Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་གཞོན་ཚོའི་མདུན་དུ་ལྷག་པའི་བོད་སྐད་ཡིག་གི་མདུན་བསྐྱོད།

Posted on 2014-04-082014-04-08 By ཁ་བརྡ་ 9 Comments on ན་གཞོན་ཚོའི་མདུན་དུ་ལྷག་པའི་བོད་སྐད་ཡིག་གི་མདུན་བསྐྱོད།

ངག་དབང་དབང་མོ། རང་ལོ་༡༤ འཛིམ་རིམ་༡༠

ངས་ནམ་རྒྱུན་ལྟར་བསམ་བློ་གཏོང་ཕྱོགས་ཞིག་གིས་གོ་ལ་འགྱུར་འདུག་ལ། མི་རྣམས་འགྱུར་འདུག བོད་མི་ཕལ་ཆེ་བའི་བྱ་སྤྱོད་འགྱུར་འདུག ཐ་ན་དཔེ་སྟོན་སློབ་མ་རེ་རེ་ཡང་འགྱུར་འདུག་པའི་ཚོར་སྣང་ཞིག་གིས་ངའི་ལྷིང་འཇགས་ཀྱི་ཁོར་ཡུག་དེ་རྦད་དེ་དཀྲོགས་སོང་། དེ་བས་ངའི་རྒྱུན་ལྡན་ལྟར་ལྷིང་འཇགས་ཀྱི་མཚན་མོར་འགྲམ་པ་ལག་པས་བསྐྱོར་ཏེ་བསམ་གཞིགས་ཀྱི་རི་ཀློང་འགྲིམས་པ་ན་བོད་སྐད་ཡིག་ཅེས་པའི་ཚིག་འབྲུ་གསུམ་ནི་ང་ཚོའི་ཚེ་སྲོག་ལྟར་མཚུངས་བར་གཞི་ནས་རྟོགས། སྤྱིར་ང་ཚོའི་རྣ་བར་ཚིག་རྐང་གསུམ་པོ་དེ་ཐོས་མ་ཐག་འགན་ལྕི་མོ་ཞིག་ཡོད་པ་ཚོར་མོད། འོན་ཀྱང་རྒྱུན་ལྡན་གྱི་འཚོ་བར་དངོས་སུ་ལག་བསྟར་ཐུབ་རྒྱུ་ནི་ཉིན་མོའི་སྐར་མ་དང་མཚུངས།
དེང་དུས་བོད་སྐད་ལ་སྙིང་དབུས་ནས་གཅེས་པར་འཛིན་མཁན་ནི་ཧ་ཅང་དཀོན་ལ་བོད་སྐད་ཡིག་དེ་ཉམས་ཆག་ཏུ་ཕྱིན་པ་དང་ཧ་ལམ་ཞེ་སའི་སྙན་ཚིག་འགའ་ཞིག་ནི་མྱུར་དུ་འབོར་བཞིན་པའི་བརྗོད་བྱ་འདི་མི་གླེང་ཐབས་མེད་བྱུང་།

བོད་སྐད་ཡིག་ནི་ང་ཚོའི་བླ་སྲོག་ཡིན་ལ་རྒྱལ་ཁབ་ཀྱི་རྩ་བ་ཡིན། དེ་ནི་ཧ་ཅང་ངོ་མཚར་ལྡན་པའི་ཐོན་མི་སམ་བྷོ་ཊའི་རྒྱ་གར་འཕགས་པའི་ཡུལ་དུ་དཀའ་ངལ་མང་པོར་གདོང་ལེན་ངང་འབད་པ་ལྷོད་མེད་ཀྱི་གསར་གཏོད་པ་ནི་ང་ཚོ་ཚང་མའི་ཤེས་གསལ་རེད། བོད་སྐད་ཡིག་ནི་ང་ཚོའི་མིག་ལྟ་བུ་ཡིན།་་དེ་མེད་ཚེ་བོད་མི་ཆ་ཚང་ལོང་བ་ཡིན་པ་ནི་བཤད་ཅི་དགོས། དེང་རབས་ཀྱི་སྤྱི་ཚོགས་ལ་རྒྱུ་མངའ་ཅུང་ཙམ་ལྡན་པའི་གཞོན་སྐྱེས་རྣམས་ཀྱི་མགྲིན་པ་གཟེངས་སུ་བཏེགས་ཏེ་བོད་སྐད་ཡིག་ནི་དཔལ་ཡོན་རྒྱས་པའི་ལམ་བུའི་ཐོག་བཀག་རྡོ་ལྟར་ངོས་འཛིན་བྱེད་ཀྱི་ཡོད། གཞོན་སྐྱེས་དེ་དག་ནི་རྩ་བར་དོར་ཏེ་ཡལ་གར་འཐམ་མཁན་གྱི་ཤེས་རྨོངས་ཁྱུ་ཚོགས་ཤིག་ལ་ངོས་འཛིན་བྱེད་ཆོག། ང་ཚོའི་བོད་དང་བོད་སྐད་ཡིག་དང་རྒྱལ་ཁབ་དགྲ་ལག་ཏུ་ཤོར་ཟིན་ཀྱང་ང་ཚོ་བོད་མི་རྣམས་ད་བར་གནས་ཐུབ་པ་དང་འཚོ་ཐུབ་པ་བྱུང་བ་ནི་བོད་སྐད་ཡིག་གི་ནུས་སྟོབས་ཁོ་ནའོ།

