིད་གནང་ཐུབ་ཡོད། ད་ལྟ་ཡང་ཁོང་གི་ཕྱག་གཡོག་ཚོགས་གཙོ་སྤེན་པ་ཚེ་རིང་སྔར་ལམ་དེར་ཞུགས་རྩིས་གནང་བཞིན་པས། ཆུ་སྣ་གར་ཁྲིད་གཉིས་པ་མི་ཡོང་བའི་ཆེད་དུ་བསམ་བློ་ཡག་པོ་གཏོང་དགོས་པས། ཞིབ་འཇུག་སྙན་ཐོ་ཞིག་འདོན་ན་འདིའང་མ་བརྗེད་པ་གནང་རོགས་ཞུ་གི་ཡོད།
དོལ་ཚོགས་ཀྱི་གནས་ཚུལ་འདི་ཆེ་བ་ཆུང་ཆུང་དང་། ཆུང་ཆུང་མེད་པར་བཟོ་ཐབས་ད་ལྟའི་ཆར་ཅིག་རང་ལས་ལྷག་མེད་པ་ནི། དོལ་ཚོགས་དང་འཐབ་རྒོལ་གྱིས་མེ་ཆུང་དུས་ནས་གསད་རྒྱུ་འདི་རེད། བདེ་སྲུང་བཀའ་བློན་ནས་ཀྱང་དོལ་ཚོགས་དང་གྲོས་མོལ་བྱེད་རྒྱུའི་ལམ་ཁ་མེད་པ་གསལ་པོ་གསུང་སོང་། དེ་ཅིག་ཡིན། གཉིས་ནས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསེར་རྟའི་རྙོག་གླེང་སློངས་ཀྱི་ཡོད་པའི་བཤད་སྲོལ་འདི་ཡང་གཞི་རྩ་མེད་པ་ཞིག་རེད། གཞི་མེད་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་ནི་་གཞན་གང་ཡང་མ་ཡིན་པར་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་མ་བྱས་པ་འདི་ལ་ཐུག་ཡོད། ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་དང་དབུ་མའི་ལམ་ལ་ཅི་ཞིག་བཤད་ཀྱི་ཡོད་པ་ཚང་མས་ཤེས་ཀྱི་རེད་ལ། ཁོ་རང་དང་ལྟ་བ་མཐུན་ཕྱོགས་སུ་ཡིན་མིན་སོགས་རྒྱུ་མ་ཕུ་དད་ཅིག་བྱས་ན་གོ་བ་ལོན་ཡོང་རྒྱུ་མང་པོ་ཞིག་ཡོད་པ་རེད།
སྤྱིར་ཧ་མ་གོ་བ་དེ་ཉེས་པ་ཞིག་མ་རེད་དེ། གོ་ཡང་མ་གོ་ཁུལ་བྱེད་པ་ནི་ཟོལ་བཅོས་རང་ཡིན་པས། ཚང་མས་གཟབ་དགོས་པའང་འདི་རེད། འདིར་གླེང་བཞིན་པ་ནི་སྤྱི་འཐུས་ཚོགས་གཙོའི་བྱེད་བབས་ལས་འཕྲོས་པའི་གནད་དོན་ཁག་རེད་མ་གཏོགས། ཀླུ་མཁར་བྱམས་ཞེས་པ་ཞིག་གླེང་གི་ཡོད་པ་མ་རེད་ལ། གླེང་ཡང་མི་སྒེར་བ་ཞིག་དང་གཞུང་འབྲེལ་མི་སྣའི་བར་ལ་ཁྱད་པར་ཅི་ཞིག་ཡོད་མེད་ཚང་མས་མཁྱེན་ངེད་རེད། ཆོལ་ཁའི་འཐེན་འཁྱེར་བེད་སྤྱད་ནས་ཀླུ་མཁར་བྱམས་ནག་པོ་བཟོ་འདུན་དེའང་འཅོམ་ལྡན་འདས་ཀྱི་བསྲེག་བཅད་བཅད་བརྡར་གསུམ་དང་འགལ་གྱི་མེད་དམ།
ལྷག་འཕྲོས་དྲི་བ་ནི་སྐུ་ངོ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་གྲོས་ཚོགས་ཀྱི་ཚོགས་ཁང་དབུ་འབྱེད་དང་བསྟུན་ནས་རྒྱལ་བ་རིན་པོ་ཆེ་ལ་གྲོས་ཚོགས་ནང་སྤྱི་དོན་ལས་ཆོལ་ཁའི་རྙོག་དྲ་མེད་ཅེས་ཞུས་ཚུལ་ཁོང་གིས་གསུངས་འདུག འོ་ན། ཨ་མདོའི་ནང་དུ་ཆོལ་ཁའི་བར་གྱི་ས་རྩོད་གཞིར་བཞག་གི་སྤྱི་འཐུས་འདེམས་སྟངས་དེ་གང་ནས་བྱུང་བ་དང་དེང་ཕྱིན་ཆོལ་ཁའི་བར་རྙོག་དྲ་མེད་ཅེས་ཨ་མདོ་བ་སུ་ཞིག་གིས་རྒྱལ་བ་རིན་པོ་ཆེར་ཞུ་ཐུབ་བམ། འདི་རྫུན་མ་རེད་དམ།
