རོང་པོ་ཤར་ཚང་འདི། ཡ་རེ་ཡ་རེ་ཡ་རེ་ལེན་ཟེར་ནས་གླུ་ལེན་གར་རྩེད་བྱེད་སའི་མིའི་སྤྱི་ཚོགས་ལས་རིང་དུ་གྱེས་ཏེ་མི་མེད་ལུང་སྟོང་དང་འབྲོག་དགོན་མང་པོ་འགྲིམས་ནས་སྒོམ་སྒྲུབ་ཉམས་ལེན་ལ་གཅིག་ཏུ་གཞོལ་ནས་སྡོད་སྐབས། མཚམས་རེར་དངོས་གནས་བྱ་བྱེའུ་འབའ་འབུ་དང་ཤིག་སོ་ལྗི་བ་ལས་གླུ་ལེན་ས་ལེན་རོགས་མེད་པར་མིའི་སྤྱི་ཚོགས་དང་འབྲེལ་ཐག་ཡོངས་སུ་ཆོད་པ་་ལྟ་བུ་ཞིག་ཡོད། ཡིན་ན་ཡང་། དོན་དངོས་སུ་དེ་ལྟར་མིན་ཏེ་རི་མགོ་རྫ་མགོའི་ཕྱུགས་རྫི་རྣམས་དང་རི་ཁུག་ལུང་ཁུག་གི་ཤིང་འཐུ་བ་དང་རྔོན་པ་རེ་ཟུང་གིས་ཐག་རིང་པོ་ནས་སྐད་སྙན་མོའི་ངག་གི་དབྱངས་རྟ་ལ་དྲངས་ནས་ལ་ཡས་ལེན་པ་དེས་ཁོང་ད་རུང་འཇིག་རྟེན་མི་ཡུལ་དུ་ཡོད་པའི་གོ་བརྡ་ཞིག་སྟེར་གྱི་ཡོད་པ་མ་ཟད་ཁོང་གི་ཐུགས་ཡིད་དབང་མེད་དུ་འཕྲོག་གི་ཡོད་པ་རེད།
ཁོང་ནས་སྒོམ་སྒྲུབ་བྱེད་ཀྱིན་བྱེད་ཀྱིན་ཕྱིན་ཏེ་སྐབས་ཤིག་ད་ལྟའི་རྨ་ལྷོ་སོག་པོའི་ཁོངས་ཀྱི་སངས་རྒྱས་སྟོང་གི་བླ་རི། ཅི་གིན་སྒམ་བྲག་མཐོན་པོའི་ཁོངས་གསེང་ཞིག་ཏུའང་གང་མཚམས་ཤིག་བཞུགས་པ་མ་ཟད་ལྷ་མོའི་བླ་མཚོར་གནས་བསྟོད་ཅིག་ཀྱང་གནང་། དེའི་སྐབས་དེ་ནས་ལུང་མདོར་བབས་ཏེ་མར་ལྷ་མོའི་བླ་མཚོ་ཡོད་སའི་ཐང་གི་ཕར་ཕྱོགས་སུ་བསོད་ནམས་སྣ་སྒུར་ཚང་གི་རི་བབས་ཡོད་འདུག དེ་ཚང་ལ་མགོན་པོ་ལྟག་ཁྱ་ཟེར་བ་རང་ལོ་བཅོ་ལྔ་ལོན་པ་ལོ་གཞོན་སྐད་སྙན་མོ་ཅན་ཞིག་ཡོད་པ་དེ་དང་ཁོང་གཉིས་གྲོགས་པོ་ཆགསའདུག
ཐེངས་ཤིག་ཉི་མ་ཐང་སྟེ་གནམ་སྔོ་ཐང་ཡུག་ཐང་ཆོད་ཡོད་པའི་ཉིན་ཞིག་ཁོང་ཁམས་སངས་ཀྱི་ཆེད་དུ་ཡར་ཤུག་ལུང་གི་རྫ་རྒྱུད་དེད་དེ་རི་རྩེ་མཐོ་ས་ཞིག་ཏུ་བུད་ནས་ཕར་བྱང་ཕྱོགས་སུ་ཁ་འཁོར་ཏེ་རང་གི་ཕ་ཡུལ་རེབ་ཀོང་ཕྱོགས་རྒྱང་ལྟ་བྱེད་བཞིན་རི་དྭགས་ཕོ་མོའི་རྩེད་འཇོ་དང་། བྱ་བྱེའུས་ཅིར་ཅིར་འབྱིན་པའི་སྙན་དབྱངས། ཁ་དོག་འདྲ་མིན་གྱི་ཕྱེ་མ་ལེབ་ཀྱིས་གཤོག་འགྱུར་རྒྱག་བཞིན་རང་དབང་དགའ་བདེའི་དཔལ་ལ་རོལ་བའི་ངང་ཚུལ། བུང་བ་སེར་ཆུང་རྣམས་གཤོག་གླུ་ལེན་བཞིན་ཡོང་སྟེ་མེ་ཏོག་སྣ་བརྒྱས་མགོ་ལྕོག་ལྡེམ་བཞིན་བསུང་ཞིམ་ཀུན་ཏུ་གཏོར་བཞིན་པའི་ནང་ལྡིང་སྐོར་རྒྱག་བཞིན་པ་སོགས་རང་བྱུང་གི་སྣང་ཚུལ་གྱིས་ཐུགས་ཡིད་དབང་མེད་འཕྲོག་སྟེ་བཞུགས་ཡོད་སྐབས། གློ་བུར་དུ་ཕར་ཕྱོགས་ཀྱི་ཤྭ་ལུང་དང་གནའ་ལུང་གཉིས་བར་གྱི་སྒང་མགོ་ནས་མགོན་པོ་ལྟག་ཁྱའི་གླུ་སྐད་སྙན་མོ་ཞིག་གིས་ཁོང་གི་ཐུགས་ཡིད་རང་བྱུང་མཛེས་སྡུག་གི་ཞིང་ཁམས་ནས་སླར་མི་ཡུལ་དུ་དྲངས།
ཡེ་ཡེ་ཡེ་ཡེའི་གོ ལ་ཡ་ལ ཡ་ཡའི དགུང་ཨ་སྔོན་གོས་སྔོན་རས་སྔོན་རེད་ཡ་ཡའི། གོན་འདོད་ན་གོང་ང་འདོགས་རན་རེད་ཡ་ཡའི།
ཡེ་ཡེ་ཡེ་ཡེའི་གོ་ལ་ཡ་ལ་ཡ་ཡའི། རྟ་འདོ་བ་ན་སོ་གསུམ་པ་རེད་ཡ་ཡའི། རྒྱུག་འདོད་ན་སྒ་སྲབ་བསྒྲིགས་རན་རེད་ཡ་ཡའི།
ཡེ་ཡེ་ཡེ་ཡེའི་གོ་ལ་ཡ་ལ་ཡ་ཡའི། རོགས་ཆུང་ལོ་ལྔ་གསུམ་བཅོ་ལྔ་རེད་ཡ་ཡའི། འགྲོགས་འདོད་ན་ཚིག་གསུམ་བཤད་རན་རེད་ཡ་ཡའི་ཟེར་ནས་བླངས་པའི་མགོན་པོ་ལྟག་ཁྱའི་ལ་རིང་དེས་ཁུ་སིམ་གྱི་རི་ལུང་རྫ་ལུང་རྣམས་ཡོངས་སུ་བཀང་ཞིང་རང་བྱུང་གི་རི་བྲག་རྫ་ལུང་རྣམས་སུ་རང་སྒྲ་འཁྲོལ་བཞིན་མཆིས་ལ། དེ་བྲག་ཆ་ནས་བྲག་ཆ་བརྒྱུད་དེ་ཅི་གིན་རྫ་བྲག་གི་རི་རྒྱུད་ཧྲིལ་བོ་ཁོའི་གླུ་སྐད་ཀྱིས་ཡོངས་སུ་ཁེངས། ཡ་ཡའི་ ཡ་ཡའི་ཟེར་བའི་ཁོའི་གླུ་སྐད་དེ་ཁོང་གི་སྒོམ་ཁང་གི་བྲག་ཆའི་ནང་ལྷང་ལྷང་གྲག་བཞིན་འདུག་ལ་ཁོང་གི་ཐུགས་ནང་གི་གཏིང་ཟབ་ས་ན་ཡང་སང་སང་གྲག་བཞིན་ཡོད་འདུག དེར་མ་ཟད་ཁོང་ནས་མགུར་ཞིག་གསུངས་ན་དེའི་ནང་དུའང་ཡ་ཡི་ཟེར་ནས་གྲག་བཞིན་ཡོད་འདུག དུས་ད་ལྟ་བར་དུ་ད་རུང་ཡ་ཡེ་ཡ་ཡེའི་ཟེར་བའི་ལ་སྐས་དེ་མཚམས་ཆད་ཡོད་མི་འདུག
མདའ་ཚན་པའི་འཇིག་རྟེན་དུ་འཁྱམས་མོད། ད་དུང་གསང་བའི་རྣམ་ཐར་རང་དུ་ལུས་སོང་། ཅང་མ་གོ་ཐལ། ངས་ཡང་བསྐྱར་ཀློག་གི་ཡིན། ས་པཎ་གྱི་རོལ་མོའི་བསྟན་བཅོས་ན། ང་རོ་ལ་རིགས་བཞི་ཕྱེས་ཏེ། དེར་འདྲེན་པ་དང་འགུག་པ། བསྒྱུར་བ། ལྟེངས་ཞེས་བཀོད་འདུག ལྟེངས་ཞེས་པའི་དོན་མ་གོ་ཐལ། ཚིག་མཛོད་དེ་ཚོར་ཡང་མ་གསལ། ཅི་ཤེས་སམ།
རྔོན་པ་ཁྱི་ཁྲིད་ནི་སླེབས་བྱུང་། །ཤ་བ་སྨུག་པོ་ནི་འབྲོས་ས༎རྫ་རི་མཐོན་པོ་ནི་བཟང་ངོ་༎ བྱི་ལ་གཡོ་ཅན་ནི་སླེབས་བྱུང་༎བྱི་བ་ཉམས་ཆུང་ཉམས་ཆུང་ནི་་འབྲོས་ས༎བུག་པ་ཕུགས་རིང་ནི་བཟང་ངོ་༎ ང་རྒྱལ་སེང་གེ་ནི་སླེབས་བྱུང་།།ཡོན་ཏན་རི་བོང་ནི་འབྲོས་ས༎རྩྭ་གསེབ་ནི་མཐུག་པོ་ནི་བཟང་ངོ་༎ ངས་ལོ་ངོ་ཉི་ཤི་ལྷག་གི་སྔོན་ལ་སྐལ་ལྡན་མགུར་མ་བཀླགས་མྱོང་༎གོང་དུ་བཀོད་པ་ལྟ་བུའི་མགུར་ཚན་ཁག་ཅིག་ད་དུང་ཡང་བློ་ལ་འབྱར་ནས་བསྡད་འདུག ད་བར་དུ་ཤར་སྐལ་ལྡན་རྒྱ་མཚོ་ནི་སྙན་ངག་མཁན་ནམ་རྣལ་འབྱོར་གླུ་པ་ཟེར་བ་ནི་དེ་འདྲ་ཞིག་ཡི་དགོས་རྒྱུ་རེད་སྙམ་བཞིན་ཡོད། །དེ་རིང་མདའ་ཚན་པའི་རྩོམ་འདི་མཐོང་བ་ན་རྣལ་འབྱོར་གྱི་གླུ་པ་དེ་ལ་སྔར་ལས་ཀྱང་དད་སྨོན་ཞིག་འཕེལ༎
