ཀླུ་སྨྱོན།
ལས་དབང་གི་བཀོད་སྒྲིག་ཅིག་གིས།
འདི་ལྟར་བོད་ཡུལ་དུ་སྐྱེ་བ་ལེན་དགོས་བྱུང་ཞིང་།
མི་ངོ་རང་ངོ་ཟིན་དུས།
རིག་གནས་གསར་རྗེའི་དུས་སྐབས་ཤིག་ཏུ་ཁེལ་འདུག
དགའ་སྐྱོ་ཆགས་སྡང་གི་ཚོར་བ་རེ་སྐྱེ་རྒྱུ་ཡོད་དུས།
སྤོ་བོ་རྨོ་མོ་ཚོ་ལྟོགས་སྐོམ་གྱིས་གྲོངས་ཚར་འདུག་ཅིང་།
ཁོང་ཚོའི་ཤ་ཁྲག་རུས་གསུམ་འཐོར་ཤུལ་དུ།
རྩྭ་ལྡུམ་མཐུག་པོ་རེ་སྐྱེས་འདུག
རི་མཐོན་པོ་རེའི་འདབས་སུ།
དགོན་སྡེ་ཆེ་མ་ཆུང་གསུམ་བཞེང་མགོ་ཚུགས་དུས་ཤིག་ལ།
རྗེ་བླ་མའི་གསེར་ཞལ་ཡང་ཐེངས་འགར་མཇལ་རྒྱུ་བྱུང་ཞིང་།
མི་ཚོགས་ཀྱི་སྐད་ཅོར་འཁྲིགས་པའི་ཀློང་ནས།
ཁོང་གི་གསུང་ཆོས་ལ་ཡང་ཐེངས་འགར་ཉན་པ་ཡིན།
ཞི་མོ་ཆུང་ཆུང་ཞིག་གི་བརྩེ་དུང་ལ་རྨ་ཁ་གཤགས་ཏེ།
དབེན་དགོན་ཞིག་ཏུ་མི་ཚེ་གསར་བ་ཞིག་སྐྱེལ་མགོ་བཙུགས་ན་ཡང་།
དགོན་འདབས་ཀྱི་བུ་མོ་ཚོའི་ཟུར་མིག་བརྗེད་ཐབས་བྲལ་བའི་མཚན་མོ་རིང་བོ་དག་ནི།
བཀླགས་མི་ཚར་བའི་བརྩམས་སྒྲུང་གི་དེབ་རྒན་རེ་རེ་དང་ཧ་ཅང་འདྲ།
ཁ་བའི་ཁྲོད་དུ་གྲུབ་མཐར་སྦྱངས་ཤིང་།
ཆར་བའི་ཀློང་དུ་སྙན་ངག་བྲིས།
དབྱར་དགུན་གཉིས་སུ་གཞུང་ལུགས་ལ་བརྒལ་བརྟག་བྱས་ཤིང་།
སྟོན་དཔྱིད་གཉིས་སུ་ལྷ་ཚོགས་ཀྱི་བསྙེན་པ་བསྐྱལ།
སྙན་ངག་དང་བརྩམས་སྒྲུང་བཀླགས་ནས་ལོ་ཟླ་ཟད་ཅིང་།
སྙན་ངག་དང་བརྩམས་སྒྲུང་བྲིས་ནས་མཚན་རིང་བསྐྱལ།
སྙན་ངག་དང་བརྩམས་སྒྲུང་སྤེལ་ནས་སྐད་གྲགས་བཞག་ཅིང་། (ལབ་བརྒྱབ་པ་ཡིན།)
སྙན་ངག་དང་བརྩམས་སྒྲུང་གི་ཀློང་ནས་རྒྱལ་ཁམས་འགྲིམས།
སྟོན་ཞིག་ལ་ཧི་མ་ལ་ཡ་བརྒལ་ཅིང་།
སྟོན་ཁ་ཞིག་ལ་རྒྱ་གར་ལྷོ་ཕྱོགས་སུ་བསླེབས།
སྟོན་ཁ་ཞིག་ལ་བལ་ཡུལ་མཐིལ་དུ་བསྐྱོད་ཅིང་།
སྟོན་ཁ་ཞིག་ལ་ཨ་མེ་རི་ཁར་བསླེབས།
