གཅན་བཟོད་རྒྱམ།
________________
1
ང་ནི་དེ་རིང་དང་འདྲ།
དེ་རིང་ནི་དགུན་ཁ་ཞིག་དང་འདྲ།
དགུན་ཁ་འདི་ ལ་ཆེན་པོ་ཞིག་དང་འདྲ།
ལ་ཆེན་འདི་མི་ལོ་བརྒྱད་ཅུར་སོན་པའི་རྒན་པོ་ཞིག་དང་འདྲ།
རྒན་པོ་འདི་སང་ཉིན་འཆི་བར་ཕྱོགས་པའི་སྤྲེལ་རྒན་ཟད་པོ་ཞིག་དང་འདྲ།
སྤྲེལ་རྒན་འདི། སྤྲེལ་རྒན་ཟད་པོ་འདི་དེ་རིང་གི་ང་ཡིན་ནམ།
དེ་རིང་གི་ང་། ཕྱོགས་ཀུན་ནས་ཕམས་ཉེས་ཕེབས་པའི་ཁྲི་དཔོན་ཞིག་དང་འདྲ།
སེམས་པ་ཡོད་ཀྱང་ཚོར་བ་མེད་པའི་ང་། དེ་རིང་གི་ང་།
ལན་ལག་དང་ཉིང་ལག་སོ་སོར་དཔྲལ་ཡང་ན་ཟུག་ཅིག་ཡོད་དམ།
ཡང་ན། ན་ཟིག་ཅི་ཡང་ཚོར་གྱི་མེད་དམ།
2
ང་ནི་དེ་རིང་དང་འདྲ་ཞིང་།
དེ་རིང་ནི་ཚོར་བའི་རི་རབ་འབྲི་པའི་སྙན་ངག་ཆེན་མོ་ཞིག་དང་འདྲ།
སྙན་ངག་ཆེན་མོ་དེ་ནི་ངའི་གཞལ་དཀའ་ཞིང་བརྗོད་ནུས་བྲལ་བའི་སེམས་པ་འདི་དང་འདྲ།
སེམས་པ་འདི་རི་རབ་ཀྱིས་ཤུགས་ཀྱིས་མནན་པའི་གྲོག་མ་ཞིག་དང་འདྲ།
གྲོག་མ་འདིས་རི་རབ་ཐེག་གམ།
རི་རབ་འདིས་གྲོག་གཅིར་ནུས་སམ།
ཡང་སྙིང་གྲོག་མ་འདི་རི་རབ་ཀྱི་འོག་ནས་ཐར་འདོད་དམ།
3
ང་ནི་དེ་རིང་དང་འདྲ།
དེ་རིང་ནི་དབྱར་གཞུང་གི་དྲག་ཆར་ཞིག་དང་འདྲ།
རླུང་གི་གཅུས་ཕྱོགས་ཀྱིས་མཚམས་ཆད་ཅིང་། ཡང་རླུང་གིས་འཁུར་ཕྱོགས་ཀྱིས་ཟོ་ལས་བྱོ་བ་དང་འདྲ།
ཆར་རླུང་རབ་ཏུ་དཀྲུགས་པའི་ཤ་འོད་ཁྲོད།
ཨ་མའི་སྐུ་ཕུང་སྡུག་བསྔལ་གྱིས་སྐྱེལ་དུས། ཕ་རྒན་ཆུ་ཡིས་ཁྱེར་བའི་སྣོན་པ་ཞིག
ཨ་ཧོ། དེ་རིང་གི་ང་། ཡོངས་སུ་ས་ལ་འགྱེལ་བའི་ང་།
སྡུག་བཞི་བརྩེགས་ཁུར་ཏེ་ཡར་ལངས་ཐུབ་བམ། ཡང་ན་ཡར་ལངས་འདོད་དམ།
4
ང་ནི་དེ་རིང་དང་འདྲ།
དེ་རིང་ནི་དགུན་ཁ་ཞིག་དང་འདྲ།
དགུན་ཁའི་སྣོད་བཅུད་ནི་ནུས་སྟོབས་ཞན་པའི་བྲན་གཡོག་ཅིག་དང་འདྲ།
སྡོང་ལོ་ས་ལ་ཐོར་ཞིང་ཡལ་གའང་སྐུམ་ནས་འདུག
གཙང་ཆུ་དར་ལ་འབྱར་ཞིང་ཆུ་སྒྲའང་དབེན།