འདིའི་དོན་ངས་ལམ་སང་གོ་སོང་། དེ་ཉིན་འགའི་སྔོན་མདའ་ཚན་པས་ཡ་རེ་ཡ་རེ་ཟེར་ནས་གླུ་ཞིག་བླངས་པ་དེའི་མཆན་དུ། གཡང་སྐྱབས་རྒྱལ་གྱིས་བོད་ཀྱི་གླུ་སྙན་མོ་འདི་ཚོ་ལེན་དུས་ ཡ་རེ་ དང་ ཡ་རེ་ ཟེར་དོན་ཅི་ཡིན་ནམ། སྐལ་ལྡན་མགུར་མའི་ནང་ན་ ཡ་ཡི་ ཞེས་བྲིས་འདུག་ཅེས་པར། ཀླུ་སྨྱོན་ནས། ཡ་རེ་ཟེར་བ་སྐྱ་གླུ་དང་ཡ་ཡི་ཞེས་པ་སེར་གླུ་ཡིན་ནམ་ཞེས་བྲིས་པའི་ལན་ཡིན་པ་འདྲ། ངའི་ཕ་ཡུལ་དུའང་ལ་གཞས་ལེན་ན། ཡ་ཡེའི་ཡ་ཡེའི། ཡང་ན་། ཡེ་ཡེ་ཡེ། ལྷ་སའི་ཀློག་སྟངས་ལྟར་བྱས་ན། ཡ་ཡི་ཡ་ཡི་ཟེར་ནས་ལེན། ཤར་ཚང་ལྷ་སའི་སྐད་ཡག་པོ་ཡོད་རྒྱུ་རེད། ཡེ་ཡེའི་ཡེ་ཡེའི་ཟེར་བའི་ལ་གཞས་ལེན་སྟངས་དེ་སོར་ཡང་དུ་བཏང་ནས་ཡ་ཡི་ཞེས་བྲིས་པ་ཡིན་ན་ཁྲིག་ཁྲིག་མེད་ན་ཐང་གི། ཁོང་རི་ཁྲོད་དུ་བཞུགས་སྐབས་ཕྱུགས་རྫི་རྣམས་ཀྱིས་རི་ཁར་ལེན་པའི་ལ་གཞས་ཡང་སེ་གོ་ཡི་ཡོད་རྒྱུ་རེད། དེ་མིན་བོད་མི་ཞིག་ཡིན་ཕྱིན་རང་གི་གྲོང་སྡེ་བཞག་ནས་ཕྱི་ལོགས་སུ་གོམ་པ་གང་མཚམས་ཤིག་སྤོས་མཚམས་ཡིད་ལ་དང་པོར་དྲན་རྒྱུ་དེ་ལ་གཞས་ལས་གླུ་མིན་པ་རེད། ལ་གཞས་ལེན་པའི་སྐད་སྙན་པོ་མེད་ནའང་ལ་གཞས་སྣ་ཁུང་ནང་དང་། བཞུག་པ་བཏབ་ནས་བླངས་འགྲོ་གི་ཡོད་པ་མ་ཡིན་ནམ། གྲྭ་བ་ཞིག་ཡིན་ན་ལ་གཞས་ལེན་གི་ཡོད་མེད་མི་ཤེས་དེ། སེམས་ནང་ལ་ལ་གཞས་ཀྱི་དབྱངས་རྟ་དེ་ཚོ་ཡང་ཡང་ཤར་གི་ཡོད་རྒྱུ་རེད་འདོད།
ངས་བསམས་ན་སྐལ་ལྡན་མགུར་མ་དང་ཞབས་དཀར་མགུར་མ་གཉིས་ཀྱི་རང་རེའི་འཚོ་བ་དང་བར་ཐག་ཆེས་ཉེ་བ་དེ་ནི་ཞབས་དཀར་བའི་མགུར་དེ་ཚོ་རེད། དེའི་ནང་ནས་ཀྱང་ཨ་མཆོད་ཀྱི་སྐོར་ཞིག་ཡོད་པ་དེ་ཚོ་བཀླགས་ན་འདི་མི་བདེན་གང་བདེན་སྙམ་པ་རེ་ཡོང་རྒྱུ་འདུག དེ་བཞིན་ཁོང་གི་རྫོགས་པ་ཆེན་པོའི་ལྟ་ཁྲིད་མཁའ་ལྡིང་གཤོག་རླབས་ལྟ་བུ་ཡང་འཇིགས་མེད་གླིང་པ་ལྟ་བུས་མ་གཏོགས་མཁས་པ་གཞན་གྱིས་རྩོམ་རྒྱུ་ཁག་པོ་རེད་བསམས།
ཡེ་ཤེས་ཀྱིས་ར་ཤེལ་ལམ་ཡང་ན་འགྱིག་གིས་མིག་ཤེལ་ནག་པོ་ཆེན་པོ་མཐུག་པོ་ཞིག་གོན་ནས་ཞབས་དཀར་མགུར་མ་དང་སྐལ་ལྡན་མགུར་མ་གཉིས་ལ་བལྟས་སོང་། དེ་ཡང་མཐའ་བསྡོམས་ལ་ཞབས་དཀར་བའི་མགུར་དེ་དག་རང་རེའི་བྱས་སྟངས་དང་ཐག་ཉེ་བ་མ་ཟད་དེ་འདྲ་འབྲི་མཁན་གཞན་ཞིག་ཡོད་ན་དེ་ནི་འཇིགས་མེད་གླིང་བ་ཡིན་ངེས་ཟེར། ད་དུང་ཁོས་ཨ་མཆོད་སྐོར་གྱི་མགུར་ལ་དམིགས་བསལ་བསྟོད་པ་ཕུལ་སྟངས་ལ་བལྟས་ན་ཨ་ལགས་དོ་རྡོ་འདི་བ་ཨ་མཆོད་ཅིག་གམ་ཡང་ན་སྔགས་པ་ཞིག དེ་མིན་དཔོན་རྒན་ཞིག་ཡིན་པ་ཐག་གིས་ཆོད་འདུག།
ཨ་རོ་ཀླུ་སྨྱོན། ཁྱེད་ཀྱིས་སྐལ་ལྡན་དང་ཞབས་དཀར་བསྡུར་རབས་འདི་ནི་ དགེ་ཆོས་ཀྱིས་ཙོང་ཁ་པ་དང་འཇུ་མི་ཕམ་བསྡུར་རབས་ཀྱི་བཤད་སྲོལ་ཞིག་ཡོད་པ་དེ་ལ་ལད་མོ་བྱེད་ཀྱིན་ཡོད་པ་འདྲ། ཨ་ཁ། འདི་འདྲའི་ཨ་ཆད་ཨུ་ཐུག་ཅིག་བྱེད་དགོས་ཨེ་ཡོད། ཁྱེད་ཀྱིས་བསྡུར་བའི་བླ་མ་འདི་གཉིས་ཀྱི་དུས་ཚོད་མི་འདྲ་ལ། ཆོས་ལུགས་ཀྱང་མི་འདྲ། སློབ་སྦྱོང་ཡང་མི་འདྲ། དེ་ཚོ་བསྡུར་ནས་སྐད་ཆ་ཞིག་བཤད་རྒྱུ་ལོས་ཡོད། དེ་མིན་སྤྱི་ཚོགས་ལ་ཐག་ཉེ་མིན་འཇལ་བྱད་ཀྱི་ཐིག་ཤིང་ཤིག་ཁྱེད་ལ་གང་ནས་རྙེད། ཨ་ཁ།
སྤྱི་ཚོགས་ལ་ཐག་ཉེ་མིན་མཇལ་བྱེད་ཐིག་ཤིང་དེ་ཕལ་ཆེར་ཁོང་གཉིས་ཀྱི་མགུར་འབུམ་དེ་ཚོ་ཡིན་རྒྱུ་རེད། ཡིན་ན་ཡང་སྤྱི་བམ་ཞིག་བཤད་ནས་བཞག་ན་ཡག་པོ་མི་འདུག དེ་ལ་རྒྱུ་མཚན་ཞིབ་ཙམ་བཤད་རོགས་གནང་། ངས་ཆོས་དཔེ་ཞིག་གི་ནང་ནས་གླུ་ཚིག་མཐོང་བ་དང་པོ་དེ་ཞབས་དཀར་བའི་མགུར་འབུམ་ཡིན། ཁོང་ཚོ་སྐོར་ཞིག་དབུས་ཉི་མ་ལྷ་སར་དབུས་མཇལ་ལ་འགྲོ་སྐབས་ཤིག གླུ་ལེན་གར་རྩེད་ཅིག་གི་སྐབས་གླུ་བ་སུ་སུས་གླུ་ཅི་བླངས་དང་གླུ་བ་སུས་སུས་ལན་ཅི་རྒྱབ་ཀྱི་གླུ་ཚིག་རེ་རེ་བཞིན་མགུར་འབུམ་ནང་བཀོད་ཡོད་པ་ད་ལྟའང་བརྗེད་མི་འདུག གཞན་ཡང་པད་མ་བཀོད་པར་བཞུགས་ཡོད་པའི་སྐབས་ཤིག སྨྱུག་ཤིང་ལ་མེ་ཏོག་ཤར་ནས་བྱི་ཙིག་མང་པོ་ཤི་བའི་གནས་ཚུལ་ཞིག་ཀྱང་བཀོད་འདུག་བསམ། བྱི་ཙིག་ཟེར་བ་དེ་ནི་རྒྱ་སྐད་ནས་ཚུར་ཇི་བཞིན་བསྒྱུར་ནས་འབོད་བཞིན་པའི་བྱི་ལ་དོམ་ཟེར་བ་དེ་ཡིན་ནམ། ད་ལྟ་དོམ་ཁྲ་ཟེར་ནས་འགའ་རེའི་འབོད་བཞིན་པ་དེ། དེ་ཡིན་ན། དེ་པད་མ་བཀོད་པའི་སྐད་ཅིག་ཡིན་ནམ་ཡང་ན་ཞབས་དཀར་བས་གསར་དུ་བཏགས་པ་ཞིག་ཡིན། སུ་ལ་བཤད་རྒྱུ་འདྲ་ཨེ་ཡོད། ང་ཚོའི་དྲ་ཁང་འདིའི་ནང་པད་མ་བཀོད་ཀྱི་མི་དེ་འདྲ་ཡོད་སྲིད།
