ཀླུ་སྨྱོན།
རྡོ་བརྡར་བའི་གཏམ་རྒྱུད་འདི་ནི་བཀའ་གདམས་པའི་བླ་མ་ཚོའི་གསུང་རྒྱུན་རྙིང་བ་ཞིག་རེད།
མི་ངོ་རང་ངོ་ཟིན་དུས་ནས།
ངས་རྡོ་ཞིག་བརྡར་བ་ཡིན།
ཨ་མའི་བྲང་གི་ནུ་མ་ནུ་མཚམས་བཞག་ནས་རྡོ་དེ་བརྡར་བ་ཡིན་ལ།
ཨ་ཕའི་པང་ཁར་གཅིན་པ་གཏོང་མཚམས་ཀྱང་བཞག་ནས་རྡོ་དེ་བརྡར་བ་ཡིན།
ལོ་ན་ལྔ་དྲུག་ལ་སོན་དུས་སུ།
ངས་བེའུ་སྙིང་རྗེ་བོ་དེ་དག་འཚོ་མཚམས་བཞག་ནས་རྡོ་དེ་བརྡར་བ་ཡིན་ལ།
ངས་ཞི་མོ་སེམས་ཤོར་མ་དེ་དག་ལ་རྩེད་མོ་རྩེད་རྒྱུ་ཡང་བསྐྱུར་ནས་རྡོ་དེ་བརྡར་བ་ཡིན།
སློབ་ཆུང་དུ་འགྲོ་དུས།
ཀ་ཁ་སུམ་ཅུ་སྦྱོང་མཚམས་གཞག་ནས་རྡོ་དེ་བརྡར་བ་ཡིན་ལ།
སུམ་རྟགས་དག་གསུམ་སློབ་རྒྱུ་ཡང་གཡུགས་ནས་རྡོ་དེ་བརྡར་བ་ཡིན།
སློབ་མཐར་ཕྱིན་པའི་རྗེས་སུ།
ངས་རི་ཆེན་གྱི་སྨུག་སྤྲིན་ཁྲོད་དུ་ལུག་ཁྱུ་འཚོ་རྒྱུ་བཞག་ནས་རྡོ་དེ་བརྡར་བ་ཡིན་ལ།
ངས་མཚན་མོའི་མུན་ཁྲོད་དུ་ན་ཆུང་བུ་མོ་ཚོར་བརྩེ་འབྲེལ་འཇོག་རྒྱུ་ཡང་བརྗེད་ནས་རྡོ་དེ་བརྡར་བ་ཡིན།
དབེན་དགོན་དུ་འཚོ་བ་སྐྱེལ་དུས།
ངས་སྡོམ་པ་གསུམ་པོ་རྩི་སྲུང་བྱེད་རྒྱུའི་ཚབ་ཏུ་རྡོ་དེ་བརྡར་བ་ཡིན་ལ།
ངས་བཀའ་པོད་ལྔ་པོ་བློ་རུ་འཛིན་རྒྱུ་བཞག་ནས་རྡོ་དེ་བརྡར་བ་ཡིན།
འཆར་ཅན་གྱི་དགུན་མཚམས་ལ་བསྡད་དུས།
ངས་ཡི་དམ་ལྷ་ཡི་བློས་བསླངས་སྒོམ་རྒྱུ་གཡུགས་ནས་རྡོ་དེ་བརྡར་བ་ཡིན་ལ།
ངས་རང་གི་སྒོ་གསུམ་དག་པ་རབ་འབྱམས་དང་བསྲེ་རྒྱུ་དེ་བཞག་ནས་རྡོ་དེ་བརྡར་བ་ཡིན།
