ཕུར་བུ་སྒྲོལ་མ། འཛིན་རིམ་༡༠ རང་ལོ་༡༤ དཔེ་སྟོན་སློབ་གྲྭ
ཁྱེད་ཀྱི་ཆེད་དུ་བོད་ཡིག་སྦྱངས་ངེས།
ཁྱེད་ཀྱི་སྲོག་དང་ཁྱེད་ཀྱི་མི་ཚེའི་ཆེད་དུ།
ངས་བོད་ཡིག་སྦྱངས་ངེས་ཡིན།
ཁྱེད་རང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཆེད་དུ།
ངས་རྟག་ཏུ་བོད་ཡིག་སྦྱངས་ངེས་ཡིན།
བོད་ཀྱི་རྒྱལ་ཁབ་ལགས།
བོད་ཀྱི་མི་རིགས་ལགས།
བོད་ཀྱི་སོན་རྩ་ལགས།
བོད་ཀྱི་ན་གཞོན་ལགས།
ཁྱེད་ཚོའི་ཆེད་དུ་ངས་བོད་ཡིག་སྦྱངས་ངེས་ཡིན།
སྤྱིེར་བོད་ཡིག་ནི་ང་ཚོའི་ཆེས་གསལ་ཞིང་གནད་དུ་འཕིགས་པའི་མི་རིགས་ཀྱི་སྐད་ཡིག་དང་ལ་རྒྱ་ཞིག་ཡིན་པས་བོད་ཡིག་སྦྱོངས་ཞེས་ལྐུལ་མ་གཏང་མཁན་མེད་མོད།འོན་ཀྱང་རང་ཉིད་སོ་ནམ་པའི་ཉམ་ཆུང་གི་ཕ་མ་གཉིས་ནི་བཀྲུས་ནས་ཚོན་མདོག་མི་འགྱུར་བའི་བོད་མི་གཙང་མ་ཞིག་ཡིན་པས་རང་ཉིད་ཀྱི་མཁུར་མཚོས་དམར་ཞིང་ཡ་རབས་སྤྱོད་བཟང་ལྡན་པའི་བོད་ཕྲུག་ཅིག་ཏུ་ངོས་འཛིན་བྱུང།
མདོར་བསྡུས་ན་ངས་ཁ་ནས་བོད་སྐད་གཙང་མ་སྨྲས་ལ། ལུས་ལ་བོད་ཆས་གྱོན་ཏེ་དཔེ་སྟོན་སློབ་གྲྭ་ནས་བོད་ཡིག་གི་རིན་ཐང་རྟོགས་ཤིང་བོད་ཡིག་གི་ཁྱད་ཆོས་མཐོང། དེ་བས་ངས་ད་ལྟ་ཀ་ལི་གསལ་བྱེད་སུམ་ཅུ་ཡང་དག་པ་ཤེས་ལ་ཨ་ལི་དབྱངས་བཞི་པོ་ཡང་ཀློག་ཐུབ་པའི་བོད་མི་ཕ་རྒྱུད་གཙང་མ་གསེར་དང་མ་རྒྱུད་གཙང་མ་དུང་ལས་བྱུང་བའི་བོད་མིོ་གཙང་མ་ཞིག་ཡིན།
ངས་རྟག་ཏུ་སྐྱབས་སུ་འགྲོ་བ་ནི་སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་ཡིན་ལ་རྒྱུན་དུ་ཡིད་ཆེས་དང་དད་པ་བྱེད་པ་ལས་ནམ་ཡང་ལོག་ལྟ་ཡི་བསམ་བློ་མི་འཁྱེར། དེ་ལྟར་ངས་ནམ་ཡང་བོད་ཡིག་སྦྱངས་རྒྱུ་ནི་ཉེས་པའམ་ལས་ཀ་ཞིག་མི་རྩིས་ཏེ་བོད་ཡིག་སྦྱངས་རྒྱུ་ནིི་ངའི་རྒྱབ་ཏུ་འཁུར་བའི་འོས་འགན་ཞིག་ལ་རྩིས་ཡོད།
