ཁ་སང ༢༠༡༤།༣།༢༣ཉིན། དཔལ་ས་སྐྱའི་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་འདི་གར་སྤུ་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭར་མི་མང་སྟོང་ཚོ་ཁ་ཤས་ལ་གྲུབ་ཐང་ལུགས་ཀྱི་ཚེ་དབང་དང་ཆོས་འབྲེལ་བསྩལ་གནང་སོང་། ཟླ་འདིའི་ཕྱི་ཚེས་༢༢ཉིན་སྔ་དྲོ་ཕྱག་ཚོད་བཅིུག་ཐོག་དགེ་འདུན་པ་དང་མི་མང་སོགས་ཀྱིས་ཕེབས་བསུ་སེར་སྦྲེངས་ཟབ་རྒྱས་ཀྱི་ངང་ནས་དཔལ་ས་སྐྱའི་མ་དགོན་བཤད་གྲྭར་ཞབས་སུ་བདེ་བར་འཁོད་གནང་སོང་། ཉིན་དེའི་སྔ་དྲོའི་ཕྱག་ཚོད་༡༡།༣༠ཕྱེད་ཐོག་ཡོངས་ཀྱི་དགེ་བའི་བཤེེས་གཉེན་དམ་པ་མཁན་རིན་པོ་ཆེ་རིན་ཆེན་མཆོག་གི་དྲན་རྟེན་དཔེ་མཛོད་གསར་རྒྱག་གནང་ཡུལ་ས་ཆར་ས་ཆོག་རབ་གནས་སོགས་མཛད་ཡོད་པ་དང་། ཉིན་རྒྱབ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་མཆོག་དགུང་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ལྔ་བརྒྱ་དང་ཉེར་ལྔའི་འདས་མཆོད་ཀྱི་ཚོགས་མགོན་དུ་ཆེད་ཕེབས་གནང་ནས། སློབ་གཉེར་བ་དགེ་འདུན་པ་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་དང་རྣམ་ཐར་བཤད་པ་སོགས་ཀྱི་མཆོད་སྤྲིན་འབུལ་གནང་གྲུབ་མཚམས། བཀའ་བསྩལ་དོན། ཁྱེད་རང་ཚོ་ས་ཐག་རིང་པོ་ཞིག་ནས་འདིར་འབྱོར་བ་ཡིན་ཙང་སློབ་སྦྱོང་ཡག་པོ་གནང་དགོས་སྐོར་དང་། གཙོ་ཆེ་ཤོས་རང་རང་གི་མཁས་བླངས་པའི་དམ་ཚིག་དང་སྡོམ་པར་སྲུང་བསྡོམ་ཚུལ་བཞིན་དུ་བྱ་རྒྱུ་དེ་དཔེ་མི་སྲིད་གལ་ཆེ་རེད་སོགས་ཀྱི་བླང་དོར་བཀའ་སློབ་ཟབ་རྒྱས་ཤིག་གནང་མཐར་ཚོགས་ཡོངས་ནས་འགྲོ་བདེ་མ་སོགས་འུ་འདོན་བྱས་ནས་ཉིན་དེའི་མཛད་རིམ་རྒྱལ་ཁ་ངང་གྲུབ་ཡོད། ཁ་སང་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་མཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་མཁན་པོ་རྣམ་པ་དང་གཞན་ཡང་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བ་བཅས་མི་མང་སྟོང་ཚོ་ཁ་ཤས་ལ་འཆི་མེད་ཚེ་དབང་ཟབ་མོ་བཀའ་དབང་བསྩལ་ཡོད་པ་དང་བཀའ་དབང་དངོས་གཞི་མ་གནང་