མི་ཚེ་རིང་མོ་འདིའི་ཀློང་དུ།
གླེང་རིན་ཡོད་པ་ཉག་གཅིག་ནི།
ཨ་མ་དྲན་དུས་མིག་ཆུ་རེ་བཏང་བ་མ་གཏོགས།
ངོམ་དུ་འོས་པའི་འོད་འཚེར་བ་ཅི་ཡང་སྟོན་རྒྱུ་མི་འདུག
དགེ་བའི་ཕན་ཡོན་ལ་བསམས་ན།
ཤི་རྗེས་དག་ཞིང་རེར་ཡང་འཆམ་འཆམ་ལ་འགྲོ་ཐུབ་པ་དང་།
སྡིག་པའི་ཉེས་དམིགས་ལ་བལྟས་ན།
ཤི་རྗེས་མནར་མེད་དུ་སྐྱེ་བར་ཡང་ཐེ་ཚོམ་ཅི་ཡང་མི་འདུག
གྲུབ་མཐའ་རིས་མེད་ཀྱི་བླ་མར་གསུང་ཆོས་ཞུས་ཤིང་།
གྲུབ་མཐའ་རིས་མེད་ཀྱི་ཆོས་ལ་དག་སྣང་སྦྱངས།
གྲུབ་མཐའ་རིས་མེད་ཀྱི་གཞུང་ལ་ལྟ་ཀློག་བྱས་ཤིང་།
གྲུབ་མཐའ་རིས་མེད་ཀྱི་ཀློང་ནས་མི་ཚེ་ཟད།
འཇིག་རྟེན་ཁམས་ཀྱི་ལྟད་མོ་ཚང་མ་མཐོང་ཚར་བས།
འཇིག་རྟེན་ཁམས་ལ་ཞེན་ཆགས་བྱེད་དོན་ཅི་ཡང་མེད་ཅིང་།
འཇིག་རྟེན་ཁམས་ཀྱི་གནས་ལུགས་གང་འཚམ་ངོ་འཕྲོད་པས།
འཇིག་རྟེན་ཁམས་ལ་ངེས་འབྱུང་སྐྱེ་དོན་ཡང་གཏན་ནས་མེད།
འཇིག་རྟེན་འདི་སྐྱིད་ཀྱི་འཁོར་ལོ་ཞིག་རེད་ལ།
འཇིག་རྟེན་འདི་སྡུག་གི་རྒྱ་མཚོ་ཞིག་ཀྱང་རེད།
འཇིག་རྟེན་འདི་ང་ཡི་ཁྱིམ་གཞིས་རེད་ལ།
འཇིག་རྟེན་འདི་ཁྱོད་ཀྱི་གནས་མལ་ཡང་རེད།
འཇིག་རྟེན་འདི་ནས་བདེན་དོན་གྱི་གཏིང་རུམ་བཙལ་བ་ཡིན་ལ།
འཇིག་རྟེན་འདི་ནས་གཡོ་རྫུན་གྱི་རྐྱལ་བ་ཡང་ཁུར་བ་ཡིན།
འཇིག་རྟེན་འདི་ནས་བཟའ་བཏུང་ཞིམ་པོ་རེར་རོལ་བ་ཡིན་ལ།
འཇིག་རྟེན་འདི་ནས་སྐྱག་པ་ཆེ་ཐག་ཆོད་རེ་ཡང་བཏང་བ་ཡིན།
ད་ནི་འཇིག་རྟེན་འདི་འཇིག་ན་ཆོག་ཅིང་།
ད་ནི་སྒྱུ་ལུས་འདི་ཞིག་ན་ཡང་འགྲིག
ད་ནི་རྣམ་ཤེས་འདི་འཁྱམ་ན་འགྲིག་ལ།
ད་ནི་སྐྱེ་བ་འདི་བརྗེས་ན་ཡང་ཆོག
ཡིན་ན་ཡང་།
ཚེ་མཇུག་འདིར་རེ་བ་གཅིག་རང་གཅིག་ཡོད་པ་ནི།
སྐད་ངག་འཇམ་ཞིང་གཞོན་ཤ་ཆགས་ལ།
གནག་སྣུམ་གྱི་སྐྲ་ལོ་ཐུར་དུ་དཔྱངས་པའི་བོད་པའི་བུ་མོ་ཞིག་གིས།