སྤྲ་དང་སྤྲེའུ་བསྲེས་ཏེ་གྲོང་གི་སྒོ་ཁྱིམ་འགྲིམས།
སྒོ་དང་སྒེའུ་ཁུང་ལས་སྐེ་བསྲིངས་ཏེ་མྱ་ངམ་པའི་སྐད་ཕྲན་འབྱིན་འོང་དུས།
ཁང་པའི་ནང་གི་ང་ནི། ཁྱོད་ལས་ཀྱང་མྱ་ངམ་ཞིང་།
སེམས་པ་ནི་སྔ་ས་ནས་ཁྱོད་ཀྱི་རྐང་ལག་ཇི་བཞིན་གྲང་ཞིང་འཁྱགས།
ཨ་ཧོ། དགུན་ཁ་འདི་དེ་རིང་ཁོ་ནའི་འཇིག་རྟེན་ཡིན་ནམ།
ཡང་ན། འཇིག་རྟེན་འདི་དེ་རིང་གི་དགུན་ཁ་དང་འདྲའམ།
ད་ལོའི་སྙན་ངག་ཐོག་མ་འདི་ནི་དེ་རིང་དྲ་ཐོག་ནས་ཐད་ཀར་བྲིས་ཏེ་བཀོད་པ་ཡིན་པས་ནར་འཕྱུགས་ཅི་ཡོད་བཟོད་པར་གསོལ་ལོ༎
2010། 1། 20། ཉིན་གྱི་སྔ་དྲོ་ལས་ཤག་ནས་བྲིས།
སྙན་ངག་པས་དགུན་གཞུང་ལས་སྙན་ངག་རྙེད། སྙན་ངག་པས་ཁ་བའི་ཁྲོད་ནས་སྙན་ངག་བྲིས།
སྙན་ངག་པས་ཁ་བར་བལྟས་ཏེ་གླུ་ངག་གྱེར། སྙན་ངག་པས་གྲང་ངར་སྲོན་མ་ཐུབ་པར་སྙན་ངག་གི་མིག་ཆུ་འཐོར། ཨ་ཨ་སྙན་ངག་པ།
ཡ་ལ་་་་་་་་་་་དགོ་་་་ཡེ་་་་ཡ་ལ་་་ཡ་ལ་དགོ
ཁྱོད་ཐོན་དང་ནས་ན་མགྱོགས་དང་ནེ
ཁྱོད་རྒྱ་གར་ཡུལ་ནས་ཐོན་དང་ནེ
ལམ་ཁ་ཐག་རིང་ནས་མ་དཀའ་ལ
རོགས་ཆུང་ལོ་དྲན་ནས་མ་སྐྱོ་བམ
ངས་ཁ་བའི་ཁྲོད་ནས་སྙན་ངག་བྲིས།།
ངའི་སྙན་ངག་སེམས་ཀྱི་སྐྱོ་རོགས་བྱས།།
ངའི་སྙན་ངག་གྲོགས་པོའི་མིག་ལ་བཤམས།།
ངའི་སྙན་ངག་བཀླགས་པ་དགའ་ནས་ཡོད།།
ང་རྩམ་དགའི་སེམས་དང་འདྲེས་ནས་ཡོད། །
ང་རྩམ་དགས་རྒྱང་ནས་ཉན་བསྡད་ཡོད། །
ང་རྩམ་དགས་རེ་བར་བྱས་ཏེ་ཡོད། །
ང་རྩམ་དགའི་གྲོགས་ཁྱོད་རྒྱལ་གྱུར་ཅིག །
ཨ་རོགས།
ཁྱོད་འདི་ཁ་ལ་ལ་ལེན་མཁན་ཞིག་ཡིན་ས་རེད་མོ།།
ཨ་རོག་ཙ་གི་ཙི་གེ་ཟོ་ལོས་ལན་ཟེར་ན།
མི་ལོན་ན་དང་བོ་ཁྱོས་ཅིག་ལོངས་ར། དེ་ནས་ད་ང་འབར་ཡོང་ནས་རེད་ཀོ
སྙན་ངག་འདི་ཐེངས་གཅིག་ཀློག་རོགས།http://www.tibettimes.net/blogs.php?id=115&post_id=6932