ཨ་རོག་གནམ་ལོ་ཡག། ཁ་གསལ་ཙམ་བཤད་ན། སྤྱི་འཐུས་ཚོགས་གཙོའི་བྱེད་བབ་ཅེས་པའི་གླེང་གཞི་འདི་སློང་དགོས་དོན་གང་ལ་ཐུག་ཡོད་པ་རེད། འདི་ནི་ཀླུ་མཁར་བྱམས་ལ་ཐུག་ཡོད་པ་རེད། དེས་ན་སྤྱི་འཐུས་ཚོགས་གཙོའི་བྱེད་བབ་གླེང་དགོས་ན་ཀླུ མཁར་བྱམས་མ་གླེང་རང་གླེང་རེད། སྤྱི་འཐུས་ཚོགས་གཙོ་ལ་གཞི་མེད་སྐྱོན་འཛུག་འདི་ཡང་ཀླུ་བྱམས་གྱི་གནད་དོན་ལ་ཐུག་ཡོད་པ་ཁྱེད་ཀྱིས་ཚད་མར་འཛིན་པའི་གོང་གི་གཡུ་སྒྲོན་མིང་ཅན་གྱི་མཆན་དེའི་ནང་གསལ་པོ་རེད།
སྤྱིར་ལས་ཕོད་ན། བཤད་ཕོད་དགོས་ཀྱི་ཡོད་མོད། ཚོགས་གཙོ་ལགས་དེ་ལས་ལྡོག་ནས་གསེར་རྟའི་ས་རྩོད་བེད་སྤྱོད་གཏོང་བཞིན་དུ་རྒྱལ་བ་རིན་པོ་ཆེ་ལ་ཆོལ་ཁའི་རྙོག་དྲ་མེད་ཅེས་རྫུན་ལབ་དོན་ག་རེ་རེད་དམ། ཁྱོད་ཚོ་དད་པ་ཅན་ཚང་མས་རྒྱལ་བ་རིན་པོ་ཆེ་ལ་ནམ་རྒྱུན་འདི་ལྟར་མགོ་བསྐོར་གཏོང་གིན་ཡོད་དམ། ཚོགས་གཙོའི་རྫུན་རྐུབ་འགེབས་པར་ཅི་མི་སྙམ་པ་གནང་དོན་ཅི། མདོར་ན་དྲི་བ་འདི་དག་ལ་ལན་འདེབས་གནང་དང་། དེ་ནས་མུ་མཐུད་དུ་བགྲོ་གླེང་བྱེད་ཆོག
བདེན་ལུང་བ་གཉིས་ལ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་། ད་རེས་ཚོགས་གཙོའི་རྐུབ་མང་ཚོགས་ཁྲོད་བཤམས་པ་འདི་ཡག་པོ་ཞེ་དྲག་རེད།
ཚིག་གཅིག་ལྷག་ཤག ཚོགས་གཙོས་གོང་ས་མཆོག་ལ་བསླུ་བྲིད་བཏང་བ་འདིས་བོད་པ་ཡོངས་ལ་ཡིག་ཚད་ཅིག་གཏོང་བཞིན་པས། དད་པ་བཅོས་མ་ཅན་མང་པོ་ཞིག་ཕྱི་ལ་བཏོན་ཡོང་ངེས་རེད།
གོང་ནས་གནམ་ལོ་ཡག་གིས་བཏོན་པའི་དྲི་བ་དག་ཕྱོགས་བསྡོམས་བྱས་ཏེ་ལན་བསྐྱོན་མཁན་ཡོད་མེད་ལ་བསྐྱར་དུ་ལྟ་ཡ་ཡིན། དེ་ནི་མ་འོངས་པར་གོང་ས་སྐྱབས་མགོན་ཆེན་པོར་བོད་པའི་འགོ་བྱེད་ཚོས་རྫུན་གཏམ་ཞུ་བར་སྔོན་འགོག་ཡོང་པའི་ཞུ་བསྐུལ་བྱེད་ཡ་གཅིག་དང་། མང་ཚོགས་ཆུ་སྣ་གར་འཁྲིད་མི་ཡོང་པར་ཕན་ཅེད་ཡིན། ད་ཞུ་ཡ་གཞན་གཅིག་དེ་གནས་ཚུལ་འདི་ཡིག་རིགས་གཞན་དག་ནང་སྤེལ་ཐུབ་ན་དེ་ལས་ཀྱང་ཕན་ཐོགས་ཡོང་པར་ཐེ་ཚོམ་མེད་ངེས། ༡ བདེ་སྲུང་བཀའ་བློན་མཆོག་གི་འགྲེལ་བརྗོད་ལྟར་ཤུགས་ལྡན་གནད་དོན་ཞི་འཇམ་དུ་གཏོང་ཐུབ་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། ཡང་ན། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཤད་ཀྱིན་པ་ལྟར་ཤུགས་ལྡན་གནད་དོན་ས་གྲགས་གནམ་གྲགས་བྱས་ནས་ཛ་དྲག་ཏུ་བཏང་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། དད་པ་ཡོད་ཟེར་མཁན་ཚོས་ལན་དྲང་མོར་ཕྲིས་ཤོག ༢ རང་ས་མ་རེག་གོང་ལ་ཆོལ་ཁའི་བར་དུ་ས་རྩོད་བསླངས་དང་སློང་མུས་ནའང་། ད་དུང་རྒྱལ་བ་རིན་པོ་ཆེ་ལ་དབུ་བསྐོར་གཏོང་འདུན་གྱི་སྙིང་ཁམས་དེ་སུས་སྐུ་ངོ་སྤེན་ཚེ་སྤྲད་པ་རེད་དམ། ཨ་མདོ་བ་ཚོ་མ་རེད་དམ། ༣ གལ་སྲིད་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཕྱ་ལ་གནོད་པ་ཡོད་པ་བདེན་ན། སེལ་ཐབས་ལེགས་ཤོས་དེ་ཆེ་བ་ཆུང་བ་བཟོས། ཆུང་བ་མེད་པར་གཏོང་རྒྱུ་དེ་རེད་ལ། བདེ་སྲུང་བཀའ་བློན་མཆོག་གི་གཏམ་བཤད་ལས་དེ་དོན་མངོན་མི་ཡོང་ངམ། དེ་ལས་ལྡོག་ནས་ཚོགས་གཙོའི་བྱེད་སྟངས་འོག་ཞུགས་ན། སྐུ་ཕྱ་ལ་གནོད་པ་ཆེ་རུ་འགྲོ་བཞིན་པ་མ་ཡིན་ནམ། ༤ ཚོགས་གཙོས་ད་རེས་ཀྱང་གསེར་རྟའི་རྙོག་གླེང་མདོ་སྨད་སྤྱི་འཐུས་འོས་འདེམས་ཐད་བཀོལ་བཞིན་པ་ཡོངས་གྲགས་ཡིན་པར་མ་ཟད། མིག་མཐོང་ལག་ཟིན་ཅན་དུ་འགྱུར་བཞིན་པ་གོང་དུ་མཆན་མཆན་གྱི་ནང་དུའང་མཐོང་གསལ་རེད། དེ་ན་ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་གྲོས་ཚོགས་ནང་ཆོལ་ཁའི་རྩོད་རྙོག་མེད་ཅེས་པ་ནི་རྫུན་མ་རེད་དམ། དེ་ལ་གཞོགས་འདེགས་བྱེད་མི་ཡོངས་ཀྱང་རྫུན་ལ་ཞུགས་ཟིན་པ་མ་ཡིན་ནམ།
དགོས་ཕན་ཡོད་མེད་ཀྱི་ཆེད་མ་གཏོགས་གོང་ས་མཆོག་ལ་དབུ་བསྐོར་གཏོང་མཁན་ནི་ཡོད་ཆོག་པ་ཞིག་རེད་དམ། མཚན་སྨད་ཞུས་སོང་ཟེར་བ་ད྄ང་དབུ་བསྐོར་བཏང་བ་གཉིས་ཀྱི་ཉེས་པ་སུ་ལ་ཆེའམ། ཧ་ཧ་ཧ་ཧ་ཧ།
ད་ཁྱོན་ནས་འགྲིག་མི་འདུག བདེ་སྲུང་བཀའ་བློན་གྱིས་དོལ་རྒྱལ་ཚོགས་པའི་གནད་དོན་ཞི་འཇམ་ཡོང་ཐབས་ཐད་གསུང་གི་འདུག ཚོགས་གཙོ་ལགས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་རྙོག་དྲ་ཇེ་ཆེར་གཏོང་འདུན་འདུག བཀའ་སྤྱི་གཉིས་ཀྱི་བར་ལ་འགལ་བ་ཡོད་པ་ཞིག་མཐོང་ཡོང་གི་འདུག
ད་དུང་ཚོགས་གཙོས་གྲོས་ཚོགས་ནང་ཆོལ་ཁའི་རྙོག་གླེང་མེད་ཅེས་གོང་ས་མཆོག་ལ་ཞུས་ཚུལ་གསུང་གི་འདུག་སྟེ། ད་རེས་ཨ་མདོའི་སྤྱི་འཐུས་འོས་འདེམས་ནང་ཆོལ་ཁའི་རྩོད་རྙོག་བེད་སྤྱོད་གཏོང་བཞིན་པ་ཡོངས་གྲགས་ཡིན་པས། གོང་ས་མཆོག་ལ་སྐྱག་རྫུན་ཞུས་འདུག ད་ག་རེ་བྱེད་དགོས་སམ།
ཆ་ཚང་ཉན་པ་ཡིན། གོང་གི་མཆན་འདི་བདེན་པར་སྣང་། ཡིན་ནའང་། སྤྱི་འཐུས་ཚོགས་གཙོ་ལགས་ཀྱིས་འགྲེལ་བརྗོད་གནང་བའི་དུས་ལ་སླེབས་ཡོད་པས། མཐའ་བསྡོམས་ཕྱོགས་གཉིས་ལ་ཉན་རྗེས་མ་གཏོགས་འགོད་མི་བདེ་ཡང་ལན་མ་བཏབ་ཚེ་ཁ་མི་གྲགས་པའི་ངོས་ལེན་ཟེར་བ་ཞིག་ཀྱང་ཡོད་པ་རེད། བསམ་ཚུལ་གཞན་ཡོད་དམ།
སྤྱི་འཐུས་ལྷན་ཚོགས་འདི་སྔར་དང་མི་འདྲ་བའི་ཡར་རྒྱས་ཆེན་པོ་ཕྱིན་འདུག སྡངདགྲ་བོས་མཐོང་ན་ཡིད་སེམས་འཁྲུག་ལེ་དང་། གཉེན་ཕུ་ནུས་མཐོང་ན་སྤྲོ་བ་སྐྱེ་ལེ་ཞིག་རེད།
ཀརྨ་བློ་གསལ་དང་། ལྷ་སྡེ་གནམ་ལོ་ཡག་ཁྱོད་གཉིས་ཀྱི་ཁྱི་ཁ་ཚུམས། དགོས་མེད་ཀྱི་གཏམ་ཉོག་མ་སྤེལ།