རྒྱ་གར་ལྷོ་ཕྱོགས་སུ་ཡོད་དུས།
ངས་དགའ་སྐྱོ་སྨྱུག་རྩེར་དྲངས་ནས་སྙན་ངག་འབྲི་རྒྱུའི་ཚབ་ཏུ་རྡོ་དེ་བརྡར་བ་ཡིན་ལ།
ངས་ཆགས་སྡང་མི་རུ་བཞེངས་ཏེ་བརྩམས་སྒྲུང་སྤེལ་རྒྱུ་བཞག་ནས་རྡོ་དེ་བརྡར་བ་ཡིན།
བལ་ཡུལ་རྒྱལ་སར་ཡོད་དུས།
ངས་གནས་མཆོག་ལ་མཆོད་མཇལ་ཞུ་རྒྱུའི་ཚབ་ཏུ་རྡོ་དེ་བརྡར་བ་ཡིན་ལ།
ངས་ཉམ་ཐག་ལ་སྦྱིན་པ་གཏོང་རྒྱུ་བཞག་ནས་རྡོ་དེ་བརྡར་བ་ཡིན།
ཨ་མེ་རི་ཁར་སྡོད་དུས།
ངས་ཨ་སྒོར་ལྗང་ཁུ་གསོག་རྒྱུ་གཡུགས་ནས་རྡོ་དེ་བརྡར་བ་ཡིན་ལ།
ངས་དབྱིན་ཡིག་དབྱིན་སྐད་སློབ་རྒྱུ་བཞག་ནས་རྡོ་དེ་བརྡར་བ་ཡིན།
མི་ཚེའི་མཐའ་མཇུག་ཏུ་བསླེབས་དུས།
ངས་རང་ཉིད་དག་ཞིང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་རྒྱུའི་ཚབ་ཏུ་རྡོ་དེ་བརྡར་བ་ཡིན་ལ།
ངས་རང་ཉིད་དམྱལ་བ་རུ་མི་འགྲོ་རྒྱུའི་དགེ་བ་སྒྲུབ་རྒྱུ་བཞག་ནས་རྡོ་དེ་བརྡར་བ་ཡིན།
ངས་རང་གི་མི་ཚེ་ཧྲིལ་བོར།
ཉིན་མཚན་མེད་པར་རྔུལ་ཁྲག་བཞུར་ཏེ།
རྡོ་དེ་བརྡར་བརྡར་ནས་ཅི་ཞིག་བྱེད་ཅེ་ན།
ངས་དེ་ལྟར་ཡོད་ཚད་རྒྱབ་ཏུ་གཡུགས་ནས།
རྡོ་དེ་བརྡར་དོན་ནི།
རྡོ་དེ་ཆེ་བ་ནས་ཆུང་ཆུང་དང་།
ཆུང་ཆུང་ནས་རྡུལ་ཕྲན་གྱི་ངོ་བོར་མ་འགྱུར་བར་དུ་ཡིན་པ་མ་གཏོགས།
ང་ལ་གཞན་པའི་དམིགས་ཡུལ་ཅི་ཡང་མེད།
ངོ་མ་ཅི་ཡང་མེད།
ངས་མནའ་སྐྱེལ་ཐུབ།
ཨོ། དྲི་བ་གཅིག་རང་གཅིག་ཡོད་པ་ནི།
ཁྱེད་ཀྱིས་ང་དང་འདྲ་བར།
རྡོ་དེ་འདྲ་ཞིག་བརྡར་མྱོང་ངམ།
What do you mean?
