ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
སྤྱི་ལོ་ཉིས་སྟོང་དགུའི་ལོ་མཇུག་ནས་ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་པ་ཁག་ཅིག་གིས་རང་ལུས་མེ་ལ་སྦར་ནས་རྒྱ་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་མགོ་བརྩམས། ཁ་བརྡའི་སྟེང་ལ་རང་སྲེག་གི་གསར་འགྱུར་བྱུང་ཐེངས་རེར་ཁ་བརྡའི་རྩོམ་སྒྲིག་པ་རྣམས་ཀྱིས་འདི་འདྲའི་སྙིང་ལ་གཟན་པའི་གསར་འགྱུར་ཡང་སྐྱར་མི་ཐོས་པའི་རེ་བ་བཅངས། ཡིན་ན་ཡང་འདས་པའི་ལོ་ངོ་ལྔ་ལྷག་གི་རིང་ལ་འདི་འདྲའི་གསར་འགྱུར་ཐེངས་བརྒྱ་དང་སུམ་ཅུ་ལྷག་ཐོས་དགོས་པ་བྱུང་ཡོད། ཁ་སང་དཀར་མཛེས་རྟའུ་རུ་འཕྲིན་ལས་རྣམ་རྒྱལ་ལགས་ནས་རང་སྲེག་གནང་བ་དེས་གྲངས་ཀ་གཅིག་ཡང་སྐྱར་འཕར་བར་གྱུར། དེ་ཟླ་བ་རེར་ཆ་བགོས་བྱས་ན་ཟླ་བ་རེ་ལ་ཐེངས་གཉིས་རེ་ཙམ་ལ་གྲག་ཡོད། ད་དུང་ཡང་རང་སྲེག་གི་གནས་ཚུལ་འབྱུང་བཞིན་པ་འདིས་ང་ཚོས་རང་སྲེག་མི་འབྱུང་བར་སྒྲ་མེད་ཀྱི་རེ་བ་བྱེད་པ་ནས་སྒྲ་ཡོད་ཀྱི་འབོད་སྐུལ་མི་བྱེད་ཀ་མེད་བྱུང་།
ཁ་བརྡའི་དྲ་དེབ་ཐོག་ལ་རང་སྲེག་གི་གནས་ཚུལ་རེ་ཐོན་ཐེངས་རེར། ཁ་བརྡའི་རྩོམ་སྒྲིག་པ་རྣམས་ཀྱིས་རང་སྲེག་གནང་མཁན་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཤོར་བ་དང་མཉམ་དུ། ཕ་མེད་དམ་མ་མེད་དུ་གྱུར་ཏེ་ཅི་ཡིན་འདི་ཡིན་མ་ཤེས་པར་ཧད་དེ་ལུས་པའི་བྱིས་པ་གདོང་ཆུང་ཆུང་དེ་དག་དང་། བྱིས་པ་དེ་དག་གི་གདོང་ལ་འགྲམ་པ་སྦྱར་ཏེ་མིག་ཆུ་ཁོག་ཏུ་མིད་བཞིན་པའི་ལང་ཚོ་དར་ལ་བབ་པའི་བཟའ་ཟླ་དེ་དག སྐྲ་འདབས་དཀར་པོའི་འོག་གི་མིག་གཉིས་ལ་འོད་མདངས་ཡལ་ནས་འགུལ་མེད་དུ་གྱུར་ཅིང་། ལག་ན་ཡོད་པའི་ཕྲེང་བ་བགྲང་རྒྱུ་ཡང་བརྗེད་པའི་ཕ་མ་རྒན་རྒོན་དེ་དག གྲལ་མཚེས་སྟོང་པ་ལ་མིག་ཅེར་ནས་སྡོད་པའི་ཆོས་གྲོགས་དེ་དག་ཡིད་ལ་ཤར་ཡོང་།
དར་ལ་བབས་པའི་ལང་ཚོ་རེ་རེ་མེ་ལ་སྦར་ཞིང་། མེ་ལྕེ་ལྷམ་ལྷམ་དུ་འབར་དུས་ང་ཚོས་འདས་པོ་དེའི་ལྷག་བསམ་མེ་རུ་འབར་བ་མཐོང་བ་དང་མཉམ་དུ། རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ལ་དགོས་པའི་བྱམས་བརྩེ་དང་། རང་གི་ཕ་རྒན་མ་རྒན་ལ་ཚེ་མཇུག་ལ་དགོས་པའི་བཀུར་སྐྱོང་། རང་གི་བཟའ་ཟླ་ལ་དགོས་པའི་ཁྲེལ་གཞུང་། རང་གི་ཆོས་གྲོགས་དང་དགོན་པ་ལ་དགོས་པའི་མཛའ་བརྩེ་དང་ཤ་ཞེན་ཚང་མ་དུས་ཡུན་སྐར་མ་བཅུ་གྲངས་ཀྱི་ནང་ལ་མེ་རུ་འབར་ནས་ཐལ་བར་གྱུར་བ་མཐོང་། རང་གི་མི་རིགས་ཀྱི་ཆེད་དུ་ཕ་མ་བུ་ཕྲུག་གམ། ཡང་རང་གི་བཟའ་ཟླ་ཚང་མ་བློས་བཏང་ནས་རང་ཉིད་མེ་ལ་སྦར་ཞིང་སྲེག་པ་འདི་ལ་ཇི་འདྲའི་ལྷག་བསམ་ཆེན་པོ་དེ་དང་སྙིང་སྟོབས་ཆེན་པོ་ཞིག་དགོས་སམ། དེ་ལྟའི་ལྷག་བསམ་དང་སྙིང་སྟོབས་དེ་དག་མེ་ལྕེ་དམར་པོའི་ནང་ཚག་སྒྲ་དང་བཅས་འཚིག་དུས་བོད་མི་རྣམས་མྱ་ངན་གྱིས་དུབ། ཕངས་སེམས་ཀྱིས་མནན།