གོང་བཀའ་གནང་དོན། སྤྱི་བཏང་ཆོས་འབྲེལ་ཞུ་བར་ལུག་སྲོལ་རྒྱུན་བསྐྱངས་པ་ལྟ་བུ་མ་ཡིན་པ་ཆོས་བྱེད་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱེད་རྒྱུ་ཡོད་ནའང་གཙོ་བོ་ཡིད་ཀྱི་ཀུན་སློང་ཡག་པོ་ཞིག་གི་སྒོ་ནས་བྱ་རྒྱུ་དེ་གལ་ཆེ་ཡིན་སྐོར་དང་། ཆོས་བྱེད་ཡ་དེ་གལ་ཆེན་པོ་ཞེ་དྲག་རེད་མིའི་མཚོན་པའི་སེམས་ཅན་མཐའ་ཡས་པ་ཚང་མའི་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། ང་རང་ཚོའི་ཆོས་བྱེད་ཡ་དེ་བདེ་སྐྱིད་ཐོབ་ཡའི་ཆེད་བྱེད་ཀྱི་ཡོད་ཙང་། དངོས་ཉིད་བདེ་སྐྱིད་དེ་ཐོབ་དགོས་ན་ཆོས་བྱེད་ནས་ཡོང་དགོས་ཀྱི་རེད་སོགས་ནང་ཆོས་སྤྱིའི་འགྲོས་དང་སྐྱབས་འགྲོའི་རྣམ་གཞག་སོགས་ཞིབ་ཕྲ་བཀའ་གནང་སོང་། ཚེ་དབང་དངོས་གཞི་གྲུབ་རྗེས་མང་ཚོགས་ལ་
བླང་དོར་གྱི་བཀའ་ཕེབས་དོན། ཚང་མས་རང་དོན་རང་གཅེས་བྱེད་ནས་སྡིག་པ་མི་དགེ་བའི་ལས་ཆུང་ཆུང་ཡིན་ནའང་སྤང་དགོས་རེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བླང་པའི་ལས་ཡིན་ཕྱིན་མི་དགེ་བ་རེད་དེ་ལ་རྟེན་ནས་ང་ཚོར་མི་འདོད་པའི་ཚེ་ཐུང་བ་དང་ནད་མང་བ་ལོངས་སྤྱོད་དབུལ་བ་བསམ་པའི་རེ་བ་མ་འགྲུབ་པ་ལ་སོགས་པའི་མི་འདོད་པ་ཐམས་ཅད་རང་རང་སོ་སོའི་རྒྱུ་མི་དགེ་བ་བྱེད་པར་རྟེན་ནས་བྱུང་བ་རེད། དེ་འདྲ་ཡིན་ཙང་མི་དགེ་བའི་ལས་ཆུང་ཆུང་ཡིན་ནའང་འབད་རྩོལ་ཆེན་པོ་བྱེད་ནས་སྤང་དགོས་རེད། དེ་ནས་དགེ་བའི་ལས་ཉོན་མོངས་པ་དུག་གསུམ་གྱི་ཀུན་ནས་སླང་བའི་མ་ཡིན་པ་ཕན་པའི་བསམ་པ་ཀུན་ནས་སླང་བའི་ལས་དེར་དགེ་བའི་ལས་རེད། དགེ་བའི་ལས་ལ་རྟེན་ནས་འབྲས་བུ་ང་རང་ཚོའི་དོན་དུ་གཉེར་བྱ་ཚེ་རིང་བ་དང་ནད་མེད་པ་བསམ་པའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་ལེགས་པའི་བྱ་བ་ཐམས་ཅད་དགེ་བའི་ལས་ལ་རྟེན་ནས་འབྱུང་གིན་ཡོད་རེད། དེ་འདྲ་ཡིན་ཙང་དུས་དང་རྣམ་པ་ཀུན་ཏུ་དགེ་བ་སྒྲུབ་སྡིག་པ་སྤོང་བྱེད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ཡིན་ན་རྒྱས་ཐུབ་ཀྱི་ཡོད་རེད་ཕྱིའི་ཁྲ་ཁྲ་གསེང་གསེང་གི་སངས་རྒྱས་ཀྱི་བསྟན་པ་རྒྱས་ཀྱི་མ་རེད་ཅེས་དང་།
འཕྲོད་རྟེན་སྐོར་གསུང་དོན། ང་རང་ཚོ་ཆོས་འཇིག་རྟེན་གྱི་བྱ་བ་ག་རེ་བྱས་པ་ཡིན་ན་ཚེ་རིང་པོ་དང་གཟུགས་པོ་བདེ་པོ་དགོས་ཡ་དེ་གལ་ཆེ་རེད།དེ་འདྲ་ཡིན་ཙང་ན་ནས་སྨན་བཅོས་བྱེད་པ་ལས་ནད་པ་མ་ཆགས་གོང་ནས་སྔོན་འགོག་གི་རྟགས་དཔྱད་བྱེད་ཡ་ཡིན་ན་རེད། འཕྲོད་རྟེན་བྱེད་ཡ་ཡིན་ན་ཚང་མ་སྔོན་ནས་གནང་དགོས་ཡ་དང་། ལྷག་པར་དུ་ལོ་གཞོན་པ་ཚོས་ཆང་རག་ཚོད་མེད་འཐུང་ཡ་དང་ཐ་མག་ནག་པོ་འཐེན་ཡ་སོགས་ཡོང་སྲིད་པ་རེད། དེ་ཚོ་སྐྱོན་ཆེན་པོ་ཞེ་དྲག་རེད་རང་ཤི་རྒྱག་པ་དང་གཅིག་པ་རེད། སེམས་ཅན་ཚང་མའི་ལུས་རྩ་ཆེན་པོ་རེད་དེའི་ནང་ནས་མིའི་ལུས་དེ་རྩ་ཆེན་པོ་རེད། དེ་འདྲ་རྩ་ཆེན་དེ་དོན་མེད་ཕྱིན་པ་ཡིན་ན་དཔེ་མ་སྲིད་ཕམ་པོ་རེད། ཚེ་རིང་པོ་དང་གཟུགས་པོ་བདེ་པོ་དགོས་ཀྱི་ཡོད་ན་སྤྱོད་པ་ངན་པ་རིགས་དེ་རྩ་བ་ནས་བྱེད་ཀྱི་ཡོད་མ་རེད་དེ་ངེས་པར་དུ་སྤང་དགོས་ཀྱི་ཡོད་རེད།
ཡུལ་མིར་མཐུན་ལམ་སྐོར་གསུང་དོན། རྒྱ་གར་འཕགས་པའི་ཡུལ་འདི་དབུས་གཞུང་དང་ས་གནས་གཞུང་མི་མང་བཅས་ཚང་མ་བཀའ་དྲིན་ཆེན་པོ་རེད། སྔོན་བྱུང་བའི་འདས་པའི་དུས་སུ་ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་སོགས་ཚང་མ་རྒྱ་གར་ནས་བྱུང་བ་རེད། དེ་འདྲ་ཡིན་ཙང་འདས་པའི་དུས་སུ་ཡིན་ནའང་རྒྱ་གར་ང་ཚོར་བཀའ་དྲིན་ཆེན་པོ་རེད། བར་དུ་རྒྱ་གར་དང་བོད་ཀྱི་འབྲེལ་བ་ཡིན་ནའང་བཟང་པོའི་འབྲེལ་བའི་མཐར་ཕུད་པ་ཞེས་རེད། ད་ལྟའི་དུས་སུ་ཡིན་ནའང་ང་རང་ཚོ་མང་པོ་ཞིག་རྒྱ་གར་ནང་འཚར་ལོང་བྱུང་གིན་ཡོད་པ་མ་ཟད་ང་རང་ཚོའི་ཆོས་དང་རིག་གཞུང་ཚང་མ་སྲུང་སྐྱོབས་གནང་ས་ཞེས་རེད། དེ་འདྲ་ཡིན་ཙང་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དུས་རྟག་ཏུ་དྲན་པའི་ཐོག་ནས་ཁྱིམ་འཚེས་ཡུལ་མིར་མཐུན་པོ་བྱེད་དགོས་ཡ་དེ་དཔེ་གལ་ཆེན་པོ་ཆགས་ཡོད། རྒྱ་གར་མི་མང་དུང་ཕྱུར་མང་པོ་ནང་ང་རང་ཚོ་ཉུང་ཉུང་བྱེད་ནས་གནས་བསྡད་ཡོད་ཙང་མི་རེ་ཟུངས་ཀྱིས་སྤྱོད་པ་ཁྱད་འཚར་སྟེན་ནས་ཉེན་ཁ་ཡོང་ཉེན་ཡོད་ཙང་ཁྱིམ་འཚེས་རྒྱ་གར་ལུང་པ་དེ་བློ་ཕམ་ཡོང་ཡ་དེ་འདྲ་བྱེད་མི་ཉན།