རྒྱལ་ཁབ་ཅིག་གནས་པ་ལ་སྐད་ཡིག་དེ་ཡིན་གཅིག་དགོས་ཅེས་པ་དེ་ཅིའི་མི་བདེན་ནམ། མི་རིགས་སུ་འདྲ་ཞིག་ཡིན་ཡང་རང་ལ་བཀའ་དྲིན་ཆེ་བའི་སྐད་ཡིག་བེད་སྤྱོད་བྱས་ཏེ་ད་གཟོད་ཚན་རིག་རིག་གནས་སློབ་སྦྱོང་དང་གོང་འཕེལ་དུ་འགྲོ་ཐུབ་ཀྱི་ཡོད། རང་གི་སྐད་དང་ཡི་གེ་དོར་ནས་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེ་ལ་སྐྱབས་བཅོལ་ཏེ་རང་ཉིད་ཡར་རྒྱས་སུ་འགྲོ་འདོད་པའི་བསམ་བློ་དང་རང་ཉིད་ལ་འདྲིས་ཤིང་གོམས་པའི་སྐད་ཡིག་དེ་དོར་ནས་ཆ་མེད་རྒྱུས་མེད་ཀྱི་སྐད་ཡིག་གཞན་ཞིག་ལ་བསྒྱུར་ནས་མི་རིགས་དེ་ཡར་རྒྱས་སུ་གཏོང་བར་འདོད་པ་ནི་དེ་ལས་གླེན་པ་ཞིག་མེད། མ་ཟད་ད་ལྟའི་དུས་སྐབས་འདི་ལ་རང་ཉིད་བོད་རིགས་ཡིན་ཟེར་ཡང་བོད་སྐད་དང་བོད་ཡིག་མི་ཤེས་པ་ནི་ག་ས་ག་ལ་དབྱར་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད། མི་རིགས་རང་གི་སྲོལ་རྒྱུན་དང་དཔར་འབྱོར་ཡར་རྒྱས་སུ་འགྲོ་དགོས་ན་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེ། མ་ཟད་རྒྱུན་གཏན་དུ་བཙན་འབྱོལ་སྤྱི་ཚོགས་ནང་སྐད་ཡིག་མང་པོ་ཞིག་མཉམ་བསྲེས་བསྐྱོན་བཞིན་པའི་་བོད་སྐད་ཡིག་དེ་ཉིན་རེ་བཞིན་ཉམས་ཆག་འགྲོ་དང་འགྲོ་བཞིན་ཡོད།