འདི་ལྟ་བུའི་རང་སྲེག་ནི་ཐེངས་རེ་ཟུང་ལ་བྱུང་བ་མ་ཡིན་པར། ད་བར་དུ་ཐེངས་བརྒྱ་དང་སུམ་ཅུ་ལྷག་བྱུང་ཡོད་ཅིང་། རང་སྲེག་བྱུང་ཐེངས་རེར་བོད་མི་རྣམས་ཀྱིས་བྱེད་ཐུབ་པ་ནི་སྨོན་ལམ་རེ་དབྱངས་འདོན་བྱེད་རྒྱུ་དེ་ཡིན། སྨོན་ལམ་གྱི་དབྱངས་རྟ་རིང་པོའི་ནང་དུ་སྨོན་ལམ་ལ་འདུས་པའི་བོད་པ་མང་པོས་མིག་ལ་མཆི་མ་འཁོར་བཞིན་རང་སྲེག་གི་རྣམ་ཤེས་དེ་དག་ཞིང་དུ་སྐྱེས་པའི་སྨོན་ལམ་བརྒྱབ་ཡོད་ལ། ཤུལ་ལུས་ཀྱི་བཟའ་ཟླ་བུ་ཕྲུག་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་དང་མཚུངས་སུ་ད་དུང་སྨོན་ལམ་གཞན་པ་ཞིག་ཀྱང་རྒྱག་བཞིན་ཡོད། དེ་ནི་ད་ནི་རང་སྲེག་མཚམས་འཇོག་པའི་དུས་ཤིག་མགྱོགས་པོར་ཡོང་རྒྱུ་དེ་ཡིན།
བོད་མི་རྣམས་ཀྱིས་རང་སྲེག་པ་རྣམས་ཀྱི་བློས་བཏང་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་ཡོང་ཐབས་ཀྱི་འབད་བརྩོན་སྣ་མང་བྱས་ཡོད། འདི་ནི་རང་སྲེག་གནང་མཁན་རྣམས་ཀྱི་རེ་འདུན་ཡང་ཡིན་ལས་ཆེ། རང་སྲེག་ཕྱི་བསྒྲགས་ལ་བརྟེན་ནས་རྒྱ་གཞུང་གིས་བོད་པ་འགའ་རེ་འཛིན་བཟུང་བཙོན་འཇུག་ཀྱང་བྱས་ཡོད། ཡིན་ན་ཡང་རང་སྲེག་ཕྱི་སྒྲོག་གི་ལས་དོན་དེ་འགོག་མ་ཐུབ་པར། ད་ནི་རྒྱལ་སྤྱིའི་ཐོག་གི་བོད་དོན་ལ་ཐུགས་ཁུར་ཡོད་པ་རྣམས་ཀྱིས་བོད་ཀྱི་རང་སྲེག་གི་ལས་འགུལ་འདི་མ་ཤེས་དང་མ་ཐོས་ཟེར་བའི་གོ་སྐབས་མེད་པར་བྱས་པའི་ཚད་ཙམ་དུ་བསྐྱལ་ཡོད།
ད་ནི་རང་སྲེག་གི་ལེའུ་མཇུག་བསྡུས་ནས། རང་སྲེག་གནང་མཁན་རྣམས་ཀྱི་ཁ་ཆེམས་དང་འདུན་པ་བསྒྲུབ་པའི་དུས་ལ་སླེབས་ཡོད། དེ་བསྒྲུབ་པ་ལ་ཡང་ལྷག་བསམ་དང་སྙིང་སྟོབས་བོངས་ཆེན་པོ་དང་གྲངས་མང་པོ་དགོས་པ་ཡིན། ད་ང་ཚོའི་ལང་ཚོ་དང་། ལྷག་བསམ། སྙིང་སྟོབས་སོགས་མེ་ལ་སྦར་རྒྱུ་མིན་པར་དེ་དག་ལ་གཅེས་སྤྲས་དང་། དེ་དག་མི་རིགས་འདི་ཡུན་རིང་གསོན་གནས་ཐུབ་པའི་མཐུན་རྐྱེན་དུ་བསྒྱུར་རན་པ་ཡིན། ད་ནས་རང་སྲེག་གི་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན་དང་འབོད་སྐུལ་ཞུ་བ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ཕུལ།
སྒྲ་ཡང་གྲགས་པར་མ་གྱུར་ཅིག
གཟིགས་ཀྱང་མཐོང་བར་མ་གྱུར་ཅིག
མིང་ཡང་གོ་བར་མ་གྱུར་ཅིག
