སེར་ཤུལ་རིན་ཆེན་དོན་གྲུབ།
——-གངས་རིའི་དཔའ་རྒོད་ཕུན་དབང་མཆོག་ལ་མྱ་ངན་རྗེས་དྲན་དུ་ཕུལ།
མི་རིགས་སྐྱོབ་པའི་དཔའ་གདེང་ངར་མ་ལ།།
སྒྱུར་བཅོས་་གསར་བའི་བློ་ཡིས་འདའ་དེད་ཀྱིས།།
ཕྱི་བཙིར་ནང་གནོན་འཇིགས་པའི་འཕྲང་ལམ་ནས།།
ཤི་མིག་གསོན་ལ་འཕྲོས་པའི་ཁམས་པ་བ།།
ཤེས་རབ་བློ་ཡིས་ཚན་ཉིད་རིགས་ལམ་ལས།།
ཟླ་ཤེལ་བརླན་སྐྱེས་སྒྲུབ་པའི་ལེགས་བྱས་ལ།།
མཁས་དགུས་ངོ་མཚར་གཟེངས་བསྟོད་རབ་བསྙིལ་བའི།།
དོན་དམ་མཁས་པའི་དབང་པོ་འབའ་བའི་བུ།།
རང་རིགས་བཙོང་བའི་ཚོང་གྲོས་མ་འཐབ་ཅིང་།།
སྲོལ་རྙིང་དྲི་མའི་འདམ་དུ་མ་ནུབ་པར།།
སྙིང་སྟོབས་སྟོང་གིས་མདུན་སྐྱོད་གསར་བརྗེ་བ།།
བོད་རིགས་དཔའ་བོའི་སྙན་པ་ཁྱེད་ལ་འོས།།
མི་རིགས་ལས་དོན་སྒྲུབ་པའི་བློ་སྟོབས་ཀྱིས།།
བཙོན་སྒོ་ཤུགས་ཀྱིས་རྡུང་བའི་ཨ་མའི་བུ།།
བྱུང་རབས་ལོ་རྒྱུས་གསར་བའི་དེབ་ཐེར་ན།།
ཁྱེད་ཀྱི་སྙན་པ་རིང་མོའི་འོད་སྣང་འཁྱིལ།།
ཆོས་པ་མིན་ཡང་ཆོས་སྲིད་གུས་པས་བཀུར།།
ཕྱི་ནང་ལུགས་བཟང་གང་ཡིན་དང་བས་བསྟོད།།
རང་ཚུགས་བརྟན་པོས་གདོང་མཆོང་དཔའ་བོ་ཁྱེད།།
གངས་ཅན་དཔའ་བོའི་ཡང་རྩེ་ཉིད་དུ་ངེས།།
༢༠༡༤/༣/༣༠/ ལ་ཁོང་སྐུ་གཤེགས་པ་གོ་རྗེས།
དངོས་དོན་སྙན་གྱི་རྒྱན་ནས་ལེགས་་གསུངས་འདིས། ཕོ་རྒོད་རྒད་ཚིག་ཅན་གྱི་རང་བཞིན་དེ། ཚིག་ཉུང་དོན་སྡུས་གོ་བདེའི་གནད་ཀྱིས་དོན། འདི་ལྟར་རིགས་ལ་རྩོམ་གྱི་སྙིང་པོ་ལྡན།
སྐྱེས་འཆི་འཁོར་བའི་ཆོས་ཉིད་བཙན་པོ།།སུ་དང་གང་གིས་ཟློག་ཐབས་མེད་ཀྱང་།།མི་ལོ་ཁ་ཤས་བཞུགས་ན་སྙམ་པའི།།ཕངས་སེམས་ཁོ་བོས་སྙིང་ལ་གཟན་ནོ།།དགོང་ལོ་དགུ་བཅུར་གཤེགས་པ་དེ་ཡང་།།འགྲོ་བའི་ལུགས་དང་མཐུན་པར་སྣང་མོད།།གངས་ཅན་ལྗོངས་དང་རྡ་རམ་ས་ལར།།སྐུ་ཉིད་དགོས་ཞེས་ཁོ་བོས་སྨྲ་བའོ།།སེམས་པ་གངས་རིའི་ལྗོངས་ལ་ཟུགས་ཞིང་།།སྨྱུག་རྩེ་པེ་ཅིན་གཞུང་ལ་བཙུགས་པའི།།བྱ་བཞག་རླབས་ཆེན་སྣང་བརྙན་གསོན་པོར།།ཁོ་བོས་ནམ་ཡང་བརྩི་བཀུར་ཞུ་འོ།།ཀྱག་ཀྱོག་མི་ཚེ་ལོ་རྒྱུས་ལྷན་དུ།།རེ་བའི་མིག་འབྲས་རྡ་སར་གཏད་དེ།།གངས་ལྗོངས་པ་དང་གཏན་དུ་བྲལ་བར།།ཁོ་བོས་མྱ་ངན་ཚད་མེད་ཞུ་འོ།།ོ
༄། རྒྱ་དམར་བོད་ལ་འབོད་བའི་ལམ་མཁན། དམར་པོ་སྲོག་ཏུ་བཅུག་པའི་སྙིང་སྟོབས། བོད་མི་ས་ཡ་གསད་པའི་སྡིག་རྒན། མི་རིགས་ལ་རྒྱ་འཛིན་པའི་ཞེན་དཀར། དཀོན་མཆོག་མེད་པར་འཛིན་པའི་བལྟ་བ། རྒྱལ་པོའི་རིང་ལུགས་གདང་བའི་བོོད་པ། བོད་ལ་གཅིག་ཏུ་དགའ་བའི་འབའ་བ། དམར་པོའི་རིང་ལུགས་་མཁན་པའི་ཁམས་པ། བོད་རྒྱ་གྲོས་མོལ་འགུག་པའི་ལྕག་ཁྱུ། ཕྱི་མའི་ལྔ་ལམ་ཕྱིན་པར་སྔར་སོང། བོད་དོན་དཔེ་དེབ་བརྩོམ་པ་ཕྱི་སོང། ཨོཾ་མ་ཎི་པདྨེ་ཧུཾ།
ཨོཾ་མ་ཎི་པདྨེ་ཧུཾ།
འབའ་ཕུན་ཁམས་པའི་རིགས་སུ་སྐྱེས། །
ཆུ་བཞི་སྒང་དྲུང་ཁ་གཏད་དུ། །
རྒྱ་དམག་གང་མང་བོད་ལ་བསུས། །
བོད་དམག་བོད་མིའི་ཚེ་སྲོག་ཤོར། །
ཨོཾ་མ་ཎི་པདྨེ་ཧུཾ།
ཆོས་དད་བཞག་ནས་དམར་ཤོག་འཛུལ། །
བཙོན་གྲོལ་ཐོབ་ནས་སྐད་ཡིག་བསྐྱངས། །
འཆི་ཁ་མ་ལ་བོད་དོན་གླེང་། །
འཆི་ནས་༸རྒྱལ་བས་བསྟོད་ཅིང་བསྔོས། །
ཨོཾ་མ་ཎི་པདྨེ་ཧུཾ།