འཇིགས་མེད་ནུབ་པ།
༡)
གུས་བ་རང་གི་ཡུལ་ལ་འགྲོ་མ་མྱོང་།།
འོན་ཀྱང་ས་གཙང་ཅུང་ཙམ་ཕྱི་ལ་དབོར།།
སྐྱབས་མགོན་ཁྱེད་ཀྱི་ཕྱག་ལ་གྲེ་གང་ཕུལ།།
དེ་ལ་ཚིག་གཅིག་ཕབ་པ་དོན་སྙིང་ཆེ།།
༢)
ཁྱོད་ཀྱིས་བདག་གཞན་མཉམ་བརྗེ་ཞེས།།
གཞན་རྣམས་གཙོ་བའི་ལམ་ཞིག་བཏོད་།།
བདག་གིས་སྒེར་གྱི་ལྟ་ཚུལ་ཞེས།།
རང་ཉིད་གཙོ་བའི་ཐིག་ཅིག་འཐེན།།
༣)
ཁྱེད་ཀྱི་མཚན་དེ་སྔར་ནས་ཐེངས་མང་གོ།
ད་རེས་ཐེངས་གཅིག་མཇལ་བ་ཧ་ཅང་སྤྲོ།།
བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་བ་འདིར།།
ང་ཡིས་ཁྱོད་ལ་བསམ་ཚུལ་ཐུང་ཙམ་ཞུ།།
མཆན།
པར་བདག་དང་པོ། བསྟན་འཛིན་ཚེ་བརྟན།
པར་བདག་གཉིས་པ། Rossi & Rossi
པར་བདག་གསུམ་པ། རིག་འབྱུང་དོན་གྲུབ་བཀྲ་ཤིས།
བསྟན་འཛིན་རིག་སྒྲོལ་གྱི་སྐོར་ལ་ལོ་རྒྱུས་དང་བཅས་པའི་རྩོམ་ཡིག་ཞིག་འདི་ན་འདུག
http://www.trace.org/bo/news/drawing-gods-birth-contemporary-tibetan-art#.Uzblt2TrUkc
ཁོང་གིས་བོད་དང་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གཉིས་ཀའི་སྟེང་ལ་སློབ་གཉེར་བྱས་སྟབས། བོད་དང་ནུབ་ཕྱོགས་པའི་དབར་ལ་ཟམ་པ་ཡག་པོ་ཞིག་རེད་སྙམས།
སྟོན་པར་རྐུབ་སྟོན་པ་འདི་སྒྱུ་རྩལ་བའི་གསར་བརྗེ་བྱེད་སྟངས་ཤིག་མ་རེད་དམ།
ཞབས་འདྲེན་རེད། བོད་པའི་ཐང་ཀ་ལ་རྩེད་སྤྱད་ཅིག་བྱས་པ་དེར་དེང་རབས་རི་མོ་ཟེར་ན་ནི་གང་ཤེས། དེ་མ་གཏོགས་འདི་ལ་རིན་ཐང་ཅི་ཞིག་འདུག
ད་དུང་གོ་ཚུལ་ལ་བོད་དུ་དབོར་བར་སྐད་པའི་ས་དེ་བོད་ནས་མ་རེད་ལབ་ཀྱི་འདུག ནེ་པལ་ལ་ནས་འཁྱེར་འོང་བ་རེད་ཟེར། མི་དེ་འདྲ་བྱས་རྒྱུ་འབེལ་པོ། རང་གི་མིང་གྲགས་སྐམ་པོ་ཙམ་གྱི་དོན་དུ་༧གོང་ས་མཆོག་ལའང་དབུ་སྐོར་གཏོང་ཐུབ་པ་འདི་དངོས་གནས་ཧང་སངས་དགོས་ཡག་རེད།
ཁོང་གི་རི་མོ་ལ་སྒྱ་རྩལ་གྱི་ཆ་དང་དོན་སྙིང་གི་ཆ་ཅི་ཡང་ཡོད་མ་རེད། བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀའི་སྟེང་ལ་ནག་གེ་ནོག་གེ་གང་བྱུང་མང་བྱུང་ཞིག་བྲིས་པ་དེ་རེད།
དེང་སང་ཚད་ཅིག་ལ་སླེབས་ཡོད་པ་འདྲ། ཁོང་གིས་ཅང་འཇོན་གི་མ་རེད།
འདྲ་པར་གསུམ་པའི་ནང་གི་སྐྲ་རིང་འདི་སྙན་ངག་པ་གྲགས་ཅན་ལྗང་བུ་ཨེ་རེད
ད་འཇོན་ཚོད་ཀྱི་གཅིག་གནང་བསྡད་མཁན་ལ་ཁ་གཏང་ན་ཡག་རྟགས་ཤིག་ཡིན་ས་མ་རེད་