ཨ་རོ། ཁྱོད་ཀྱི་མྱི་ཁའི་ནང་དུ་ཚོགས་གཙོས་ཆོལ་ཁའི་རྙོག་དྲ་བཀོལ་བཞིན་དུ་གྲོས་ཚོགས་ནང་ཆོལ་ཁའི་རྙོག་དྲ་མེད་ཅེས་རྒྱལ་བ་རིན་པོ་ཆེར་མགོ་གཡོག་མགོ་བསྐོར་གཏོང་བཞིན་པ་དང་། ཤུགས་ལྡན་རྩོད་རྙོག་མེད་པ་བཟོ་ཐབས་ལས་ལྡོག་ནས་ཆེ་རུ་གཏོང་འདུན་འཆིང་བཞིན་པ་སོགས་ཡོང་ཐུབ་ཀྱི་མེད་པས། ངའི་ཁྱི་ཁ་མི་འགུལ་ག་མེད་མ་རེད་དམ།
ཨ་རོག་ལྷ་སྡེ་གནམ་ལོ་ཡག ཁྱེད་རང་མི་ཤེས་ཡོན་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། སྐད་ཆ་བཤད་སྟངས་འདི་ཚོ་ལ་ལྟས་ན་རྒྱ་རྒན་ཞིག་དང་ཁྱད་པར་ཅང་མི་འདུག སངས་རྒྱས་དཀྲོང་པ་ཞེས་པའི་དཔེ་དེབ་རྩོམ་དགོས་པའི་དམིགས་ཡུལ་ལ་ཡང་དོག་པ་ཟ་དགོས་པ་ཞིག་རེད།
ལུང་རྟོགས་ཟེར་བ་དང་སྒྲོལ་མ་འབུམ་ཟེར་བ་གཉིས་མི་གཅིག་པ་རེད་པས། ཁྱི་ཁ་བཙུམ་ལབ་ན་ག་རེ་རེད། ད་ཁོ་རང་ཚོར་ལབ་ཡ་ལྷག་མི་འདུག་ག ཁོང་ཁྲོ་ལངས་པ་ནི་རྐུབ་བརྟོལ་བ་རང་རེད།
དེང་སང་རྡ་སར་སྐད་ཆ་འདི་འདྲ་ཞིག་འགྲོ་བཞིན་འདུག
༼ཚོགས་གཙོ་མཆོག་དེ་སྔོན་ཞིག་ལ་གལ་སྲིད་ཀླུ་མཁར་བྱམས་སྤྱི་འཐུས་ཆགས་པ་ཡིན་ན། ཁོང་གིས་ཚོགས་གཙོའི་ལས་ཐོག་ནས་དགོངས་པ་ཞུ་ཡི་ཡིན་ཞེས་གསུངས་ཡོད་ཀྱང་། ཐེངས་འདིའི་བར་མའི་འོས་བསྡུ་སྐབས་སུ་ཀླུ་བྱམས་རྡ་ས་ནས་ཨང་དང་བོ་ཐོབ་པ་དེས་ཚོགས་གཙོའི་མགོ་ཡོམ་འཁོར་དུ་བཅུག་ཅིང་། ཁོང་གིས་ད་ནས་སྟོབས་ཤུགས་ཡོད་ཚོད་བདེ་སྦྱད་ནས་གསེར་རྟ་བཀྲ་ཤིས་དོན་གྲུབ་ཟེར་བ་ཐོབ་ཐབས་སུ། གདན་ས་གསུམ་ནས་བཀྲ་ཤིས་དོན་གྲུབ་ལ་འོས་ཤོག་འཕེན་རྒྱུར་དངོས་ཤུགས་གཉིས་ནས་བརྒྱུད་བསྐུལ་དང་བསྐུལ་སློང་བྱེད་ཀྱིན་འདུག༽ཅེས་གང་སར་གྲགས་ཀྱིན་འདུག
སྐད་ཆ་འདིར་ལྟོས་ན་ལྷ་སྡེ་གནམ་ལོ་ཡག་གིས་གསུངས་པ་དེར་རྒྱུ་མཚན་འདུག་བསམ་སོང་།
ཨ་རོགས་་ལུང་རྟོགས། དེང་སྐབས་བོད་ལ་དོགས་སློང་བྱེད་མཁན་གྱིས་ཕོངས་ཡོད་པ་ལས་དོགས་སློང་བྱེད་མཁན་མང་དྲགས་མེད་པས། དགའ་བསུ་ཡོད་ལ། ཡང་སྒོས་དེབ་ཧྲིལ་བོ་བཀླགས་རྗེས་སྐད་ཆ་བཤད་སྤོབས་ན་ཨ་མའི་བུ་ལ་བརྩི་ངེས་ཡིན།
དེ་ག་ནང་བཞིན་ངའང་ཚོགས་གཙོའི་བྱེད་སྟངས་ལ་དོགས་པ་ཟ་ཆོག་གི་རེད་ལ། ཁྱེད་ནང་བཞིན་བཤད་ཕོད་མཁན་ཞིག་ཅིས་བྱེད་མ་ཆོག་པ་རེད་དམ།
ཚང་མས་དྲི་བ་གཉིས་ལ་བསམ་བློ་གཏོང་རོགས།
༡ བདེ་སྲུང་བཀའ་བློན་མཆོག་གི་འགྲེལ་བརྗོད་ལྟར་ཤུགས་ལྡན་གནད་དོན་ཞི་འཇམ་དུ་གཏོང་ཐུབ་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། ཡང་ན། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཤད་ཀྱིན་པ་ལྟར་ཤུགས་ལྡན་གནད་དོན་ས་གྲགས་གནམ་གྲགས་བྱས་ནས་ཛ་དྲག་ཏུ་བཏང་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། དད་པ་ཡོད་ཟེར་མཁན་ཚོས་ལན་དྲང་མོར་ཕྲིས་ཤོག
