རྣམ་པར་མ་གྱུར་པའི་ལུས་དེ་བོད་ཀྱི་གསོ་བ་རིག་པ་ཞེས་པའི་བརྗོད་གཞི་སྟེང་ནིག་ཡོག་ (New York) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རུ་པིན་སྒྱུ་རྩལ་འགྲེམས་སྟོན་ཁང་ (The Rubin Meseum of Art) གིས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་། གཞུང་ལུགས། ལག་ལེན། སྒྱུ་རྩལ་བཅས་དང་འབྲེལ་བ་ཡོད་པའི་སྨན་གཞུང་དཔེ་དེབ་དང་ཡིག་རིགས། སྨན་ཐང། རི་མོ། སྨན་བཅོས་ཆ་བྱད་སྟེང་གི་རིག་དངོས་ ༡༤༠ ལྷག་བསྡུ་རུབ་ཀྱིས་ནུབ་ཕྱོགས་ཡུལ་དུ་སྤེལ་མ་མྱོང་བའི་འགྲེམས་སྟོན་གཞི་རྒྱ་ཆེ་བ་ཞིག་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༥ ནས་འགོ་འཛུགས་བྱས་ཡོད་པ་རེད།
པར་ཡོང་ཁུངས། རུ་པིན་འགྲེམས་སྟོན་ཁང་།
འགྲེམས་སྟོན་གྱི་ཞོར་དུ་བོད་ཀྱི་སྨན་དཔྱད་སྐོར་ལ་བགྲོ་གླེང་ཚོགས་འདུ་སྐོང་འཚོགས་དང་ ༼དྲ་ཐག་ http://www.rubinmuseum.org/pages/load/351༽། རྩ་ཆུའི་བརྟག་དཔྱད་བྱེད་ཐབས་ངོ་སྤྲོད། གསོ་རིག་དང་འབྲེལ་བའི་འཕྲོད་ཟས་བསྟེན་སྟངས། སྨན་དཔྱད་ལ་བརྟེན་པའི་རྨི་ལམ་བརྟག་ཐབས་བཅས་ལས་རིམ་མང་པོ་ཞིག་སྤེལ་དང་སྤེལ་འཆར་ཡོད་པ་རེད།
འགྲེམས་སྟོན་འདི་ལས་བོད་ཀྱི་རིག་གཞུང་སྤྱིའི་ཕྱུག་ཚད་དང་ལྷག་པར་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྨན་དཔྱད་ཀྱིས་བོད་སྤྱི་ཚོགས་སྤྱི་དང་ཁྱིམ་མཚེས་ཡུལ་གྲུ་ཁག་ཏུ་གནས་པའི་མིའི་རིགས་ཀྱི་བདེ་ཐང་འཕྲོད་བསྟེན་ལ་འདས་དང་ད་ལྟ། མ་འོངས་པར་སྲི་ཞུ་གང་ལེགས་ཞུས་དང་ཞུ་ཐུབ་པ་དངོས་སུ་མཐོང་ཐུབ། དེར་བརྟེན་རང་རིགས་བོད་མི་ཚོས་ཀྱང་དུས་ཚོད་དམ་འཛིན་གྱིས་འགྲེམས་སྟོན་འདི་ལ་བལྟ་གཟིགས་གནང་རིན་ཡོད་པ་ཞིག་ཡིན་ནོ།
འགྲེམས་སྟོན་གྱི་བརྗོད་གཞི། རྣམ་པར་མ་གྱུར་པའི་ལུས་དེ་བོད་ཀྱི་གསོ་བ་རིག་པ།
Body in Balance: The Art of Tibetan Medicine
འགྲེམས་སྟོན་བྱེད་ཡུལ། རུ་པིན་སྒྱུ་རྩལ་འགྲེམས་སྟོན་ཁང་།
The Rubin Museum of Art
150 West 17th Street
New York, NY 10011