ནང་ཁུལ་མཐུན་ལམ་སྐོར་བཀའ་གནང་དོན། དེ་གར་ནང་བཞིན་ང་ཚོ་ཚང་མ་མཐུན་པོ་བྱེད་དགོས་ཡ་དེ་གལ་ཆེན་པོ་རེད། ད་ལྟའི་ཆར་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་ཆོས་ལུགས་ཁག་ཡིན་ནའང་ཐུགས་མཐུན་དམ་གཙང་སྔོན་བྱུང་མ་མྱོང་བ་ཐུགས་མཐུན་དམ་གཙང་དེ་འདྲ་བྱུང་བསྡད་ཡོད་རེད། གོམ་བུ་གཅིག་འགྱུར་གྱི་ནུས་པ་དེ་ང་རང་ཚོའི་རང་བཞིན་ཚང་མར་གལ་ཆེན་པོ་རེད་བསྡད་ཡོད་རེད།དེ་འདྲ་ཡིན་ཙང་དུས་སྐབས་གཉེན་འཕྲང་ཅན་སྐབས་འདིར་ཚང་མ་མཐུན་པོ་བྱེད་དགོས་ཡ་དེ་གལ་ཆེ་རེད་ཤག །
སློབ་སྦྱོང་གི་སྐོར་བཀའ་བསྩལ་དོན། འཛམ་བུ་གླིང་པའི་མཉམ་དུ་འགྲོ་དགོས་ཙང་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ལྷག་པར་དུ་ང་རང་ཚོ་བོད་པ་ཡིན་ཙང་བོད་པའི་སྐད་དང་ཡི་གེ་རིག་གཞུང་སོགས་བོད་པའི་རྨང་གཞི་དེ་ཡིིན་ཙང་དེར་སློབ་སྦྱོང་བྱ་རྒྱུ་དང་དེ་ཡང་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་ཐོག་ནས་གནང་དགོས་གསུང་སོང་།
མཐའ་གསུང་དོན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་ཟབ་པ་དང་རྒྱ་ཆེ་བཀའ་སློབ་མང་པོ་གནང་གིན་ཡོད་རེད།དེང་སང་གསར་ཤོག་དང་རླུང་འཕྲིན་སོགས་རྒྱུད་ལམ་མང་པོ་ནས་ལྟ་ཀློག་ཐུབ་ཀྱི་ཡོད་ཙང་། བཀའ་སློབ་ཀྱི་ནང་དོན་རྣམས་མ་ཤེས་པ་ཤེས་པ་གྱིས་ཤེས་པ་རང་རྒྱུད་ལ་འཇགས་ནས་ཉིན་རེ་ཉིན་རེ་རང་གི་འཚོ་བ་ནང་རྒྱལ་བ་རིན་པོ་ཆེའི་བཀའ་ནང་བཞིན་བྱེད་ཐུབ་པ་བྱུང་བ་ཡིན་ན་བླ་མའི་བཀའ་སྒྲུབ་པ་ལས་ལྷག་པའི་ཆོས་བྱེད་ཡ་ཡོད་མ་རེད། དེ་དོན་ཚང་མས་ཐུགས་ལ་འཇགས་རོགས་གནོངས། སོགས་གསུང་བྱུང། ཚེ་དབང་གྲུབ་རྗེས་ཉིན་རྒྱབ་ཕྱིར་བཞུགས་གནས་ར་ཛ་སྤུར་ཆིབས་ཞལ་བསྒྱུར་གནང་སོང་། མི་རིང་དབར་བྱང་ཨ་རི་དང་ཡོབ་རུ་སོགས་ལ་ཡང་ཆོས་འབྲེལ་གྱི་མཛད་རིམ་ཁག་ཅིག་བསྐྱང་འཆར་འདུག
ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས།
དཔལ་ལྡན་བླ་མའི་གསུང་གསུམ་རྒྱས་པར་ཤོག །
དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་པར་ཤོག །
གོང་མ་འདི་ཡང་རྒྱ་བླ་ཞིག་དང་འདྲ་ད་བར་མིང་རྫིག་པོ་དེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གར་སྟེགས་ནས་བྱུང་བར་དྲན་གྱི་མེད་པ་འདྲ། བོད་ཚང་གི་གནས་བབས་ལ་ཕན་པའི་བཀའ་མོལ་ནི་ཉིན་སྐར་ཙམ་རེད།
༼རང་བཞིན་ཚང་མ་༽ཡིན་ན་༼རང་གཞན་ཚང་མ་༽ཡིན།
་་་་་ དེ་གར་ནང་བཞིན་ང་ཚོ་ཚང་མ་མཐུན་པོ་བྱེད་དགོས་ཡ་དེ་གལ་ཆེན་པོ་རེད། ད་ལྟའི་ཆར་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས་ཆོས་ལུགས་ཁག་ཡིན་ནའང་ཐུགས་མཐུན་དམ་གཙང་སྔོན་བྱུང་མ་མྱོང་བ་ཐུགས་མཐུན་དམ་གཙང་དེ་འདྲ་བྱུང་བསྡད་ཡོད་རེད། གོམ་བུ་གཅིག་འགྱུར་གྱི་ནུས་པ་དེ་ང་རང་ཚོའི་རང་བཞིན་ཚང་མར་གལ་ཆེན་པོ་རེད་བསྡད་ཡོད་རེད།དེ་འདྲ་ཡིན་ཙང་དུས་སྐབས་གཉེན་འཕྲང་ཅན་སྐབས་འདིར་ཚང་མ་མཐུན་པོ་བྱེད་དགོས་ཡ་དེ་གལ་ཆེ་རེད་ཤག ། ་་་་་་་
ཁ་སང་།
ལས།
མདང་།
འདི་དག་པ་ཡོད།
དཔལ་ས་སྐྱའི་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་བརྟན་ཤོག །
བཀའ་རྡོ་ལགས། རྒྱུན་པར་དག་བཅོས་ལ་དགའ་བའི་མཆན་པ་ཁྱེད་རང་དི་རིང་འདི་ན་ཡིག་ནོར་དེ་ཚོར་བཤད་པ་ཞིག་རྒྱོབས་དང་། གོམ་བུ་ཟེར་ན་བོད་ཀྱི་སྐད་ལ་མིན་འདུག བརྡ་སྤྲོད་ལ་ཡང་མིན་འདུག
ད་དུང་དགུང་པ་ཟེར་ན་གནམ་ལ་གོ་བཞིན་འདུག་པས། གོ་བོ་རབ་འབྱམས་གནམ་ལ་ཕུར་སོང་ཟེར་བའི་དོན་རེད་དམ།
རང་བཞིན་ཚང་མར་དགོས་ཟེར་ན། རྩ་བ་ནས་མི་གོ། སྔོན་གྱི་ས་སྐྱ་པའི་མཁས་དབང་དེ་ཚོ་ཡི་གེའི་མཁན་པོ་ཤ་སྟག་རེད། ད་ལྟའི་ས་སྐྱའི་བཤད་གྲྭའི་ཁ་སྟབས་འདི་ལ་གཟིགས་དང་།
ས་སྐྱ་གོང་མ་དང་ཆོས་འབྲེལ་ཡོད། དམ་པ་འདི་ལ་ཁ་གཏོང་བ་མིན་པས་དེ་མཁྱེན་པར་མཛོད།
སྐྱབས་སུ་མཆིའོ། ཕྱག་འཚལ། ཕྱག་འཚལ།