རྡོ་ལ་བརྡར་ལྟར།
རྡོ་ལ་བརྡར་ལྟར་སྙིང་རུས་བརྡར། །
རྡོ་ལ་བརྡར་ལྟར་རིགས་པ་བརྡར། །
རྡོ་ལ་བརྡར་ལྟར་ཁྲིམས་རྩོད་བརྡར། །
རྡོ་ལ་བརྡར་ལྟར་བདེན་པ་ལྟར། །
སཏྱམེཝ ཇཡཏེ
ཡ་ཨ་ཁུ་ལགས། ཨ་སྒོར་ལྗང་ཁུ་གསོག་རྒྱུ་དབྱུགས་ཟེར་ན་ཆི་ཟིག་ཟེར་ནོ་རེད། གཡུགས་ཟེར་བྲི་དགོས་ནི་མ་རེད་བས། ང་ངོ་མ་ངོ་ཚ་གི་གོ
དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་གི་ཡོད། ལོ་བརྒྱད་ཅུའི་ནང་དུ་ཡང་དགེ་རྒན་དགོས་ཞེས་པ་འདི་ཅིས་མ་བདེན།
རྡོ་དེ་བརྡར་ནས་ཟད་སོང་། །
རྡུལ་ཙམ་ཤུལ་ནས་མ་ལྷག་ཐལ། །
ད་ནི་རྡོ་ཡི་མིང་ཙམ་དེར། །
བརྡར་ཡང་སྙིང་བོ་ཆི་ཟིག་ཡོད། །
ལ་ལས་བཤད་ན་རྡོ་དེ་འདོད་ཆགས་རེད་ཟེར།
བརྡར་གི་བརྡར་གི་ཇེ་ཆེ་རེད།
ལ་ལས་བཤད་ན་རྡོ་དེ་ཞེ་སྡང་རེད་ཟེར།
བརྡར་གི་བརྡར་གི་མེ་ལྟར་འབར།
ལ་ལས་བཤད་ན་རྡོ་དེ་གཏི་མུག་རེད་ཟེར།
བརྡར་གི་བརྡར་གི་ཇེ་རྨོང་རེད།
ད་རྡོ་དེ་རྒྱ་མཚོའི་གཏིང་རིམ་དུ་གཡུག་ན་རེད།
ཕྱིར་མི་ཟློག་པའི་ཚུལ་གྱིས་གཡུག་ན་རེད།
རྡོ་བརྡར་མཁན།
ཁ་བ་ནག་པོས་མི་ཚེ་གཅིག་རྡོ་བརྡར་ཏེ་རང་མི་རིགས་ཀྱི་བདེ་སྡུག་གླུ་རུ་ལེན་རོགས།
ཁ་བ་ནག་པོས་ཡོད་ཚད་གཡུགས་ཏེ་རྡོ་བརྡར་ཏེ་མི་རིགས་འདིར་ལམ་སྟོན་རེ་གནང་རོགས།
ཁ་བ་ནག་པོས་བྲག་གོང་ཡོད་ཚད་རྡུལ་ཕྲན་དུ་བསྒྱུར་ཏེ་མི་རིགས་འདིའི་དཔའ་སྟོབས་དེ་ངོམས་རོགས།
ཁ་བ་ནག་པོས་རྣམ་ཤེས་ཁྲི་མ་འབུམ་གྱི་རེ་ལྟོས་དེ་དག་རྡོ་བརྡར་ཏེ་བསྒྲུབ་རོགས།
ཁ་བ་ནག་པོས་ཟུངས་ཁྲག་གི་རྒྱ་མཚོ་བསྐྱིལ་བའི་གཏམ་རྒྱུད་རྣམས་རྡོ་བརྡར་ཏེ་བསྒྲག་རོགས།
ཁ་བ་ནག་པོས་ཤ་རུས་ཀྱི་རི་རབ་བརྩིགས་པའི་གཟུགས་བརྙན་དག་གོ་ལ་འདིར་སྟོན་རོགས།།
ཁ་ནག་པོ་ལགས། ང་ཁྱོད་ཀྱིས་རྡོ་བརྡར་བའི་སྙིང་སྟོབས་འདིར་ཧ་ལས་ཧོན་ཐོར་ཏེ།