༡ བོད་ཀྱི་སྐད་ཡིག་གི་གོམས་སྲོལ་དང་ཁྱད་ཆོས་རྣམས་ནི་གོ་ལ་འདིའི་སྟེང་ནས་རྩ་སྟོང་མི་འགྲོ་བར་ང་ཚོས་འབད་དགོས། བདག་བོད་མི་གཙང་མ་ཞིག་ཏེ་ནམ་ཡང་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ངས་གཞན་གྱིས་སྤྲད་པའི་ཉེས་པ་ཞིག་ནམ་ཡང་མི་རྩིས་ཏེ་འདི་ནི་ངས་རང་ཉིད་ཀྱི་རྒྱབ་ཏུ་འཁུར་བའི་འོས་འགན་གལ་ཆེན་ཞིག་ལ་རྩིས་ནས་ཡོད། ང་ཚོས་རང་ཉིད་ཀྱི་གངས་ཅན་ཕ་ཡུལ་བོད་ནི་༡༩༥༩ལོར་རྒྱ་དམར་པོས་བཙན་བཟུང་དྲག་པོ་དང་དབང་འགྱུར་འོག་སྡུག་པོ་ཧ་ཅང་མྱོང་ཡོད།
མདོར་ན་རྒྱ་དམར་པོས་ང་ཚོའིོ་ཕ་ཡུལ་ལ་ཁས་ལེན་བྱེད་མི་ཐུབ་པའི་དབང་བསྒྱུར་བྱས། ཁོང་ཚོས་སྙམ་པར་བོད་ཅེས་པའི་ལྗོངས་ལ་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཉམ་ཆུང་དག་ནི་རང་ཉིད་ཀྱི་སྐད་ཡིག་ལ་དེ་ཙམ་གྱི་དོ་སྣང་དང་རིག་གཞུང་ལ་བརྩི་བཀུར་མེད་པ་གསལ་པོ་ཤེས། མའོ་ཙེ་དུང་ཁོང་ནི་རྒྱ་ནག་གི་དཔོན་པོ་ཞིག་ཡིན། ཁོང་གིས་ང་ཚོའི་བོད་ཕ་ཡུལ་ལྗོངས་དབང་བསྒྱུར་ཐུབ་པ་ནི་ཉིན་ཞིག་གི་བསམ་བློ་མ་ཡིན་ཞིང་དེ་ནི་ལོ་མང་པོའི་བསམ་བློའི་འབྲས་བུ་ཡིན། ཁོང་གིས་ང་ཚོའི་བོད་མིའི་བསམ་བློ་འཁྱེར་སོགས་ཀྱི་ཐོག་སློབ་སྦྱོང་མང་པོ་ཞིག་བྱེད་དེ་མཐའ་མར་བོད་འདི་དབང་བསྒྱུར་བྱེད་ཐུབ་ཙམ་བྱུང་བ་རེད།
དེ་ལྟར་ལོ་ངོ་༥༠ ལྷག་ཕྱིན་མོད། འོན་ཀྱང་ད་ལྟའང་རང་བཙན་མ་རེག་པར་ལུས་ཡོད། འོན་ཀྱང་ང་ཚོས་ནམ་ཡང་དེ་ལྟར་རེ་བ་སྟོང་ཟད་དུ་ལྷག་མེད། ང་ཚོར་རང་ཉིད་ཀྱི་ད་ལྟའི་གནས་སྟངས་ལ་དཔག་པའི་གོམ་པའི་གདེགས་འཇོག་སྤོས་ཤེས་ཡོད། དེ་ལྟར་དཔྲལ་བའི་རྔུལ་ཆུ་ནམ་ཡང་བཀག་མི་མྱོང་བའི་སྤྱི་ནོར་གོང་ས་བསྐྱབས་མགོན་ཆེན་པོ་མཆོག་གི་ཞོགས་སྔ་ལངས་དགོང་ཕྱི་ཉལ་གྱིས་འོག་ནས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་ལ་སླེབས་ཐུབ་ཙམ་བྱུང་མོད། འོན་ཀྱང་ང་ཚོའི་སེམས་ནང་ན་ཁ་རླུང་གཙང་ཞིང་གང་སར་རི་བོ་དཀར་པོས་བཏུམས་ཡོད་པའི་ཕ་ཡུལ་འདི་རྟག་ཏུ་དྲན་གྱི་འདུག
