དཔལ་ལྡན་རྒྱལ།
རྒྱ་དམག་བོད་ལ་ཁྲིད་ཡོང་མཁན་དང་། བོད་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་ཕོད་ཅིང་། བསམ་དོན་བརྗོད་ཐུབ་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་དགོངས་པ་རྫོགས། བསམ་དོན་བརྗོད་ཐུབ་མཁན་གཞོན་སྐྱེས་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། ཐེའུ་རང་ལགས་བཙོན་གྲོལ་ཐོབ་པ། བོད་ནང་མུ་མཐུད་དུ་རང་ལུས་མེ་སྲེག་གཏོང་བཞིན་པ། སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག་ཆེས་མཐོའི་དབུ་ཁྲིད་རྣམ་གཉིས་ཀྱིས་ན་ནིང་སྤྱི་ཟླ་བཅུ་གཉིས་པའི་ནང་། ཟླ་དྲུག་གི་རྗེས་ནས་བོད་དོན་ཆེད་དམིགས་བསལ་གྱི་དོན་དག་ཅིག་འབྱུང་རྒྱུའི་རེ་བ་ཡོད་ཚུལ་ཡོངས་ཁྱབ་གསུངས་ནས་ཟླ་དྲུག་འཁོར་ལ་ཉེ་བ། དབུ་མའི་ལམ་དང་། རང་བཙན་ཀྱི་ཆབ་སྲིད་ལྟ་བའི་འགལ་ཟླ་ཆེ་རུ་འགྲོ་བཞིན་པ། བོད་རྒྱ་ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་སྒོ་མོ་ཕྱེས་ཡོད་གསུངས་ཡོད་ནའང་། གྲོས་མོལ་གནང་མཁན་གང་ཟག་དང་། ཡང་ན་སྒྲིག་འཛུགས་སུ་ཡིན་ངེས་གཏན་མེད་པ། རྒྱ་ནག་གི་དབང་ཤུགས་དང་། ཤུགས་རྐྱེན་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆེ་རུ་འགྲོ་བཞིན་པ། དད་སེམས་དང་། སེམས་ཤུགས་ཆེ་བའི་བོད་མི་མང་པོ་ཞིག་བོད་དོན་ཐག་གཅོད་ཡོང་བར་རེ་བས་ཁེངས་ཡོད་པ། ཤེས་ཡོན་ཅན་མང་པོ་ཞིག་གིས་ཁ་གྲགས་རྒྱུར་ཞེད་སྣང་སྐྱེས་བཞིན་པ། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས་ཟེར་བའི་གཏམ་དཔེ་དེ། འགོ་དབུ་ཁྲིད་དང་དམའ་སྤྱི་འབངས་ཡོངས་ཀྱིས་ངག་ཏུ་མ་ཎི་བཞིན་འདོན་བཞིན་པ། ད་བོད་དོན་འདི་རྙོག་འཛིང་ཆེན་པོ་རེད་འདུག
དཔལ་ལྡན་རྒྱལ།
རྒྱ་དམག་བོད་ལ་ཁྲིད་ཡོང་མཁན་དང་། བོད་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་ཕོད་ཅིང་། བསམ་དོན་བརྗོད་ཐུབ་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་དགོངས་པ་རྫོགས། ་་་་་་་