འགྲེམས་སྟོན་དུས་ཚེས།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༥ ནས་ཟླ་ ༩ ཚེས་ ༨།
དྲ་ཐག་ http://www.rubinmuseum.org/nav/exhibitions/view/2349
འགྲེམས་སྟོན་གཙོ་སྒྲིག་བྱེད་མཁན། ཐེ་རེ་ས་ ཧོ་ཕེར Theresia Hofer
རྣམ་པར་མ་གྱུར་པའི་ལུས་དེ་བོད་ཀྱི་གསོ་བ་རིག་པ་་་་་་
ཟེར་ན་གང་ཟེར་བགྱིད་ཡོད་རེད། ཟེར་མཁན་དེ་གསོ་བ་རིག་པ་པ་ཅིག་རེད་དམ། བོད་ཀྱི་གསོ་བ་རིག་པ་པ་གང་འདྲ་ཟེ་ཆགས་པ་རེད། ཡང་ན་མཁས་དབང་དེ་སྨྱོ་བའམ། དྲན་པ་མི་བརྟན་ནམ། ཡང་ན་དིང་གི་མཚན་ཉིད་རིག་པ་ཆེན་པོ་ཡིན་མདོག་སྟོན་འདོད་པ་རེད། ལགས།
དྲ་གྲོགས་ཚོས། ལན་ཅིག་སོམས་དང་། གསུང་དང་། བྲིས་དང་། ཐུགས་རྗེས་གཟིགས།
ཡིག་གེའི་དག་བྱའི་སྐོར་ལ།
ནིག་ཡོག་གྲོང་ཁྱེར་་་་་ ནིའུ་ཡོརྐ་གྲོང་ཁྱེར་
འགྲེམས་སྟོན་བྱེད་ཡུལ།
འགྲེམས་སྟོན་བྱ་ཡུལ།
འགྲེམས་སྟོན་དུས་ཚེས།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༥ ནས་ཟླ་ ༩ ཚེས་ ༨།
འགྲེམས་སྟོན་དུས་ཚེས།
ཕྱི་ལོ་ ༢༠༡༤ ཟླ་ ༣པའི་ ཚེས་ ༡༥ ནས་ཟླ་བ་ ༩པའི་ ཚེས་ ༨ཀྱི་བར།
འདི་ནི་ཆེད་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་ལ། ཁ་བརྡའི་དྲ་བར་བགྲོ་གླེང་འགོ་བཙུགས་པ་ཙམ་མོ། །དགེ་བར་འགྱུར་ཅིག། །།
རུ་པིན་སྒྱུ་རྩལ་འགྲེམས་སྟོན་ཁང་། རུ་པིན་ཟེར་ན་དགོས་པ་དགོངས་གཞི་ཅི་ཞིག་ཡོད་རེད།
དབྱིན་སྐད་དུ། (Japan) ལ་ཟེར་གྱི་ཡོད་ན་དེ་ལ་གནའ་ནས་ད་བར་དུ་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས།
(ཉི་ཧོང) ཟེར་གྱིན་ཡོད་པ་ལྟ་བ་ཐད་ཤར་དང་། མཐོང་ཐོས་མངོན་གྱུར་ཞིག་ཡིན། སྒྲ་གདངས་མ་དག་པའི་རྒྱ་སྐད་ཞིག།
དག་ཆ་མེད་པའི་བོད་ཡིག་ཞིག། བོད་ཀྱི་སྐད་ཡིག་གཉིས་ལ་ཡོད་བཞིན། ད་དུང་འདི་འདྲ་བྱེད་པ་ནི་ཆེས་མི་འོས་པའི་
གནས་སུ་མཐོང་སྟེ། རང་གི་རིག་གཞུང་ལ་མཐོང་ཆུང་དང་ལྷག་པར་བོད་ཀྱི་སྐད་ཡིག་ལ་རྩིས་མེད་རྡོག་རུལ་བྱེད་པ་ལྟ་བུ་
ཞིག་ལས་གཞན་ཅི་གང་མ་མཐོང་ངོ་། བོད་ཀྱི་གསོ་བ་རིག་པ་ཁྱབ་བསྒྲགས་བྱེད་དགོས་ན། དེ་ཉིད་བརྗོད་བྱེད་ཀྱི་སྐད་ཡིག་