བདག་གི་མ་ཡུམ་བོད་ལྗོངས་ལགས།
སྡུག་གི་མཆི་མ་ཁོག་ཏུ་མིད་པར་གོམས་པའི་བྱང་ཕྱོགས་ཀྱི་ཁ་བ་ཅན་ལགས།
ཁྱེད་ཚོས་ནམ་ཡང་དཔའ་ཁུམ་སྙིང་འདར་སོགས་ཀྱི་བྱ་སྤྱོད་མེད་པར་སྤོབས་པའི་ངང་མདུན་དུ་མགོ་བོ་ཡར་བཏེགས་ནས་མི་རིགས་གསར་པར་ལང་ཚོ་གསར་བ་ཞིག་བསྐྲུན་པར་འབད། ཁྱེད་ཚོས་རང་དབང། དམངས་གཙོ། བེད་སྐྱིད་དང་འགྲོ་བ་མའི་ཆེད་དུ་རང་གི་རྩ་ཆེན་ལུས་པོ་འཕང་མེད་དུ་བློས་གཏང་བྱེད་པ་དངོས་གནས་ཧང་སང་བའི་སྐད་ཆ་ཞིག་མ་རེད་དམ།
ཁྱེད་ཚོས་བཙན་བྱོལ་གྱི་བོད་མི་ང་ཚོར་འདུན་མ་བཅོལ་བ་རྣམས་ནམ་ཡང་ཆུ་ནང་དུ་འཕང་བའི་རྡོ་ལྟ་བུ་ཞིག་མ་ཡིན་པར་གསར་དུ་བཏབ་པའི་མེ་ཏོག་གི་མཐེའུ་རྗེན་མ་ཞིག་ལྟར་མགྱོགས་མྱུར་མཚོན་བཀྲ་བའི་འབྲས་བུ་ཞིག་མངོན་པར་ང་ཚོས་ནམ་ཡང་འབད་ངེས་ཡིན། ཕ་ཡུལ་གངས་ཅན་ལགས།
སློབ་ཆུང་གི་སྦྱོང་རྩལ་ལ་བྱུས་གཏོགས་བྱས་པ།
བོད་ཡིག་སྦྱོངས་ཞེས་ལྐུལ་༼སྐུལ་༽མ་གཏང་མཁན་མེད་མོད།
དྲག་པོ་དང་དབང་འགྱུར་འོག་སྡུག་པོ་ཧ་ཅང་མྱོང་༼མྱངས་༽ཡོད།
ཁོང་ཚོས་སྙམ་༼བསམ་༽པར་བོད་ཅེས་པའི་ལྗོངས་ལ་
དེ་ནི་ལོ་མང་པོའི་བསམ་བློའི་འབྲས་བུ་ཡིན།༼རེད་༽
ད་ལྟའང་རང་བཙན་མ་རེག་༼རག་༽པར་ལུས་ཡོད།
མི་རིགས་གསར་པར་ལང་ཚོ་གསར་བ་༼པ་༽ཞིག་བསྐྲུན་པར་འབད།
སུ་དག་ད་དུང་དཔྱད་པར་འཚལ་ལོ།། །།
བུ་ཆུང་ངས།
ངས་དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་སྦྱངས་པ་ཡིན།
ངས་ད་དུང་མགོ་ཅན་འདོགས་ཅན་རྣམས་སྦྱོང་བགྱིད་ཡོད།
རྗེས་མ་སུམ་རྟགས་གཉིས་ཀྱང་ཡག་པོ་སྦྱང་བགྱི་ཡིན།
ཞེས་བྲིས་ན་འཐད་དམ། མི་འཐད། ལགས།