ངས་འདིར་སྙིང་ཐག་པ་ནས་རེ་སྐུལ་ཞིག་ཞུ། དེ་ནི་ང་རང་ཚོའི་སེམས་ལ་མི་འབབ་པ་ཞིག་བྱུང་བ་དེ་ལྷ་དང་བླ་མ་ལ་ངན་ཁག་དཀྲི་བ་དང་། སྐྱོན་རྗོད་བྱེད་པ། ཡི་ཆད་བཤད་པ་སོགས་མ་བྱེད་རོགས། དོན་དངོས་ཡོད་ལ་ལྷ་དང་བླ་མ་ལ་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཕྱོགས་ནས་རེ་བ་ཡང་མ་རྒྱག དེའི་ནང་དུ་རྒྱལ་་རིན་པོ་ཆེ་ཡང་ཚུད་ཡོད། ལྷ་དང་བླ་མས་ང་ཚོའི་སྤྱི་ཚོགས་ཀྱི་ཆབ་སྲིད་རྩ་དོན་བསྒྲུབ་པའི་ཡིད་ཆེས་མ་བྱེད་དང་དེ་ནས་དེ་ལ་ཡི་ཆད་ཀྱང་མི་ཡོང་བ་རེད།
ལྷ་དང་བླ་མས་ཆབ་སྲིད་འཛིན་སྐྱོང་བྱེད་པའི་དུས་རབས་དེ་ཡོལ་ཟིན་པ་རེད། ང་ལ་ནི་ལྷ་དང་བླ་མས་ང་ཚོའི་ཆབ་སྲིད་ཀྱི་རྩ་དོན་སྒྲུབ་པའི་རེ་བ་ཡང་མེད་པས་ཡི་ཆད་ཀྱང་མེད། དེས་ལྷ་དང་བླ་མ་སྤྱི་ཚོགས་ལ་དགོས་མཁོ་མེད་པར་མི་འགྱུར་དེ། ལྷ་དང་བླ་མ་ལ་ལྷ་དང་བླ་མའི་ལས་འགན་ཞིག་ཡོད་པས་སོ།།
# 7 བསམ་ཤེས།་ལགས་ཀྱིས་མཆན་བཏབ་པ།:
March 24th, 2014 at 12:49 PM
བཀའ་རྡོ་ལགས། རྒྱུན་པར་དག་བཅོས་ལ་དགའ་བའི་མཆན་པ་ཁྱེད་རང་དི་རིང་འདི་ན་ཡིག་ནོར་དེ་ཚོར་བཤད་པ་ཞིག་རྒྱོབས་དང་། གོམ་བུ་ཟེར་ན་བོད་ཀྱི་སྐད་ལ་མིན་འདུག བརྡ་སྤྲོད་ལ་ཡང་མིན་འདུག ་་་་ཟེར།
བསམ་ཤེས་ལགས། ངས་བྱས་ན།
ཁ་༼མདང་༽སང ༢༠༡༤།༣།༢༣ཉིན།
སྔ་དྲོ་ཕྱག་ཚོད་༼བཅུ་གཅིག་༽བཅིུག་ཐོག
བཀའ་༼སྩལ༽བསྩལ་དོན།
འུ་༼འུར་༽འདོན་བྱས་ནས་
རྒྱལ་ཁ་༼ཁའི་༽ངང་གྲུབ་ཡོད།
ཁ་སང་༼མདང་༽སྔ་དྲོ།
བཀའ་དབང་བསྩལ་༼སྩལ་༽ཡོད་
སྤྱི་༼སྤྱིར༽བཏང་ཆོས་འབྲེལ་ཞུ་བར་
ལུག་༼ལུགས་༽སྲོལ་རྒྱུན་བསྐྱངས་པ་
གལ་ཆེན་པོ་ཞེ་དྲག་༼དྲགས་༽རེད།
མིའི་མཚོན་པའི་སེམས་ཅན་མཐའ་ཡས་པ་ཚང་མའི་༼མས་༽བདེ་སྐྱིད་འདོད་ཀྱི་༼བགྱིད་༽ཡོད་རེད།
སྡུག་བསྔལ་འདོད་ཀྱི་༼བགྱིད་༽ཡོད་མ་རེད།
བདེ་སྐྱིད་ཐོབ་ཡའི་༼ཡེ་༽ཆེད་བྱེད་ཀྱི་༼བགྱིད་༽ཡོད་ཙང་།
ཚང་མས་རང་དོན་རང་གཅེས་བྱེད་༼བྱས་༽ནས་་་་་
དེ་ལ་རྟེན་༼བརྟེན་༽ནས་ང་ཚོར་མི་འདོད་པའི་ཚེ་ཐུང་བ་དང་ནད་མང་བ་
དུག་གསུམ་གྱི་ཀུན་ནས་སླང་བའི་༼བསླངས་པ་༽མ་ཡིན་པ་
ལེགས་པའི་བྱ་བ་ཐམས་ཅད་དགེ་བའི་ལས་ལ་རྟེན་༼བརྟེན་༽ནས་འབྱུང་གིན་༼བགྱིན་༽ཡོད་རེད།
འཕྲོད་རྟེན་༼བསྟེན་༽བྱེད་ཡ་ཡིན་ན་
དཔེ་མ་སྲིད་ཕམ་༼ཕངས་༽པོ་རེད།