༼རྒྱ་དམག་བོད་ལ་ཁྲིད་ཡོང་མཁན༽ཟེར་བ་དེར་འབའ་བ་མ་གྲོངས་གོང་རྩོམ་ཡིག་བྲིས་ནས་དགག་འདུག་པའི་ཁར། བོད་ཡིག་ནང་དུའང་འདུག་པས། ངས་ག་ལེར་བཙལ་ནས་ལྷན་རྒྱས་སྤྱན་ཕུལ་ཞུས་ཆོག
དེ་མིན་རྒྱལ་བ་རིན་པོ་ཆེ་དང་མཐའ་འཁོར་བ་གཙོ་བོ་ཁག་ཕ་ཡུལ་ལ་ལོག་པའི་གནད་དོན་ཐད་སྐད་ཆ་བཤད་སྲིད་པ་ལས་རྡ་རམ་ས་ལར་བོད་དོན་གླེང་སློང་བྱེད་ཡུལ་ལྷག་ཡོད་པ་མ་རེད།
༡ གཞུང་གི་ངོ་བོ་ནས་སྒྲིག་འཛུགས་སུ་འགྱུར་བས། བཙན་བྱོལ་བ་འབུམ་ལྷག་གི་ཚབ་མཚོན་པ་ཙམ་ལས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མི་ཐུབ་པར་ཆགས་ཡོད། དཔེར་ན། ད་ལོ་ནས་ཕྱི་རྒྱལ་གྱི་རྒྱ་ཡིག་གསར་ལམ་མང་ཆེ་བས་གསུམ་ཅུའི་དུས་དྲན་སྐབས་ཀྱི་གནས་ཚུལ་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཀྱི་སྐོར་ལས་རྡ་རམ་ས་ལ་བཀོད་མེད།
༢ རྒྱལ་བ་རིན་པོ་ཆེ་ཡིས་ཨོ་སི་ཁྲི་ལི་ཡ་ནས་སྤྱི་འཐུས་ཚོགས་གཙོ་ཡོད་སར་སྲིད་སྐྱོང་དང་ཚོགས་གཙོས་བོད་ཀྱི་ཚབ་མཚོན་མི་ཐུབ་གསུངས་པ་རྒྱ་ཡིག་བརྒྱུད་ལམ་ཁག་ཏུ་ལོ་རྒྱུས་རང་བཞིན་གྱི་དབྱེ་མཚམས་ཤིག་ཏུ་བསྐྲུན་ཡོད།
ད་ཚང་མས་བསམ་ཚུལ་གསུངས་རོགས།
ཀྲུང་ནན་ཧེའེ་ཏང་ཀྲུང་དབྱང་སྲིད་གཞུང་གིས་སྔ་ས་ནས་ཁ་གསལ་པོའི་ཐོག་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་མདུན་ལམ་གྱི་གནས་དོན་ཟེར་བ་ཞིག་ལས་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་རེད། འདི་ནི་བོད་གནའ་སྔ་མོ་ནས་ཀྲུང་གོ་དང་ཁ་བྲལ་དུ་མེད་པའི་ཆ་ཤས་ཡིན་ཟེར་བ་ལས་བྱུང་བ་ཞིག་རེད། བྱས་ཙང་ཡུལ་བགྱར་སྲིད་གཞུང་གིས་བོད་དང་བོད་མི་རིགས་ཀྱི་བདེན་པའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་མི་གླེང་བ་མི་རྩོད་པར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མཇའ་འཚོན་གྱི་རི་མོ་དེ་བརྩད་ཙང་རྒྱལ་ནང་གི་གནས་དོན་ལས། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་གནས་དོན་གླེང་རྒྱུ་ལྷག་མེད་པ་རེད། མ་གཞི་བྱས་ན་ཀྲུང་གོའི་རྩ་ཁྲིམས་འོག་གི་རང་སྐྱོང་ཟེར་བའི་ཆ་རྐྱེན་དེ་ཀྲུང་གོས་ཚུར་འདོན་དགོས་པ་ཞིག་ལས་བོད་ཀྱིས་ཕར་འཕམ་ཚོང་གི་གྲོས་འགོ་བཏོན་དགོས་པའི་གནས་སྟངས་ཞིག་མ་རེད།
གནམ་ལོ་ཡག་་་ལྐུགས་ལྡིབ་་་ཁ་ཡར་གྲགས་ལ་་་རྒྱལ་བ་རིན་པོ་ཆེས་ཅིག་མ་འགྲིག་རབས་བཅོ་བརྒྱད་བཤད་མཁན་ཁྱོད་ཚོས་ཚོད་ཟུངས། ཁྱོད་ཚོས་ཅི་ཞིག་འགྲིག་ཡོད་དམ། ལྟོ་བ་འགྲངས་ནས་ཉི་ཁ་དྲོ་ན་བཤད་རྒྱུ་མང་ཀ རྒྱ་རྒན་ཆ་བོས་ཅིག་བཤད་ཀི་ཡོད་ནོ་བོ་ལ་ཉོན་སྡོད་་་ད་དུང་ཅུང་ཉེ་སར་གཅོར་དང་ཅིག་རེ་སྤྲོད་ན་ན་ར་ཐང་། ད་ངར་གི་་་ཁྱོ་ཤེས་ནི་རེ་ལབ་མ་རྒྱག
ད་དུང་། ཨ་རི་ན་སྐྱིད་པོར་འཚོ་བའི་མཛང་མ་ཞིག་གིས་ཡིན་ལ་མིན་གྱི་གླུ་ཚིག་ཞིག་བྲིས་ནས་བོད་ནང་གི་གཞོན་སྐྱེས་གླུ་བ་ཞིག་གི་མ་འོང་བ་འཕྲོ་བརླག་ལ་བཏང་ཡོད་པ། བདེ་ས་སྐྱིད་ས་ན་ཡོད་པའི་རང་རིགས་ཚོས་རང་ས་རང་ཡུལ་ན་ཡོད་པའི་ཡུལ་མིའི་བདེ་སྡུག་ལ་བསམ་བློ་གཏོང་དགོས་འདུག
ཡ་རྣོན་པོ་ལགས། རྒྱལ་བ་རིན་པོ་ཆེ་ཡིས་གསུངས་ཟིན་པ་དག་བཤད་མ་ཆོག་པའི་གནས་ལུགས་ཤིག་འཇིག་རྟེན་ཁམས་ན་ཡོད་ཀྱི་མ་རེད། ཐོག་མར་མི་སུ་ཡིན་ཤོད་དང་། དེ་ནས་བུ་ཡིན་མིན་ཤེས་ནི་རེད། གཟུགས་མེད་ཀྱི་སྐྱེ་བ་བླངས་ནས་དད་པ་ཡོད་མདོག་སྟོན་པ་ནི་དུས་སྙིགས་མའི་མི་སྙིགས་མ་མ་རེད་དམ།
གནམ་ལོ་ཡག འབྲེལ་མེད་ཀྱི་སྐད་ཆ་བཤད་ཀི་མ་འདུག ངོ་མ་གཅིག་བཤད་དགོས་བསམ་ན་རྡ་རམ་ས་ལར་ཤོགས་དང་དམངས་གཙོའི་སྤྱི་ཚོགས་རེད། དེ་མིན་རང་ཉིད་བདེ་ས་སྐྱིད་ས་ཤིག་ལ་སྡད་ནས་མི་ལ་མཛུབ་མོ་བཙུགས་རྒྱུ་དེ་སུ་ཡིན་ཡང་འཇོན་ནི་རེད།
ཨ་རོགས་ལུང་རྟོགས། ཁྱེད་ཀྱིས་ང་རང་ལ་ད་དུང་སྤྱི་འཐུས་ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་རྫུན་བཤད་པའི་སྐོར་འགྲེལ་ཡོད་པ་མ་རེད། རེ་བ་ཡིན་ན་ཐོག་མར་དེ་ལུགས་འགྲེལ་བཤད་གནང་རོགས།