དེར་བརྟེན་ང་ཚོས་ངེས་པར་དུ་རང་གི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས་པ་མ་ཟད་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཇེ་ཆེར་བཏང་སྟེ་སྤྱི་ཚོགས་སྟེང་བོད་སྐད་ཁྱབ་གདལ་དུ་བཏང་ཐུབ་ཚེ། ད་གཟོད་གཞི་ནས་བོད་མི་རིགས་འདི་མ་ཉམས་ཡུན་གནས་ཡོང་ཐུབ་པ་མ་ཟད་རྒྱུན་མ་ཆད་པར་འཕེལ་རྒྱས་འབྱུང་ཐུབ་ངེས་ཡིན། བོད་སྐད་ཡིག་དེ་ང་ཚོའི་བེད་ལེགས་པར་སྤྱད་ཚེ་ཉིན་ཞིག་བཙོན་ཁང་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་ངེས་ཡིན།
བོད་སྐད་ཡིག་གི་ཁྱད་ཆོས་མང་པོ་རིམ་གྱིས་ཉམས་ཤིང་སྐད་རིགས་གཞན་པ་གནོན་བསྲེ་བྱས་ཏེ་རང་གི་སྐད་ཡིག་ཉམས་དམས་སུ་ཕྱིན་པའི་དུས་འདིར་ངའི་དམར་ཆུང་སྙིང་དབུས་ནས་ཕ་མེས་ཡང་མེས་ནས་བརྒྱུད་པའི་གཅེས་ནོར་རྩ་ཆེན་འདི་ཉིད་གཙང་སྤེལ་དང་རྒྱུད་འཛིན་ཐུབ་པའི་རེ་བ་ཚད་མེད་ཞུ་ཞིང་འབོད་སྐུལ་བྱེད་ཀྱི་ཡོད།།

རྩོམ་རིག

Post navigation

Previous Post: འགྲུལ་བཞུད ལམ་གྱི་སྙན་ངག
Next Post: གསར་འགོད་བྱེད་སྟངས་རགས་བསྡུས་ཤིག

Comments (9) on “ན་གཞོན་ཚོའི་མདུན་དུ་ལྷག་པའི་བོད་སྐད་ཡིག་གི་མདུན་བསྐྱོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-08 at 12:48 am

    ང་ཚོའི་ཚེ་སྲོག་ལྟར་མཚུངས་བར་གཞི་ནས་རྟོགས།
    འདི།
    ང་ཚོའི་ཚེ་སྲོག་ལྟར་མཚུངས་༼པར་༽གཞི་ནས་རྟོགས།

    བོད་སྐད་ཡིག་ནི་ང་ཚོའི་བླ་སྲོག་ཡིན་ལ་རྒྱལ་ཁབ་ཀྱི་རྩ་བ་ཡིན།
    འདི།
    བོད་སྐད་ཡིག་ནི་ང་ཚོའི་བླ་སྲོག་ཡིན་ལ་རྒྱལ་ཁབ་ཀྱི་རྩ་བ་༼རེད།༽

    བོད་སྐད་ཡིག་ནི་ང་ཚོའི་མིག་ལྟ་བུ་ཡིན།་་
    འདི།
    བོད་སྐད་ཡིག་ནི་ང་ཚོའི་མིག་ལྟ་བུ་༼རེད།༽་་

    ་བ་ཚད་མེད་ཞུ་ཞིང་འབོད་སྐུལ་བྱེད་ཀྱི་ཡོད།།
    འདི།
    ་བ་ཚད་མེད་ཞུ་ཞིང་འབོད་སྐུལ་བྱེད་༼བགྱིད༽་ཡོད།།

  2. ཟླ་བ་བཀྲིས་མི་འཕམ་པ། says:
    2014-04-08 at 5:46 am

    གོང་གི་རྩོམ་ཡིག་འདི་དངོས་ནས་དྲང་ནས་རང་ལོ་༡༤་་དང་འཛིན་རིམ་༡༠པ་ཡིན་པའི་སློབ་མ་ཞིག་ནས་བྲིས་བ་ཡིན་ཚོད་མི་འདུག།