ལག་ཟུང་འདར་གྱིན། མིག་ཟུང་ཅེ་རེར། སེམས་ཀྱི་རེ་འདུན་འདི་དག་ཐོལ་བྱུང་དུ་ཐལ་སོང་། ད་དུང་སྨྱུག་ཐོགས་པ་ཡོད་ཚད་རྡོ་བརྡར་མཁན་ཞིག་ཏུ་འགྱུར་ན་སྙམ།
གོང་གི་དོན་ཚན་ཁག་ནི་རྡོ་བརྡར་མཁན་ལ་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་ཤ་སྟག་མ་རེད་དམ།
ཨ་ཁུ་ཁ་བ་ནག་པོ་ལགས། ངས་ནམ་ཡང་ཁྱེད་ནི་ཁ་བ་དཀར་པོའི་བུ་ཕྲུག་ཅིག་ཡིན་པ་བརྗེད་མེད་ཅིང་། ད་དུང་ཁ་བའི་གཏམ་རྒྱུད་སྲོང་པོར་སྨྲ་བའི་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ཡང་བརྗེད་མེད་ལ། སྨྱོ་འཚུབ་འཚུབ་ཀྱི་ཀླུ་སྨྱོན་ཧེ་རུ་ཀ་ཡང་དེ་བས་བརྗེད་མེད།
བདེ་མོ་བྱོས།།
ཨ་རིའི་ནང་གི་བོད་པ་ལས་ཀ་མེད་མཁན་ཚང་མ་འདིར་ཡོང་ནས་རྡོ་རེ་བརྡར་རོགས་ཞུ། གླ་ཆ་མི་དམན་པ་སྟེར་གི་ཡིན། རྡོ་ཆེ་བ་ཞིག་བརྡར་ན་ཨ་སྒོར་བརྒྱ། འབྲིང་བ་ཞིག་བརྡར་ན་ཨ་སྒོར་སུམ་ཅུ། ཆུང་བ་ཞིག་བརྡར་ན་ཨ་སྒོར་བཅོ་ལྔ་སྤྲོད་ཀི་ཡིན།
ཡ་ཡ་གླ་ཆ་ཟོག་མི་ཧྲ་རྒྱུ་མེད་ཀི རྡོ་ཆེན་པོ་རེར་བརྡར་དུས་ཞི་མོ་རེ་ཡོད་ན་ལས་ཀ་ཟོག་འགྲིག་ནོ་ཡ་མཚན་ཡིན་ནི་རེད། ཞི་མོ་ཆ་རེ་སྐད་བཏང་ཨ་སྦྱིན་བདག་ལོ་ལོ།
རྡོ་བརྡར་རོགས་ལ་ཞི་མོ་དགོས་ན་བལ་ཡུལ་ནས་རྒྱ་གར་དུ་བསྐྱོད་ལམ་དེར་སོང་ནས་ས་རས་གྱོན་པའི་ན་ཆུང་མ་མེ་ཏོག་འདྲ་བ་གང་མང་ཞིག་གིས་ལམ་འགྲམ་གཡས་གཡོན་དུ་རྡོ་ཆེན་པོ་དག་བརྡར་ནས་ཆུང་ཆུང་བཟོ་བཞིན་པ་གང་མང་མཐོང་རྒྱུ་འདུག
སོངས་དང་
ཁྱེད་རང་གི་རྡོ་དེ་གང་ཡིན་པ་ངས་ཧ་གོ་སོང་། ལབ་བསམས་ཀྱང་ངོ་ཚ་ནས་ཡི་གེ་ལ་འབེབས་ཕོད་ཀྱི་མི་འདུག
གླ་ཆ་ཡག་རྒྱུ་མེད་གི ཁྱེད་ཚོར་མགོ་སྐོར་གཏོང་གི་ཡོད་པ་རེད། བརྡར་རྒྱུའི་རྡོ་ཡི་ཆེ་ཆུང་ལ་བལྟས་ནས་གླ་ཆ་སྟེར་བ་འདི་ཡག་པོ་མ་རེད། དུས་ཚོད་ག་ཚོད་ལ་བརྡར་དགོས་རེད། ཉིན་ག་ཚོད་ལ་བརྡར་དགོས་རེད། ང་ཚོས་མི་ཤེས་ག དུས་ཚོད་རེ་ལ་ཨ་སྒོར་ག་ཚོད་སྟེར་གི་ཡིན། དེ་ཤོད་དྲ་ང་ར་རྡོ་བརྡར་གི་ཡོང་གི་ཡིན།