༢ རང་ས་མ་རེག་གོང་ལ་ཆོལ་ཁའི་བར་དུ་ས་རྩོད་བསླངས་དང་སློང་མུས་ནའང་། ད་དུང་རྒྱལ་བ་རིན་པོ་ཆེ་ལ་དབུ་བསྐོར་གཏོང་འདུན་གྱི་སྙིང་ཁམས་དེ་སུས་སྐུ་ངོ་སྤེན་ཚེ་སྤྲད་པ་རེད་དམ། ཨ་མདོ་བ་ཚོ་མ་རེད་དམ།
ཤུགས་ལྡན་གནད་དོན་ས་གྲགས་གནམ་གྲགས་བྱས་ནས་ཛ་དྲག་ཏུ་(བཏང་བ་མ་རེད)ཡོད་པའི་གནད་དོན་བོད་མི་ཡོངས་དང་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་གྲོགས་མོ་ཚང་མ་ལ་ཡིད་གཟབ་བྱེད་དུ་བཅུག་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནི་རེད། དད་པ་ཡོད་ཟེར་མཁན་ཚོ་གཅིག་པོའི་ལས་འགན་ཞིག་མ་རེད། སྐྱེས་བ་བོད་ལུས་བླང་ནས་ཞབས་རྗེས་དགྱ་ལ་ཞུ་བཞིན་པའི་གནད་དོན་ལ་ཡིད་མི་དགའ་མཁན་ཚང་མས་ཤེས་དགོས་བ་ཞིག་རེད། ཁོ་རེ། སྐད་ཆ་ལ་གོ་རིམ་དང་། བཤད་ཚུལ། ཉན་ཚུལ། སྣ་མིན་སྣ་ཚོགས་ཡོད་པ་རེད། བཤད་ཤེས་ནས་བཤད་བཞིན་ཡོད་དམ། ཁ་གཅུས་ནས་བཤད་བཞིན་ཡོད། སེམས་ནང་ན་སྙིང་ནད་ཞིག་མེད་འགྲོ་བསམ་བསམ་ཞིག་བྲིས་འདུག་གི་ཨ།
ཨ་རོག་གནམ་ལོ་ཡག ཞིབ་འཇུག་པ་ཞིག་གི་སྐད་ཆ་བཤད་སྟངས་འདི་འདྲ་ཡིན་ན་ཡིད་སྐྱོ་བ་ཞིག་རེད། དོལ་རྒྱལ
ཚོགས་པས་གོ་སྐབས་ཡག་པོ་ཞིག་རག་ན་ས་གྲགས་གནམ་གྲགས་བྱས་རུང་མ་བྱས་རུང་གོང་ས་མཆོག་གི་སྐུ་ཕྱ་ལ་གནོད་བསྐྱལ་རྒྱུ་ཡིན་པ་གཏན་ཁེལ་རེད། ཁོང་ཚོས་གོང་ས་མཆོག་གི་སྐུ་ལ་རྒོལ་རྩིས་མེད་ཟེར་བ་ནི་མགོ་སྐོར་གྱི་བྱ་ཐབས་ཤིག་ཡིན་པ་དཔྱོད་ལྡན་སུས་ཀྱང་ཤེས་གསལ་རེད། ཨ་རི་དང་རྒྱ་གར་གསང་བའི་ལས་ཁུང་གིས་གོང་ས་མཆོག་གི་སྐུ་ཕྱ་ལ་ཉེན་ཁ་ཆེ་ཤོས་དོལ་ཚོགས་ཡིན་པ་དེ་སྔར་ནས་བཤད་ཟིན་པ་ཞིག་མ་ཡིན་ནམ། སྤྱིར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ས་བསྒྲགས་གནམ་བསྒྲགས་བྱས་པ་ཞིག་མ་མཐོང་ཡང་། བྱས་ཡོད་པའི་དབང་དུ་བཏང་ཡང་དེ་ལྟར་བྱས་པས་དོལ་ཚོགས་ངན་དུ་འགྲོ་རྒྱུ་དང་། གང་ཡང་མ་བཤད་ན་བཟང་དུ་འགྲོ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གཉིས་ནས་ཆོལ་ཁའི་བར་ལ་རྩོད་རྙོག་སློངས་དང་སློང་བཞིན་པ་ཟེར་བ་དེ་ཡང་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད། དེ་འདྲའི་གནས་ཚུལ་ཞིག་ཡོད་ན་གང་ཟག་སུས་རྩོད་རྙོག་སློང་གི་ཡིད་པ་དང་། ཇི་ལྟར་སློང་གི་ཡོད་པ། ས་གནས་གང་དུ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་སློང་ཡོད་པ་སོགས་གསལ་པོ་ཞིག་བཟོ་དགོས་པ་རེད། དེ་མིན་སྐད་ཆ་འདི་ཚོ་སྐབས་འཚོལ་བའི་སྐད་ཆ་ཞིག་ལ་མ་རྩིས་རང་རྩིས་རེད།
ལྷན་རྒྱས་ཕེབས་ནས་མུ་མཐུད་དུ་བགྲོ་གླེང་གནང་བར་བཀའ་དྲིན་ཆེ།
