ལོག་སྨྲ་ཚར་གཅོད།
ཆུ་འཛིན་འཁྲིགས་པའི་ལྷ་ལམ་ཡོལ་བའི་འོག །
སྨུག་ཞགས་འཁྱིལ་བའི་འཛིན་མའི་གར་སྟེགས་ཐོག །
སྙན་འཇེབས་ལྡན་པའི་དབྱར་སྐྱེས་རྫ་རྔའི་ཁྲོད།།
དཔྱིད་ཀྱི་བུ་མོས་སྒྱུ་རྩལ་ངོམས་ལ་ཁད།།
ནགས་ཀླུང་སྟུག་པོའི་སྒྱུ་རྩལ་ཁང་ཆེན་ན།།
གྲང་དྲོ་སྙོམས་པའི་དུས་ཀྱི་རྐུབ་སྟེགས་ཐོག །
ཡལ་འདབ་སྔོ་བའི་ལྗོན་པའི་མི་ཚོགས་ཁྲོད།།
བུ་ཆུང་ཁམ་བུའི་མེ་ཏོག་བཞད་ལ་ཁད།།
དྲོད་རླུང་འཚང་བའི་ལུས་ཀྱི་ལྗོན་པའི་ནང་།།
ཟུངས་ཁྲག་དྲོན་མོའི་དུས་ཀྱི་སྔོ་ཆུ་རྒྱུགས།།
ཡན་ལག་མཉེན་པའི་ཡལ་གའི་ལོ་འདབ་འོག །
མ་བཅོས་སེམས་ཀྱི་བུང་བ་འཕུར་ལ་ཁད།།