ཇོ་ཇཀརྡོ་་གཉེར་་ཕྱག་པལགས་་་་བུ་མོ་ངའི་རྩོམ་ཡིག་བཀླགས་པར་ཐུགས་རྗེ་ཆེ་ལགས།་་་མ་ཟད་ཁྱོད་ཀྱིས་ངའིརྩོམ་ཡིག་ནང་གི་ཡིག་ནོར་ཁ་ཤས་ལ་བཅོས་བྱས་འདུག་མོད།་་འོན་ཀྱང་ཡག་པོ་ཞིག་བཅོས་མི་འདུག་་་་་་རྒྱུ་མཚན་གང་ཡིན་ཟེར་ན་་་་་་རེད་དང་ཡིན་ནི་་་སོ་སོའི་ཁ་ལ་བདེ་ཕྱོགས་ཀྱི་རེད་སྙམ།་་་མ་ཟད་་ཁྱོད་ཀྱིས་་རག་དང་རེག་་་གཉིས་ཀྱི་དོན་དག་ཧ་གོ་ཡི་མི་འདུག་་་་་་་་རག་ནི་དོན་དག་སོགས་སྒྲུབ་ན་སོ་སོ་ལ་རག་ལས་ཡོད་པ་ཞེས་པའི་དོན་རེད།་་་རེག་ནི་་སོ་སོ་རྔན་པ་སོགས་ཐོབ་པའི་དོན་རེད།་་་་བྱས་ཙང་ཁྱོད་བལྟས་ན་བོད་རང་བཙན་མ་རེག་པ་རེད་ཟེར་བ་འདི་ལ་ཚིག་གང་བེད་སྤྱོད་དགོས་།་་་་མི་ཤེས་་ན་དག་གསར་ལ་བལྟ་རུ་རྒྱུགས་དང་དེས་ཁྱོད་ལ་བཤད་ངེས།་་་་་་རྗེས་མར་ཁྱོད་ཀྱིས་་་ངའི་རྩོམ་ཡིག་གི་ཡིག་ནོར་བཅོས་བ་ལས་་་ངའི་རྩོམ་ཡིག་འབྲི་སྟངས་དང་ཡང་ན་མགོ་འཛུགས་སྟངས་།་་་་རྩོམ་གྱི་་སྒྲིག་གཞི་སྒྲིག་སྟངས་སོགས་ཀྱིས་སློབ་སྟོན་གནང་ན་ཐུགས་རྗེ་ཆེ་ཞུ་བ་ལགས།་་་་་དེ་མ་གཏོགས་་ཡིག་ནོར་ཙམ་ཞིག་ལ་ཁྱོད་ཀྱིས་བཅོས་མ་བྱས་རུང་་བུ་མོ་ངའི་མཁྲིས་ན་དག་ཡིག་གསར་བསྒྲིགས་མཐུག་ཐག་ཆོད་ཅིག་ཡོད་པར་མ་ཟད་་དགེ་རྒན་ཡང་མང་བོ་ཡོད་ལགས།
༄༄། བུ་མོ་ཆུང་ཆུང་ལགས། ཁྱེད་ནི་ང་ཚོའི་མ་འོངས་པའི་རེ་བ། ཁྱེད་ནི་རྒྱ་འདྲེ་བཅོམ་པའི་ཐོ་བ། ཁྱེད་ནི་བོད་གང་ཅན་པའི་ཕུག་བསམ། ཁྱེ་ནི་བོད་ཀྱི་རིགས་ཀྱི་བུ་དང་བུ་མོ་ལ་དཔེ་སྟོན་མཁན། ཁྱེད་འདྲ་བ་མང་པོ་བྱུང་ན་དགའ་བ་ལགས། རང་ལོ་༡༤ཅན་གྱི་བུ་མོ་དངོས་གནས་བཟང་གི། ཡིན་ན་ཚོད་ལོན་དུས་ཞེན་རུ་མ་གཏོང་རོག། ཁྱེད་ཀྱི་པར་ཞིག་དྲ་རྒྱར་བཞག་ན་དེ་ལས་ཡག་བ་ལགས།
མ་བཟང་བུ་མོ་ཡག་བྱུང་།
ཀརྡོ་གཉེར་ཕྱགས་པ་ལགས། ཁྱེད་ཀྱི་བསྟོད་མངགས་ཀྱི་ཚིག་སྙན་ཅི་ཡང་མེད་པར། ཕུག་བསམ་གྱི་རེ་བས་ཕྱུག་པའི་ན་གཞོན་རྩོམ་པ་པོ་དེར་འཕྱ་བཞིན་ཨེ་ཡོད། ནོར་འཁྲུལ་མེད་པར་འབྲས་བཟང་སྨིན་མི་སྲིད། ནོར་འཁྲུལ་ཡོ་བསྲངས་བྱས་པར་ལེགས་སོ།
