ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཁམས་བརྙན་འཕྲིན་ལས་གཞི་གློག་བརྙན་ཐད་ཀྱི་མཉམ་འབྲེལ་གྱི་
དངོས་སྦྱོང་གོ་སྐབས།
གློག་བརྙན་ཐད་ཀྱི་དངོས་སྦྱོང་མི་སྣས་ནེའུ་ཡོག་གྲོང་ཁྱེར་ལ་གནས་པའི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཁམས་ཀྱི་བརྙན་འཕྲིན་ལས་གཞིའི་ལས་བྱེད་མི་སྣ་དང་མཉམ་དུ་ལས་ཀ་གནང་དགོས། དངོས་སྦྱོང་གནང་པའི་སྐབས་སུ་བོད་ཀྱི་རིག་གཞུང་དང་འབྲེལ་ཡོད་ཀྱི་གློག་བརྙན་གྱི་རྒྱུ་ཆ་བེད་སྤྱོད་བྱེད་རྒྱུ་གོ་སྐབས་ཡོད།
ལག་རྩལ་གྱི་ཆུ་ཚད་ལ་བརྟེན་ནས་དངོས་སྦྱོང་བྱེད་མཁན་རྣམས་ལ་གློག་བརྙན་རྒྱག་སྟངས། གློག་བརྙན་སྒྲིག་སྦྱོར། གློག་བརྙན་བཟོ་བ་དང་། གློག་བརྙན་འགྲེམས་སྤེལ་སོགས་ཀྱི་ཐད་ལ་འོས་འཚམ་ཀྱི་སྦྱོང་བརྡར་ཐེབས་ཐུབ། ཁོང་ཚོས་ཁེ་སང་མི་གཉེར་བའི་ཐེབས་རྩ་ཚོགས་པའི་རིག་གཞུང་སྣ་མང་ཅན་གྱི་སྡེ་
ཁག་ཞིག་དང་མཉམ་དུ་ལས་ཀ་གནང་ནས་ཉམས་མྱོང་ཡང་འཐོབ་ཐུབ། དངོས་སྦྱོང་བྱེད་ཡུན་ནི་ཉུང་མཐའ་ཡང་ཟླ་བ་༣དང་གཟའ་འཁོར་རེ་ལ་ཉུང་མཐའ་ཡང་ཆུ་ཚོད་༢༠་རིང་ལ་ལས་ཀ་གནང་དགོས། དངོས་སྤྱོང་དེ་སློབ་གྲྭས་སྤྱོང་འབྲས་སུ་ངོས་ལེན་བྱེད་པའི་སློབ་མ་ལ་དམིགས་བསལ་ཡོད།
དངོས་སྦྱོང་བྱེད་མཁན་གྱི་ལས་འགན་ནི།
• གློག་བརྙན་སྐོར་གྱི་བྱེད་སྒོ།
• སྒྲིག་སྦྱོར། ཡིག་ཐོག་འབེབས་ལས། ཡིག་བརྙན་བཟོ་པ་དང་། སྒྲ་སྦྱོར་བྱེད་པ་ལ་ལས་རོགས་གནང་དགོས།
• བརྙན་པར་རྣམས་ལ་དཀར་ཆག་སྒྲིག་པ། གྲྭ་སྒྲིག་བྱེད་པ་དང་། པར་རིས་ཡང་བསྐྱར་བེད་སྤྱོད་བྱེད་ཆོག་རྒྱུ་བཟོ་དགོས།
• བཟོ་ཟིན་པའི་བརྙན་པར་རྣམས་གློག་བརྙན་འགྲོ་ལུགས་མི་འདྲ་བའི་ནང་དུ་བཀོད་རོགས་གནང་དགོས།
• རྟོགས་བཟོའི་གློག་བརྙན་ཕྱིར་ལ་འགྲེམ་སྟོན་དང་ཚོང་ལས་ཁྱབ་བསྒྲགས་བྱེད་རོགས་གནང་དགོས།
• གྲོང་བརྡལ་ཧར་ལེམ་གྱི་བོད་ཞེས་པའི་གློག་བརྙན་དུས་ཆེན་རྩ་འཛུགས་བྱེད་རོགས་གནང་དགོས།
• ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱུན་ལྡན་གྱི་ལས་རིགས་རྣམས་སྒྲུབ་དགོས།
ལས་འགན་འདི་དག་སྒྲུབ་ཆེད་དུ་དངོས་སྦྱོང་བྱེད་མཁན་རྣམས་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་ལྡན་དགོས།
• བོད་ཀྱི་རིག་གཞུང་ལ་ཤེས་ཚད་དང་ཤ་ཤེན་ལྡན་དགོས།
• དབྱིན་སྐད་དམ་བོད་སྐད་ལ་ཤེས་ཚད་ལྡན་དགོས།
• གློག་ཀླད་ལ་བྱང་ཆ་ལྡན་པ་༼གློག་ཀླད་བརྒྱུད་དེ་ཆ་འཕྲིན་སྣ་ཚོགས་སྤེལ་བའི་མཉེན་ཆས་ལ་རྒྱུས་ཆེན་ལྡན་ན་དམིགས་བསལ་ཡོད།༽
• ཉུང་མཐའ་ཡང་ལོ་གཉིས་ཀྱི་དངོས་གཞི་ལག་འཁྱེར་ལྡན་པའི་སློབ་གསོ་ཡང་ན་དེ་དང་འདྲ་བའི་སློབ་གསོའི་ཆུ་ཚད་དགོས།
• གློག་བརྙན་བཟོས་པའི་མཉམ་མྱོང་ཡོད་ན་དམིགས་བསལ་ཡོད།
• གཏན་འཁེལ་བྱས་པའི་དུས་ཡུན་ནང་དུ་ལས་ཀ་བསྒྲུབ་ཐུབ་པའི་ནུས་པ་ལྡན་དགོས།
• རང་སོ་སོར་དང་ཡང་ན་ལས་རོགས་མཉམ་དུ་ལས་ཀ་བྱེད་ཐུབ་པའི་ནུས་པ་ལྡན་དགོས།
དཔྱད་གཞི་ཆེད་དུ་ཁྱེད་རང་གི་ལོ་རྒྱུས་དང་རེ་འདོད་ཞུ་ཡིག་དང་རྒྱབ་སྐྱོར་ཡི་གེ་ཞིག་བཅས་གཤམ་གྱི་ཁ་བྱང་ཐོག་ཏུ་སྐུར་རོགས།
Trace Foundation, 132 Perry Street, New York, NY 10014
ཡང་ན་དྲ་རྒྱའི་ཐོག་གི་ jobs@trace.org ལ་འབྲེལ་བ་གནང་རོགས།
སོ་སོའི་ ནང་ལ་ ཡིག་ཐོག་ འབེབས་ལས་ ལས་ཀ་ རག་ན་ དགའ་བ་ ལགས།
ངས་ཁྱོད་ཚོར་དྲི་བ་ཞིག་འདྲི།
༡ དུས་ཡུན་དེའི་རིང་ལ་འགྲོ་སོང་སྒེར་སོ་སོས་གཏོང་དགོས་རེད་དམ་ཁྱོད་ཚོས་གཏོང་གིན་རེད།
དབྱིན་སྐད་དམ་བོད་སྐད་ལ་ཤེས་ཚད་ལྡན་དགོས།
༢ སྐད་འདི་གཉིས་ཤེས་དགོས་སམ། ཡང་ན་གཅིག་ཤེས་པས་འགྲིག་གམ།
ཉུང་མཐའ་ཡང་ལོ་གཉིས་ཀྱི་དངོས་གཞིའི་ལག་འཁྱེར་ལྡན་པའི་སློབ་གསོ་ཡང་ན་དེ་དང་འདྲ་བའི་སློབ་གསོའི་ཆུ་ཚད་དགོས། འདིའི་གོ་བ་རྩ་ནས་ལོན་མ་སོང་འགྲེལ་ཁ་གསལ་ཞིག་གནང་རོགས་ཞུ།
ལས་ཀ་དེ་ང་དགོས་ཀི ངས་སྔོན་ལ་ལག་པ་བཀྱགས་ཡོད་དོ། ད་དྲི་བ་མང་བོ་འགོད་པ་ལས་ཐད་ཀར་སྙན་ཞུ་ཕུལ་དགོ་རེད་ད
གོམ་པ་ཡར་སྤོ་རེད། སྤུན་ཟླ་སུ་ཞིག་གིས་འཇོན་ན་ཤུ་རེ་བྱོས། འདི་ནི་གོ་སྐབས་ཆེས་ལེགས་པོ་ཞིག་རེད།
བོད་ལྷ་ཀླུ་གཉན་གསུམ་ལགས།
ཁྱོད་ཀྱིས་འདིའི་སྐོར་གསལ་བོ་མཁྱེན་གྱིན་ཡོད་ན་ཅིག་གསུང་རོགས་ཐུགས་རྗེ་ཆེ།
ཆ་རྐྱེན་གང་དང་གང་ཚང་དགོས་སོགས་ཁ་གསལ་ཞིག་གསུང་གནང་རོགས། ཁོང་ཚོའི་གསལ་བསྒྲགས་འདི་ངོ་མས་ཡག་པོ་ཞིག་གོ་མི་ཐུབ་ཀིན། ཨ་ཤུ་རེ།
གོང་གི་གསལ་བསྒྲགས་འདི་ལ་འབྲེལ་བ་བྱེད་ས་གཤམ་གསལ་འབྲེལ་ཐག་ན་འདུག
http://trace.org/Trace_Tibetan/contact_tib.html
རབ་གསལ་ལགས་ཐུགས་རྗེ་ཆེ།
ཚོགས་པ་འདི་ངོ་མས་ཆེན་པོ་ཡིན་ས་རེད།
ངའི་གློག་ཀླད་ཀྱི་སྒེའུ་ཁུང་Window vista ཡིན་པས་དེའི་
photoshop and pagemakerགཉིས་གྱི་ནང་དུ་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྤྱོད་བྱེད་མི་ཐུབ་པས་ལམ་སྟོན་གནོང་རོགས་ཞུ།
འོ་་་་་ཁྱབ་བསྒྲགས་ནང་ལ་རྒྱ་ཡིག་ཡང་བྲིས་འདུག་ང་ནི་ཞེད་ཚར་སོང་།
འོ་་་་་ཁྱབ་བསྒྲགས་ནང་ལ་རྒྱ་ཡིག་ཀྱང་བྲིས་འདུག་ང་ནི་ཞེད་ཚར་སོང་།
རྩམ་དགའ་ལགས།
ཁྱེད་ཀྱིས་དངོས་སྦྱོང་འདིར་དོ་སྣང་བྱེད་པ་ཐུགས་རྗེ་ཆེ་ཞུ།ནང་དོན་ཁག་གཅིག་གསལ་པོ་མ་བྱུང་པ་ལ་དགོངས་དག་ཞུ།ཁྱེད་ཀྱི་དྲི་བའི་ལན་དུ༔
༡དངོས་སྦྱོང་སྐབས་ཀྱི་འགྲོ་སོང་ཚོགས་པ་ཁག་གཉིས་ནས་གཏོང་པའི་གོ་སྐབས་ཡོད།ཡིན་ན་ཡང་མི་སོ་སོའི་གནས་ཚུལ་ལ་ལྟོས་ནས་ཐག་གཅོད་བྱེད་རྒྱུ་རེད།སློབ་གྲྭས་དངོས་སྦྱོང་དེ་སྦྱོང་འབྲས་སུ་ངོས་ལེན་བྱེད་པའི་སློབ་མ་ལ་དམིགས་བསལ་ཡོད།
༢དབྱིན་སྐད་དམ་ཡང་ན་བོད་སྐད་ཤེས་དགོས།
༣ཉུང་མཐའ་ཡང་མཐོ་སློབ་དུ་ལོ་གཉིས་རིང་སློབ་སྦྱོང་བྱེད་ཡོད་པའི་ལག་འཁྱེར་དང་ཡང་ན་དེ་དང་འདྲ་བའི་སློབ་གསོའི་ཆུ་ཚད་དགོས།
གཞན།དྲི་བ་ཡོད་ན་གློག་འཕྲིན་ཁ་བྱང་འདིའིjobs@trace.org་ཐོག་ནས་ཐད་ཀར་འབྲེལ་བ་གནང་རོགས།
ཐུགས་རྗེ་ཆེ།