༡ གལ་སྲིད་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཕྱ་ལ་གནོད་པ་ཡོད་པ་བདེན་ན། སེལ་ཐབས་ལེགས་ཤོས་དེ་ཆེ་བ་ཆུང་བ་བཟོས། ཆུང་བ་མེད་པར་གཏོང་རྒྱུ་དེ་རེད་ལ། བདེ་སྲུང་བཀའ་བློན་མཆོག་གི་གཏམ་བཤད་ལས་དེ་དོན་མངོན་མི་ཡོང་ངམ། དེ་ལས་ལྡོག་ནས་ཚོགས་གཙོའི་བྱེད་སྟངས་འོག་ཞུགས་ན། སྐུ་ཕྱ་ལ་གནོད་པ་ཆེ་རུ་འགྲོ་བཞིན་པ་མ་ཡིན་ནམ།
༢ ཚོགས་གཙོས་ད་རེས་ཀྱང་གསེར་རྟའི་རྙོག་གླེང་མདོ་སྨད་སྤྱི་འཐུས་འོས་འདེམས་ཐད་བཀོལ་བཞིན་པ་ཡོངས་གྲགས་ཡིན་པར་མ་ཟད། མིག་མཐོང་ལག་ཟིན་ཅན་དུ་འགྱུར་བཞིན་པ་གོང་དུ་མཆན་མཆན་གྱི་ནང་དུའང་མཐོང་གསལ་རེད། དེ་ན་ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་གྲོས་ཚོགས་ནང་ཆོལ་ཁའི་རྩོད་རྙོག་མེད་ཅེས་པ་ནི་རྫུན་མ་རེད་དམ། དེ་ལ་གཞོགས་འདེགས་བྱེད་མི་ཡོངས་ཀྱང་རྫུན་ལ་ཞུགས་ཟིན་པ་མ་ཡིན་ནམ། མཇུག་འབྲས་ག་རེ་ཡིན་པ་ཚང་མས་མཁྱེན་གསལ་རེད།
གོང་གསལ་གྱི་དྲི་བ་དག་ཞིབ་འཇུག་རིམ་པར་འཇུག་པའི་ཐོག་མའི་བགྲོ་གླེང་ཡིན། དེ་ནས་ང་ཚོས་མཉམ་དུ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ནས་བགྲོ་གླེང་གི་ཁྱབ་ཁོངས་རིམ་པས་ཆེ་རུ་བཏང་ཆོག
དྲང་པོར་ཞུས་ན། དོལ་རྒྱལ་རྙོག་གླེང་དགུ་བཅུ་གོ་གྲངས་ནས་ཤུགས་ཆེ་རུ་ཕྱིན་ཡོད་པར་བརྟག་སྐབས། ཟམ་གདོང་རིན་པོ་ཆེར་འབྲེལ་བ་ཆགས་ཡོད་ལ། སྐབས་དེར་མི་མང་པོ་ཆུ་སྣ་གར་ཁྲིད་གནང་ཐུབ་ཡོད། ད་ལྟ་ཡང་ཁོང་གི་ཕྱག་གཡོག་ཚོགས་གཙོ་སྤེན་པ་ཚེ་རིང་སྔར་ལམ་དེར་ཞུགས་རྩིས་གནང་བཞིན་པས། ཆུ་སྣ་གར་ཁྲིད་གཉིས་པ་མི་ཡོང་བའི་ཆེད་དུ་བསམ་བློ་ཡག་པོ་གཏོང་དགོས་པས། ཞིབ་འཇུག་སྙན་ཐོ་ཞིག་འདོན་ན་འདིའང་མ་བརྗེད་པ་གནང་རོགས་ཞུ་གི་ཡོད།
དོལ་ཚོགས་ཀྱི་གནས་ཚུལ་འདི་ཆེ་བ་ཆུང་ཆུང་དང་། ཆུང་ཆུང་མེད་པར་བཟོ་ཐབས་ད་ལྟའི་ཆར་ཅིག་རང་ལས་ལྷག་མེད་པ་ནི། དོལ་ཚོགས་དང་འཐབ་རྒོལ་གྱིས་མེ་ཆུང་དུས་ནས་གསད་རྒྱུ་འདི་རེད། བདེ་སྲུང་བཀའ་བློན་ནས་ཀྱང་དོལ་ཚོགས་དང་གྲོས་མོལ་བྱེད་རྒྱུའི་ལམ་ཁ་མེད་པ་གསལ་པོ་གསུང་སོང་། དེ་ཅིག་ཡིན། གཉིས་ནས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསེར་རྟའི་རྙོག་གླེང་སློངས་ཀྱི་ཡོད་པའི་བཤད་སྲོལ་འདི་ཡང་གཞི་རྩ་མེད་པ་ཞིག་རེད། གཞི་མེད་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་ནི་་གཞན་གང་ཡང་མ་ཡིན་པར་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་མ་བྱས་པ་འདི་ལ་ཐུག་ཡོད། ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་དང་དབུ་མའི་ལམ་ལ་ཅི་ཞིག་བཤད་ཀྱི་ཡོད་པ་ཚང་མས་ཤེས་ཀྱི་རེད་ལ། ཁོ་རང་དང་ལྟ་བ་མཐུན་ཕྱོགས་སུ་ཡིན་མིན་སོགས་རྒྱུ་མ་ཕུ་དད་ཅིག་བྱས་ན་གོ་བ་ལོན་ཡོང་རྒྱུ་མང་པོ་ཞིག་ཡོད་པ་རེད།