རང་བསྲེག་མེད་པར་གསོལ་བ་འདེབས།
འཛམ་བུ་གླིང་བའི་སྙིང་རྗེ་ནི།
སྲང་མདའ་བཞིན་ཏུ་མཐོ་དམན་བྱེད།
ཁེ་ཕན་ཁོ་ན་དོན་གཉེར་བའི།
ཆབ་སྲིད་པ་ལ་རྒྱུ་འབྲས་མེད།
དེའི་ཕྱིར་རང་ལུས་རིན་པོ་ཆེ།
ཁྲེལ་འདས་དག་ལ་མ་གཏོང་རོགས།
མགོ་ནག་འོ་སྐོལ་དུས་ངན་འདི།
རེ་ཞིག་སྒུགས་དང་འཛད་མཐའ་ཡོད།
རང་སྲེག་སླར་ཡང་མེད་པར་ཐུགས་རྗེས་གཟིགས། །
ཁ་བརྡ་ཚང་ནས་རང་ལུས་མེར་བསྲེགས་ཀྱི་ས་བཀྲ་འདི་བེད་སྤྱོད་མ་བཏང་ན་ཡག་པོ་འདུག ས་བཀྲ་འདིའི་ནང་མ་དག་པ་ཤིན་ཏུ་མང་པོ་ཅིག་བཀོད་འདུག ས་ཆ་ཁ་ཤས་སུ་རང་ལུས་མེར་བསྲེགས་མང་པོ་བྱུང་ནའང་ས་བཀྲ་འདིའི་ནང་ཉུང་ཉུང་ལས་བཀོད་མི་འདུག ཁ་ཤས་ལ་ཡང་གྲངས་ཀ་དངོས་མ་ལས་མང་དྲག་ཡོད། ཁ་ཤས་ལ་རང་ལུས་མེར་བསྲེགས་བྱུང་བ་ཁྱོན་ནས་བཀོད་མི་འདུག མདོར་ན་ས་བཀྲ་འདི་རང་བསྲེགས་ལ་དེ་ཙམ་རྒྱུས་མེད་མི་སྐྱག་རྫུན་ཚ་བོ་རེ་ཟུང་གི་རྗེས་སུ་འབྲངས་ཏེ་བྲིས་པ་ཐག་གིས་ཆོད།
གལ་ཏེ་ས་བཀྲ་བཀོད་འདོད་ན།ཉེ་ཆར་རང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་རང་བསྲེགས་ས་བཀྲ་ཅིག་བཏོན་འདུག དེ་ནང་ཁ་སང་རྟའུ་ནས་རང་བསྲེགས་གནང་བ་དེ་མ་གཏོགས་ས་གནས་དང་རང་བསྲེགས་པ་སོགས་གཅིག་ཀྱང་ཆད་ལུས་ནོར་འཁྲུལ་མེད་པར་བཀོད་འདུག་པས།ས་བཀྲ་དེ་བེད་སྤྱོད་བཏང་རོགས་གནང་།
རང་སྲེག་མ་གྱིས། །
ལ་རྒྱ་མ་བརླགས། །
གསོན་པོར་གནས་ནས། །
སྤྱི་དོན་འབུངས་ཤོག །
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
ས་བཀྲ = ༡༽ས་ཆའི་དེཔ་རིས།
ས་ཁྲ = ཡུལ་གྲུའི་ས་ཆུ་རི་ཀླུང་སོགས་ཆགས་ཚུལ་བཀོད་པའི་རི་མོ།
རང་སྲེག་ནི་རང་སྲེག་རང་རེད་རང་གི་སྡུག་གྱོང་རེད། རང་སྲེག་གཏོང་མཁན་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་ཡིད་རིངས་ཡོད་འོན་གྱང་ཁྱེད་ཀྱི་རྩ་ཆེའི་ལུས་སྲོག་འཕྲོ་ལྷག་ཏུ་སོང་ན་རང་སྡུག་རང་གི་ཉོས་པ་མ་རེད་དམ། ཁྱེད་ཀྱིས་རང་ལུས་མེར་སྲེག་ན་བོད་དོན་ལ་ཕན་ལ་གང་ཡང་མེད་པ་མིག་མཐོང་ལག་ཟིན་རེད། ད་དུང་ཡང་ཀླད་མེད་དང་མི་རིགས་ལ་འགན་འཁུར་མེད་པ་རེ་ཟུང་གིས་དཔའ་བོ་དང་དཔའ་མོ་ཟེར་ནས་འུར་བསྟོད་བྱེད་བཞིན་འདུག་དེ་དག་སུ་ཞིག་གི་རྗེས་འབྲེང་བ་ཡིན་མིན་བཤད་དཀའ་མོ་རེད།
་་་་་་ ད་ང་ཚོའི་ལང་ཚོ་དང་། ལྷག་བསམ། སྙིང་སྟོབས་སོགས་མེ་ལ་སྦར་རྒྱུ་མིན་པར་དེ་དག་ལ་གཅེས་སྤྲས་དང་། དེ་དག་མི་རིགས་འདི་ཡུན་རིང་གསོན་གནས་ཐུབ་པའི་མཐུན་རྐྱེན་དུ་བསྒྱུར་རན་པ་ཡིན། ད་ནས་རང་སྲེག་གི་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན་དང་འབོད་སྐུལ་ཞུ་བ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་ཕུལ།