  3. གནམ says:
    2014-04-08 at 6:38 am

    ༼༼དེ་ནི་ཧ་ཅང་ངོ་མཚར་ལྡན་པའི་ཐོན་མི་སམ་བྷོ་ཊའི་རྒྱ་གར་འཕགས་པའི་ཡུལ་དུ་དཀའ་ངལ་མང་པོར་གདོང་ལེན་ངང་འབད་པ་ལྷོད་མེད་ཀྱི་གསར་གཏོད་པ་ནི་ང་ཚོ་ཚང་མའི་ཤེས་གསལ་རེད།༽༽
    ཁྱེད་རང་ཚོའི་བརྡ་སྤྲོད་ཀྱི་དགེ་རྒན་སུ་ཡིན་ན་ཡང་། སློབ་གྲྭ་དེ་ནས་གནས་དབྱུང་བཏང་ན་ཡག་ཤོས་རེད་འདོད། ཁོས་ཁྱེད་རང་ཚོའི་སློབ་གྲྭ་ན་ལྟོ་ཟ་བ་ཙམ་ལས་ཁྱེད་ཅག་ལ་བརྡ་སྤྲོད་ཡག་པོ་ཞིག་ཁྲིད་ཀྱིན་མེད་པ་གོང་གི་ཚིག་སྒྲུབ་དེ་ན་གསལ་ལེ་རེད།
    རྒྱ་གར་ནས་འཚར་ལོངས་བྱུང་ན་ཁ་བདེ་ཙམ་ཡོད་པ་དེ་ཡང་གསལ་ལེ་རེད། གང་ལྟར་མ་ལྟར། བརྡ་སྤྲོད་ཤེས་བ་ལ་ཤུགས་ཕུད།

  4. ཞ་སྙུག་དམར་བོ། says:
    2014-04-08 at 6:52 am

    ངས་ཁ་སང་དང་དེ་རིང་བར་དུ་གནམ་ཟེར་བའི་མི་འདིའི་མཆན་བུ་གསུམ་ཙམ་ཞིག་བཀླགས་པ་ཡིན་མོད།་

  5. ཞ་སྙུག་དམར་བོ། says:
    2014-04-08 at 7:08 am

    གསུམ་ག་ལས་དོན་གནད་ཅན་གྱི་ཚིག་རྐང་གཅིག་ཀྱང་ལེན་རྒྱུ་མེད་པས་ན།མི་འདི་ཇི་ལྟར་མཆན་སྟེགས་སུ་ཡོང་བ་ཡིན་ནམ་བསམ།་་་ཞོར་དུ་སྨྱོན་རྒྱུགས་བྱས་ནས་ཡོང་རྒྱུ་རེད་བསམ།་་ཁོང་གིས་བཤད་པའི་སྐད་ཆ་འདི་དག་བལྟས་ཚེས་ཁྱོན་ནས་ཤེས་ཡོན་སློབ་གྲྭ་རུ་འགྲོ་མ་མྱོང་བའི་རང་མཚང་ངོ་མ་དེ་བསྟན་འདུག་་་་་རྒྱུ་མཚན་གང་ཡིན་ཟེར་ན་སློབ་སྦྱོང་ཟེར་བ་འདི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཆུ་ལྡུད་ལྡུད་བྱས་ནས་སློབ་རྒྱུ་ཞིག་མ་ཡིན་པར་འདི་ལ་དུས་ཚོད་དང་བསམ་བློའི་ཆ་གཉིས་ཀ་ཚང་དགོས་ན་དེ་ལྟར་ཞུས་པ་ཡིན།སྤྱིར་བརྡ་སྤྲོད་ཟེར་ན་ཕ་རོལ་བ་ལ་གོ་བར་བྱེད་པའི་སྐད་ཆའི་བརྡ་ལ་ཟེར་མོད།འདི་མ་ཤེས་བ་ཞིག་དང་དཀའ་ལས་ཁག་པོ་ཞིག་ཏུ་མ་མཐོང་བས་ན།སློབ་གྲྭ་དེ་ཡི་རྒན་ལགས་ཀྱིས་ཀྱང་ལེར་མཁྱེན་དྲན་གྱིན་འདུག་་་་་་ཞིབ་མོ་དཔྱད་ན་གོང་གི་བུ་མོ་དེས་བྲིས་པའི་ཚིག་རྐང་ནང་དུ་བརྡ་སྤྲོད་དང་འགལ་བའི་ཚིག་རིས་གཅིག་ཀྱང་མེད་པས་ན།ཁྱོད་ཀྱིས་བརྩམས་པའི་བརྡ་ལོག་དེ་དང་མི་མཐུན་པ་རེ་བྱུང་སྲིད་མོད།དེ་ཡང་རི་བོང་གནམ་རྡིབས་ཀྱི་སེམས་ཁྲལ་ལས་ཅི་ཡང་མི་འདུག་་་་་་གང་ལྟར་བུ་མོ་ཆུང་ཆུང་འདིས་བྲིས་པའི་རྩོམ་ཡིག་འདིས་ཁྱོད་དང་ཁྱོད་འདྲ་བའི་ཀླད་མེད་ཁྱུ་གཅིག་གི་སེམས་པ་ལ་སུན་པོ་བཟོ་སྲིད།་དེ་ནི་ཁྱོད་ཚོས་རང་མགོ་མཐོན་པོ་ས་བརྒྱབ་རུང་འདི་འདྲ་བའི་རྩོམ་ཡིག་སྙན་མོ་ཞིག་འབྲི་ཐུབ་རྒྱུ་ནི་སྟོང་སེམས་ཡིན་པས་རེད།་་་དེ་ནི་ཁྱོད་ཀྱི་མཆན་བུའི་ཚིག་གྲུབ་དག་ལས་བསྟན་འདུག་གོ