སྤྱིར་ཧ་མ་གོ་བ་དེ་ཉེས་པ་ཞིག་མ་རེད་དེ། གོ་ཡང་མ་གོ་ཁུལ་བྱེད་པ་ནི་ཟོལ་བཅོས་རང་ཡིན་པས། ཚང་མས་གཟབ་དགོས་པའང་འདི་རེད། འདིར་གླེང་བཞིན་པ་ནི་སྤྱི་འཐུས་ཚོགས་གཙོའི་བྱེད་བབས་ལས་འཕྲོས་པའི་གནད་དོན་ཁག་རེད་མ་གཏོགས། ཀླུ་མཁར་བྱམས་ཞེས་པ་ཞིག་གླེང་གི་ཡོད་པ་མ་རེད་ལ། གླེང་ཡང་མི་སྒེར་བ་ཞིག་དང་གཞུང་འབྲེལ་མི་སྣའི་བར་ལ་ཁྱད་པར་ཅི་ཞིག་ཡོད་མེད་ཚང་མས་མཁྱེན་ངེད་རེད། ཆོལ་ཁའི་འཐེན་འཁྱེར་བེད་སྤྱད་ནས་ཀླུ་མཁར་བྱམས་ནག་པོ་བཟོ་འདུན་དེའང་འཅོམ་ལྡན་འདས་ཀྱི་བསྲེག་བཅད་བཅད་བརྡར་གསུམ་དང་འགལ་གྱི་མེད་དམ།
ལྷག་འཕྲོས་དྲི་བ་ནི་སྐུ་ངོ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་གྲོས་ཚོགས་ཀྱི་ཚོགས་ཁང་དབུ་འབྱེད་དང་བསྟུན་ནས་རྒྱལ་བ་རིན་པོ་ཆེ་ལ་གྲོས་ཚོགས་ནང་སྤྱི་དོན་ལས་ཆོལ་ཁའི་རྙོག་དྲ་མེད་ཅེས་ཞུས་ཚུལ་ཁོང་གིས་གསུངས་འདུག འོ་ན། ཨ་མདོའི་ནང་དུ་ཆོལ་ཁའི་བར་གྱི་ས་རྩོད་གཞིར་བཞག་གི་སྤྱི་འཐུས་འདེམས་སྟངས་དེ་གང་ནས་བྱུང་བ་དང་དེང་ཕྱིན་ཆོལ་ཁའི་བར་རྙོག་དྲ་མེད་ཅེས་ཨ་མདོ་བ་སུ་ཞིག་གིས་རྒྱལ་བ་རིན་པོ་ཆེར་ཞུ་ཐུབ་བམ། འདི་རྫུན་མ་རེད་དམ།
ཨ་རོག་གནམ་ལོ་ཡག། ཁ་གསལ་ཙམ་བཤད་ན། སྤྱི་འཐུས་ཚོགས་གཙོའི་བྱེད་བབ་ཅེས་པའི་གླེང་གཞི་འདི་སློང་དགོས་དོན་གང་ལ་ཐུག་ཡོད་པ་རེད། འདི་ནི་ཀླུ་མཁར་བྱམས་ལ་ཐུག་ཡོད་པ་རེད། དེས་ན་སྤྱི་འཐུས་ཚོགས་གཙོའི་བྱེད་བབ་གླེང་དགོས་ན་ཀླུ
མཁར་བྱམས་མ་གླེང་རང་གླེང་རེད། སྤྱི་འཐུས་ཚོགས་གཙོ་ལ་གཞི་མེད་སྐྱོན་འཛུག་འདི་ཡང་ཀླུ་བྱམས་གྱི་གནད་དོན་ལ་ཐུག་ཡོད་པ་ཁྱེད་ཀྱིས་ཚད་མར་འཛིན་པའི་གོང་གི་གཡུ་སྒྲོན་མིང་ཅན་གྱི་མཆན་དེའི་ནང་གསལ་པོ་རེད།
སྤྱིར་ལས་ཕོད་ན། བཤད་ཕོད་དགོས་ཀྱི་ཡོད་མོད། ཚོགས་གཙོ་ལགས་དེ་ལས་ལྡོག་ནས་གསེར་རྟའི་ས་རྩོད་བེད་སྤྱོད་གཏོང་བཞིན་དུ་རྒྱལ་བ་རིན་པོ་ཆེ་ལ་ཆོལ་ཁའི་རྙོག་དྲ་མེད་ཅེས་རྫུན་ལབ་དོན་ག་རེ་རེད་དམ། ཁྱོད་ཚོ་དད་པ་ཅན་ཚང་མས་རྒྱལ་བ་རིན་པོ་ཆེ་ལ་ནམ་རྒྱུན་འདི་ལྟར་མགོ་བསྐོར་གཏོང་གིན་ཡོད་དམ། ཚོགས་གཙོའི་རྫུན་རྐུབ་འགེབས་པར་ཅི་མི་སྙམ་པ་གནང་དོན་ཅི།
མདོར་ན་དྲི་བ་འདི་དག་ལ་ལན་འདེབས་གནང་དང་། དེ་ནས་མུ་མཐུད་དུ་བགྲོ་གླེང་བྱེད་ཆོག
བདེན་ལུང་བ་གཉིས་ལ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་། ད་རེས་ཚོགས་གཙོའི་རྐུབ་མང་ཚོགས་ཁྲོད་བཤམས་པ་འདི་ཡག་པོ་ཞེ་དྲག་རེད།