ཨ་ལ་ལ། ཤར་རེབ་ཀོང་གི་ཡུལ་གྱི་གླུ་བ་དེ་ཚོ་ད་ངེས་པ་དོན་གྱི་གླུ་བ་རེད་ཡ། ཞབས་དཀར་བ་ཚོགས་དྲུག་རང་གྲོལ། ཤར་སྐལ་ལྡན་རྒྱ་མཚོ། །དགེ་འདུན་ཆོས་འཕེལ། འདི་ཚོའི་གླུ་དེ་ཚོར་བསྡུར་སྐབས་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཅིག་ཅིག་ཁྲི་དང་ཉིས་ཉིས་ཉིས་འབུམ་ཟེར་ནས་བྲིས་པའི་སྙན་ངག་དེ་ད་ངོ་མ་ཟིལ་གྱིས་གནོན་གྱིན་འདུག་ག ཨ་ལགས་དོ་རྡོ་ཞེས་པ་དེ་སུཞིག་ཡིན་མིན་ངས་མི་ཤེས་ཀྱང་ཕལ་ཆེར་སྔགས་པ་ཞིག་ད་ཡིན་རྒྱུ་རེད་ཡ། ཤར་རེབ་ཀོང་གི་ཡུལ་འདི་སྔགས་པ་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གདན་ས་རེད་ཅེས་ཤོད་སྲོལ་རྫིགས་པོ་འདུག་ག
ཞབས་དཀར་བ་དང་རྗེ་སྐལ་ལྡན་རྒྱ་མཚོའི་མགུར་གཉིས་བསྡུར་མི་རུང་རྒྱུ་གང་ཡོད། ཡིན་ན་ཡང་ངས་ནི་ལོ་མང་པོ་ཞིག་གི་སྔོན་ལ་ཞབས་དཀར་མགུར་འབུམ་བམ་ྐློག་བྱས་པ་ཙམ་ལས་གཞན་པ་དེར་མཇལ་མྱོང་མེད་སྟབས་ཁྱེད་ཚོས་གང་བཤད་ལ་ཉན་སྡོད་རྒྱུ་ལས་ཐབས་གཞན་མ་མཆིས། བྱས་ན་ཁྱེད་ཚོས་བལྟས་ན་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་སྙན་ངག་དེ་ཚོ་གང་འདྲ་འདུག
དེ་འདྲ་ཡིན་ན་མར་པའི་མགུར་དེ་ཚོ་ལ་ཡང་ཅི་ཟེར།
བདག་བལ་པོའི་ལམ་དུ་ཞུགས་ཙ་ན༎
བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད༎
ལམ་རིང་པོ་གཅིག་ལ་བགྲོད་དུས་མེད༎
ཤིང་སྡོང་པོ་མི་རོ་རེངས་པོ་འདྲ༎
ལམ་དེ་ཀུན་གྱི་སྡུག་བསྔལ་མཐོང་ཙ་ན།།
བྱ་དགུང་ལ་འཕུར་བ་གཤོག་པ་འདར༎
སོགས་མང་བ་འདུག ང་ཚོ་རྒྱ་གར་དུ་བྲོས་མྱོང་མཁན་ཚོ་ལ་དངོས་གནས་མྱོང་བ་གསར་བ་རེ་སྟེར། འདི་ནི་ཞབས་དཀར་གྱི་མགུར་ལ་དོའམ།
ད་མཁས་པ་རྣམ་པ་ཚོས་གློའི་བཤད་མ་བྱེད། ཅིག་ཅིགལ་དོའམ་ཟེར་ན་ཅི་རེད། མགུར་རེ་རེར་མི་འདྲ་བའི་ཁྱད་ཆོས་རེ་ཡོད་རྒྱུ་རེད། མི་འདྲ་བའི་ཁྱད་ཆོས་དེ་ཚོ་ཤོད་དང་།
མདོ་མཁྱེན་བཙེ་རིན་པོ་ཆེས་༼ཕལ་ཆེར་ཁོང་ཡིན་ས་ཡོད། སྐབས་དེར་ཁམས་དང་དབུས་ཁུལ་དུ་ཤུགས་ལྡན་འཁོར་བཅས་ཀྱིས་གྲུབ་རྟགས་སྟོན་པའི་སྒང་ཡིན༽བསྟན་པ་དག་ཐེར་ལ་སྨན་པའི་བཀའ་སློབ་ཅིག་ཡོང་བ་ཟེར་ནས་ཞུ་ས་བོ་དེ་བ་མར་ནང་སྐུ་ཞོགས་འཇིགས་མེད་དམ་ཆོས་རེད། ཁོང་གི་གསུང་དྲང་ངེས་སོགས་དེང་སང་གདན་ས་ཁག་ན་བལྟ་ཀློག་བྱེད་མཁན་ཧ་ཅང་མང་བོ་རེད། ཁོང་སྒེའུ་སྟེང་བློ་བཟང་དཔལ་བའི་དངོས་སློབ་རེད། དུས་སྐབས་དེར་ཁོང་དཔོན་སློབ་རྣམ་པ་རིས་མེད་གངས་ཅན་མཁས་པའི་ཏོག་ལྟ་བུ་ཡིན་པ་ཤུལ་བཞག་གསུང་འབུམ་ཁག་ལ་མཇལ་ན་ཧ་གོ་གི་རེད། བལྟས་རུང་དོན་དག་མ་གོ་ན་སྤོབས་པ་ནང་བཞིན་ཅིག་ཅིག་ཅིག་དང་ཉིས་ཉིས་ཉིས་ཟེར་བཞིན་འདུག་ཟེར་ནས་ངུ་བ་ལས་དྲོ་བ་མྱོང་ཐུབ་ཀི་མ་རེད།།
དཀོན་མཆོག ངས་སྒེའུ་སྟེང་བློ་བཟང་དཔལ་བ་མཁས་བཙུན་བཟང་གསུམ་དང་མི་ལྡན་ཞེས་ཤོད་ག་ལ་ཕོད། ཁོང་གི་སྙན་ངག་ལ་སྐད་གྲགས་ཡོད་ཀྱང་ལྟོས་འཇོག་གི་ཆ་ནས་དཔྱད་བསྡུར་བྱས་པ་ཙམ་ཡིན། ཁོང་གི་མ་ཡུམ་གྲོང་སྐབས་རེབ་ཀོང་སྐྱབས་མགོན་ལ་བསྔོ་རྟེན་དང་མཉམ་དུ་ཞུ་འཕྲིན་ཞིག་ཕུལ་བ་དེར་འདི་འདྲ་འདུག མ་རྒན་དཔྱིད་ཀྱི་དཔལ་མོ་དར་བབ་ན། །མི་རྟག་འཆི་བའི་ལམ་ལ་མགྲོན་དུ་བོས། །ཞེས་པ་ལྟ་བུ་ལ་སྐྱོ་བའི་ཉམས་འདོན་དགོས་ཀྱང་མགྲོན་དུ་བོས་ཞེས་བརྗོད་པ་དེས་ཅུང་ཉམས་དགའ་བའི་ཉམས་དགའ་བའི་ཚིག་ཉམས་ཞིག་ཀྱང་ཐོན་མི་འདུག་གམ། མ་གཞི་ང་ཁོང་གི་སྙན་ངག་ལ་དགའ་དྲགས་ནས་ང་རྒྱ་གར་དུ་ཡོང་སྐབས་ཁོང་གི་ཆ་ཤོག་ཕྱོགས་བསྒྲིགས་ཤིག་འབྲལ་སྤོང་གི་ཚུལ་དུ་ཁྱེར་ཡོང་ནས་ད་ལྟ་ཡང་ཉར་ཡོད། ེའི་སྐོར་ལ་གླེང་འདོད་པ་མང་དུ་ཡོད།
ཁ་སང་སྔོན་མ་ཞིག་ལ་ཁ་བརྡ་རུ་འཛུལ་སྐབས། ཁ་ཁོམ་སོང་བ་ཆ་ཅིག་གིས་ཉི་མ་གཏོང་གི་ཡོད་པ་འདྲ་བོ་ཞིག་རེད་ད། དེ་རིང་ནང་དུ་འཛུལ་དུས། མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བ་ལྟར། བགྲོ་གླེང་ལ་བྲོ་བ་ཡོད་ཀི གནས་ལུགས་ཡོད་ཀི་ འཐུ་རྒྱུ་ཡོད་ཀི་ འབྲི་མི་ཤེས་རུང་ང་ཚོ་ལྟ་མཁན་རྣམས་ལ་བློ་བསྐྱེད་རེ་བསྐྲུན་གྱི་འདུག བློ་གྲོས་ལྡན་པ་རྣམས་ཀྱིས་མུ་མཐུད་ནས་ཉ་ཉོག་གི་གཏམ་དང་བྲལ་ཞིང༌། རྒྱུ་མཚན་དང་ལྡན་པའི་བསམ་བློའི་རྒྱགས་ཕྱེ་གང་མང་མཁོ་སྤྲོད་གནང་བར་རྗེས་སུ་ཡི་རང་ཡོད།
སྤོབས་པས་མཆན་གཞན་ཞིག་ཏུ་ཡུལ་དབུས་ཀྱི་ལོ་རྒྱུས་ལས་མཐའ་མཚམས་ཀྱི་ལོ་རྒྱུས་ཤེས་རྒྱུ་གལ་ཆེན་པོ་རེད་ཟེར་བ་འདི་ལ་ཧ་ཅང་འཐད། ཡུལ་དབུས་ཀྱི་ལོ་རྒྱུས་གལ་ཆེན་པོ་མིན་པ་མ་རེད་མོད་ང་ཚོས་མཐའ་མཚམས་ཀྱི་ལོ་རྒྱུས་ཀྱང་ཤེས་རྒྱུ་གལ་ཆེན་པོ་རེད་བསམ། བཀའ་འདྲི་ཞུ་རྒྱུ་ཞིག་ལ། རེབ་གོང་གི་མིའི་ཁ་རྒྱུན་ལ་རེབ་གོང་གི་མངའ་འབངས་སུ་སྦྲ་རོག་རོག་ཅན་གྱི་ཁྲི་སྡེ། ཁང་སྐྱ་ལེབ་ཅན་གྱི་ཁྲི་སྡེ། གུར་དཀར་པོ་ཅན་གྱི་ཁྲི་སྡེ་ཞེས་སོགས་བགྲངས་རྒྱུ་ཡོད་པ་ལྟར། གུར་དཀར་བོ་ཅན་གྱི་ཁྲི་སྡེ་འདི་དེང་སང་གི་ས་ཆ་གང་ཞིག་ལ་ངོས་འཛིན་དགོས་སམ།