ང་བྱིས་པའི་སྐབས་སུ་ལ་དྭགས་ལ་རང་སྲོག་བཅད་པ་ཞིག་ཐོས་མ་མྱོང་། དཔལ་འབྱོར་གྱིས་ཤིན་ཏུ་དབུལ་པོ་ཡིན། འོན་ཀྱང་མི་རྣམས་ལ་ཆོག་ཤེས་ཡོད་པར་ངེས། དིང་སང་དཔལ་འབྱོར་གྱི་ཐོག་ནས་སྔར་ལས་བརྒྱ་འགྱུར་ལྷག་པ་ཡོད་ཀྱང་། གཞོན་པ་རང་སྲོག་གཅོད་མཁན་མང་པོ་ཞིག་ཡོད་པ་ཐོས། དཀའ་ངལ་འདི་སེལ་ཕྱིར་རང་སྐད་དང་། སྔར་གྱི་ལུགས་སྲོལ་ལ་གོམས་གཤིས་དགོས་པར་མཐོང་། དེ་བཞིན་བོད་ཡུལ་གཞན་དུ་ཡང་། རང་ཡུལ་དང་། རང་རིགས་ལ་དམིགས་པ་ཡིན་ཟེར་ནས། རང་སྲོག་གཅོད་གཏོང་བས་བོད་ཡུལ་ལ་ཕན་ཐོགས་གང་ཡང་མེད། རང་ཤི་རྒྱབ་པ་ལས་རང་སྐད་དང་རིག་གཞུང་ལ་སྦྱང་བརྩོན་གང་ནུས་བྱེད་ཐུབ་ན། དེ་ཡིས་བོད་་ཡུལ་དང་། བོད་པའི་རིགས་ལ་ཕན་པ་གཞོན་པ་རྣམས་ཀྱིས་རང་རང་གི་ཐུགས་ལ་འཇོག་པར་ཞུའོ།
རང་སྲོག་གཅོད་གཏོང་བས་། ཞེས་པ་། རང་སྲོག་གཏོང་བས། ཞེས་ཀློག་པར་མཛོད།
ད་ནས་རང་སྲོག་མ་བཅད་པར། མི་རིགས་ལ་ཕན་པའི་རིག་གཞུང་སྲུང་སྐྱོབ་དང་། སློབ་གསོ། བྱ་བཞག སྤྱི་ཚོགས་ལ་ཞབས་འདེབས་ཅི་འདྲ་ཞུ་ཐུབ་ན། རང་སྲེག་ལས་ལྷག་པ་ཡོད། ད་ནས་སྐུ་མཁྱེན་དེ་འདྲ་རང་སྲེག་ནམ་ཡང་མ་གནང་བར་མཛོད།
རྩོམ་སྒྲིག་པ་ལགས་ རང་སྲེག་པ་ཚོས་ཕ་མ་རྒན་རྒོན་རྣམས་ལ་སྤོབས་པ་དང་བློ་ཁོག་བྱིན་པ་ལས་ཧད་དེ་བསྡད་མེད་ ཁོ་ཚོས་བློས་བཏང་དེས་བོད་མི་རིགས་ཀྱི་དཔའ་ངར་རྒྱུན་མཐུད་པར་མཚོན་ཡོད་ ཁོང་ཚོས་གནང་བབས་དེས་མི་རིགས་དང་མི་རབས་ཞིག་ལ་དྲན་གསོ་དང་སེམས་འགུལ་ བོད་འཆི་ས་ནས་སྐྱོབས་པའི་ཐབས་བྱུས་ཞིག་བཏོན་ཡོད་ ལོ་རྒྱུས་ནང་ལ་གསལ་འོས་པ་ཞིག་ཡིན་ ཁ་བརྡ་རྩོམ་སྒྲིག་པ་ལགས་ཀྱི་དགོངས་པ་བཞེས་དང་ རྒྱལ་ཁབ་དང་མི་རིགས་ཀྱི་དོན་འདི་སེམས་འགུལ་ཙམ་མ་རེད་ ལག་ལེན་རེད་ རང་སྲེག་མ་བྱེད་གསུང་ན་གསུང་ཆོག་པ་རེད་ འོན་ཀྱང་རང་སྲེག་པར་གུས་བརྩི་དང་བོད་མི་རིགས་ལ་འགན་ཞིག་འཁྱེར་ནས་རང་སྲེག་མིན་ན་ལས་འགུལ་གཞན་འདི་འདྲ་ཞིག་འོས་ཅེས་ཤོད་དང་ཚེ་སྲོག་གལ་ཆེན་པོ་རེད་ཅེས་བཤད་པ་ཙམ་གྱི་ང་ཚོ་མི་རིགས་མ་སྟོང་བར་དང་བོད་ཡོངས་རྫོགས་སྟོང་ཚར་ཚར་རེ་བ་དང་སྨོན་ལམ་རྒྱབ་ནས་སྡོད་རྒྱུ་ཡིན་ནམ་
ལ་དཱགས་པ་ལགས་ དགོངས་དག་ ལ་དཱགས་སུ་རང་ཤི་རྒྱག་མཁན་དང་རང་སྲེག་དབར་འབྲེལ་བ་མེད་པ་མ་ཟད་བསྡུར་ས་མེད་
གནད་ལ་ཁེལ་བའི་འབོད་བསྐུལ་དེ་ཕྱི་མེད་ན་སྔ་མེད་དོ། ཡི་རང་ཡོད། ཁ་གྲོ།