ཕུར་བུ་སྒྲོལ་མ་ལགས། མུ་འཐུད་བྲིས་ཤིག ནོར་འཁྲུལ་ལ་སྐྲག་མི་དགོས།
# 6 བྷོ་ཌའི་འཁྱམ་པོ།་ལགས་ཀྱིས་མཆན་བཏབ་པ།:
April 10th, 2014 at 6:19 AM
ཀརྡོ་གཉེར་ཕྱགས་པ་ལགས། ཁྱེད་ཀྱི་བསྟོད་མངགས་ཀྱི་ཚིག་སྙན་ཅི་ཡང་མེད་པར། ཕུག་བསམ་གྱི་རེ་བས་ཕྱུག་པའི་ན་གཞོན་རྩོམ་པ་པོ་དེར་འཕྱ་བཞིན་ཨེ་ཡོད། ནོར་འཁྲུལ་མེད་པར་འབྲས་བཟང་སྨིན་མི་སྲིད། ་་་་་
# 3 ཕུར་བུ་སྒྲོལ་མ་ལགས་ཀྱིས་མཆན་བཏབ་པ།:
April 10th, 2014 at 1:08 AM
ཇོ་ཇཀརྡོ་་གཉེར་་ཕྱག་པལགས་་་་བུ་མོ་ངའི་རྩོམ་ཡིག་བཀླགས་པར་ཐུགས་རྗེ་ཆེ་ལགས།་་་མ་ཟད་ཁྱོད་ཀྱིས་ངའིརྩོམ་ཡིག་ནང་གི་ཡིག་ནོར་ཁ་ཤས་ལ་བཅོས་བྱས་འདུག་མོད།་་འོན་ཀྱང་ཡག་པོ་ཞིག་བཅོས་མི་འདུག་་་་་་རྒྱུ་མཚན་གང་ཡིན་ཟེར་ན་་་་་་རེད་དང་ཡིན་ནི་་་སོ་སོའི་ཁ་ལ་བདེ་ཕྱོགས་ཀྱི་རེད་སྙམ།་་་མ་ཟད་་ཁྱོད་ཀྱིས་་རག་དང་རེག་་་གཉིས་ཀྱི་དོན་དག་ཧ་གོ་ཡི་མི་འདུག་་་་་་་་རག་ནི་་་་་་་་
་་་་་་ ངའི་རྩོམ་ཡིག་འབྲི་སྟངས་དང་ཡང་ན་མགོ་འཛུགས་སྟངས་།་་་་རྩོམ་གྱི་་སྒྲིག་གཞི་སྒྲིག་སྟངས་སོགས་ཀྱིས་སློབ་སྟོན་གནང་ན་ཐུགས་རྗེ་ཆེ་ཞུ་བ་ལགས།་་་་་དེ་མ་གཏོགས་་ཡིག་ནོར་ཙམ་ཞིག་ལ་ཁྱོད་ཀྱིས་བཅོས་མ་བྱས་རུང་་བུ་མོ་ངའི་མཁྲིས་ན་དག་ཡིག་གསར་བསྒྲིགས་མཐུག་ཐག་ཆོད་ཅིག་ཡོད་པར་མ་ཟད་་དགེ་རྒན་ཡང་མང་བོ་ཡོད་ལགས། ་་་་་
ཤོད་སྟངས་འབྲི་སྟངས་རང་གི་གཤིས། །
དག་ཆ་ཡོད་ཚད་སྤྱི་ནོར་རེད། །
དག་ཆ་གསར་རྙིང་ཤེས་དགོས་ལ། །
དག་ཆ་མ་དག་འབྲི་རྩོམ་དམན། །
ཕུར་སྒྲོལ་ལགས།
དགག་བཞག་གནང་བར་བཀའ་དྲིན་ཆེ། རང་གི་ལག་ཐོག་ཏུ་རག་པའམ། ལག་པ་ལ་རག་པ་དང་།
ཡང་།
ལག་པས་ཕར་དང་། ཚུར་ལ་རེག་པ་གཉིས་ལ་ཁྱད་པར་ཡོད་དགོས་པ་མ་ཡིན་ནམ། ལགས།
to get = རག རག་པ། ཐོབ། ཐོབ་པ། འབྱོར། འབྱོར་བ། བྱུང་བ། སོན་པ།
to touch = རེག རེག་པ། ཐུག་པ། འཆང་བ། འཕྲད་པ།