རོང་བོ་ཤར་ཚང་(1607-1677) འདི་ཡང་རེབ་གོང་གི་སྤྱི་དཔོན་ནང་སོ་ཚང་དུ་འཁྲུངས་འདུག་པས་སྲིད་དོན་གྱི་བྱ་བ་ལ་རྒྱུས་མངའ་མེད་པ་མིན་པར་སྐབས་དེའི་གནས་སྟངས་ལ་མགུར་འདི་འདྲ་ཞིག་གསུངས་འདུག
ཕན་བདེ་བའི་འབྱུང་གནས་སངས་རྒྱས་བསྟན།།
ཧོར་སོག་པོས་འཛིན་པའི་དུས་སྐབས་འདིར།།
སྤྱིར་བོད་འབངས་མི་ལ་བདེ་སྐྱིད་དཀའ།།
སྒོས་བླ་མ་རྣམས་ལ་རང་དབང་མེད།།
གོས་གང་མཛེས་གདན་ཆ་གང་ལེགས་དང་།།
རྟ་གང་ལེགས་བཟང་བཏུང་གང་བཟང་བ།།
ཧོར་སོག་པོའི་དཔོན་པོའི་ལག་ཏུ་ཡོད།།
ཅེས་དང་ཡང་།
ཧ་ཧ་ངས་ནི་རྒྱ་ལུགས་མི་ཤེས།།
རྒྱ་མི་རྣམས་ཀྱིས་བོད་ལུགས་མི་ཤེས།།
འོན་ཀྱང་ཆོས་དང་མཐུན་པའི་སྤྱོད་པས།།
དད་ལྡན་རྒྱ་རྣམས་མཆོག་ཏུ་གུས་སོ།།
ཞེས་གསུངས་འདུག
ཁོང་གི་མི་ཚེའི་རིང་ལ་མཐའ་དབུས་གཉིས་ཀྱི་ཆོས་སྲིད་ཀྱི་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་སྟེ། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་དང་སྡེ་སྲིད་སངས་རྒྱམ་སོག་པོས་དམར་བསད་བཏང་བ། གཞན་ཡང་ཁོའི་གཅེན་པོ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་༧རྒྱལ་དབང་བཞི་བ་སོག་ཡུལ་ནས་དབུས་སུ་ཆིབས་བསྒྱུར་བསྐྱངས་སྐབས་ཞབས་འབྲིང་དུ་བཅར་ཡོད་པ་བཅས་རོང་བོ་ཤར་ཚང་གིས་སྐབས་དེའི་ཆོས་སྲིད་གཉིས་ཐད་ནས་ཐོས་རྒྱ་མཐོང་རྒྱ་ཆེན་པོ་ཡོད་པར་འདོད།
ངས་སྔོན་རེབ་ཀོང་གི་དགེ་རྒན་ཞིག་གི་རྩ་ནས་སྒེའུ་སྟེང་བློ་བཟང་འཕྲིན་ལས་གྱི་སྙན་ངག་ཅིག་དཔེ་ཁྲིད་བྱེད་མྱོང་། དགེ་རྒན་གྱིས་རེབ་ཀོང་ལ། སྦྲ་རོགརོག་ཅན་ལ་ཁྲི་སྡེ་གཅིག ཁང་སྐྱ་ལེབ་ཅན་ལ་ཁྲི་སྡེ་གཅིག་ཅེས་འགྲེལ་བཤད་རྒྱབ་སོང་། རྗེས་ནས་རྒྱ་གར་དུ་ངས་ཧོར་གཙང་འཇིགས་མེད་ཀྱི་ཁ་ནས། འཇིགས་མེད་ཐེག་མཆོག་གིས་གོང་གསལ་ཚིག་དེ་གཉིས་ཀྱི་ཁར་གུར་དཀར་པོ་ཅན་ལ་ཁྲི་སྡེ་གཅིག་ཅེས་བཀོད་འདུག་ཀྱང་། སོག་པོའི་ཤེས་ལྡན་པ་མང་པོ་ཞིག་གཅིག་ཁ་ར་གཉིས་ཁ་རེད། དེའི་སྐོར་ངར་ལངས་ཀྱི་འདུག་ཟེར། རྗེས་སུ་ངས་འཇིགས་མེད་ཐེག་མཆོག་གི་ཚིག་དེ་ཚོ་རྙེད་སོང་། ཡིན་ན་ཡང་ཁོའི་ཁུངས་གཏུགས་ས་དེ་གང་ཡིན་ད་རུང་ཤེས་ཀྱི་མི་འདུག དེའི་ཁོངས་གང་ཞིག་ལ་གཏུགས་ཡོད་མེད་ཁྱེད་ཚོར་ཤོད་རྒྱུ་འདྲ་ཡོད་དམ།
ད་ལྟའི་རྨ་ཆུའི་ལྷོ་རྒྱུད་ཀྱི་སོག་པོའི་རྒྱལ་རྒྱུད་འདིའི་ཁུངས་དེད་ན་ཀུ་ཤྲི་བསྟན་འཛིན་ཆོས་རྒྱལ་ལ་ཐུག་ཡོད་པ་དང་། ཁོང་གིས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བཙུགས་ནས་རང་གི་མངས་འབངས་སྡེ་དང་བཅས་པ་རྒྱལ་དབང་ལྔ་པའི་ཕྱག་ཏུ་ཕུལ་ཏེ་ཆོས་རྒྱལ་གྱི་མིང་ཁུར་ཏེ་ཟུར་བཞུགས་ལྟ་བུར་གནང་ཡོད་པ་རེད། ཡིན་ན་ཡང་། ཁོང་ལ་བུ་བཅུ་ཡོད་པ་དང་། དེ་ཚོའི་དབང་ཤུགས་མདོ་ཁམས་ཀྱི་ས་ཆ་མང་པོ་ཞིག་ལ་ཁྱབ་ཀྱི་ཡོད་པ་རེད། ལི་ཐང་གིས་མཚོན་པའི་མདོ་ཁམས་ཕྱོགས་ལ་དབང་འཛིན་པའི་དཔོན་མཁའ་འགྲོ་སྐྱབས་ཐེའུ་ཇི་གཞན་པས་བཀྲོངས་པའམ་གྲོངས་པའི་རྗེས། མཚོ་སྔོན་གྱི་རྒྱབ་ངོས་ནས་དར་རྒྱལ་བོ་ཤོག་ཐུ་རུ་སྡེ་དང་བཅས་པ་གཞི་བཏེགས་ཏེ་ཡོང་ནས་རྩེ་འབལ་གྱི་ས་བཟུང་བ་གསལ། དཔོན་དར་རྒྱལ་གྱིས་ཅོ་ནེ་ཡན་ཆད་ཀྱི་རོང་ཕྱོགས་ཐམས་ཅད་དང་། རེབ་ཀོང་སྟོད་སྨད། རྔ་བ་ར་མདོ། ཟུང་ཆུའི་ས་ཚུན་ཆད་ལ་དབང་བསྒྱུར་བ་དང་། དེ་ལས་སོག་པོའི་རྒྱལ་པོ་དང་པོ་ཁོང་གི་བུ་ཚེ་དབང་བསྟན་འཛིན་ཇུ་ནང་ལ་སྔར་དཔོན་བསྟན་སྐྱོང་གིས་དབང་བསྒྱུར་བའི་རུ་སྡེ་རྣམས་དང་། རེབ་ཀོང་སྟོད་སྨད། རོང་ཚོ་ཆེན་བཅོ་བརྒྱད། རྔ་བ་རྭ་མདོ། ཐེ་བོང་གཟའ་ཚོང་སོགས་མངའ་འབངས་སུ་གནང་ཞེས་མདོ་སྨད་ཆོས་འབྱུང་དུ་གསལ། གཞན་བླ་བྲང་གི་གདན་རབས་སུའང་སོག་པོའི་སྐོར་གང་འཚམས་འདུག རྗེས་སུ་བློ་བཟང་བསྟན་འཛིན་གྱིས་རྒྱ་ནག་གོང་མར་ངོ་ལོག་པ་དྲག་གནོན་བྱས་རྗེས། ་་ བོད་སོག་སོ་སོར་སྐྱོང་བ་་ ཞེས་དང་། ་་བོད་སྐྱོར་སོག་གནོན་་ ཟེར་བའི་སྲིད་བྱུས་ཤིག་ལ་བརྟེན་ནས་སོག་པོའི་དབང་ཤུགས་ཆུང་དུ་ཕྱིན་ཏེ་དབང་འོག་གི་རུ་སྡེ་རྣམས་ལ་རང་དབང་ཐོབ་འདུག གུང་ཁྲན་མ་སླེབས་སྔོན་སོག་རྒྱལ་གྱི་དབང་ཤུགས་དེ་ད་ལྟའི་སོག་པོ་དང་། བླ་བྲང་ཕྱོགས་ཁོའི་དབང་ལུང་གི་ཆ་ཤས་ཤིག་འགྲོ་གི་ཡོད་པ་རེད། ཁོའི་མངའ་ཁོངས་མིན་ན་ཡང་། མདོ་སྨད་ཀྱི་ས་ཁོངས་དཔོན་ཁོངས་གཞན་ལ་ཡང་ཁོའི་བཀའ་ཤོག་ད་རུང་འགྲོ་གི་ཡོད་པའི་གནས་ཚུལ་འདུག འདི་ལྟར་ལོ་རྒྱུས་ཀྱི་སྤྱིའི་ཆ་ནས་བལྟས་ཡོང་ན་སོག་པོ་རེབ་ཀོང་ཁོངས་འགྲོ་ཚུལ་མེད་པ་ལྟ་བུ་ཞིག་རེད། ཡིན་ན་ཡང་། མི་ཐོག་གཅིག་གི་རིང་ལའང་ལོ་རྒྱུས་ལ་འགྱུར་བ་སྣ་ཚོགས་ཡོང་གི་ཡོད་པས་དེ་འདྲ་མི་སྲིད་ཅེས་བཤད་ག་ལ་ཐུབ། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་ང་ཚོས་མུ་མཐུད་དུ་ཞིབ་འཇུག་བྱེད་འོས། གོང་གི་ཚིག་དེ་ཚོར་སྣང་མེད་མ་བྱས་པར་ཁུངས་གང་ལ་ཐུག་ཡོད་མེད་འཚོལ་བར་རིགས།
ངས་གུར་དཀར་རོ་ཅན་གྱི་ཁྲི་སྡེ་དེ་རྒད་པོ་ཚོའི་ཁ་ནས་གོ་མྱོང་། རྒད་པོ་གཏམ་ལ་དགའ་བ་དེ་ཚོ་ལ་དེ་འདྲ་བཤད་རྒྱུ་འདུག རེབ་གོང་གི་འོག་ན་སོག་པོ་ཁྱིམ་ཚང་ཁྲི་ཡོད་པར་འདོད་དང་མི་འདོད་དང་། དེ་ནས་སོག་པོ་དེ་ཚོ་གང་ལ་བཤད་ཀྱི་ཡོད་མེད་འདི་བརྟག་རྒྱུ་མང་པོ་ཡོད་ཀྱི་རེད་སྙམ། ང་ལྟ་བུ་ལ་ཆ་བཞག་ན་ཐབ་དང་གོ་ར་ལས་རྒྱུས་མེད་པ། ད་འདི་འདྲ་སྡོད་མི་ཉན་ཁོ་ཐག་རེད། མ་གཞི་ནས། རེབ་གོང་གི་གཉན་ཐོག་དང་སྒོ་དམར་དེ་ཚོ་ཡང་སོག་པོ་ལ་འབྲེལ་བ་ཞིག་ཡོད་པ་རེད། དེའི་ལོ་རྒྱུས་གང་འདྲ་རེད། དེ་བཞིན་ཧོར་ནག་དང་ཧོར་ཟེར་བ་འདི་ཚོ་གང་རེད། སྐལ་ལྡན་རྒྱ་མཚོ་སྐུ་བཞུགས་དུས་ཀུ་ཤི་རི་བསྟན་འཛིན་ཆོས་རྒྱལ་གྱིས་བཀུར་བའི་ལོ་རྒྱུས་ཤིག་ཡོད་པ་རེད། དེ་ནས་སྐུ་ཕྲེང་གསུམ་པ་དང་བཞི་བ་གང་རུང་གི་སྐབས་ཤིག་ལ་སོག་དམག་རེབ་གོང་དུ་སླེབས་ནས་གྲྭ་བ་མང་པོ་བསད་པའི་སྐད་ཆ་ཞིག་ཀྱང་ཡོད་པ་རེད། དྲན་ངོར་གང་ཡོད་བཀོད་པ་ཡིན།
ངས་ཡོངས་འཛིན་སྒེའུ་སྟེང་ཚང་གི་པོད་གསུམ་པོར་མཇལ་བ་ཡིན། དངོས་གནས་བསམ་གྱིས་མི་ཁྱབ་པ་རེད། ཕངས་པ་ཞིག་ལ། གསུང་རྩོམ་ཁ་ཤས་རིག་གནས་གསར་བརྗེའི་རླུང་འཚུབ་ཀྱི་འོག་ཏུ་ཤོར་འདུག ཨ་ལགས་ཚེ་ཏན་ཞབས་དྲུང་གིས་འཇམ་པའི་དབྱངས་དངོས་སུ་བྱོན་པ་ལྟ་བུར་སྣང་ཞེས་གདེང་འཇོག་ཆེན་པོ་མཛད་འདུག་ལ། ཡོངས་འཛིན་ཚང་སྐུ་གཤེགས་མ་ཐག་རྡོ་སྦིས་ཤེས་རབ་རྒྱ་མཚོ་ཚང་ལའང་སྤྱན་ཆབ་བཞུར་འདུག ཤར་སྐལ་ལྡན་རྒྱ་མཚོ་ཚང་གི་མགུར་འབུམ་ལའང་མཇལ་བ་ཡིན། ཆོས་དང་འཇིག་རྟེན་ཕ྄ྭཕྱོགས་ནས་བསླབ་བྱ་མང་པོ་ཞིག་གནངས་འདུག་སྟེ། སྙན་ངག་སྒྱུ་རྩལ་གྱི་ཕྱོགས་ནས་བཤད་ན། ཡོངས་འཛིན་ཚང་གི་སྙན་ངག་གིས་ཐམས་ཅད་ཟིལ་གྱིས་གནོན་འདུག ཤར་ཚང་གི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་༸ཐྲྤཀློག་འདོད་ཚེ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པ་ཞིག་ཡོད། དཔེ་མེད་ཅིག་ཡོད།
འཇིགས་མེད་ཐེག་མཆོག་གིས་བྲིས་པའི་གུར་དཀར་པོ་ཅན་གྱི་ཁྲི་སྡེ་ཞེས་པའི་ཚིག་འདི། ལྟ་བ་མཁའ་ཁྱབ་ཕྱོགས་དྲིལ་ལ་ཁུངས་གཏུགས་པ་མིན་འགྲོ ལྟ་བ་མཁའ་ཁྱབ་ཕྱོགས་དྲིལ་ཐེངས་གཅིག་བམ་༸ཐྲྤཀློག་ཙམ་བྱས་མྱོང་སྟེ། ཚིག་འདི་ཏག་ཏག་ཡོད་མིན་ཡིད་ལ་དྲན་གྱི་མི་འདུག རེབ་གོང་གི་ལོ་རྒྱུས་ཤིག་འབྲི་དགོས་ཚེ་ཕྱོགས་དྲིལ་འདི་ཁུངས་གཏུགས་ས་ཡོད་ན་མེད་ན་རེད། ད་དུང་རེབ་གོང་གི་ཧོར་ནག་དང་ཧོར་རྒྱ། ཧོར་སོགས་སོག་པོའི་རྒྱུད་པ་ཡིན་ཚེ། སོག་པོའི་ལུགས་སྲོལ་ཅུང་ཟད་རེ་མ་ཉམས་པར་ཡོད་ཀྱི་རེད་མོད། ལུགས་སྲོལ་གྱི་དྲི་མ་ཙམ་མི་བྲོ། གང་ལྟར། ཆོས་འགྲོན་ཆོས་རྒྱལ་འཕགས་པའི་རིང་། ལྷ་རྗེ་བྲག་སྣ་བ་ཡུལ་རེབ་གོང་དུ་ཕེབས་ནས་ཧོར་སྙན་བཟང་སྡེར་ཞག་ཁ་ཤས་བཞུགས་འདུག་པ་མདོ་སྨད་ཆོས་འབྱུང་དུ་གསལ། དེར་གཞིགས་ན་ཧོར་ནག་དང་ཧོར་གྱི་ལོ་རྒྱུས་རིང་པོར་སྣང་།
བོད་ནང་ཁུལ་དུ་བོད་དང་སོག་པོ་ཟེར་ནས་དབྱེ་བ་བཀར་ཡ་འདྲ་ཞེ་དྲག་ཨེ་ཡོད་དམ། ཆོས་དང་རིག་གཞུང་། ད་དུང་བསམ་བློ་གཏོང་སྟངས་སོགས་ཕལ་ཆེར་གཅིག་པ་རེད། མ་གཞི་ནས་རིགས་ཟེར་ཡ་དེ་ཕ་མེས་ཡང་མེས་འདེད་ཡ་དེ་འདྲ་ཙམ་ཡིན་ས་མ་རེད། གཙོ་ཆེ་ཤོས་རིག་གཞུང་དང་གོམས་གཤིས། ལྷག་པར་ཏུ་གནས་སའི་འཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་པ་འདྲ། མིན་ན་ཨ་ལགས་ཆེ་ཏན་ཞབས་དྲུང་གི་ཕ་མེས་ཡང་མེས་བོད་པ་མ་རེད། ཡིན་ནའང་ཁོ་རང་ནས་བཟུང་བོད་པ་ཡིན་ཟེར་ནས་ཁོང་གིས་རང་རྣམ་དུ་གསུངས་ཡོད་ཀི། ཨ་མདོ་ཁུལ་དུ་མི་རིགས་འདྲེས་མ་མང་བོ་མཐོང་ཡ་ཡོད་རེད། དཔེར་ན། རེབ་གོང་ཡིན་ས་ཡོད་ཆོས་འཁོར་ཟེར་ས་དེ་ན་བོད་པ་ཁ་ཆེར་འགྱུར་སོང་བ་མང་བོ་མཐོང་ཡ་འདུག ཡིན་གཅིག་བོད་སོག་གང་ཡིན་དབྱེ་བ་བཀར་དགོས་ཡོད་ཟེར་ན། ཁྱེད་རྣམ་པ་ལྷོད་བཞུགས་བྱས་དང་གུང་ཁྲན་གྱིས་ཏག་ཏག་བོད་དང་སོག་པོ་བཀར་བ་མ་ཟད། སོག་པོ་ལ་ཡང་སོག་ཕྱེ་ནས་མཐའ་གཞུག་རང་དང་དབྱེར་མེད་བཟོ་གི་རེད། བྱས་ཙང་དེའི་སྐོར་ལ་ཁྱེད་ཅག་ཐུགས་གཡེང་གནང་དོན་ཆེ་ཡོད།།
སོག་པོ་འདི་ཡང་མཐའ་གཅིག་ཏུ་སོག་ཡུལ་འདི་ལ་ཟེར་བ་ཡིན་ནམ། སྐབས་རེར་ཚིག་འདི་འདྲ་རེ་ཡང་འདུག བསྟན་འགྱུར་དུ་བཙུན་པ་དཔལ་དབྱངས་ཀྱིས་བོད་རྗེ་འབངས་ལ་སྤྲིངས་པ་ཞིག་འདུག “བོད་ལ་དགེ་སློང་གི་མིང་ཡང་མེད་པ་ལས། རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་གྱིས་དམ་པའི་ཆོས་བརྙེས་ནས་དཔལ་ལྷ་བཙན་པོ་དད་པ་བསྐྱེད་དེ། རབ་ཏུ་བྱུང་བའི་མིང་ལ་དཔལ་དབྱངས་ཞེས་བགྱི། བཙུན་པའི་ནི་ཕུལ་དུ་བྱིན། མཛངས་པའི་ནི་རབ་ཏུ་ཕྱིན། བོད་ཀྱི་མདུན་སར་བསྲེས་ན་དཔེ་ཟླ་མེད་པ་དེས་མཛད་དོ།། “ཞེས་སོགས་ཀྱི་མཛད་བྱང་འཁོད་པའི་དེབ་དེར། དགེ་འདུན་པ་བུད་མེད་ལ་དགའ་མི་རུང་ཞེས་སྟོན་པའི་ཚིགས་བཅད་ཅིག་ཏུ་འདི་ལྟར།
གལ་ཏེ་བུད་མེད་འདོད་ཅེས་ཏེ།།
ཁྱིམ་པའི་དངོས་པོ་བྱེད་ཅེ་ན།།
དང་པོ་ཁྱོད་ནི་སུ་ཡིས་བསླུས།།
དཀོན་མཆོག་གསུམ་བསླུ་ཅི་ཡི་ཕྱིར།།
སློབ་དཔོན་མཁན་པོ་ཅི་ལ་དགོས།།
སྐྱེ་བའི་མཆོད་གནས་ཅི་ཕྱིར་བྱ།།
འདྲེག་པའི་བྱ་བ་གསུམ་ཡོད་དེ།།
སོག་པོ་རྣམས་ནི་བཅོས་ཀྱིས་འདྲེག།
དུད་འགྲོ་ཕལ་ནི་ལས་ཀྱིས་འདྲེག།
དགེ་འདུན་རྣམས་ནི་ཡོན་ཏན་གྱིས།།
འདྲེག་པ་ཡིན་ན་གང་ཕྱིར་བྲེགས།། སོགས་འབྱུང་། འདིའི་སོག་པོ་དེ་ཅི་ཡིན་ནམ།
ཆོས་འཁོར་རམ་ཆུ་འཁོར་ཟེར་བ་དེ་རེབ་གོང་མ་རེད་ཧྭ་ལུང་རེད། རྒྱུད་དེའི་ཧོས་ཧོས་རྣམས་ཀྱིས་བོད་སྐད་བཤད་སྟབས་ཁོ་ཚོས་ཁོ་ཚོར་བོད་ཧོས་ཟེར་གྱི་ཡོད། བོད་སྐད་མི་བཤད་པའི་ཧོས་ཧོས་ལ་རྒྱ་ཧོས་ཞེས་དམའ་འབེབས་ཀྱང་བྱེད་སྐད། རེབ་གོང་ཕྱོགས་ཀྱི་ལ་ཡས་ཤིག་ལ། ཨ་ལྕེ་རྒྱ་མོ་རྒྱ་རེད། ཁ་ལ་ཡས་འཐེན་ན་བོད་རེད། ཟེར་བ་ཞིག་ཡོད་པ་དེ་ཡང་འདི་ཕྱོགས་ཀྱི་ཧོས་མོ་རྣམས་སྟོན་གྱི་མེད་དམ་སྙམ། དབྱར་ཁ་ཡུར་མ་ཡུར་སྐབས། འདི་ཕྱོགས་ཞིང་ཁར་སོང་ན་ཧོས་མོ་རྣམས་ཀྱིས་ལ་ཡས་འཐེན་པ་ཐོས་རྒྱུ་ཡོད།
གུར་དཀར་པོ་ཅན་ལ་ཁྲི་སྡེ་ཟེར་བ་དེ་རྨ་ལྷོ་སོག་པོ་ལས་གཞན་འགྲོ་ས་ཡོད་མ་རེད། གཞན་གུར་དཀར་པོ་ཅན་ཞིག་རེབ་ཀོང་གི་ཉེ་སྐོར་ཞིག་ནས་རྙེད་དུ་མེད། སོག་པོ་དང་རེབ་ཀོང་གཉིས་ཐུག་པའི་ལོ་རྒྱུས་ཤིག་སོག་པོའི་རྒད་པོ་ཚོའི་ཁ་ནས་ཀྱང་དཔའ་བཤད་ཀྱི་ཚུལ་དུ་བརྗོད་ཀྱི་འདུག རེབ་ཀོང་གིས་སོག་པོར་དམག་དྲངས་པའི་ལོ་ཞེས་ཨ་ལགས་ཞབས་དྲུང་ཚང་གི་བསྟན་རྩིས་ནང་བཀོད་འདུག་ཟེར། ངས་དེར་ལྟ་རྒྱུ་མ་བྱུང་། ཐུག་སའི་ས་ཆའང་ད་ལྟའི་རྩེ་ཁོག་རྫོང་དང་སོག་པོའི་ས་མཚམས་སུ་ཤ་བོ་རི་ཕྱོར་ཟེར་བ་དེ་རེད། རྒད་པོ་ཚོས་གཏམ་བཤད་ནའང། ཤ་བོ་རི་ཕྱོར་མྱིང་ང་རོ་ཕྱོར་ཐོགས་པ་རེད། གད་པ་ཐོད་མར་ཁྲག་རྟེན་ལ་བཞག་པ་རེད་ཟེར་ནས་གཤུར་གྱི་འདུག གཞན་རོང་པོ་ནང་སོར་སྟོང་བརྒྱབ་པའི་ས་ཆའང་དེའི་ཉེ་སར་ཡོད་པ་རེད། དེའི་སྐབས་བླ་བྲང་གི་ལྷ་སྡེ་ཡིན་པའི་ཆ་ནས་དངུལ་ར་ལྷ་སྡེ་ཡང་སོག་པོར་དམག་རོགས་ལ་ཡོང་ནས། ད་ཁྱེད་ཚོ་རྒྱུག་རྒྱུ་ཡིན་ན་མིན་ངེད་ཚོ་བྲོ་ཁའང་འདང་གི་མི་འདུག་ཟེར་ནས་སོག་པོར་ངར་སློང་བའི་ལོ་རྒྱུས་ཤོད་རྒྱུན་འདུག དེའི་སྐོར་བཤད་རྒྱུ་གང་འཚམས་ཡོད་པ་རེད་དེ་ད་བཤད་ནས་ཅི་བྱེད། ལྷ་ཁང་ནང་ནས་འུར་རྡོ་བརྒྱབ་བའི་དཔེ་རེད། སུའི་ཁ་ལ་ཕོགས་དང་སུའི་སྣ་ལ་ཕོགས་ཤོད་དཀའ། ང་ཚོ་ཤར་ཚང་གི་ལོ་རྒྱུས་ལས་འཕྲོས་ཏེ་ཆོས་མཐུན་གྱི་སྐད་ཆ་བཤད་རྒྱུ་མེད་པར་སྡེ་གྱོད་ཚོ་གྱོད་ཐོག་འགྲོ་གི་འདུག
ཐེངས་གཅིག་ང་འགྲུལ་འཁོར་ནང་ཕ་ཡུལ་འགྲོ་སྐབས་ཤིག་འདུག་རོགས་ཧོས་ཧོས་བོད་སྐད་བཤད་མཁན་ཞིག་རེད། ངེད་གཉིས་ཀྱིས་ཁ་བརྡ་བྱས་ནས་ཕྱིན་པ་ཡིན། ཁོས་ང་བོད་ཡིན། ཆོས་ལུགས་ཧོས་ཧོས་ཡིན། ཡིན་ན་ཡང་། ད་ལྟ་ང་ཚོ་མི་རིགས་ཧོས་ཧོས་ནང་འཇོག་གི་འདུག་ཟེར། དེ་བར་ངའི་ཨ་མདོར་བོད་པ་ཁ་ཆེ་ཡོད་པ་ཧ་གོ་མ་སོང་།
དགེ་འདུན་ལགས། དེ་ཡིན་ན་ང་ལ་ཅུང་ཟད་ཅིག་བཤད་རྒྱུ་ཡོད། སི་ཁྲོན་མི་རིགས་པར་བསྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་ཐེར་སྔོན་པོ་སྟོད་ཆའི་ཤོག་གྲངས་༡༤༡དང་ཉང་ཉི་མ་འོད་ཟེར་ཀྱི་ཆོས་འབྱུང་དར་ཐང་སྤྲུལ་སྐུ་ཀུན་དགས་དཔར་བསྐྲུན་བྱས་པའི་ཤོག་གྲངས་༧༦༤སོགས་ཆོས་འབྱུང་རྣམས་སུ་བསྟན་པ་སྔ་དར་གྱི་བརྒྱུད་རིམས་འཆད་སྐབས་སོག་པོ་དཔལ་གྱི་ཡེ་ཤེས་ཟེར་བའིབླ་མ་ཞིག་གི་ལོ་རྒྱུས་ཤིག་འདུག ང་ཚོས་བླ་མ་དེ་སོག་པོ་མོང་གོལ་བ་ཡིན་མིན་དོགས་སློང་བྱས་སྐབས་དགེ་རྒན་གྱི་སོག་པོ་དེ་མོང་གོལ་སོག་པོ་མ་རེད། བོད་ཀྱི་རུས་ཤིག་གི་མིང་རེད་ཅེས་གསུངས་བྱུང་།
བོད་ཀྱི་རྒྱ་དང་སོག་པོ་ཟེར་བ་དེ་ཚོ་རུས་རྒྱུད་རྙིང་གྲས་དེ་འདྲ་ཡིན་པ་འདྲ། རྗེ་གནམ་རུ་སྲོང་བཙན་གྱི་ལོ་རྒྱུས་སུ་རྒྱ་དང་གྲུ་གུ་བཏུལ་སོགས་འབྱུང་བ་དེ་ཡང་རྒྱ་གར་ནག་གི་རྒྱ་མ་ཡིན་ཞིང་བོད་ཀྱི་རུས་རྒྱུད་ཅིག་གི་མིང་ཡིན་པར་གསུངས་མཁན་འདུག
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སོག་པོ་ནི་ཟོག་པོ་ཞེས་པ་སྒྲའི་ཟུར་འགྱུར་བ་རེད་ཅེས་གསུངས་འདུག དགེ་ཆོས་འདི་སོག་པོ་ལ་དེ་ཙམ་མཉེས་མདོག་མ་ཁ་བས་གཅིག་བྱས་ན་ཆེད་དུ་བསམ་གནག་བྱས་ནས་དེ་ལྟར་བཤད་པ་ཡིན་འགྲོ། ཀུ་རེ་ཡིན།
ཐུགས་རྗེ་ཆེ་སྤོབས་པ་ལགས། ངས་ཁྱེད་ཀྱིས་བཀོད་པའི་དེབ་དེ་ཚོར་ཡང་བསྐྱར་ལྟ་གི་ཡིན། སྲོང་བཙན་གྱིས་དམག་དྲངས་ཡུལ་གྲུ་མང་པོ་དེ་ཚོ་ཡང་ད་ལྟའི་བོད་ཀྱི་ས་ཁྲའི་ལྷོ་དང་ལྷོ་ནུབ་ཕྱོགས་སུ་འདུག་ག ཐ་སྙད་སོག་པོ་ཟེར་བའི་ཐད་ད་དུང་ང་ཚོ་ལ་སོག་རྫོང་ཟེར་བ་ཞིག་ཀྱང་ཡོད་པ་མ་རེད་དམ།
སྨྱོ་འཚུབ་འཚུབ་ཀྱི་སྐལ་ལྡན་རྒྱ་མཚོ་འདིས་ཁྱེད་ཅག་གི་དངས་བ་འདྲེན་པ་ནི། ཁྱད་མཚར་རེད། ཁོས་བོད་མི་གཞན་དག་ལ་ཤུགས་རྐྱེན་ཡག་ག་ཞིག་བཞག་མི་འདུག་བསམས། དགོན་པའི་ཁྲིམས་མི་
དགོན་པའི་ཁྲིམས་མི་བརྩི་རི་ལ་ཤོར། སྒོམ་ལ་མི་བཞུགས་རི་གླུ་བཏང་། ཤིག་ལ་གླུ་བཏང་བ་ཞིག་ད་དུང་ངས་སེམས་ན་འདུག ཁྱད་མཚར་རེད། ཁོ་ནི་འཇིག་རྟེན་འདིའི་ཐོག་འགན་གཅིག་ཀྱང་མི་ཁུར་བའི་རི་ཤོར་བ་ཞིག་མིན་ནམ། ཁོ་དང་མི་ལ་རས་བ་ལྟ་བུའི་རི་ཤོར་འདི་ཚོས་བོད་མིའི་ཁ་ཐུར་དུ་འཐེན་པ་ལས་ངས་ཡག་ག་གཅིག་
མ་མཐོང་། འདི་ལྟ་བུ་ལ་བློ་ཕྱོགས་ཆོས་བ་ཡིན་ཟེར་བའི་མི་རྣམས་ཀྱིས་བོད་མི་ཡོངས་ལ་སློབ་གསོ་འདི་སྤྲད་ཡོད། སེམས་ན་ལེ།
མེ་རི་ཟེར་བ་འདི་དམར་ཤོག་རང་ད་རུང་ལུས་སྟེང་ན་དམར་པོའི་ཁྲག་དྲི་དག་མེད་པ་ཞིག་ཡིན་པ་འདྲ། ཁོ་ལ་ད་རུང་རྒྱལ་སྤྱིའི་སློབ་གསོ་ཐོབ་པའི་གོ་སྐབས་རེག་མེད་པའི་ལུང་པ་ཁུག་ཀྱོག་གི་མི་ཞིག་ཡིན་པ་གསལ་པོ་རེད། ད་ངས་བལྟས་ན་ཁྱེད་རང་ཕ་ཡུལ་ལ་ལོག གུང་ཁྲན་ཏང་གི་ཕྱོགས་གཅིག་ཁོ་ནའི་དཔེ་བསྐྲུན། ཕྱོགས་གཅིག་ཁོ་ནའི་གསར་འགོད། ཕྱོགས་ཁོ་ན་དམིགས་ཡུལ་དུ་བཟུང་བའི་བསྒྱུར་རྩོམ། ཕྱོགས་གཅིག་ཁོ་ནའི་ཤེས་རིག་སློབ་གསོ་དེ་ཚོའི་དེབ་ཀློག་བསྡད་ན་ཁྱེད་རང་སེམས་སྐྱིད་པོ་ཡོང་གི་རེད། ང་ཚོ་འཛམ་བུ་གླིང་དངོས་པོའི་དཔལ་ཡོན་ཡར་རྒྱས་གཏོང་བ་དང་མཉམ་དུ་སེམས་ཀྱི་རྒྱགས་ཕྱེ་ཞིག་ཀྱང་འཚོལ་བཞིན་ཡོད་ལ། དེ་ནི་གནའ་སྔ་མོའི་དཔལ་ཡོན་དང་ཆོས་ཟེར་བ་དེར་དང་དོད་ཆེ་རུ་འགྲོ་གི་ཡོད། ཁྱེད་རང་དཔལ་འབྱོར་ཁོ་ན་ཁ་ན་གླུ་རུ་ལེན་བཞིན་པའི་སེམས་པ་དབུལ་ཕོངས་ཀྱི་འཇིག་རྟེན་དེར་རྒྱུགས། ཁྱེད་རང་ཡར་རྒྱས་དང་འཛུགས་སྐྲུན་ཁ་ན་འུར་འུར་སྒྲོགས་བཞིན་པའི་རྙོག་ཟིང་ཅན་གྱི་འཇིག་རྟེན་དེར་རྒྱུགས། དེ་མིན་ཁྱེད་རང་ནས་མུ་མཐུད་དུ་ལྟ་གྲུབ་འདྲ་མིན་གྱི་དེབ་ཀློག འཛམ་གླིང་གི་ཆེས་གྲགས་ཆེན་གྱི་ཀླད་པ་དེ་ཚོར་ཡང་ཡང་ཐུག་རེག་བྱོས་ལ་བྱིན་རླབས་ཞུས། ཁྱེད་རང་མི་ངོ་མ་ཞིག་ཆགས་རྗེས་ང་ཚོས་ཡང་སྐྱར་ཁ་བརྡ་བྱེད་ཆོག ད་རྒྱུགས། རྒྱ་ནག་ལ་རྒྱུགས། ཡང་མིན་ན། རྒྱུགས། རྒྱལ་སྤྱིའི་ཐོག་རྒྱུགས། བསམ་བློ་གུ་དོགས་བྱས་བསྡད་ན། སྟོན་ནུབ་རྟ་ཕོས་ཆོད་ཀྱི་མ་རེད། རྒྱུགས། རྒྱུགས། རྒྱུགས། རྒྱུག་ས་ཡོད་ས་ཚང་མར་རྒྱུགས།
ཨོ། ཁྱེད་ཕོག་སོང་། ཁྱེད་ཀྱི་སྙིང་ན་སོང་། ཁྱེད་ཀྱི་བློ་སྙིང་བྲང་གསུམ་གཏོད་གསུམ་ལ་ངས་ལྡོག་ཕྱོགས་ཀྱི་ཚིག་ཁ་ཤས་ལབ་པར། ཁྱོད་འཕར སོང་། ང་ལ་ཁྲག་དྲི་དག་མེད་པ་ཞིག་རེད་ཟེར། ངས་བྱ་གཅིག་གི་སྲོག་འཕྲོག་པ་དྲིན་གྱིན་མི་འདུག ང་བསམ་བློ་གུ་དོགས་འདུག་ཟེར། ཁྱེད་ཀྱིས་རང་གི་འཆན་འགོད་ལ་ཡང་བསྐྱར་ཞིག་ཀློག་དང་། ཁྱོད་མི་གོ་བ་ཅན་ཞིག་ཡིན་ན། ཁྱེད་བསམ་བློ་གུ་ཡངས་ཡིན་མིན་ཤེས་ལེ་རེད། ང་ལ་ཆེས་སེམས་ཁྲེལ་ཆེ་ཤོས་ཞིག་ནི། བོད་མི་རྣམས་དངོས་གནས་མང་གཙོ་ཅན་དུ་འགྱུར་བར་ཧ་ཅང་ཐག་རིང་བ་དེ་རེད།
མེ་རོ་དང་འཇམ་གླིང་སོགས་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ན་ནད་ཅིག་འདུག དེ་ཡང་ཆོལ་ཁའམ་ཡང་ན་ཆོས་ལུགས་བྱེ་བྲག་པ་དེ་འདྲའི་ནད་ངན་སངས་དཀའ་བ་དེ་འདྲ། དེ་ཡང་འཇམ་གླིང་ལ་ལུང་ཞེན་དང་མེ་རོ་ལ་ཆོས་ཞེན། ཨ་རོགས་སྤོབས་པ་འདི་གཉིས་ལ་ལྟ་རྟོགས་ཡག་ཙམ་གྱིས་དང་རྗེས་སུ་ཁྱོད་ལ་ཕན་ཐོགས་ས་རེད།།
ཨེ་
སྤོབས་པ་ལགས།
སོག་པོ་དཔལ་གྱི་ཡི་ཤེས་ཞེས་པའི་སོག་པོ་ནི་མགར་བའི་དོན་ཡིན་ཞེས་མཁས་པ་ལྡེའུ་ཡི་ཆོས་འབྱུང་དུ་གསལ་པོར་བཀདོ་འདུག ཤོག་གྲངས་ཅི་ཡིན་དྲན་གྱི་མི་འདུག