སྙིང་ཉེ་ཉེ་དང་གཉོམ་དུང་དུང་སྒོ་ནས།
རང་གི་ལག་པར་ཇ་ཚ་བོ་དཀར་ཡོལ་གང་འཇོག་རྒྱུ་དེ་འོ།
ཨ་ཙི་ཨ་ཙི་འདི་མོ་སྙན་ངག་ཟིག་མ་མཐོང་ཡིན་རིང་བུད་སོང་། ཀློག་གིན་ཀློག་གིན་ཇེ་སྙན་ཇེ་སྙན་རེད་འདུག
ཨ་རོག་ཀླུ་སྨྱོན་ལགས་ཁྱོའི་སྙན་ངག་འདི་ལ་ངས་ཁ་སྐད་སྙན་ངག་ཟེར་ན་ཨེ་འགྲིག་གི།
གོ་སླ་བའི་ཆ་ནས་ཡིན་ད།
འོ་འོ་ད་རུང་བཤད་རྒྱུ་ཞིག་ལ།
འུ་ཚང་གི་མཛེས་མ་ཚེ་སྐྱིད་ཀྱིས་ཁྱོའི་ལག་ལ་ཇ་དཀར་ཡོལ་གང་ད་འཇོག་ནི་ཁོ་ཐག་ཡིན་ནས་རེད་སྐུ་ལྷོད་ལྷོད་གནང་རོགས་ཨ།
ཨ་རོ་ཀླུ་སྨྱོན་ཁྱོད་ཀྱིས་ཚེ་མཇུག་འདིར་རེ་བ་གཅིག་རང་གཅིག་ཡོད་པ་ནི། སྐད་ངག་འཇམ་ཞིང་གཞོན་ཤ་ཆགས་ལ། གནག་སྣུམ་གྱི་སྐྲ་ལོ་ཐུར་དུ་དཔྱངས་པའི་བོད་པའི་བུ་མོ་ཞིག་གིས།སྙིང་ཉེ་ཉེ་དང་གཉོམ་དུང་དུང་སྒོ་ནས། རང་གི་ལག་པར་ཇ་ཚ་བོ་དཀར་ཡོལ་གང་འཇོག་རྒྱུ་དེ་འོ། །ཞེས་པ་དེ་བོད་པའི་བུ་མོ་ཞིག་གིས་འོ་ཇ་ཞིག་ལག་ཏུ་འཇོག་པ་ཙམ་ལ་ཟེར་ན་དེ་ལ་དཀའ་རྒྱུ་ཅི་ཡང་མི་འདུག གལ་ཏེ་ཁྱོད་ཀྱིས་གཉེན་སྒྲིག་བྱེད་འདོད་པ་ཡིན་ན་ཁྱོད་ལ་ཨ་སྒོར་མང་པོ་ཡོད་ན་མ་གཏོགས་ཅུང་ཟད་དཀའ་ངལ་ཡོད་རྒྱུ་རེད། ཁྱོད་སྐྱེ་གཟུགས་ཡང་དེ་ཙམ་ཞིག་རེད། དེའི་སྟེང་ལ་ད་ལོ་ན་ཡང་རྒས་ཀྱིན་འདུག བོད་པའི་བུ་དང་བུ་མོ་འདི་ཚོས་ཕྱི་རྒྱལ་ནས་སྒོར་གང་ལ་མང་ན་དེ་ཡི་རྗེས་སུ་རྒྱུག་གིན་འདུག་ཟེར་ར། དེ་གནས་ཚུལ་ངོ་མ་མ་རེད་དམ།
ཨ་རོ་ཀླུ་སྨྱོན་ཁྱོད་ཀྱིས་ཚེ་མཇུག་འདིར་རེ་བ་གཅིག་རང་གཅིག་ཡོད་པ་ནི། སྐད་ངག་འཇམ་ཞིང་གཞོན་ཤ་ཆགས་ལ། གནག་སྣུམ་གྱི་སྐྲ་ལོ་ཐུར་དུ་དཔྱངས་པའི་བོད་པའི་བུ་མོ་ཞིག་གིས། སྙིང་ཉེ་ཉེ་དང་གཉོམ་དུང་དུང་སྒོ་ནས། རང་གི་ལག་པར་ཇ་ཚ་བོ་དཀར་ཡོལ་གང་འཇོག་རྒྱུ་དེ་འོ། །ཟེར་བ་དེ་ཁྱོད་ཀྱི་ལག་ཏུ་བུ་མོ་ཞིག་གིས་འོ་ཇ་ཞིག་འཇོག་རྒྱུ་ཙམ་ལ་ཟེར་ན་དེ་ལ་དཀའ་ངལ་ཡོད་རྒྱུ་མ་རེད། དེ་མིན་ཁྱོད་ཀྱིས་གཉེན་སྒྲིག་བྱེད་འདོད་པ་ཡིན་ན་ཁྱོད་ལ་ཨ་སྒོར་མང་པོ་ཡོད་ན་མ་གཏོགས་ཅུང་ཟད་དཀའ་ངལ་ཡོད་རྒྱུ་རེད། དེང་སང་བོད་པའི་བུ་དང་བུ་མོ་འདི་ཚོ་ཕྱི་རྒྱལ་ནས་སྒོར་མོ་སུ་ལ་མང་ན་དེ་ཡི་རྗེས་སུ་རྒྱུག་གི་འདུག་ཟེར། ཁྱོད་ལ་གཞན་སེམས་འགུགས་པའི་གཟུགས་དང་ལང་ཚོ་ཡང་དེ་ཙམ་རེད། ད་ལོ་ན་ཡང་རྒས་ཀྱིན་མི་འདུག་གམ། ངས་ཁྱོད་ལ་གནོད་པའི་ཆེད་དུ་སྐད་ཆ་བཤད་པ་མིན། ངོ་མ་བཤད་ནི་ཡིན།
མི་ཚེ་རིང་མོ་ཞིག་གྲིབ་མ་ནག་རིང་དང་མཉམ་དུ་བསྐྱལ།
མཚན་མོ་རེ་རེ་བཞིན་པུས་མོ་སྐྱ་རིལ་གྱིས་སེམས་གསོ་བཏང།
རྒས་ཁ་གི་ཕྱི་མིག་རིང་མོ་དང་མཉམ།
དབུགས་ཀྱི་འབྱིན་རྔུབ་རིང་མོ་རེ་གཏོང་བཞིན
ཞབས་བརྟན་འབུལ་མཁན་གྱི་མཛེས་མ་ཞིག་གམ་སྐྱེལ་མ་ཞུ་མཁན་གྱི་མཛེས་མ་ཞིག
ཡང་ན་བསུ་བ་ཞུ་མཁན་གྱི་མཁའ་འགྲོ་མ་ཞིག་ལ་རེ་སྒུག་ཞུ་གི་ཡོད
ཨ་གླུ་སྨྱོན། སྙན་མོའི་གླུ་རེ་ལོངས་དང་།
མ་རེའི་ཡིད་དབང་འགུག་ཐུབ་ན་ཐང་།
མི་ཚེ་རིང་མོ་ཞིག་གྲིབ་མ་ནག་རིང་དང་མཉམ་དུ་བསྐྱལ།
མཚན་མོ་རེ་རེ་བཞིན་པུས་མོ་སྐྱ་རིལ་གྱིས་རུམ།
མི་ཚེའི་ཕྱི་མིག་རིང་མོ་ཞིག་དང་མཉམ།
དབུགས་ཀྱི་འབྱིན་རྔུབ་རིང་མོ་རེ་གཏོང་བ་ནི།
ཞབས་བརྟན་འབུལ་མཁན་གྱི་མཛེས་མ་ཞིག་གམ།
ཕེབས་སྐྱེལ་ཞུ་མཁན་གྱི་མཛེས་མ་ཞིག
ཡང་ན་ཕེབས་བསུ་ཞུ་མཁན་གྱི་མཛེས་མ་ཞིག་ལ་རེ་བ་བྱེད་གི་ཡོད།
མི་ཚེ་རིང་མོ་ཞིག་གྲིབ་མ་ནག་རིང་དང་མཉམ་དུ་བསྐྱལ།
མཚན་མོ་རེ་རེ་བཞིན་པུས་མོ་སྐྱ་རིལ་གྱིས་རུམ།
ད་ལྟ་མི་ཚེ་རིང་མོ་ལ་ཕྱི་མིག་རིང་མོ་རེ་ལྟ་བཞིན།