གོང་དུ་སྲིད་རྡོ་ལགས་ཀྱིས་རང་སྲེག་ལས་གཞན་པའི་བོད་དོན་ལས་འགུལ་མེད་པར་དགོངས་ཀྱི་ཡོད་ཚུལ་ལ་ལྟོས་ན་ཁོ་ཡང་རང་སྲེག་ངན་བསྐུལ་བ་ཞིག་ཡིན་ཤས་ཆེ། དེ་ནི་མིའི་ཚེ་སྲོགས་ལ་བརྩི་འཇོག་མ་བྱས་པའི་ངན་རྟགས་ཕྱི་རུ་མངོན་པ་ཙམ་རེད་མ་ཟད་རང་སྲེགས་ཀྱིས་བོད་དོན་ལ་ཕན་སོང་ངམ་ཅི་ལྟར་ཕན་གི་རེད། འཛམ་གླིང་གི་རྒྱལ
གང་ཞིག་མི་ཞིག་གིས་རང་སྲེག་བཏང་ནས་་རང་བཙན་ལེན་ཡོད་གི
སྙིང་རྗེ་བྲལ་བའི་སྲིད་པ་རྡོ་རྗེ་ལགས། རང་སྲེག་ལ་ནུས་པ་ཡོད་ན་ཅི་ཕྱིར་ཁྱོད་ཀྱིས་རང་སྲེག་མི་གཏོང་། དེ་མིན་གཞན་ལ་སྐུལ་མ་མ་བྱེད་རོགས། བསམ་མེད་འདི་ཚོས་སྒོར་མོ་ཁ་ཤས་ཤིག་ཡང་གཏོང་མི་ཕོད་པར་ད་རུང་གཞན་ལ་སྐུལ་སློང་བྱེད་ཀྱིན་འདུག རང་སྲེག་མགྱོགས་པར་ཐོངས་ཤོག ངས་ཁྱོད་ཀྱི་ཁྱེད་དུ་སྨོན་ལམ་འདོན་རྒྱུ་སྒུག་ན་བསྡད་ཡོད། །
རང་བསྲེག་ལས་འགུལ་འདི་ངེས་པར་ཏུ་མཚམས་འཇོག་དགོས། རང་བསྲེག་འདི་ང་ཚོའི་ངོམ་སྤྱད་ཅིག་རེད་ཟེར་མཁན་ཚོ་ནི་འགན་འཁུར་གྱི་འདུ་ཤེས་མེད་པའི་ཆབ་སྲིད་པ་ཁག་ཅིག་རེད། མི་དེའི་རིགས་ཀྱིས་བསམ་བློ་ཞིབ་མོར་གཏོང་རན་འདུག
བསམ་ཤེས་དེ་ཚོས་འདི་ལྟར་སློབ་གསོ་བརྒྱབ་ན་ཡག་པོ་འདུག མཚམས་མཚམས་ལ་རང་ལུས་མེ་སྲེག་རེ་གཏོང་གི་ཡོད་པ་འདི་ལ་ལས་འགུལ་གྱི་ངོ་བོ་མི་འདུག བསྲེགས་ཟིན་པའི་མི་དེ་དག་ཉིན་གཅིག་ལ་མི་མང་འདུས་སྡོད་ཆེ་ས་ཞིག་ལས་སྲེག་ཡོད་ན་འདི་ལས་དོ་སྣང་དང་ཁྱབ་བསྒྲགས་ཆེ་བ་འགྲོ་རེད། རང་ལུས་མེ་སྲེག་མཚམས་འཇོག་ཡོང་བའི་རེ་བ་ཡོད།
བོད་མིས་རང་ལུས་རིན་ཆེན་མཆོད་མེ་ལ་མ་སྒྲོན་རོགས།
རང་རིགས་ལ་ཤ་ཚ་ཡོད་ཅིང་མི་ལུས་ལ་དོན་ཡོད་བསྒྲུབ་དགོས་ཀྱི་གསལ་བསྒྲགས་ཤིག་ཁ་བརྡ་ཚང་གིས་སྤེལ་གནང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། ལ་དྭགས་པ་ལགས་ཀྱིས་གསུངས་པ་ལྟར་་་མི་རིགས་དང་རང་ཡུལ་རང་བསྟན་ལ་ཤ་ཚ
རིགས་ཞེན་བླ་ན་མེད་པར་ཐུགས་ལ་འཆང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་མི་ལུས་རིན་ཆེན་ཧོམ་ཞལ་དུ་འཕངས་པར་ཧ་ཅང་གི་བློ་ཕམ་དང་བློ་འགྱོད་ཡོད། དཔའ་བོ་དཔའ་མོ་ཁྱེད་ལྟ་བུ་འཇིག་རྟེན་འདི་ནས་ཁ་གྱེས་པ་ལས་དངོས
སུ་འཚོ་བར་དགའ། དཔའ་བོ་དཔའ་མོ་ཁྱེད་རྣམས་བོད་དོན་གྱི་ཆེད་དུ་མྱུར་བར་བཞུད་པ་ལས་རིང་བར་བཞུགས
ན་དགའ། མི་རིགས་ཀྱི་ཆེད་དུ་ཕན་པ་བསྒྲུབ་རྒྱུའི་ཐབས་ལམ་མང་དུ་ཡོད་པས་ཐབས་ལམ་འདི་ཉིད་མི་བརྟེན་རྒྱུའི་དགོངས་པར་འཇོག་རོགས།
# 9 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
April 17th, 2014 at 10:31 AM
ང་བྱིས་པའི་སྐབས་སུ་ལ་དྭགས་ལ་རང་སྲོག་བཅད་པ་ཞིག་ཐོས་མ་མྱོང་། དཔལ་འབྱོར་གྱིས་ཤིན་ཏུ་དབུལ་པོ་ཡིན། འོན་ཀྱང་མི་རྣམས་ལ་ཆོག་ཤེས་ཡོད་པར་ངེས། དིང་སང་དཔལ་འབྱོར་གྱི་ཐོག་ནས་སྔར་ལས་བརྒྱ་འགྱུར་ལྷག་པ་ཡོད་ཀྱང་། གཞོན་པ་རང་སྲོག་གཅོད་མཁན་མང་པོ་ཞིག་ཡོད་པ་ཐོས། དཀའ་ངལ་འདི་སེལ་ཕྱིར་རང་སྐད་དང་། སྔར་གྱི་ལུགས་སྲོལ་ལ་གོམས་གཤིས་དགོས་པར་མཐོང་། དེ་བཞིན་བོད་ཡུལ་གཞན་དུ་ཡང་། རང་ཡུལ་དང་། རང་རིགས་ལ་དམིགས་པ་ཡིན་ཟེར་ནས། རང་སྲོག་གཅོད་གཏོང་བས་བོད་ཡུལ་ལ་ཕན་ཐོགས་གང་ཡང་མེད། རང་ཤི་རྒྱབ་པ་ལས་རང་སྐད་དང་རིག་གཞུང་ལ་སྦྱང་བརྩོན་གང་ནུས་བྱེད་ཐུབ་ན། དེ་ཡིས་བོད་་ཡུལ་དང་། བོད་པའི་རིགས་ལ་ཕན་པ་གཞོན་པ་རྣམས་ཀྱིས་རང་རང་གི་ཐུགས་ལ་འཇོག་པར་ཞུའོ།
ལ་དྭགས་པ་སྐུ་ཞབས་ལགས་སུ་གསལ་བཤད་ཅིག་ཞུ་རྒྱུར། གཞིས་ལུས་བོད་གངས་ཅན་པ་ཚོས་གཅིག་རྗེས་གཉིས་འཐུས་ཀྱིས་མེ་མཆོད་འབུལ་བ་དེ་དག་དཔལ་འབྱོར་དང་འབྲེལ་བ་གཏན་ནས་མེད་ལ་བོད་ཡུལ་ལ་ཕན་ཐོགས་གང་ཡང་མེད་ཙམ་མ་ཡིན་པ་ཤེས་པར་བགྱིས་ཤིག
རང་ཤི་རྒྱབ་པ་ཟེར་བའི་ཐ་སྙད་ཡང་མེ་མཆོད་དཔའ་བོ་དཔའ་མོ་དེ་དག་ཤིན་ཏུ་ནས་མི་འོས། ཁྱེད་ཀྱིས་མི་ཤེས་ན་དེ་ནི་གཞན་ལ་འཚེ་བ་སྤངས་ཤིང་། ད་ལྟའི་བོད་ནང་གི་བདེ་སྡུག་གསལ་སྟོན་ཆེད་དུ་སྔོན་གྱི་སྐྱེ་བོ་བྱང་ཆུབ་སེམས་དཔའ་དག་ངང་ཚུལ་བཞིན་རང་ཉིད་མེར་མཆོད་པ་ཤེས་རེད། བོད་པ་ཚང་ནས་རིག་གཞུང་གི་ཁེ་དབང་ཡོད་ཚད་ལེན་རྐྱང་བྱེད་པ་ལས་དོན་དངོས་བོད་དོན་མི་ཤེས་མཁན་གྱི་ལ་དྭགས་པ་ཁྱེད་ལ་སེམས་ཚོར་དེ་མེད་དུས་ཤེས་ཐབས་བྲལ་བས་གནས་སུ་འཁུམས་སོ།།
ལ་དྭགས་པར་གསལ་བཤད་བྱས་པ་དེས་མེ་མཆོད་ལས་འགུལ་མུ་འཐུད་སྤེལ་དགོས་པར་སྐུལ་མ་བྱེད་ཀྱི་མེད། བོད་མི་རེ་རེའི་ཚེ་སྲོག་ལ་གཅེས་སྤྲས་དགོས་ལ། རིན་ཐང་དེ་ལས་ཆེ་བ་ཞིག་སར་སླེབས་དགོས་རྒྱུ་དེ་བས་གལ་ཆེ།
ཁ་བརྡ་ཚང་གིས་རང་སྲེག་དོན་རྐྱེན་སླར་ཡང་མི་འོངས་པའི་ཆེད་དུ་གསལ་སྒྲགས་སྤེལ་བ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། རང་སྲེག་བྱས་ནས་གྲུབ་འབྲས་ཐོན་རྒྱུ་དཀའ་མོ་རེད། བོད་མི་ཚོས་རང་སྲེག་གཅིག་པུ་ལ་བརྟེན་ནས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་འགྲོ་རྒྱུ་ཁེག་པོ་རེད། ཡིན་ནའང་དུས་ཚོད་སྔ་ཕྱི་མ་གཏོགས་རྒྱ་ནག་གི་ཆབ་སྲིད་ལ་རིམ་གྱིས་འགྱུར་བ་འགྲོ་རྒྱུ་ཡིན་པ་གསལ་བོ་རེད། སྲིད་འཛིན་གསར་བ་ལ་རེ་བ་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། རྒྱ་ནག་གི་འགོ་ཁྲིད་སུ་ཞིག་སླེབ་ཀྱང་འུ་ཐུག་ན་མ་གཏོགས་བོད་ལ་རང་སྐྱོང་ཚད་ལྡན་ཞིག་ནམ་ཡང་སྤྲད་རྒྱུ་མ་རེད། ནམ་ཞིག་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་སྲིད་པ་དང་དེ་དུས་བོད་ལ་རང་སྐྱོང་ཚད་ལྡན་ཞིག་གི་རེ་བ་ཡོད་ལགས། །
ལ་དྭགས་པ་སྐུ་ཞབས་ལགས་སུ་གསལ་བཤད་ཅིག་ཞུ་རྒྱུར། གཞིས་ལུས་བོད་གངས་ཅན་པ་ཚོས་གཅིག་རྗེས་གཉིས་འཐུས་ཀྱིས་མེ་མཆོད་འབུལ་བ་དེ་དག་དཔལ་འབྱོར་དང་འབྲེལ་བ་གཏན་ནས་མེད་ལ་བོད་ཡུལ་ལ་ཕན་ཐོགས་གང་ཡང་མེད་ཙམ་མ་ཡིན་པ་ཤེས་པར་བགྱིས་ཤིག
གཡུ་ཐོག་བུ་ལ་ཞུ་རྒྱུ། ངས་ལ་དྭགས་ཀྱི་གནས་ལུགས་བཤད་པ་མ་གཏོགས། བོད་ཡུལ་དུ་དཔལ་འབྱོར་ཇི་ལྟར་ཡོད་མེད་ཚིག་གཅིག་ཀྱང་བཤད་མེད་པ་གོ་བར་གྱིས། ལ་དྭགས་པ་རྣམས་ཀྱིས་བལ་པོ་དང་། རྒྱ་གར་ཏིང་ནས་འོངས་པའི་མི་རྣམས་གཡོག་ཏུ་བཀོལ་བས། ལ་དྭགས་པ་མང་པོ་བསད་ཡོད་པ་ཡང་ངེས་པར་གྱིས། ཁྱེད་ཀྱིས་བགྱིད་ཀྱི་འདས་ཚིག་བགྱིས་ཞེས་པ་སྐུལ་ཚིག་ཏུ་བཀོལ་བ་ནོར་བ་ཡིན་པ་ཡང་ཤེས་པར་གྱིས། “ཕན་ཐོགས་གང་ཡང་མེད་ཙམ་མ་ཡིན་པ།” ཞེས་པ་ན། དགག་པ་གཉིས་ཀྱིས་རྣལ་མ་གོ་བ་ཡང་རྟོགས་དགོས་པ་ཡིན། དེ་ལྟར་བྱུང་ན། བོད་རིག་གཞུང་ལ་སྐད་ལ་ཕན་པར་འགྱུར་རོ།
བོད་རིག་གཞུང་ལ་སྐད་ལ་ཕན་པར་འགྱུར་རོ། ཞེས་པ། བོད་རིག་གཞུང་སྐད་ལ་ཕན་པར་འགྱུར་རོ། ཞེས་ཀློག་པར་མཛོད།
ཤེས་ན་བཀའ་འགྱུར།
བྱིས་པ་བསམ་མེད་ཚོ། ད་རང་བསྲེགས་མཚམས་ཞོགས། རང་བསྲེགས་བཏང་བས་གནད་དོན་ཐག་ཆོད་ན་བོད་དོན་ཟེར་བ་དེའང་ཚད་འདི་འདྲར་ལྷུང་མི་སྲིད། རང་བསྲེགས་གཏོང་བ་ནི་གང་ནས་བསམ་ཡང་ནག་ཉེས་བསེགས་པ་ཙམ་ལས་མ་འདས། ཕ་མ་སྡུག་ལ་སྦྱར། དགའ་ཉེ་སྤུན་མཆེད་ཚོ་སྡུག་ལ་སྦྱར་བ་ཙམ་རེད།
མདོར་ན། རང་བསྲེགས་ནི་རང་ཉིད་ལ་འགན་མི་འཁུར་བའམ་འཁུར་མི་ཐུབ་པ། ཁྱིམ་ཚང་ལ་འགན་མི་ཁུར་བའམ་འཁུར་མི་ཐུབ་པ།མི་རིགས་ལ་འགན་མི་ཁུར་བའམ་འཁུར་མི་ཐུབ་པའི་བྱིས་པ་བསམ་མེད་སྐོར་ཞིག་གླེན་རྟགས་ཁ་ཚ་བོ་ཙམ་ལས་མ་འདས་སོ། ཚེ་སྲོག་ལ་རྡོག་རོལ་གཏོང་བའི་སྤྱོད་ངན་དེའི་རིགས་མྱུར་ཏུ་མཚམས་འཇོག་རོགས། སྐུ་མཁྱེན།