གཉིས་ལའང་མཐོང་ཇི་འདྲ་བྱ་དགོས་་ཚུལ་ཤེས་པར་བྱ་བ་གལ་ཆེ་སྙམ། །
English – Tibetan Dictionary of Modern Tibetan
Compiled by
Melvyn C. Goldsstein
ནང་ལ།
Japan རྗ་པན། (rja pan) ཉི་ཧོང་། རི་པིན།
ཞེས་བྲིས་འདུག
ཕལ་ཆེར་དེའི་གོ་དོན་ནི། མི་ན་བ་གནས་པར་འདོོད་པ་ལ་གསོ་བ་རིག་པའི་མང་ངག་བསླབ་པ་བྱ་འོ་གསུང་པ་ཡིན་ས་རེད།
གོང་གི་དབྱིན་ཡིག་ནས་ཐད་བསྒྱུར་བྱས་ན་དོན རྟོགས མི་ཐུབ་རྒྱུ་རེད།
ཁ་བརྡའི་ཐོག་ཏུ་མཁས་པ་ཡིན་མདོག་མདོག་ཚོར་ཞུ་རྒྱུར། ཨིན་ཡིག་ཏུ་Bodies in Balance: The Essentialsཟེར་བའི་ཁ་བྱང་འོག་འགྲེམས་སྟོན་ཞིག་སྤེལ་འཆར་འདུག
ཀརྡོ་གཉེར་ཕྱག་ཅན་པོས་འགྲེམས་སྟོན་གོ་སྒྲིག་པ་མཁས་པ་རེད་དམ་ཟེར་བ་སོགས་རྩད་གཅོད་བྱས་ཀྱང་དོན་དངོས་སུ་ལས་དོན་གང་ཞིག་སྤེལ་བར་མཁས་པའི་དབང་པོ་ཤ་སྟག་དགོས་དོན་མེད། གལ་སྲིད་དེ་ལྟར་ཡིན་དགོས་ན། ཁྱེད་རང་ལྟ་བུ་ཁ་སྐྱག་པས་འགགས་ནས་ཁ་རོག་ཏུ་གཅིག་པོར་སྡོད་དགོས་རྒྱུ་མིན་ནམ།
# 5 གཡུ་ཐོོག་བུ།་ལགས་ཀྱིས་མཆན་བཏབ་པ།:
་་་་་་ ཀརྡོ་གཉེར་ཕྱག་ཅན་པོས་འགྲེམས་སྟོན་གོ་སྒྲིག་པ་མཁས་པ་རེད་དམ་ཟེར་བ་སོགས་རྩད་གཅོད་བྱས་ཀྱང་དོན་དངོས་སུ་ལས་དོན་གང་ཞིག་སྤེལ་བར་མཁས་པའི་དབང་པོ་ཤ་སྟག་དགོས་དོན་མེད། གལ་སྲིད་དེ་ལྟར་ཡིན་དགོས་ན། ཁྱེད་རང་ལྟ་བུ་ཁ་སྐྱག་པས་འགགས་ནས་ཁ་རོག་ཏུ་གཅིག་པོར་སྡོད་དགོས་རྒྱུ་མིན་ནམ། ་་་་་་ཟེར།
ཁ་སྐྱག་པས་འགགས་ནས་
ཁ་སྐྱག་པས་འགགས་ནས་
ཁ་སྐྱག་པས་འགགས་ནས་
ཧཧཧཧཧཧཧཧཧ།
http://eng.tibet.cn/2012sy/xw/201404/t20140405_1986597.html
འདིར་གཟིགས་དང་་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བ་དེས་་་བོད་སྨན་་་Tibetan medicine་་་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་སྐྱེལ་བཞིན་འདུག དགོངས་ཚུལ་གང་ཡོད་དམ། ལོ་རྒྱུས་དང་གནས་ཚུལ་ག་འདྲ་ཞིག་གི་ཐོག་ནས་སྐྱེལ་བཞིན་ཡོད་པ་ཡིན་ནམ། ང་བོན་པོ་བོད་སྨན་གྱི་བདག་པོ་དངོས་གནས་དེ་ཡིན་པའི་ཆ་ནས་ཚིག་རེ་གཉིས་ཅིག་མི་བགྲོ་ཁག་མེད་ཆགས་སོང་། །