ད་འགྲིག་མེད་ཀི ཁ་སང་ཟིག་ག་ཨ་རིའི་ཆུ་ར་མང་པོ་ཅིག་ཟ་ལོག་བྱས་ནས་དེ་རིང་ད་སྐྱག་པ་གཏོང་མ་ཐུབ་བ་འ་འ་འ གཅིག་མྱང་སོང་། དགུན་ཁའི་སྙན་ངག་གི་རོ་ཟོ་ཕར་ཟིག་ཀ་གཡུག་ཞོག་ལ། སྐྱག་པ་འདི་ཟོ་གཏོང་རྒྱུ་བྱིས་པ་སྐྱེ་རྒྱུ་ལས་ཀྱང་དཀའ་གི སྔོན་མ་ཟིག་ཀ་དོ་ཞོ་བཤད་སྒྲུབ་ནས་འདི་འདྲ་ཅིག་ཟེར། སྐྱག་གཏོང་དགའ་བོ་མ་བུ་སྐྱེ་ཟིག་གི་དཀའ་ཡིན་ཟེར། བདེན་གི་ཡའ། དེ་དུས་ཡང་ངས་ཞོ་འཐུང་རྒྱོ་མང་དྲག་ནས་དཀའ་ངལ་དེ་ཐེངས་གཅིག་ཕྲད་མྱོང་། འོ་ད་འདི་ཟོ་དྲ་རྒྱ་ནང་དུ་བཤད་ཉན་ཟིག་ཡིན་མིན་ལ་མི་ཤེས་ལ། ང་ཁ་འདི་ཨ་ཡེ་ལོ་ལོན་ཟིག་གི་གཉའ་མ་ནང་བཞིན་ཤོར་འགྲོ་གི
ཡ་ཡ་་་་་ངས་ཁྱོད་ལ་སྐྱག་པ་ལས་སླ་བོ་ཟིག་གི་ཐོག་ནས་ཐོན་རྒྱུའི་ཐབས་ཤེས་ཡག་པོ་ཞིག་ལབ་ཆོག
ཁྱོད་སོང་ནས་ཨ་ཁུ་ཀླུ་སྨྱོན་ཚང་ལ་སྔགས་ཤིག་རྒྱག་རོགས་ཞུས་ར། ཁོང་གིས་རྒྱབ་དང་ན་ད་སྐྱག་པ་ཟོག་མི་ཐོན་སྲིད་ནི་མ་རེད།
དེ་མིན་ན་མཇེ་རྫུན་ཆེ་སེ་ཞིག་ཉོས་ནས་སྐྱག་ཁུང་ནང་ལ་ས་རྒྱག་རྡོ་རྒྱག་ཅིག་བྱོས་ར་ད་སྐྱག་པ་ཐོན་ནོ་ཁོ་ཐག་ཡིན་ནས་རེད་ཀོ
ཀློག་གིན་ཀློན་གིན་སྐོར་ལམ་ནང་གི་རྒན་རྒོན་དེ་ཚོ་མིག་ལམ་ལ་ཤར་ཡོང་གིན་འདུག
འདི་ངོ་མས་ཡག་པོ་ཡིན་ཁ་ཟིག་རེད་གྲུབ་ཆེན་ལོ་ལོ།
གྲུབ་ཆེན་ཚང་གི་དེང་སང་ད་སྐོར་ལམ་ནང་གི་ལོ་ལོ་ཚོའི་ཁ་བརྡ་དེ་སྙན་ངག་ཕུལ་བྱུང་ཡིན་པར་རྟོགས་ཡོད། སྔོན་མ་ཟིག་ཀ་ཟ་རུ་མགོ་སྟོང་ཚོས་དེང་རབས་སྙན་ངག་ཡིན་ན་ཅིག གཞན་གྱི་མི་གོ རང་གི་མི་གོ་དེ་འདྲ་རྐྱང་རྐྱང་བྲིས་ནས་དུས་ཚོད་བསྐྱལ་བསྡད་ཡོད་མོ། ང་ཚོ་ལ་སློབ་གྲྭ་ནང་ན་ཡོད་དུས་ན་དེ་འེ་གོ་བལྟས། དེ་འབྲི་འེ་ཐུབ་ལྟོས། མཐའ་མ་ཟིག་ག་དེ་ལ་ཐང་ཆད་སོང་ཟིག
ཧ་བོ་ནང་གི་ཧ་བོ་ཁྱོད་ཞི་མོ་ཆ་ལ་ཁ་བདེ་བདེ་ཞིག དེང་སང་གི་སྙན་ངག་འདི་ལ་ཁ་ཞིག་བདེ་དང་རྒྱུ་ན་ཨེ་རེད།
ཨ་རོགས་ཆ་བོ། གཞོན་ནུ་ཟླ་མེད་འདི་དེང་སང་དྲ་ཐོག་ན་མཐོང་རྒྱུ་མེད་ནོ་ཅི་རེད།