སྒྲོལ་མ་བཟང་མོ། རང་ལོ་༡༥ འཛིན་རིམ་༡༠ དཔེ་སྟོན་སློབ་གྲྭ
ཞོགས་ཁའི་མལ་ནས་སད་མ་ཐག་ཕྱིའི་ཁོར་ཡུག་ལ་བལྟས་ཚེ་ནམ་མཁའ་སྔོ་ཐིང་ཐིང་ཞིག་ལ་ཤར་ནུབ་ཀྱི་རི་ཕྱོགས་ནས་རྟ་བདུན་དབང་པོ་སེར་ཞིང་སྒོར་ཟླུམ་འདྲ་བ་ཤར་བཞིན་འདུག། ངས་མིག་ཆུང་དེ་ག་ལེར་ནམ་མཁའ་བལྟས་ཚེ་བྱ་བྱིའུ་དེ་དག་དགའ་སྐྱིད་དཔལ་ལ་རོལ་བཞིན་གནས། ན་ཆུང་བྱིས་པ་རྣམས་ཀྱང་སྔར་དང་མི་འདྲ་བར་སེམས་པ་དེ་ཚོ་ལྷ་ཡུལ་ལ་སླེབས་པ་བཞིན་དགའ་སྤྲོས་ཁེངས། ཕྲུ་གུ་རྣམས་ཀྱང་སློབ་གྲྭས་ཐོག་ཏུ་རང་ཉིད་ཀྱི་བསུ་བའི་སྤུན་མཆེད་རྣམས་རེ་སྒུག་བྱས་ནས་བསྡད།
སློབ་གྲྭ་ནས་ཕྱིན་ཐོན་མ་ཐག་སེམས་སྐྱིད་ཀྱང་ད་ལྟ་སློབ་གྲྭར་གནས་པའིང་ཡི་སྙིང་གི་ནོར་བུ་དགེ་བའི་བཤེས་བསྙེན་དང་ལས་བྱེད་དེ་དག་དྲན་བཞིན་ག་ལེར་སློབ་གྲྭར་སྒོ་ཕྱིར་ཐོན། ཁྱིམ་ལ་སླེབས་ཉེ་བས་དུས་སེམས་པ་སྐྱིད་ཞིང་ཁྱིམ་སྒོ་འགྲམ་དུ་འབྱོར་བ་ན་རང་ཉིད་ཀྱི་བརྩེ་བས་ཨ་མ་དགའ་སྐྱིད་ངང་འཐམས་འཁུལ་བྱས་ཏེ་མིག་ནས་མིག་ཆུ་གཏོང་། ཨ་མས་བརྩེ་བས་ངང་ནས་ངས་ཁ་མཆུ་དམར་པོ་ཆུང་ཆུང་སྟེང་དུ་འོ་ཞིག་བྱས། ངས་ལམ་སེང་ཁྱིམ་སྒོ་ནང་དུ་ཕྱིན་ནས་ཨ་མས་ང་ལ་ཟས་ཞིམ་གང་ཞིག་བཟོས་ཡོད་ས་བསམ། ཨ་མས་ལག་འཇམ་གྱི་ཟས་སྤྲད་སྐབས་ཆུང་དུས་མ་འབྱར་གྱི་ལོ་རྒྱུས་རིང་མོ་རིམ་བཞིན་སེམས་ལ་འཁོར།
ང་ཡི་སློབ་གྲོགས་ཚོ། དངོས་གནས་དགུན་ཁའི་འགྲུལ་བཞུད་རིང་མོ་དེ་སྐྱིད་པ་ལ་ཨང་། དེ་ཙམ་མ་ཡིན་པར་དེའི་དུས་སྐབས་གཀྱི་གསེར་ལྟར་བསགས་པའི་དུས་ཚོད་དག་ཀྱང་རང་ཉིད་སློབ་གྲྭ་གཞན་པའི་ཕྲུ་གུ་མཉམ་དུ་གྲོས་མོལ་བྱས་ཏེ་རང་ཙམ་མ་ཡིན་པར་གཞན་ལ་ཡང་ཕན་པ་ལས་རང་ཉིད་ལ་སྔར་ལས་ལྷག་པ་ཤེས་བྱ་རེག་སྲིད། ཕྲུ་གུ་ཆུང་ཆུང་རྣམས་ཀྱང་དགུན་ཁའི་འགྲུལ་བཞུད་རིང་མོ་འདི་ནི་དགའ་སྣང་བྱ་སའི་གུང་གསེང་ཞིག་ཡིན།
ད་དུང་རང་ཉིད་ཀྱི་བརྩེ་བས་ཨ་མ་ལགས་དང་སྤུན་མཆེད་རྣམས་ལ་ལྷག་བསམ་རྣམ་དག་གི་རོགས་རམ་བྱས་པ་ལས་མ་རབས་ཐ་ཤལ་ནམ་ཡང་ངས་བྱས་མི་དྲན། དེ་བས་ཀྱང་སེམས་ཀྱང་སྐྱོ་བས་དུས་སྐབས་དུས་ཚོད་ནི་ཉིན་རེ་བཞིན་ཆུད་ཟོས་འགྲོ་ན་ཡང་ངས་ཆུད་ཟོས་མི་གཏོང་བར་དུས་ཚོད་དེ་དག་བེད་སྤྱོདཡག་ངེས་སུ་གཏོང་ནས་སློབ་ལ་བརྩོན་པ་ཆུ་བོ་རྒྱུན་བཞིན་སྦྱངས་ནས་བསྡད། མཚམས་རེ་ཉོབ་སྣང་དང་གཏི་མུག་གི་དབང་དུ་ཚུད་སྐབས་ངས་དུས་ཐོག་ཏུ་སྒྲུང་དེབ་བཀླགས་དུས་རང་ཉིད་ལ་ཚིག་གསར་རག་པ་དང་སློབ་སྦྱོང་ཡང་སྔར་དང་མི་འདྲ་བ་ཡར་རྒྱས་ཕྱིན་གྱི་འདུག།དགུན་ཁའི་འགྲུལ་བཞུད་རིང་མོ་སྐྱིད་སྣང་གི་ཚོར་སྣང་ཡོད་ཀྱང་སྐབས་རེ་སློབ་གྲྭ་དྲན་བཞིན་ ང་ཡི་སློབ་གྲོགས་དེ་དག་ཧ་ཅང་དྲན། དེ་ཉིན་མོ་ནི་ཉིན་ལྟར་དུས་རྟག་ཏུ་རང་ཉིད་ཀྱི་བརྩེ་སྐྱོང་ཆེ་བས་རྒན་ལགས་ཀྱི་གནང་བས་ནང་སྦྱོང་དེ་དག་ཉིན་མཚན་དུས་གསུམ་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བར་དེ་ལས་ཀྱང་ནང་སྦྱོང་ཧུར་ཐག་འབད་ཐག་ངང་འབྲི་བཞིན་མཆིས། གྲོགས་མོ་ཡོངས་རྫོགས་སློབ་གྲྭར་བསྐྱོད་ནས་སློབ་འབད་དུས་བུ་མོ་ང་ཡང་འགྲོ་འདོད་སྐྱེས་ན་ཡང་མི་སུ་ཞིག་ཀྱང་ངོ་མི་ཤེས་པས་ང་ཡང་ཏོག་ཙམ་ངོ་ཚ་ཡི་ཚོར་བ་ཞིག་ཐོབ།
མཐའ་མཇུག་དེར་བུ་མོ་ངས་སྙིང་ཁོངས་ནས་སློབ་གྲོགས་ཆུང་ཆུང་རྣམས། ཁྱེད་རྣམ་པ་དགུན་ཁའི་འགྲུལ་བཞུད་རིང་མོ་དེ་སྐྱིད་པོ་ཡོང་བར་ཤོག་ཙམ་མ་ཡིན་པར་ང་ཚོའི་བོད་རང་དབང་མགྱོགས་མྱུར་རྒྱ་མི་དམར་པོའི་ལག་ནས་ལེན་པ་ཤོག་ཅེས་ངས་ཉིན་མཚན་དུས་རྟག་ཏུ་སྨོན་ལམ་འདེབས་བཞིན་ཡོད།།།
༄༄། བུ་མོ་ཆུང་ཆུང་ལག། ཡག་པོ་བྲིས་འདུག། ཟས་ཞིམ་གང་ཞིག་བཟོས་ཡོད་ན་བསམ། ཆུང་དུས་དམར་འབྱར་གྱི་ལོ་རྒྱུས། ཤེས་བྱ་གསར་པ་རག་སྲིད། ངས་བྱས་པ་མི་དྲན། ཆུ་ཟོས་འགྲོ་ན། གཏི་མུག་གིས་དབང་དུ། དམར་པོའི་ལག་ནས་ལེན་པར། ཞེས་བཅོས་ན་བཟང་
གོང་དུ་བུ་མོ་ཆུང་ཆུང་ལགས་ཞེས་བཅོས
ཞོགས་ཁའི་མལ་ནས་སད་མ་ཐག་
འདི།
ཞོགས་པར་མལ་ནས་སད་མ་ཐག་
ནང་སྦྱོང་དེ་དག་ཉིན་མཚན་དུས་གསུམ་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བར་་་་་
འདིའི་ཉི་མཚན་གཉིས་དང་། དུས་གསུམ་པ་དེ་གང་ཡིན་ནམ། ལགས།