གླ་སྤྲོད་མཁན་ཡོ་མ་རེད། རྡོ་བརྡར་བསམས་ན་མགོན་པོ་ཕྱག་གཉིས་རང་ལ་ཡོད་ཡོད་རེད། ཀླུ་སྨྱོན་གྱི་མགོ་སྐོར་འོག་ལ་མ་ཚུད་ཅིག དུས་ཚོད་འཕྲོ་བརླག་རེད། དེ་ལས་གོ་རྒྱུ་ཡོད་པའི་རྩོམ་བསྟན་འཛིན་བརྩོན་འགྲུས་ཀྱི་སྐོར་ར་ཞེས་པ་ཞིབ་ཀློག་དང་བསམ་འཆར་རེ་སྤེལ་ན་དགའ་གི་རེད། རྩོམ་ཡིག་གི་རིན་ཐང་འདྲ་ས་མི་འདུག
ངས་དེང་སང་ལས་ཀ་འཚོལ་བཞིན་པའི་སྒང་ཡིན་ནོ། དཀོན་མཆོག་གིས་མཁྱེན་ནས་ད་རའི་གོ་སྐབས་འདི་གནང་བ་རེད་བསམ་བསྡད་ཡོད། ཡིན་ནའང་ལས་རོགས་ཞི་མོ་རྒྱ་གར་དང་བལ་ཡུལ་ཟོག་ནས་ལེན་མི་ཐུབ་ཀི
དེ་ལས་འུ་ཚང་གི་ཨམ་མཆོག་གི་ཞི་མོ་ལགས་སྐད་བཏང་ན་ཡོང་ནི་རེད། མོ་སླེབས་སོང་ན་ཨ་ཁུ་ཁྱོའི་ཚང་ཟེར་ནོ་ད་ཆུ་རྒྱུག་རྒྱུག་ཡིན་ནི་རེད་ཀོ
ཚོང་ཟེར་ནས་བཅོས་དགོས།
ཉེ་ཆར་ཀླུ་སྨྱོན་ནས་འཕྲོ་རིམ་འཕྲོར་སྙན་ངག་མང་པོ་ཞིག་སྤེལ་སོང་། ནང་དོན་ཟབ་ལ་ཤོང་ཚད་ཆེ།
བརྩམས་སྒྲུང་ཧྲིལ་བོ་ཞིག་གི་རྣམ་པ་འདུག་ལ། སྙན་ངག་ཁེར་རྐྱང་མ་ཞིག་གི་ཁྱད་ཆོས་ཀྱང་ལྡན་འདུག དེའི་སྒང་ལ་ཚིག་འགྲོས་དང་ཐ་སྙད་ཀྱི་སྦྱོར་བའང་ཧ་ཅང་ཐ་མལ་བ་ཞིག་དང་། སེམས་ཚོར་ཀྱི་རྒྱུད་སྐུད་དྲག་ཏུ་སྒུལ་བ་མ་ཡིན་པར་ལྷོདཀྱིས་དཀྲོལ་བར་བྱེད།།
ཧ་ཧ་་་ལ་ལ་ཞིག་གོ་ནོར་ཐེབ་འདུག་གཱ། རྡོ་བརྡར་ཟེར་བ་དེ་གོ་རྒྱུ་ཆེན་པོ་ཡོད། དེ་ནི་ཨ་མེ་རི་ཁའི་བཤད་སྟངས་ཤིག་རེད་ཡ། བརྡར་གླ་ཚུལ་སྤྲད་རྒྱུ་མ་ཡིན་པར་རྡོ་བརྡར་ན་བརྡར་གླ་ཕར་སྤྲད་དགོས་པ་ལ་གོ་དགོས་པ་རེད། ཧ་ཧ་ཧ་་་་་་
ཨ་ཁུ་ཀླུ་སྨྱོན་གྱིས་དངོས་གནས་རྡོ་བརྡར་འདུག་ཡ།
མི་ཚེ་གང་ལ་རྡོ་བརྡར་འདུག
Hi,
I think I saw you at Dharamsala a few years ago. You didn’t have much more hair if it is correct. Maybe you have been working with rocks. so you losed your hair.