རེབ་གོང་གི་ལོ་རྒྱུས་རྣམས་སུ། སྦྲ་རོག་རོག་ཅན་གྱི་ཁྲི་སྡེ། ཁང་སྐྱ་ལེབ་ཅན་གྱི་ཁྲི་སྡེ། གུར་དཀར་པོ་ཅན་གྱི་ཁྲི་སྡེ། སྨད་རྒྱ་ནག་ནས་འོང་བའི་སྟོང་སྡེ། བྱང་ཧོར་ནས་མཆེད་པའི་སྟོང་སྡེ། གཙང་ལ་སྟོད་ནས་མཆེད་པའི་ལྷ་བཟོའི་སྡེ་ཞེས་བཀོད་ཡོད་པ་དེ་ནི་ལོ་རྒྱུས་རེད། ངས་འདི་ནས་གང་བཤད་བསམ་པ་ནི། ད་ལྟའི་ལྟ་སྟངས་ཀྱིས་སྔོན་གྱི་ལོ་རྒྱུས་ལ་འགྲེལ་བཤད་བརྒྱབ་ན་ཏག་ཏག་སྡོད་ཀྱི་མ་རེད་ཟེར་བ་དེ་ཡིན། ངས་རེབ་གོང་གི་སྐོར་མི་ཤེས་ཏེ། ད་ཕན་ལོ་རྒྱུས་ཀྱི་དཔེ་དེབ་མང་པོ་ཞིག་བཀླགས་ཐོའི་ནང་གསལ་ལྟར་ན། ཡང་ན་ཕྱོགས་རིས་ཀྱི་ཆ་སྤངས་ནས་བཤད་ན། བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས་མཛད་པའི་༼རེབ་གོང་ལོ་རྒྱུས་ཕྲན་ཚེགས༽ཞེས་པའི་ནང༌། རེབ་གོང་སྟོད་སྨད་བར་གསུམ་ཞེས་པའི་ས་ཁྱོན་ཞིག་བཤད་ཡོད་པ་དང༌། ཡང༌། རེབ་གོང་ལ་ཕྱི་ཤོག་བཅོ་བརྒྱད། སྨོན་ཤོག་ཉེར་གཅིག ནང་ཤོག་བཅུ་གཉིས་ཞེས་གླེང་བའི་ས་ཁྱོན་མི་འདྲ་བར་ཡོད་པ་སོགས་དང༌། དེ་བཞིན་རེབ་གོང་སྔགས་མང་གི་སྤྱི་བླ་དཔའ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་བཀའ་བརྒྱུད་བདེ་གཤེགས་འདུས་པའི་དབང་གནང་མཇུག་ཏུ་སྔགས་པ་རེར་རྟེན་ཕུར་རེ་གནང་བ་གྲངས་སུ་བྱས་ཏེ་རེབ་གོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའམ་སྟོང་དང་ལྔ་བརྒྱ་ཞེས་ཤོད་སྲོལ་གྱི་འབྱུང་ཁུངས་ལ་བསམས་ན། རེབ་གོང་སྔགས་མང་དང་དེའི་རིག་གནས་ཀྱི་ཁྱབ་ཁོངས་ཀྱི་ས་ཁྱོན་ནི་དེ་བས་ཆེ་བར་ཡོད་པ་དེའི་དབང་དུ་བྱས་པའི་ས་ཁྱོན་བཅས་སུ་ཡོད་པ་ཡིན་སྟབས། མཐའ་གཅིག་ཏུ་འདི་ཡིན་དང་དེ་མིན་ཞེས་ཤོད་དཀའ། དཔེར་ན། རེབ་གོང་སྟོད་སྨད་བར་གསུམ་བསྡོམས་པས་ཁྲི་སྡེ་བཅོ་བརྒྱད་ཡོད་པར་བཤད་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། འདི་འདྲ་ཡིན་སྟབས། རེབ་གོང་ཞེས་ལབ་ན་རིག་གནས་ཤིག་གི་ཁྱབ་ཁོངས་སྟོན་པའི་སྐབས་དང༌། ཆབ་སྲིད་ཀྱི་ཁྱབ་ཁོངས་སྟོན་པའི་སྐབས། ཆོས་ལུགས་ཀྱི་ཁྱབ་ཁོངས་སྟོན་པའི་སྐབས་བཅས་གསུམ་དུ་ཡོད་པ་དེ་རེད། དེ་ལས་གཞན་ད་དུང་མཆེད་ཁུངས་ཀྱི་དབང་དུ་བྱས་པས་མདོ་སྨད་ཀྱི་རོང་འབྲོག་སྡེ་ཚོ་མང་པོ་ཞིག་ཡོད་པ། མགར་རྩེ་ཚོ་བ་བཅོ་བརྒྱད་དང྄ར་ཤ་བྲང་ཚོ་དྲུག དགོན་གོང་མ། རྨ་ཡུལ་རོང་བོ་བློན་ཆོས་སོགས་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་གསལ་ཁ་ཡོང་མུས་དེ་ལྟར་རེད། གུར་དཀར་པོ་ཅན་གྱི་ཁྲི་སྡེ་དེ་རེབ་གོང་གི་ཁོངས་གཏོགས་ཡིན་མིན་དེ་སོག་པོའི་ལོ་རྒྱུས་ས་འོག་རིལ་མ་སོགས་དང༌། རེབ་གོང་རུས་མཛོད་ཆེན་མོ། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་རང་རྣམ་སོགས་ལ་བལྟས་པ་ཡིན་ན། དེ་དག་ཏུ་དཔྱད་པའི་གཞི་མང་དུ་མཆིས་སོ།
སྤྱིར་བཏང་རེབ་གོང་ཞེས་པའི་ཐ་སྙད་འདིའི་ཁྱབ་ཁོངས་ལ་ཆོས་གཞིས་ལྷ་སྡེ་དང༌། སྲིད་དོན་སྟངས་འཛིན། ད་དུང༌། རིགས་རུས་ཁྱབ་ཁོངས་ཀྱི་དབང་གིས་བཅས་བལྟ་དགོས་པ་ནས། སྨད་རྒྱ་ནག་ནས་འོང་བའི་སྟོང་སྡེ་དང་བྱང་ཧོར་ནས་མཆེད་པའི་སྟོང་སྡེ་ཟེར་བ་འདི་ནི་ཆོས་གཞིས་ལྷ་སྡེ་དང༌། སྲིད་དོན་སྟངས་འཛིན་གྱི་ཁྱབ་ཁོངས་མཚམས་ཚིགས་ཀྱི་དབང་གིས་བཤད་པའི་སྐད་ཆ་ཞིག་སྟེ། སྐད་ཆ་འདི་ནི། ཡུལ་རེབ་གོང་བའི་ཐོག་མའི་རིགས་རུས་མཆེད་ཁུངས་དང༌། སྤྱི་ཚོགས་གྲུབ་སྟངས་ལས་བྱུང་བའི་སྐད་ཆ་ཞིག་མིན་པར། དེ་ནི་དེའི་ཕྱིས་ཀྱི་ཡབ་རྗེ་བླ་མ་སྐལ་ལྡན་རས་པ་སྐུ་ཕྲེང་ཆེ་གེ་མོ་ནས་བཟུང༌། ཆོས་སྲིད་རྒྱ་བསྐྱེད་དང་བསྟུན་པའི་མངའ་འབངས་ཁྱབ་ཁོངས་ཀྱི་སྐད་ཆ་ཞིག་སྟེ། དཔེར་ན། འདིའི་ནང་གི་སྨད་རྒྱ་ནས་འོང་བའི་སྟོང་སྡེ་ཟེར་བ་ནི་ད་ལྟའི་རོང་བོ་དགོན་ཆེན་དང༌། ཡབ་རྗེ་བླ་མ་སྐུ་ཕྲེང་ན་རིམ་པའི་ཆོས་གཞིས་ཁ་ཆེ་བ། ཡོངས་གྲགས་སུ་ཁ་ཆེ་ཚོང་བ་བརྒྱད་ཅུ་ཟེར་གྱི་ཡོད་པ་དེ་རེད་ལ། དེ་བཞིན་བྱང་ཧོར་ནས་འོང་བའི་ཁྲི་སྡེ་ཟེར་བའང༌། དེང་གི་རྨ་ལྷོ་སོག་རྫོང་ཕྱོགས་ཀྱི་སོག་སྡེ་གྲས་ལ་བཤད་ཀྱི་ཡོད་པ་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ཚེ། འདི་ལ་ཐེ་ཚོམ་རྩོད་རྙོག་ཞིག་གཏན་ནས་ཡོང་དོན་མེད་ནའང༌། འོན་ཀྱང༌། རྡ་རམ་ས་ལའི་ང་ཚོ་ཨ་མདོ་བ་མི་ཤེས་ཤེས་ཁུལ་བྱེད་མཁན་ཚོར་མཚོན་ན། ཁག་ཡོད་ནི་མ་རེད། ང་ཚོས་ནི་སྙན་ངག་ཡིན་ཅེས་གོ་མེད་ཚོར་མེད་དང༌། ཚིག་འགྲོས་འཁྱར་འཁྱོར་གྱི་ཆགས་གཞས་འདྲ་བོ་རེ་བྲིས་ཏེ། ཉི་མ་འཁྱོལ་རྒྱུ་མ་གཏོགས། བོད་ཀྱི་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ཤེས་བྱའི་རིགས་ལ་ལྕེ་གཡོ་བའི་ཤེས་བབ་གཏན་ནས་མེད་ན། རྗེས་ཕྱོགས་རང་མཚང་ཁྲོམ་སྒྲོག་གི་སྐད་ཆ་འདི་གྲས་མི་བཤད་རྒྱུའི་རེ་བ་ཞུ་ཡི་ཡོད།
འཕྲིན་འདི་མགོན་པོ་ཕྱག་གཉིས་པ།
ཁྱེད་མགོན་ཚེ་ལགས་ཡིན་ནམ།
ཡིན་ན་་་་་་་་་་་་་
རང་བྱུང་རླུང་དང་བསེར་བའི་དབྱངས།། ཆོས་ཉིད་ཟབ་མོའི་བརྡ་དོན་ཏུ།།
ཤེས་པའི་རྣལ་འབྱོར་གཅིག་ཡོད་དེ།། མི་ཕམ་སྐལ་ལྡན་རས་པ་ཉིད།།
རི་བོ་འགུལ་དང་གཡོ་བའི་ཉམས།། མི་རྟག་དོན་གྱིས་ཐུགས་སུ་བཅུག།
ཐ་སྙད་ཙམ་གྱི་འཇིག་རྟེན་ཆོས།། ཐ་སྙད་དེར་བསྟུན་ཀུན་ལ་སྨྲས།།
ཆགས་དང་མི་ཆགས་སྨྲ་བའི་ལས།། ཀུན་ཏུ་སྤངས་ལ་སྐྱབས་སུ་འགྲོ།
ཨ་མའི་ཞལ་རས་གསལ་མཛད་པ།། མགུར་གྱི་དབྱངས་འདིར་ཡང་ཡང་ཉོན།།