རྫུན་མ་བཤད་པ་ཞིག་རྫུན་བཤད་སོང་ཞེས་འགྲེལ་དགོས་ན་ངས་ནི་འགྲེལ་ཤེས་ས་མ་རེད། འགྲེལ་བཤད་འདི་འདྲ་རྒྱག་དགོས་ན་ཁྱེད་ཚོ་ངར་ནི་རེད།
རྒྱལ་བ་རིན་པོ་ཆེ་ཡིས་ང་ཚོ་བཙན་བྱོལ་གཞུང་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པ་ཡིན་པ་ལས་ཚབ་མཚོན་བྱེད་མི་ཐུབ་གསུངས་པ་རེད།མགྲིན་ཚབ་པ་དང་ཚབ་མཚོན་གཉིས་ཀྱི་བར་ན་ཁྱད་ཅུང་ཟད་ཡོད་པ་རེད།
དཔལ་རྒྱལ་གྱིས་རྡོག་རྡོག་ཅིག་གསུངས་འདུག
ལུང་རྟོགས་ལགས། སྤྱི་འཐུས་ཚོགས་གཙོས་ད་རེས་ཨ་མདོའི་སྤྱི་འཐུས་གཅིག་གི་འོས་འདེམས་ཐད་གས྄ེར་རྟའི་ས་རྩོད་བཀོལ་བཞིན་དུ་རྒྱལ་བ་རིན་པོ་ཆེར་སྤྱི་འཐུས་ཆོལ་ཁའི་རྙོག་དྲ་མེད་ཅེས་ཞུས་པ་རྫུན་མ་རེད་དམ། ད་ཁྱོད་ཚོ་དད་པ་ཡོད་ཟེར་མཁན་ཆ་ཚང་ལ་འདི་ལྷག་ཅིག་གང་དགོས་སམ།
ྈ༼༢ རྒྱལ་བ་རིན་པོ་ཆེ་ཡིས་ཨོ་སི་ཁྲི་ལི་ཡ་ནས་སྤྱི་འཐུས་ཚོགས་གཙོ་ཡོད་སར་སྲིད་སྐྱོང་དང་ཚོགས་གཙོས་བོད་ཀྱི་ཚབ་མཚོན་མི་ཐུབ་གསུངས་པ་རྒྱ་ཡིག་བརྒྱུད་ལམ་ཁག་ཏུ་ལོ་རྒྱུས་རང་བཞིན་གྱི་དབྱེ་མཚམས་ཤིག་ཏུ་བསྐྲུན་ཡོད།༽
ལྷ་སྡེ་གནམ་ལོ་ཡག་ལ་དམིགས་ཡུལ་གཞན་ཡོད་ན་མི་ཤེས། དེ་མིན་གོང་གི་༧རྒྱལ་བ་རིན་པོ་ཆེའི་གསུངས་འདིའི་མགོ་སྔ་ཆ་ཚང་བཤད་ན་རེད། སྦས་ན་ཡག་པོ་མེད། འདི་ལྟར་བྱས་ན་ཕྱོགས་ལྷུང་ཅན་གྱི་ཧན་རིགས་དང་ཁྱད་པར་ག་རེ་འདུག སྤྱིར་ན་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་བོད་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཡིན་བཀའ་གནང་གི་ཡོད་པ་ལས་ཚབ་མཚོན་ཡིན་པར་གསུངས་པ་མ་ཐོས།
རྒྱལ་བ་རིན་པོ་ཆེ་ཡི་སྐབས་དེའི་བཀའ་སློབ་བརྙན་ཐག་སེའུ་ནེའུ་སྡོད་པའི་བོད་པ་གང་མང་ལ་ཡོད་ནི་རེད། རྒྱ་ཡིག་ནང་ཡང་གང་མང་ཐོན་ཡོད་ལ། གཤམ་གྱི་དྲ་ཐག་འདི་དཔེར་མཚོན་གཅིག་རེད།