དབུགས་ཀྱི་འབྱིན་རྔུབ་རིང་པོ་རེ་འཐེན་བཞིན་པ་ནི།
ཁྱེད་ལ་ཞབས་བརྟན་འབུལ་མཁན་ཞིག་གམ་ཕེབས་སྐྱེལ་ཞུ་མཁན་ཞིག
ཡང་ན་ཕེབས་བསུ་ཞུ་མཁན་ཞིག་ལ་རེ་གི་ཡོད།
ཨ་གླུ་སྨྱོན སྙན་མོའི་གླུ་རེ་ལོངས་ལ་ཡུན་ཙམ་བཞུགས་དང་།
མཛེས་མ་ཞིག་གི་མིག་ཀོང་ལྟ་བུའི་ཐོ་རེངས་སྐར་ཆེན་ད་དུང་གཟིམ་མི་འདུག
ཨ་ལགས། ཁྱེད་ཀྱིས་ཆེས་མཐར་འཇུག་གི་རེ་བ་ཉག་ཅིག་ཏེ་འོ་ཇ་དཀར་ཡོལ་གང་ཕྱག་ཏུ་འཇོག་རྒྱུ་དེ་ཡིན་ཚེ། གལ་སྲིད་ཁྱེད་ལ་སྐུ་ཞབས་བྱམས་པ་ལྟ་བུའི་བློ་སྤོབས་ཤིག་ཡོད་ན་མིའུ་ཕྲུག་གིས་ཞབས་ཕྱི་ཞུ་དང་ཞུ།
མིའུ་ཕྲུག་ལགས།
སྐུ་ཞབས་བྱམས་པའི་གཉེན་སྒྲིག་གི་རྗེས་སུ་ཁྱེད་ཀྱིས་ཁོ་རང་མ་གླེང་ན་འདུག་བཟོད་མི་འདུག་པས་།དེ་འདྲའི་བརྩེ་བ་ཞིག་གང་ནས་བྱུང་བ་རེད་དམ་།ང་ཚོའི་བོད་ལ་གཏམ་དཔེ་འདི་འདྲ་ཤིག་ཡོད་པ་ཅི་མ་བདེན་།དགའ་ས་དེ་གླེང་ཡོང་།ན་ཟ་དེ་རེག་ཡོང་།སྐུ་ཞབས་བྱམས་པ་དྲན་ནས་གཉིད་ཡང་ཁུག་གི་མི་འདུག་གམ།ཧཧཧཧ
དེ་རིང་ལྷ་མོ་དབྱངས་ཅན་མ་དང་འབྲེལ་བའི་ཉིན་མ་གལ་ཆེན་ཞིག་ཡིན་པ་འདྲ། རྒྱ་གར་གྱི་མི་གང་མང་གིས་དབྱངས་ཅན་མའི་སྐུ་པར་གྱི་མཐའ་སྐོར་དུ་འདུས་ཏེ་སྭཧཿདང་སྭཧཿཞེས་མཆོད་པ་བྱེད་ཀྱིན་འདུག
དྲ་གྲོགས་རྣམས་ཀྱིས་རྗེ་རིན་པོ་ཆེའི་དབྱངས་ཅན་མའི་བསྟོད་པ་རེ་སྐྱོར་དང་བྱིན་རླབས་ངེས་ཅན་ཞིག་ཡོད་ངེས་ཡིན།
ཁ་སང་འདིར་མཆན་ཅིག་བཏང་བ་ཡིན་ཕྱིན་མ་སོང་། དེ་ནས་ཡང་ཅིག་བྲིས་ནས་བྲིས་མ་ཚར་སྔོན་སྟོང་རྟ་ཤོར་སོང་དེ་ཡང་སླེབས་མི་འདུག། ཡང་སྐྱར་མཇུགཅུང་ཟད་མ་འདྲ་བ་ཞིག་བྲིས་ནས་བཏང་ཡང་དེ་ཡང་འགྲོ་མ་སོང་། ད་གསུམ་ཆ་པང་སྒྲིག་ནས་སླེབས་འདུག དགོངས་དག ངས་བསམ་བཙུགས་ནས་མཆན་གཅིག་ཡང་སྐོར་སྐྱར་གྱིས་བཏང་བ་མིན།