ཚིག་གཅིག་ལྷག་ཤག ཚོགས་གཙོས་གོང་ས་མཆོག་ལ་བསླུ་བྲིད་བཏང་བ་འདིས་བོད་པ་ཡོངས་ལ་ཡིག་ཚད་ཅིག་གཏོང་བཞིན་པས། དད་པ་བཅོས་མ་ཅན་མང་པོ་ཞིག་ཕྱི་ལ་བཏོན་ཡོང་ངེས་རེད།
ད་རིམ་པས་གསལ་བོ་ཆགས་ཡོང་གི་འདུག ཚང་མས་མུ་མཐུད་བགྲོ་གླེང་གནང་རོགས།
གོང་ནས་གནམ་ལོ་ཡག་གིས་བཏོན་པའི་དྲི་བ་དག་ཕྱོགས་བསྡོམས་བྱས་ཏེ་ལན་བསྐྱོན་མཁན་ཡོད་མེད་ལ་བསྐྱར་དུ་ལྟ་ཡ་ཡིན། དེ་ནི་མ་འོངས་པར་གོང་ས་སྐྱབས་མགོན་ཆེན་པོར་བོད་པའི་འགོ་བྱེད་ཚོས་རྫུན་གཏམ་ཞུ་བར་སྔོན་འགོག་ཡོང་པའི་ཞུ་བསྐུལ་བྱེད་ཡ་གཅིག་དང་། མང་ཚོགས་ཆུ་སྣ་གར་འཁྲིད་མི་ཡོང་པར་ཕན་ཅེད་ཡིན། ད་ཞུ་ཡ་གཞན་གཅིག་དེ་གནས་ཚུལ་འདི་ཡིག་རིགས་གཞན་དག་ནང་སྤེལ་ཐུབ་ན་དེ་ལས་ཀྱང་ཕན་ཐོགས་ཡོང་པར་ཐེ་ཚོམ་མེད་ངེས།
༡ བདེ་སྲུང་བཀའ་བློན་མཆོག་གི་འགྲེལ་བརྗོད་ལྟར་ཤུགས་ལྡན་གནད་དོན་ཞི་འཇམ་དུ་གཏོང་ཐུབ་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། ཡང་ན། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཤད་ཀྱིན་པ་ལྟར་ཤུགས་ལྡན་གནད་དོན་ས་གྲགས་གནམ་གྲགས་བྱས་ནས་ཛ་དྲག་ཏུ་བཏང་ན་རྒྱལ་བ་རིན་པོ་ཆེ་ཡི་བདེ་ཐང་ལ་ཕན་ནམ། དད་པ་ཡོད་ཟེར་མཁན་ཚོས་ལན་དྲང་མོར་ཕྲིས་ཤོག
༢ རང་ས་མ་རེག་གོང་ལ་ཆོལ་ཁའི་བར་དུ་ས་རྩོད་བསླངས་དང་སློང་མུས་ནའང་། ད་དུང་རྒྱལ་བ་རིན་པོ་ཆེ་ལ་དབུ་བསྐོར་གཏོང་འདུན་གྱི་སྙིང་ཁམས་དེ་སུས་སྐུ་ངོ་སྤེན་ཚེ་སྤྲད་པ་རེད་དམ། ཨ་མདོ་བ་ཚོ་མ་རེད་དམ།
༣ གལ་སྲིད་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཕྱ་ལ་གནོད་པ་ཡོད་པ་བདེན་ན། སེལ་ཐབས་ལེགས་ཤོས་དེ་ཆེ་བ་ཆུང་བ་བཟོས། ཆུང་བ་མེད་པར་གཏོང་རྒྱུ་དེ་རེད་ལ། བདེ་སྲུང་བཀའ་བློན་མཆོག་གི་གཏམ་བཤད་ལས་དེ་དོན་མངོན་མི་ཡོང་ངམ། དེ་ལས་ལྡོག་ནས་ཚོགས་གཙོའི་བྱེད་སྟངས་འོག་ཞུགས་ན། སྐུ་ཕྱ་ལ་གནོད་པ་ཆེ་རུ་འགྲོ་བཞིན་པ་མ་ཡིན་ནམ།
༤ ཚོགས་གཙོས་ད་རེས་ཀྱང་གསེར་རྟའི་རྙོག་གླེང་མདོ་སྨད་སྤྱི་འཐུས་འོས་འདེམས་ཐད་བཀོལ་བཞིན་པ་ཡོངས་གྲགས་ཡིན་པར་མ་ཟད། མིག་མཐོང་ལག་ཟིན་ཅན་དུ་འགྱུར་བཞིན་པ་གོང་དུ་མཆན་མཆན་གྱི་ནང་དུའང་མཐོང་གསལ་རེད། དེ་ན་ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་གྲོས་ཚོགས་ནང་ཆོལ་ཁའི་རྩོད་རྙོག་མེད་ཅེས་པ་ནི་རྫུན་མ་རེད་དམ། དེ་ལ་གཞོགས་འདེགས་བྱེད་མི་ཡོངས་ཀྱང་རྫུན་ལ་ཞུགས་ཟིན་པ་མ་ཡིན་ནམ།
དགོས་ཕན་ཡོད་མེད་ཀྱི་ཆེད་མ་གཏོགས་གོང་ས་མཆོག་ལ་དབུ་བསྐོར་གཏོང་མཁན་ནི་ཡོད་ཆོག་པ་ཞིག་རེད་དམ། མཚན་སྨད་ཞུས་སོང་ཟེར་བ་ད྄ང་དབུ་བསྐོར་བཏང་བ་གཉིས་ཀྱི་ཉེས་པ་སུ་ལ་ཆེའམ། ཧ་ཧ་ཧ་ཧ་ཧ།