གོམ་༼གོང་༽བུ་གཅིག་འགྱུར་གྱི་ནུས་པ་དེ་ང
མི་རིང་དབར་བྱང་ཨ་རི་དང་ཡོབ་རུ་༼ཡུ་རོབ་༽སོགས་ལ་ཡང་
ཐུབ་བསྟན་རྒྱལ་མཚན་ལགས་སུ།
བཀའ་རྡོ་ལགས། དེ་ལྟར་རོ། གཉིད་སྐྱིད་དོ།
སྐྱབས་སུ་མཆི་བླ་མ་འདི་ནི་ངོ་མ་བླ་མ་བླ་མའི་གོ་གནས་ལ་བཞུགས་མཁན་ཞིག་རེད། ཁྱེད་ལ་སྙིང་དབུས་ནས་གུས་འདུད་ཡོད། གོང་དུ་མཆན་པ་ཚོས་ཀྱང་ཡག་མོ་གསུང་འགེ །དོན་མེད་ཁ་རྩོད་རྒྱག་པ་ལས་ཕན་ཐོག་ཡོད་པའི་ལམ་སྟོན་རེ་མཛད་ན་དགེ་མཚན་ཆེ་བར་མངོན།
༄།བླ་མ་འདི་འདུལ་འཛིན་ཆེན་པོ་དེ་འདྲ་མིན་ཀྱང་། བོད་བསྟན་སྲིད་གཉིས་ལ་ཞལ་ཞེ་གཉིས་མེད་ཀྱིས་ལྷག་བསམ་དཀར་བ་དང། རྒྱལ་བ་རིན་པོ་ཆེ་ལ་དད་འདུན་གཡོ་བ་མེད་པ་ཞིག་ཡིན་དུས་དད་པ་དང་གུས་ཞབས་བླ་མེད་ཆེ། ་་དེ་མིན་བླ་ཆེན་འགས་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཙམ་ལས་དོན་དུ་གོ་ལྡོག་ཏུ་གནས་མཁན་ཡང་གྲངས་མང། རྒྱལ་བ་རིན་པོ་ཆེ་ཕེབས་སྐབས་གུས་ཞབས་དེ་ཙམ་མེད་པར་ཁོག་ཏུ་སྲོག་ཤིང་བཅུག་པ་འདྲ་བར་བླ་ཆེན་མིང་འཛིན་པ་འདྲ་ཡོད་པར་ཀུན་གྱིས་ཤེས།
ང་རང་ས་སྐྱ་གོང་མ་ལ་དད་པ་དང་དགའ་བཞེན་ཡོད། ཁོང་སྐྱ་བོའི་ཆོས་པའི་སྐུ་ཚབ་ཡག་པོ་ཞིག་རེད། གོས་དཀར་ལྕང་ལོའི་སྡེའི་མིག་དཔེ་ལེགས་པོ་རེད། ཆོས་ཐེག་པ་ཆེ་འབྲིང་དང་མདོ་སྔགས་གང་འཆད་རུང་རྒྱུན་པའི་གོས་དཀར་འདི་ལས་མི་བྲལ། བླ་མ་གཞན་པ་འབའ་ཞིག་ནང་གི་རྟོགས་པ་མི་ཤེས་རུང་ཕྱིའི་སྤྱོད་པ་ཁོ་ན་ཡང་མིག་ལ་དེ་ཙམ་མཛེས་རྒྱུ་མེད། དི་རིང་རྒྱོ་བརྒྱབ་ནས་བུད་མེད་མཛེས་མ་ངོམས་ཞིང་ང་ཚོར་འདྲ་པར་སྐུར། སང་ཉིན་ཆོས་གོས་རྣམ་སྦྱར་གྱོན་ནས་ཆོས་ཤོད་པ་དེ་ཅུང་མི་བདེ་བ་འདུག
སྔོན་མ་ས་སྐྱའི་འདུལ་འཛིན་པའི་མིང་འཁུར་བ་ཞིག་གིས་ང་ལ་ད་ཆ་དགེ་ལུགས་པ་ཤུགས་ལྡན་གྱིས་བཙོག་པར་བྱས་སོང་ཟེར། ངས་ཁོང་ལ་ཁྱེད་འདུལ་བའི་སྡོམ་པ་མེད་པ་དེས་ཆོས་གོས་རྣམ་སྦྱར་གྱོན་ནས་ངོ་རྫུན་སྤྲོད་པ་དེས་ས་སྐྱའི་གོས་དཀར་ལྕང་ལོའི་བསྟན་པ་བཤིགས་སོང་བརྗོད་པར། དེ་གོང་གི་བླ་མ་རྫོང་གསར་དང་གཞན་པ་མང་པོ་དེ་ལྟར་རེད། ཁོང་ཚོར་སྔོན་ལ་ཤོད་ཟེར།