ཆབ་མདོ་ངག་ཕུན།
མེས་པོའི་གཅེས་ནོར།
གངས་ལྗོངས་ཀྱི་སྲོག་རྩ།
ང་ཚོའི་སྙིང་གི་ནོར་བུ།
ཡོད་ཚད་ཁྱེད་ཉིད་ཡིན།
ཀ་ཁ་ག་ང་།
མི་རིགས་ཀྱི་བླ་སྲོག
ཤེས་རབ་ཀྱི་སྒྲོན་མེ།
ཅ་ཆ་ཇ་ཉ།
ན་ཆུང་གི་སློབ་གསོའི་རྨང་གཞི།
འོད་སྣང་གི་ལམ་བུ།
ཏ་ཐ་ད་ན།
མེས་དབོན་གྱི་ཁྱད་ནོར།
གཞུང་ལུགས་ཀྱི་རྩ་བ།
པ་ཕ་བ་མ།
གངས་ལས་དཀར་བའི་ཀ་མད།
རྒྱ་མཚོ་ལས་ཟབ་པའི་དབྱངས་གསལ།
ཙ་ཚ་ཛ་ཝ།
ང་ཚོ་ཚང་མའི་སྙིང་ནོར།
ཤེས་རབ་ཀྱི་ལོ་འདབ་རྒྱས་པོ།
ཞ་ཟ་འ་ཡ།
བདེ་སྐྱིད་ཀྱི་འབྱུང་རྩ།
ང་ཚོའི་ཕ་མེས་ཀྱི་སྲོག་ཤིང་།
ར་ལ་ཤ་ས།
ང་ཚོའི་ནམ་ཡང་བརྩོན།
ནམ་ཡང་བརྗེད་ཐབས་མེད།
གཏན་ནས་བརྗེད་ཐབས་མེད།
ཧ་ཨ།
འདི་ལ་རྟག་ཏུ་བརྩོན།
དབྱངས་བཞི་ང་ཚོིའི་ཁྱད་ནོར།
ཀ་མད་སུམ་ཅུ་ང་ཚོའི་སྲོག་རྩ་ཡིན།
སྲོག་རྩ་ཡིན། སྲོག་རྩ་ཡིན།
ཞེས་པ་འདི་ནི་བོད་ནང་གི་གཞས་ཤིག་གི་རྐྱེན་བྱས་ཏེ་བྲིས་པའོ།