流亡藏人开始分裂 达赖逼洛桑森格站队
http://news.creaders.net/community/subject_details.php?nid=571976&id=544284
སྤྱི་འཐུས་ཚོགས་གཙོས་ཨ་མདོའི་སྤྱི་འཐུས་འོས་འདེམས་ཐད་གསེར་རྟའི་ས་རྩོད་བཀོལ་བ་རེད་ཟེར་བ་ནི་བདེན་པ་མ་རེད། འདི་ནི་ཁྱེད་ཚོས་མི་བདེན་རྫུན་སྒྲིག་བྱས་པ་རེད་ལ། བྱེད་དགོས་དོན་ཡང་སྤྱི་འཐུས་ཚོགས་གཙོས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་མ་བྱས་པ་དེས་རེད། ད་ཆོག་ཨེ་སོང་།
ཨ་རོགས་ལུང་རྟོགས། ཚོགས་གཙོས་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་རྒྱག་མིན་དེ་གནད་དོན་ཞིག་མ་རེད་དེ། ཚོགས་གཙོས་གསེར་རྟའི་ས་རྩོད་ལྷོ་ཕྱོགས་གྲྭ་ས་ཁག་གི་ཨ་མདོའི་སེར་མོ་བའི་ཁྲོད་དུ་བཀྲམས་པའི་ཁར། ད་དུང་རྒྱལ་བ་རིན་པོ་ཆེ་ལ་སྤྱི་འཐུས་ནང་ཆོལ་ཁའི་འགལ་བ་མེད་ཅེས་རྫུན་ཞུས་པ་ནི་གནད་དོན་ཚབས་ཆེན་ཞིག་རེད་ལ། དད་པ་རྫུན་མ་བཀོལ་ནས་བེད་སྤྱོད་གཏོང་སྟངས་ཤིག་ཡིན་པ་ར་འཕྲོད་འདུག་པར་མ་ཟད། དད་པ་ཡོད་མདོག་སྟོན་མཁན་མང་བོ་ཞིག་ཀྱང་ཞོར་དུ་ཚང་མར་ངོ་འཕྲོད་ནས་ཡོང་བཞིན་པས། དགའ་སྐྱོ་གཉིས་ལྡན་གྱི་ལེའུ་ཞིག་མ་རེད་དམ།
ད་ཡང་བཤད་སྐྱར་བཤད་ལ་གོ་རྒྱུ་ཅང་མི་འདུག
གནམ་ལོ་འདིས་རྒྱ་ཡིག་ཅུང་ཤེས་ཀྱི་ཡོད།དེ་མིན་བོད་ཡིག་གི་མགྲིན་ཚབ་དང་ཚབ་མཚོན་བར་ན་ཁྱད་པར་ཡོད་མེད་ཁོས་གོ་ཐུབ་ནི་ཞིག་མིན་པ་འདྲ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡར་བོད་རིགས་དང་སོག་པོ་དེ་བཞིན་འབྲུག་པ་བཅས་པར་བཀའ་སློབ་སྩལ་བ(༢༠༡༣ ཟླ་ ༦ ཚེས་ ༡༧ རེས་གཟའ་ཟླ་བ།)ལས་དྲངས།
ངོས་རང་བོད་པ་ཞིག་ཡིན་པས་འགན་ཡོད། གལ་ཆེ་ཤོས་བོད་མི་ས་ཡ་དྲུག་གི་ཚབ་དེ་ཕལ་ཆེར་ངོས་ཀྱི་བྱེད་ཐུབ་རྒྱུའི་རེ་བ་ཡོད་པ་ཞིག་རེད། གཞན་ཚོགས་གཙོས་བོད་མི་ས་ཡ་དྲུག་གི་ཚབ་བྱེད་ཐུབ་ཀྱི་མ་རེད། སྲིད་སྐྱོང་བློ་བཟང་སེང་གེར་ཁ་སྔོན་ངོས་ནས་ཌ་ལ་ཧོར་སིར་བརྗོད་པ་