མཚར་གཏམ། ༼ཕ་ཡུལ་དྲ་རྒྱ་ལས་བདམས་ཏེ་བསྒྱུར།༽
ཉིན་ཞིག་བུད་མེད་ལུས་དམར་ཧྲེང་བ་ཞིག་གིས། བརྡལ་གཏོང་རླངས་འཁོར་ (Taxi) ཞིག་བཀག ཁ་ལོ་བ་དེས་བུད་མེད་དེ་རླངས་འཁོར་ནང་འཛུལ་མ་ཐག་ཧ་ལས་གདོག་ངང་མོའི་ལུས་ཀྱི་མགོ་ནས་རྐང་པའི་བར་ཞིབ་མོར་བལྟས་སྟབས། བུད་མེད་དེ་ཁོང་ཁྲོ་ལངས།
བུད་མེད་དེས། “ལྟས་ངན་མཐོང་གི་འདུག་གམ། ཁྱོད་དེ་སྔོན་བུད་མེད་དམར་ཧྲེང་མ་མཐོང་མ་མྱོང་ངམ།”
ཁ་ལོ་བ་ན་རེ། “ལྕམ་ཁྱེད་རང་ལུས་ལ་གོས་གཅིག་ཀྱང་མེད་པ་དེར་ང་ཧ་ལས་མ་སོང་། ཁྱེད་ཀྱིས་ང་ལ་སྤྲོད་རྒྱུའི་རླངས་འཁོར་གྱི་གླ་ཆ་དེ་ག་པར་བཅུག་ཡོད་མེད་ལྟ་གི་ཡོད་ཟེར།”
གྲོགས་པོ་ལགས་ཁྱེད་ཀྱིས་འདེམས་བསྒྲུགས་གནང་བའི་འཚར་གཏམ་འདི་དངོས་གནས་དགོད་བྲོ་བོ་ཞི་དྲག་འདུག་ཐུགས་རྗེ་ཆེ།
་་་་་ནང་མིའི་གཡམ་རྒྱུག་་་་
ཁར་རྩང་ཉིན་བརྒྱ་དུས་གཅིག་ཅེས་པ་ལྟར་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུ་ཆེན་མོ་རེད། སྐུ་ངོ་སྟོབས་རྒྱལ་ལགས་བྲེལ་བྲེལ་ཚུབ་ཚུབ་ངང་ཡར་རྒྱུག་མར་རྒྱུག་ནམ་རྒྱུན་ལས་མང་ཙམ་བྱས། སྤྱིར་ཁོང་གིས་ཨ་རིར་ཡོད་པའི་རང་གི་བུ་མོ་སྒྲོལ་དཀར་དང་། མ་དྷ་ར་སི་ན་ཡོད་པའི་རང་བུ་བསྟན་འཛིན་། ད་དུང་ནང་དུ་ཡོད་པའི་རང་གི་གཟའ་ཟླ་འཛོམས་སྐྱིད་སོགས་ལ་ཟླ་བ་ལྔ་དྲུག་གི་སྔོན་ནས་རང་ཉིད་བཀའ་ཁྲིར་འགྲོ་འདོད་ཡོད་སྐོར་དང་། འོས་འཕེན་རྒྱབ་སྐྱོར་དགོས་ལུགས་ནང་མི་ཉེ་འབྲེལ་དང་འབྲེལ་འདྲིས་ཅན་རྣམས་སུ་ཡང་ཡང་བསྐུལ། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ ཉིན་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཡིན་པར་སོང་ཞོགས་པར་རང་གི་ནང་མི་རྣམས་ལ་དྲན་གསོ་བྱས། “ བུ་རང་གིས་ད་ལན་པ་ལགས་སུ་རྒྱབ་སྐྱོར་བྱ་ཡ་མ་འཆུག་ཨ། པ་ལགས་ལ་ངེས་པར་དུ་བླུག་དགོས་རེད་གདའ། ” “ ཏི་རི་རི། ཏི་རི་རི་ ” “ ཧ་ལོ། སུ་ཡིན། ” “ བུ་མོ། པ་ལགས་ཡིན། ངས་ཁར་སེང་ལབ་ཡ་དེ་བརྗེད་མེད་པཱ། དེ་རིང་པ་ལགས་ལ་ངེས་པར་དུ་བླུག་དགོས་རེད། ”
མ་དྷ་ར་སི་ན་ཡོད་པའི་བོད་ཕྲུག་རྣམས་ཀྱིས་འོས་བླུག་སོང་། བསྟན་འཛིན་གྱིས་འོས་ཤོག་ཚོན་ཁྲ་ཅན་དེའི་ངོས་ཀྱི་མིང་ངམ་ཡང་ན་ཁྱད་མིང་ཞེས་པའི་འོག་ཏུ་ཏག་ཏག “ པ་ལགས། ” ཞེས་པའི་ཡིག་འབྲུ་ཆེན་པོ་ཞིག་བྲིས་སོང། དེའི་དགོང་མོ་སྟོབས་རྒྱལ་གཉིད་མ་ཁུག་པའི་ཁར་ཏག་ཏག་བུ་མོས་ཨ་རི་ནས་ཁ་པར་བརྒྱབ་སོང་། “ པ་ལགས། རང་ཕ་ཡུལ་ལུང་ཚན་ག་པ་ནས་རེད། ” ཞེས་དྲིས་སོང། ད་ནངས་ཞོགས་པ་ཡར་ལོང་དུས་གཟའ་ཟླས་ཁར་རྩང་འོས་བླུག་སྐབས་བློ་སེང་དང་ཁྱེད་གཉིས་ཀྱི་མིང་མཉམ་དུ་བྲིས་ཡོད་སྐོར་ཡང་བཤད་སོང་བས། རེ་ཞིག་ཁོ་པ་ཉ་མོ་བྱེ་ཚན་ནང་གཡུག་པ་ལྟ་བུའི་བྲེལ་ཚུབ་ནང་ལྷུང་། འོན་ཀྱང་ཁོས་ཡུད་ཙམ་བསམ་བློ་བཏང་རྗེས་ལག་འཁྱེར་ཀོ་ཁུག་གྲུ་བཞི་དེར་བཅང་ཙམ་ཞིག་བྱས་རྗེས་ཤར་རེར་འོས་བསྡུའི་འགོ་གཙོ་འཚོལ་བར་ཕྱིན་སོང།
འདིར་དམིགས་བསལ་དྲ་བདག་ལགས་སུ་ཞུ་རྒྱུ་ཞིག་ནི། ཕྲན་གྱིས་རྩོམ་ཐུང་འདི་དྲ་ཁང་དུ་གཏང་འདོད་ཀྱང་བསྐུར་སྟངས་མ་ཤེས་སྟབས་འདིར་བཀོད་པ་ཡིན་པས་དགོངས་འགལ་མེད་པ་མཁྱེན། རྩོམ་འདི་དངོས་བྱུང་ལས་འཕྲོས་པའི་སྒྲུང་གཏམ་ཞིག་ཡིན་པས་གོ་རྒྱུ་ཡོད་ཀྱང་སྲིད།