  6. གནམ says:
    2014-04-08 at 7:11 am

    མོད་ཟེར་དེ་butཟེར་བ་དང་གཅིག་པ་རེད། ཡ་ད་ཅིག་ཤོད་དང་། ཉན་ནས་ཡོད། ཞ་སྙུག་དམར་པོ་ལགས།

  7. ཞ་སྙུག་དམར་བོ། says:
    2014-04-08 at 7:19 am

    བལྟས་ནས་ཡོང་ན་ཁྱོད་རང་བོད་པ་ཞིག་ཀྱང་ཡིན་ས་མ་རེད་།་་བོད་སྐད་མི་ཤེས་པའི་མི་གཅིག་དང་བོད་ཀྱི་བརྡ་སྤྲོད་གླེང་སའི་ཁོར་ཡུག་མེད་པས་ན་དེ་ག་རིང་ནས་བཞག་ཡ་ཡིན་ནོ་བདེ་མོ

  8. གནམ says:
    2014-04-08 at 7:39 am

    ངས་རང་གི་བོད་མི་རིགས་ཀྱི་བུ་བུའི་ཕྲུག་ལ་ཤ་ཚ་བའི་གཏམ་དང་བློ་དཀར་བའི་ལམ་སྟོན་བྱས་ན། ཁྱོད་དོན་མེད་སར་དོད་དག་ཕུད་ཀི་ཡོང་དོན་ཅི་ཡིན། ཞ་སྙུག་དམར་རོ། ཁྱོའི་མྱིང་འདི་ལ་བལྟས་དུས་ནས། ཁྱོད་རྩ་མ་ཚང་བ་ཞིག་ཡིན་པ་མངོན་གསལ་རེད། ད་དུང་ང་ཁ་བརྡ་ཚང་གི་ལས་མི་ལ་རྩིས་སྤྲད། བོད་ཡིག་གི་ཕ་ས་ཕ་ཡུལ་ཁ་བརྡ་ལྟ་བུ་ནས་རྒྱང་ཕུད་གཏོང་འདོད་ཀྱི་རེ་བ་བཏོན། ཁྱོས་ཁྱོད་མྱི་ཡག་པ་ཞིག་ཡིན་ཨེ་འདོད་ཀི། ངས་བོད་ཡིག་བྲིས་ནས། བོད་སྐད་བཤད་ནས། བོད་པ་ཚང་གི་ཁ་བརྡའི་གླིང་ཀ་ལ་ཡོང་ན། ཁྱོད་སྨྱོ་འགྲོ་དགོས་དོན་ཅི་ཡིན། ངའི་བོད་ཡིག་ནོར་འདུག་ན་འདི་ན་ནོར་བསྡད་ཡོད་པའི་མཛུག་སྟོན་བྱོས། མི་དག་ན་འདི་ན་མི་དག་གི་ཞེས་སྐྱོན་བསལ་བྱོས། དེ་མིན། ཁྱོད་སྐལ་མེད་སར་སྐེ་བསྲིང་གི་མ་འདུག། དགའ་དགའ། ང་ཁ་བརྡ་ཚང་གིས་བཙོན་ལ་གཅིག་བཅུག་ཚར་རེད། དེ་ནས་ལོ་ཐག་འདང་ནས་ཡང་སྐྱར་ཁ་བརྡ་ཚང་ལ་ཡོང་བཅུག་པ་རེད། ད་ཡང་ལྟས་ངན་ཁྱོས་དགོས་མི་དགོས་གཉིས་ཀ་ཤོད་ཨ།

  9. གནམ says:
    2014-04-08 at 7:39 am

    བསྐྱར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (43)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme