བྱམས་བརྩེ།
དེ་རིང་སླར་ཡང་ཁོ་བོས་དྲན་འཆར་སེམས་ཐོག་ཏུ་བླངས་ནས་ཡིག་ཐོག་ཏུ་ཕབ་སྟེ་དྲ་གྲོགས་ཚོར་ཀློག་བཅུག་འདོད་ཡོད། རེད་ཡ། སྤུན་ཟླ་ཚོ། ད་སྐབས་བདག་ལ་སྟོང་བསམ་ཞིག་ཡོད་དེ། དེ་ནི་ངའི་རྨི་ལམ་ཡིན་ལ། དེ་ནི་ངའི་རེ་བའི་དམིགས་འདུན་ཉག་གཅིག་ཀྱང་ཡིན། འོན་ཀྱང་། ཁོ་བོའི་སྟོང་བསམ་དེས། རྨི་ལམ་དེས། བདག་ལ་མཚན་མོའི་གཉིད་ཀྱི་བདེ་བ་འཕྲོག་ཅིང་། ཉིན་མོར་ཟས་ཀྱི་བྲོ་བ་མ་ཚོར་བའི་ཚད་དུ་སྐྱེལ། ད་དུང་། མངོན་འགྱུར་ཐུབ་པར་དཀའ་བའི་སྟོང་བསམ་དེས་ཉིན་ལྟར་ངའི་ལུས་ངག་གི་བྱ་སྤྱོད་མཐའ་དག་སྙིང་པོ་མེད་པ་རུ་བསྒྱུར་ཏེ། བདག་སེམས་རྟ་ཕོ་དེའི་འགྲོ་འདུག་གི་རང་དབང་ཡོངས་སུ་འཕྲོག་ཅིང་། བཙན་གྱིས་འདེད་དེ་བཙོན་དུ་བསྒྱུར་སོང་།
འོན་ཀྱང་། བདག་གིས་སེམས་ཀྱི་འདུན་མ་དེའི་ཆེད་དུ། རེ་བའི་སྟོང་བསམ་དེའི་ཆེད་དུ། ཞུམ་མེད་ཀྱི་སྤོབས་པ་ཆེ་རུ་བསྐྱེད་དེ། སྔར་ལས་ཤེས་རིག་གི་གོམ་ཁ་ཤུགས་ཀྱིས་འཇོག་བཞིན་མདུན་སྐྱོད་ཀྱི་ཆོད་སེམས་བརྟན་དུ་གཏོང་བར་རང་ཉིད་ལ་ཡང་ཡང་སྐུལ་འདེད་གཏོང་བཞིན་ཡོད། རེད་ཡ། གྲོགས་པོ་ཚོ། ཕུགས་འདུན་བཟང་པོ་ཞིག་བསྐྲུན་འདོད་ན། ནམ་ཡང་དཀའ་ཚེགས་དང་ལེན་གྱི་སྙིང་སྟོབས་དགོས་ལ། དེ་བས་ཡིད་ཆེས་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོ་ཡང་དགོས་གལ་ཆེ། ཁོ་བོས་ཉིན་ལྟར་སྣེ་མང་གི་བྱ་བཞག་ཁྲོད་ནས་དེ་ལྟར་གཏན་ཚིགས་རེ་འཇོག་གིན་ཧ་ཅང་བྲེལ་ཚབས་རང་བཞིན་ལྡན་པའི་འཇིག་རྟེན་ཞིག་ན་རང་ཉིད་ཀྱི་ཕུགས་འདུན་ནམ་སྟོང་བསམ་དེ་མངོན་དུ་འགྱུར་བར་རེ་བས་སྒུག་ཡོད། འོན་ཀྱང་། ཁོ་བོས་ཉིན་མོ་རེ་རེ་བཞིན་འདི་ལྟར་གྲངས་ཀ་བརྒྱབ་སྟེ་གཟའ་འཁོར་ནས་ཟླ་བ་དང་། ཟླ་འཁོར་ནས་ལོ་ངོ་བརྒྱུད་སྐབས་ངོ་མ་འདི་ནི་ལས་སླ་བོ་ཞིག་ཡེ་ནས་མི་འདུག །
ང་ལད་པོ་ཞིག་གིས། ཁྱེད་སློབ་མ་ཞིག་ལ། དོན་ཆེན་ཞིག་བཤད་མི་ཤེས་རུང་། ཨ་མའི་བུས་ཕྱི་ནུར་མ་སྟེགས་ཞུ་དགོས་ནི་ལོས་ཡིན།
བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག