ཨེ་མ་ཧོ།
ཨོཾ་ཨཱཿཧཱུཾ་ཧྲཱིཿ
ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས།།
ལོངས་སྐུ་སྤྱན་རས་གཟིགས་དབང་གར་གྱི་མཆོག།
སྤྲུལ་སྐུ་པདྨ་འབྱུང་གནས་རིན་པོ་ཆེ།།
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།
གང་མཚན་ཐོས་པས་སྡུག་ཀུན་མུན་སེལ་བའི།།
གཞོན་ནུ་སྙིང་རྗེའི་རང་གཟུགས་རྒྱལ་སྲས་ཀུན།།
ཐུགས་རྗེ་མ་གཡེལ་འདི་ཕྱི་བར་དོ་ལ།།
འཇིགས་སྐྲག་སྡུག་བསྔལ་མ་ལུས་སེལ་བར་མཛོད།།
ཁྱད་པར་འཇིགས་རུང་གནམ་གྲུར་ཤོར་སྐྱོན་ལས།།
མ་ཧ་སུམ་བརྒྱ་བདུན་ཅུའི་སྡུག་བསྔལ་རྣམས།།
མྱུར་ཏུ་ཞི་ནས་བདེ་ཆེན་དཔལ་དམ་པར།།
རྒྱལ་དང་རྒྱལ་བའི་སྲས་བཅས་ཐུགས་རྗེས་ཟུངས།།
མཆོག་གསུམ་རྒྱལ་བ་སྲས་བཅས་ར་མདའ་སྒྲོན།།
ཤིན་ཏུ་འཇིགས་རུང་བར་དོའི་སྡུག་བསྔལ་སྐབས།།
སྒྲ་འོད་ཟེར་གསུམ་རང་རིག་རང་ངོ་ཤེས།།
བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག།
ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོྃ་ཨཱཿཧཱུཾ་ཧྲཱིཿབཧྲཱུཾ།
མཆོག་གསུམ་རྒྱལ་རྒྱ་མཚོས་བྱིན་རླབས་ཀྱིས།།
སྐུ་གསུམ་རྒྱལ་བའི་ཞིང་ཁམས་ལྷུན་གྲུབ་ནས།།
ཐེག་གསུམ་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ།།
སྒོ་གསུམ་སྨིན་གྲོལ་ཀུན་བཟང་དཔལ་ཐོབ་ཤོག།
ཅེས་པ་མ་ལེ་ཤ་ཡའི་གནམ་གྲུ་ཤོར་རྐྱེན་ལ་གང་དྲན་དུ་ཤྲཱི་ཨེ་མ་ཧོས་སྙིང་ནས་གསོལ་འདེབས་སྨོན་པར་དགེའོ།། །།
ཧྲིཿ
དབྱིངས་སུ་ཡོད་མེད་སྐྱེས་འགག་མ་ངེས་ལྷ།
མཐུ་དང་མཁྱེན་བརྩེ་མངའ་མིན་རྒྱལ་བའི་སྲས།
གླིང་འདིར་གར་སོང་མ་ངེས་ལྕགས་བྱ་འདི།
དང་པོར་གང་ན་ཡོད་པ་སྟོན་དང་ཀྱེ།
ཤཱཀྱ་ཐུབ་པའི་མཚན་སྔགས་བཏོན་ན་བཏོན།
ཨུ་རྒྱན་པད་མར་དཀའ་ལས་བཀོལ་ན་བཀོལ།
གནམ་འོག་འགྲོ་བ་མི་ཡི་མིག་ལམ་ནས།
གློ་བུར་བོར་བའི་སེམས་ཅན་དེ་ཀུན་ཚོལ།
མ་ཧ་སུམ་བརྒྱ་བདུན་ཅུའི་སྡུག་བསྔལ་རྣམས།། ་་་་ཞེས་པ་འདིའི་ནང་གི་མ་ཧ་ཡི་དོན་ཤེས་མ་སོང་བས་་་་་་
ཨོྃ་ཨཱཿཧཱུཾ་ཧྲཱིཿབཧྲཱུཾ། ཡང་། གཟུངས་སྔགས་འདིའི་ཁུངས་གང་དུ་ཡོད་དམ། ལྷ་གང་གི་ཡིན་ནམ། ལགས།