ཡིན། ང་ཚོ་མཉམ་དུ་ཡོད་བློ་བཟང་སེང་གེ་ལགས་བོད་མི་བཙན་བྱོལ་བས་འོས་བསྡུ་བྱས་པ་རེད་མ་གཏོགས་ཁྱེད་རང་གིས་བོད་མི་ས་ཡ་དྲུག་གི་ཚབ་ཕལ་ཆེར་བྱེད་ཐུབ་ཀྱི་མ་རེད་ངོས་ཀྱི་ཕལ་ཆེར་ཚབ་བྱེད་ཐུབ་རྒྱུ་ཡོད། ཅེས་རྩེད་མོ་དང་སྦྲགས་བརྗོད་རྒྱུ་བྱུང་། དངོས་ཡོད་གནས་ཚུལ་རེད་གཞིས་ལུས་རྒྱ་ཆེའི་མི་མང་གི་ཡིད་ཆེས་བྱེད་ས་ངོས་ཆགས་ཀྱི་ཡོད། དེ་བཞིན་ཉམས་མྱོང་ཐོག་ནས་ཆ་བཞག་ནའང་མི་འདུག་མི་འདུག་ཅེ་བརྗོད་ཀྱང་ལོ་བཅུ་དྲུག་ནས་བོད་བསྟན་སྲིད་ཀྱི་འགན་འཁྱེར་བ་ཡིན་ད་ཆ་ལོ་བདུན་ཅུ་དོན་བརྒྱད་དུ་སླེབས་ཡོད། ཉམས་མྱོང་མང་པོ་ཞེ་དྲག་བསགས་ཡོད།
བོད་མིའི་སྒྲིག་འཛུགས་དྲ་གནས།
ལྷ་སྡེ་གནམ་ལོ་ཡག་ནི་མི་བསམ་ཤེས་དང་རྒྱ་བོད་ཡིག་རིགས་གཉིས་ཀར་ཤེས་རྒྱ་ཡོད་པ་ཅིག་ཡིན་ལུགས་གོ་མྱོང་བས།ཁོང་ལྟ་བུ་མི་གང་མང་བོད་མིའི་སྤྱི་ཚོགས་ནང་འཐོན་ན་ཧ་ཅང་ཡག་པོ་ཡོད་རེད་ལ།མོས་གུས་ཆེན་པོ་ཡོད།འོན་ཀྱང་།ཁོང་གིས་སྤྱི་འཐུས་ཚོགས་གཙོས་ལྷོ་ཕྱོགས་གདན་ས་ཁག་ནང་གསེར་རྟའི་ས་རྩོད་སྐོར་བཀྲམས་རེད་ཅེས་པ་དེ་ངེས་པར་ཁུངས་སྐྱེལ་བྱེད་དགོས་པ་ཅིག་རེད་མ་གཏོགས།བཙན་བྱོལ་སྤྱི་ཚོགས་སྐད་ཆ་འདི་འདྲ་བཀྲམས་རྒྱུ་མང་དྲག་ན་སྤྱི་ཚོགས་ནང་འཁྲུག་ཐེབས་པ་དང་རྙོག་བྲ་ཡོང་རྐྱེན་དུའང་འགྱུར་སྲིད་པ་རེད།གལ་ཏེ་དངོས་གནས་ཚོགས་གཙོས་སྐད་ཆ་དེ་འདྲ་བཀྲམས་ཡོད་ན་ཁུངས་སྐྱེལ་ར་སྤྲོད་བྱས་ན་མང་ཚོགས་ལ་ཕན་གྱི་རེད།དེ་མིན་མི་ལ་བསྙོན་བཙུགས་ན་དེ་མི་བསམ་ཤེས་དང་ཤེས་ཡོན་ཅན།ལྷག་པར་ཆབ་སྲིད་བཙོན་པ་ཡིན་ཞེས་བོད་གཞུང་གིས་ཕྱི་རྒྱལ་དུ་བཏང་སྟེ་སྐྱིད་ས་བདེ་སར་བཞག་ཚར་དུས།ཁ་ཕྱིར་འཁོར་ནས་བདག་པོ་ལ་སོ་བརྒྱབས་ཏེ་བོད་མིའི་སྤྱི་ཚོགས་ནང་དཀྲུག་ཤིང་འཕངས་ན་གང་འདྲ་ཡིན་ནམ།
གསེར་རྟའི་སྤྱི་འཐུས་དེ་སྔོན་མ་ཡིན་ནའང་གྲོས་ཚོགས་ནང་ཆོལ་ཁ་གཉིས་ཀར་རེ་རེ་བྱུང་བ་དེས་རྙོག་བྲག་གང་ཡང་བྱུང་མྱོང་མེད་པ་རེད།དེས་རྐྱེན་བྱས་ཏེ་ཆོལ་ཁ་གཉིས་བར་ཚིག་རྩོད་གཅིག་ཀྱང་ཤོར་མྱོང་མེད་པ་རེད།ད་ཆའང་དེ་འདྲ་བྱུང་ན་གསར་པ་གང་ཡང་མ་རེད།མི་མང་གིས་རང་མོས་ཀྱིས་བདམས་བཞག་པ་ཅིག་རེད།སྔོན་མ་གནད་དོན་དེ་སྟེང་ནས་གྲོས་ཚོགས་ནང་ཚིག་རྩོད་ཙམ་བྱུང་མྱོང་མེད་ལ་ད་ལྟ་ཡོང་གི་མ་རེད།དེར་བརྟེན།ཚོགས་གཙོས་གྲོས་ཚོགས་ནང་ཆོལ་ཁོངས་ཕྱོགས་རིས་མེད་ཅེས་པ་དེ་བདེན་པ་རེད།ང་ཚོ་རྡ་སར་ཡོད་པ་ཚོས་ཧ་གོ་དོན་གསལ་ཡིན།
འོན་ཀྱང་།དེང་སང་ཨོ་སི་ཁྲོ་ལི་ཡར་བོད་མི་ཆབ་སྲིད་བཙོན་ཟུར་ཚོའི་ནང་རྒྱ་ནག་གཞུང་གི་ལས་བྱེད་པ་མང་པོ་ཡོད་པ་གསར་ལམ་ཁག་ཚུན་དུ་བཏོན་སོང་བས།དེ་ཚོའི་དགོས་མཁོ་བོད་མི་ནང་ཁུལ་དུ་ནང་འཁྲུག་ཤོར་ཏེ་བཙན་བྱོལ་སྤྱི་ཚོགས་འཐོར་བཤིག་འགྲོ་རྒྱུ་དེ་ཡིན་ན།དེ་འདྲ་ཕལ་ཆེར་ཡོང་མདོག་ཁ་བོ་མ་རེད།
རྒྱ་དམག་བོད་ལ་ཡོང་པ་རེད་མགཏོགས་འཁྲིད་མཁན་ཞིག་ཡོད་ན།སྐད་སྒྱུར་ཁོང་ཚོ་མེད་ནའང་ཡོང་རྒྱུ་ཉག་གཅིག་རེད།
ཁོ་རེ། ཁྲི་རལ་ཅན་ཉོན། ཁམས་གསེར་རྟའི་ནང་ལག་པ་བསྲིངས་ནས་ཁག་གཉིས་སུ་གྱེས་སུ་བཅུག་ན་ད་དུང་ཆོལ་ཁའི་བར་རྙོག་གྲ་མེད་པ་ཨེ་རེད། སྔར་གསེར་རྟ་གང་གི་ཡིན་མིན་ཐད་དེབ་མང་པོ་ཐོན་པ་ནི་རྙོག་གྲ་རེད་དམ་འགྲིག་མཐུན་རེད། སུས་དཀྲིགས་པ་རེད། དེ་ན་གོང་ས་མཆོག་ལ་དབུ་བསྐོར་བཏང་བ་མ་རེད་པས། ཅིག་ཤོད་ད།
༑གོངས་ས་མཆོག་གི་བཀའ་སློབ་དེ་ངོ་མ་དགོངས་དོན་ག་འདྲ་ཞིག་ཡིན་ན་སྙམ། དང་པོ་དམར་པོའི་ལྟ་བསྒྲུབས་བསྦྱངས། བར་དུ་གུང་ཁྲན་ལྟ་བ་ལ། གནས་ལུགས་འགའ་ཞིག་ཤེས་པ་དང་། རྒྱུ་མཚན་ཤེས་པའི་དད་པ་ལྟར། ནང་ཆོས་ཞེན་པ་སྟེང་ནས་ལོག། དམར་པོ་ཏང་གི་ནང་ལ་གཞུག། ཐ་མར་གདོང་མར་བོད་པའི་བརྒྱུད་། དབུས་གཙང་འཐིལ་ལ་སོ་ཉུལ་དུ། ཝ་མོ་སེང་ལྤགས་གྱོན་པ་ཞིག། སྤྲང་པོ་ཚུལ་གྱི་རང་རིགས་ཁོ། སྐྱག་དྲི་འཚུབས་སེ་སླེབ་པའི་མི། ཐེང་ཅིག་སོ་ཉུལ་སླེབས་སྐད་འདུག། དེ་རྗེས་དམར་དམགས་ལྔ་བརྒྱ་ཙམ། ཁྲིད་དེ་འཆར་སྣ་རླུང་ཁྲིད་ཁོས། བོད་ཁུལ་བཙན་འཛུལ་ངོ་ཚ་བྲལ། ནང་མི་རྡུང་བས་ཐོ་བ་བྱས། དེ་རྗེས་བཅིངས་འགྲོལ་དམག་མི་ཞེས། དབུས་ཁུལ་དམག་དཔུང་འདྲེན་པ་ཡི། ནུབ་བསྐྱོད་དཔུང་དམག་དཔོན་པོའི་མིང་། ཐོག་ཏེ་ཆོས་ལྡན་ལྷ་སའི་ཡུལ། དམག་དཔུང་རྒྱ་མཚོ་བཞིན་དུ་དྲངས། ས་སྟེང་དམག་གི་མ་ཤོས་ཟོས། ད་དུང་དེ་ཡི་ག་ལ་ཚད། བོད་ལ་བཅིངས་འགྲོལ་དགོས་སོ་ཞེས། སྔོན་མེད་གསར་དུ་འཛུགས་པ་ལ། རྒྱ་དམག་བོད་དུ་གཏོང་རོགས་ཅེས། མ་འོ་འདྲེ་མདུན་ཡང་ཡང་བརྒྱུགས། འཇུག་འབྲས་བོད་ཕུང་གཞི་མ་སྙམ། ལོ་ན་མ་ལོན་གོངས་སར་མཆོག། དམར་པོའི་ལྟ་ལོག་སློབ་རྩིས་བྱས། གུང་ཁྲན་ཏང་གི་རྒྱུགས་ཁྱི་དང། དམར་དམག་ཁམས་ཁུལ་དྲངས་པ་དང། ཆབ་མདོར་ཏང་ཡོན་གསར་འཛུགས་དང་། བོད་ཁུལ་དཔུང་སྡེ་དྲངས་པ་བཅས། ལོ་རྒྱུས་བསུབས་མེད་ནག་ཉེས་དེ། གོངས་ས་མཆོག་གིས་བཀའ་སློབ་དེས། ནམ་ཡང་མེད་པར་གཟོ་ནུས་སམ། བཙོན་ལ་འགྲོ་བའི་ནག་ཉེས་དེ། བོད་མིའི་ཆེད་དུ་མ་ཡིན་པར། རང་ཉིད་ཐོབ་དང་གོ་སའི་ཆེད། དམར་པོའི་སྒྲིགས་ཁྲིམས་འགལ་སྲིད་པས། བཙོན་དུ་ཚུད་པ་ལོས་ཡིན་སྙམས།
དཔལ་ལྡན་རྒྱལ་གྱི་སྨྲེ་སྔགས་ཤོར་བ་ལ་ཁག་མ་འདུག །ལྷ་སྡེ་གནམ་ལོས་གནད་ལ་འཁེལ་བ་གསུང་འདུག
་་་་་་་ གུང་ཁྲན་ཏང་གི་རྒྱུགས་ཁྱི་དང། དམར་དམག་ཁམས་ཁུལ་དྲངས་པ་དང། ཆབ་མདོར་ཏང་ཡོན་གསར་འཛུགས་དང་། བོད་ཁུལ་དཔུང་སྡེ་དྲངས་པ་བཅས། ལོ་རྒྱུས་བསུབས་མེད་ནག་ཉེས་དེ། གོངས་ས་མཆོག་གིས་བཀའ་སློབ་དེས། ནམ་ཡང་མེད་པར་གཟོ་ནུས་སམ། བཙོན་ལ་འགྲོ་བའི་ནག་ཉེས་དེ། བོད་མིའི་ཆེད་དུ་མ་ཡིན་པར། རང་ཉིད་ཐོབ་དང་གོ་སའི་ཆེད། དམར་པོའི་སྒྲིགས་ཁྲིམས་འགལ་སྲིད་པས། བཙོན་དུ་ཚུད་པ་ལོས་ཡིན་སྙམས། ་་་་་་་་
http://www.phayul.com/news/article.aspx?c=4&t=1&id=34755&article=AN+ALTERNATE+TRIBUTE+TO+BAPA+PHUNTSOG+WANGYAL+-+A+SLAVE+MINDSET
འདི་ཀློག་རོགས་མཛོད།