བྲེ་ནག
སྒེའུ་ཁུང་།
དོ་དགོང་སྒེའུ་ཁུང་འདི་མུན་པས་རྒོལ་གྱི་འདུག
མཆེ་སྡེར་བགྲད་པའི་ལས་མཁན་རྣམས་ཅིའི་ཕྱིར་འདི་ལྟར་འཚང་།
ཁ་སང་གི་རྒྱང་རིང་ལ་ཅེར་བའི་མཛེས་སྡུག་གི་སྒེའུ་ཁུང་འདི།
མུན་དག་གི་དོ་དགོང་གཤིན་རྗེའི་ཁ་སྒོ་ལྟར་འཇིགས་སུ་རུང་།
སྒེའུ་ཁུང་།
ཨ་སྔོན་དབྱིངས་སུ་ཕྱོགས་པའི་སྒེའུ་ཁུང་།
མུན་ནག་གིས་འཇབ་པའི་སྒེའུ་ཁུང་།
ཕ་རོལ་ལ་བརྒལ་བའི་གསེར་ཟམ་ཞིག་ཡིན་མོད་ཀྱང་།
ཚུལ་རོལ་ཏུ་ལུས་པའི་བར་ཐག་ཞིག་ཀྱང་ཡིན་འདུག
སྒེའུ་ཁུང་།
ལྷིང་འཇགས་འདི་ཁྱོད་ཀྱི་རྡོག་སྒྲ་ཡིན་ངེས་ཤིང་།
སྐར་ཚོགས་འདི་ཁྱོད་ཀྱི་སྙིང་གཏམ་ཡང་ཡིན་སྲིད།
སྒེའུ་ཁུང་།
ཆེས་ལྐོག་གྱུར་གྱི་ཡོལ་རས་ཤིག་གིས་བསྒྲིབས་པའི་སྒེའུ་ཁུང་།
གསང་མྱུལ་པས་ཁྱོད་ལ་ཅིའི་ཕྱིར་དེ་ལྟར་ཕག་ལྟ་ཞིག་བྱས་དགོས་སམ།
ཡང་ན་ལྷིང་འཇགས་ཀྱི་ས་སྲོད་རེ་སླེབས་དུས།
ཁྱོད་ཀྱིས་ཅིའི་ཕྱིར་མཚམས་སྤྲིན་དེར་དེ་ལྟར་ཅེར་དགོས་སམ།
༄། ད་མི་འདི་སེམས་པ་བདེ་་པོ་འདྲ་ཨ་ཡོད། ཡང་ན་མི་འདི་ཤི་བ་འདྲ། འདིས་ག་རེ་ལབ་ཀྱི་ཡོད་དམ།