བོད་ལུགས་ཡ་རབས་ལ་སྤྱོད་ན། སྟོན་པ་སངས་རྒྱས་ལ་གུས་འདུད་ཕྱག་མཆོད་བྱེད་པར་བསྟན་འོས་ཀྱང་། དེ་འདྲ་མ་ཡིན་པར་ལྷམ་དང་བསྟན་འདུག་སྟེ། སྟོན་པ་སངས་རྒྱས་ལ་འགྲན་པ་ལྟ་བུ་ཞིག་ཏུ་མཐོང་ངོ་།
དིང་དུས་སྒྱུ་རྩལ་པ་ཡིན་ན། དངུལ་དངོས་མིང་དང་། བུད་མེད་ཆང་རག་གི་སྨྱོན་པ་ཡིན་པས་ཁྱབ་ཟེར་བ་དེ་ཡང་བདེན་པ་མིན་པ་ཡང་མ་རེད།
ཀྱེ་གྲོགས་པོ་ཚོ། ཁྱེད་ཀྱིས་རང་ཉིད་དང་བོད་མི་རིགས་འདི་རྗེས་ལུས་ཞིག་དུ་མཐོང་གི་ཡོད་དམ། རང་དང་རང་རིགས་རྗེས་ལུས་ལས་སྔོན་མཐོན་དང་རྣམ་པ་གསར་བ་ཞིག་དུ་འགྱུར་རྒྱུ་རེ་འདོད་འེ་ཡོད། གལ་དེ་ཡོད་ན་སྒྱུ་རྩལ་པ་དག་ལ་སྨད་པ་མ་བྱེད་ཁོ་ཚོ་ནི་
གསར་བརྗེ་གྱི་ལམ་སྟོན་པ་དང་། གསར་བརྗེ་ལ་རམ་འདེགས་ཞུ་མཁན། མཐའ་ན་རྗེས་ལུས་ཀྱི་འདམ་ལས་འབྱིན་མཁན་དེ་ཡིན་
པས། ཁོང་ཚོའི་རྗེས་སུ་འབྲང་ན་ད་བཟོད་གསར་བརྗེ་གྱི་ཞིང་ཁམས་ལ་སླེབས་ཐུབ། མ་གཞི་ཁྱེད་ཚོས་སྒྱུ་རྩལ་པ་ནི་ཅི་འདྲ་ཞིག་ལ་
ངེས་འཛིན་བཞིན་ཡོད། སྒྱུ་རྩལ་པའི་གོ་དོན་ཧ་གོ་གི་འེ་ཡོད་ན།
པར་གསུམ་པའི་ནང་གི་སྐྲ་རིང་དེ་སྙན་ངག་པ་གྲགས་ཅན་ལྗང་བུ་རེད། ས་གནས་ནེའུ་ཡོག་གི་བོད་ཀྱི་ཁང་པ་ཟེར་བ་དེ་ཡིན་དྲན། ལྗང་བུ་ལགས་ནི་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་རྩལ་གཉིས་ཀར་དོ་སྣང་ཡོད་མཁན་ཞིག་ཡིན་པ་མ་ཟད་། སྲོལ་རྒྱུན་སྒྱུ་རྩལ་ལ་དམིགས་བསལ་གྱིས་བརྩི་བཀུར་དང་མཐོང་ཆེན་བྱེད་མཁན་ཞིག་རེད་འདུག
མྱི་འདིས། ས་སྟེང་འདི་ན་ས་གྲགས་གནམ་གྲགས་ཡིན་པའི་སྐུ་བརྙན་ངོ་ཤེས་ཞིག་ལ། འདྲ་མིན་ཅོ་བརྒྱད་ལས་ནས་སྒྲོ་ལོར་འབབ་ཐབས་ཙམ་ལས། མི་རབས་གསར་བར་ལམ་སྟོན་ཤིག་དང་། མྱི་རབས་སྔོན་མའི་སྒྱུ་རྩལ་ལ་ཁ་སྣོན་དག་ཙམ་ཞིག་གི་ཕན་འབྲས་བཞག་མེད། ༼སྒྲོ་ལོར་ཐོབ་ན་ཅི་ཡང་བྱེད༽ཟེར་བ་ལས་གཞན། ༼སྒྱུ་རྩལ་ལྡན་ན་ཅི་ཡང་འབྲི་༽ཟེར་བའི་སྒྱུ་རྩལ་གྱི་གླིང་ཀ་ལ་སླེབས་ཐུབ་མེད། ཐང་གའི་ཐིག་གཞུང་ལས་ཁོ་ལ་གཤོག་རྩལ་ཞིག་མེད་པ་གསལ་བ་ཡིན།
གཅོད་པ་ལགས་ཀྱིས་གསུང་པ་ལ་མངོན་པར་སྟོད་ སྒྱུལ་རྩལ་བ་ཞིག་དུ་རློམ་ནས་རྒྱལ་བའི་སྐུ་གཟུགས་ཀྱིས་རྩེད་མོ་རྩེ་བྱེད་བྱས་ན་རན་པོ་རང་ཨ་ཡོད་ བྱ་རྒྱུ་མང་ན་བྱིའུ་རྐང་ཆག་བཤད་སྲོལ་ཞིག་ཡོད་རེད་།