མ་ཧ་ཞེས་པ་འདི་མ་ཧ་ཙི་ན་རྒྱ་ནག་ཡིན་ས་རེད།
མ་ཧ་MH འདྲ་དོན་འགྱུར་བའམ་ཡང་ན་་རྒྱ་ནག་སྐད་ལ་་”མ་ཧང་” མ་ལ་ཤིཡ་གནའ་འགྲུལ་དོན་མིན་ནམ། གང་གནམ་འགྲུ་དང་དེ་ནང་གི་འགྲུལ་པ་ཚང་མ་རྐྱེན་ལམ་དུ་གྱུར་འདུག་པས་ཚང་མས་ཐུགས་སྨོན་རྒྱ་མི་ཆུང་རེ་གནང་བར་ཞུ།
མང་ཆེ་བ་དགྱ་མི་རེད་ཟེར།
བསྔོ་སྨོན་གསུང་བར་དགེ་མཚན་དང་བཀའ་དྲིན་ཆེ། མ་ཧ་སུམ་བརྒྱ་བདུན་ཅུའི་སྡུག་བསྔལ་རྣམས།། MH370ཞེས་གནམ་གྲུའི་གོ་རྟགས་ཅན་ལ་ཞུགས་པའི་རྒྱ་རིགས་དང་མ་ལེ་ཨོ་ཀྲུ་བ་དངང་འཇའ་མན་སོགས་ཀྱི་མི་ལ་གནམ་ཐོར་གྱི་སྡུག་བསྔལ་ལ་མྱ་ངན་སེམས་གནང་བར་ཡིན་པར་སྣང་། རྒྱས་པ་འདི་ན་བཀོད་འདུག http://blog.amdotibet.cn/Amaho/archives/106586.aspx།
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ འཕགས་པ་སཔྱན་རས་གཟིགས་ལ་གསོལ་བ་འདེབས།།བདེ་བ་ཅན་དུ་ལམ་སྣ་དྲོང་དུ་གསོལ།།
རྒྱ་མི་ཁ་ཤས་ཤིར་བར་བསྔོ་སྨོན་དང་གཟུངས་སྔགས་འདྲ་གཏོན་རྒྱུ་ཡོད་
འདོག་མ་བྱེད་ཨང་། བོད་མི་ས་ཡ་ལྷག་དང་བོད་ས་ཡོངས་རྫོགས་རྒྱ་དམར་
གྱིས་ཧམ་བཟུང་བྱས་པར་་་གཟུངས་སྔགས་སོགས་གང་ཡང་འདོན་ཡ་མེད་པ་
དེ་མཁྱེན་པ་མཛོད་ཅིག། དྲ་གྲོཊ་ཀླད་མེད་ཚོ།།
ནང་བ་སངས་རྒྱས་ཀྱི་ཆོས་ནི་འགྲོ་བ་རྣམས་ཀྱི་ཕྱིར་དུ་ཡིན་པས་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ཟེར་བཞིན་སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་འདོན་བཞིན་་ཁྱེད་དང་ང་ཞེས་ཕྱེས་དོན་མིན་འདུག་ཀླད་ཡོད་རྣམ་པའི་ཀླད་པ་ཆེ་ཙམ་གནང་ན་ཕན་པ་མེད་རུང་གནོད་པ་གཏན་ནས་མེད་དོ། དེ་ཙམ་མ་སྡང་བར་ཞུ།
((མ་ཧ་སུམ་བརྒྱ་བདུན་ཅུའི་སྡུག་བསྔལ་རྣམས།།))
ལྕགས་ཀྱི་བྱ་ལ་སྡུག་བསྔལ་་ཡོད་པ་གོ་མྱོང་མེད། སྙིང་རྗེ་བྱང་སེམས་ག་ཚོད་སེམས་ལ་འཁོར་གྱུར་ན། འདི་འདྲའི་ལྷག་བསམ་བཟོད་དུ་མེད་པ་ཞིག་རྒྱུད་ལ་སྐྱེ་ས་མ་རེད། ཨེ་མ་ཧོ་འདིས་ལ་ཕུག་གི་སྡུག་བསྔལ་གསུང་བཞག་ན་ཐོག་ཞིག་ཡོད་ས་མ་རེད། ཧ་ཧ་ཧ།