ངས་བསམ་བློ་བཏང་ན། རང་བསྲེག་ལས་འགུལ་ནི་བྱིས་པ་བསམ་མེད་ཚོའི་སྤྱོད་པ་ཞིག་མ་རེད་ལ། སྡར་མ་ང་ལྟ་བུ་དག་གི་བློ་ཡི་སྤྱོད་ཡུལ་ཞིག་ཀྱང་མ་རེད། དེ་བས། རང་བསྲེག་མཚམས་འཇོག་དགོས་ན། ཐོག་མར་རང་བསྲེག་བྱེད་དོན་ངོ་མ་དེ་ཤེས་དགོས་ཀྱི་ཡོད་པ་རེད། དཔེར་ན། རང་བསྲེག་འབྱུང་རྐྱེན་ཆོས་དད་རེད་དམ་གཉའ་གནོན་རེད། གལ་སྲིད་ཆོས་དད་ཡིན་ན། དེ་ལ་དཔག་པའི་འབོད་བསྐུལ་བླ་མ་ལྷན་རྒྱས་ནས་གནང་ན་མཚམས་འཇོག་སྲིད་པ་ཞིག་རེད། ཡང་ན། གཉའ་གནོན་ཡིན་དུས། གནས་སྟངས་དེར་འགྱུར་བ་གཏོང་ཐུབ་དགོས་ཀྱི་ཡོད་པ་རེད་ལ། ཐབས་ལམ་གཞན་ཞིག་སྟོན་ཐུབ་དགོས་ཀྱི་ཡོད་པ་རེད། དེ་མ་གཏོགས་ཁ་སྟོང་བའི་ནང་ནས་ཚིག་སྟོང་བ་ལབ་པ་ཙམ་གྱིས་མཚམས་འཇོག་བྱེད་མིན་བཤད་ཁག་པོ་རེད། དེ་བས། སྐུ་ཞབས་ཅོ་རིའི་སྣེ་ཁྲིད་པའི་བགྲོ་གླེང་ནང་ཞུགས་རོགས། ཚང་མ་མཉམ་རུབ་ཀྱིས་ཐབས་ཤིག་བརྙེད་མིན་ལྟ་ཆོག
ང་ཚོས་རང་སྲེག་མི་ཡོང་བའི་སྨོན་ལམ་རྒྱག་མུས་ལ་རིན་བྲལ་ཚེ་སྲོག་བརྒྱ་དང་སུམ་ཅུ་ལྷག་མེ་ལ་ཤོར་སོང་། ད་དུང་ཇི་ཙམ་ཤོར་མིན་ཁ་མཚོན་གཅོད་དཀའ། ང་ཚོས་ཤེས་པ་ནི། རང་སྲེག་ལས་འགུལ་མགོ་བཙུགས་པ་ནས་ད་བར་ལ་ང་ཚོ་བོད་མིའི་ཆོ་ངེ་དང་། མིག་ཆུ། སྡུག་སྐད། ད་དུང་དྲན་གདུང་དེ་དག་མཚམས་ཆད་མྱོང་མེད་པ་ལ། ཕ་རོལ་རྒྱ་གཞུང་གི་མནར་གཅོད་དང་། བཅར་བརྡུང་། གསོད་བཏུབ་སོགས་ནི་དེ་བས་མཚམས་ཆད་མེད།
རྒྱལ་སྤྱི་ལ་མཚོན་ན་སྔར་གྱི་བོད་དོན་ནི་བདེན་པ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མི་རིགས་གཅིག་གི་ཤི་སོན་ལ་ཐུག་པའི་འཐབ་རྩོད་དེ་ད་ཆ་རང་རང་གི་རྒྱལ་ཁབ་སོ་སོར་རྒྱ་ནག་གི་ཚོང་འབྲེལ་འཐོབ་པའི་བར་ཆད་ཅིག་ལ་གྱུར་ཡོད་པས། རང་སྲེག་གིས་ཁོང་ཚོར་བདེན་པའི་རྒྱབ་ལངས་ཀྱི་སྟོབས་ཤུགས་ལྟ་ཅི། དེ་ལས་ལྡོག་པའི་བསུན་སྣང་དང་། ནང་མི་ལྷན་འཛོམས་ཀྱི་དགོངས་ཟས་ཅོག་ཙེའི་སྟེང་ལ་གླེང་མི་རུང་བའི་ལས་འགུལ་ཅིག་ལ་གྱུར་ཡོད།
བོད་དོན་གནས་སྟངས་ཐབས་སྡུག་ཅན་འདིར་ལྷུང་བ་འདི་ལ་རྒྱུ་མཚན་མང་པོ་ཡོད་པ་ལས་གཙོ་བོ་ནི། སུ་ཞིག་གིས་བསམ་བློར་འཁོར་མྱོང་མེད་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འདི་དང་འབྲེལ་བ་ཡོད། རྒྱ་ནག་གི་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ནང་ལ་འདི་ལྟ་བུའི་སྟོབས་ཆེན་གྱི་དུས་ཚོད་ཅིག་ཤར་མ་མྱོང་ལ། རྒྱ་ནག་སྟོབས་ཆེན་འདི་འདྲ་ཞིག་ལ་འགྱུར་བའི་སྐབས་ལ། བོད་མི་དམངས་རྣམས་རྒྱལ་ཁབ་དེའི་བཙན་གནོན་འོག་ལ་སྡོད་དགོས་པ་བྱུང་བ་འདི་བོད་ཀྱི་ལོ་རྒྱུས་ནང་གི་དུས་ཚོད་ནག་ཤོས་ཤིག་ཀྱང་རེད།
རྒྱལ་སྤྱི་ལ་མཚོན་ན། རྒྱ་ནག་ནི་མ་འོངས་པར་འཛམ་གླིང་འདིའི་ལག་པ་གཡས་པར་འགྱུར་བའི་སྔོན་དཔག་དང་། ཐ་ན་༼ངའི་ཐ་ན་འདི་ལ་རྩོད་གླེང་མང་པོ་ཡོད།༽སྟོབས་ཆེན་ཨ་རིས་ད་ལྟ་གསང་བའི་ཐོག་ནས་རྒྱ་ནག་གི་བཀའ་ཁྲོལ་ཞུ་དགོས་པའི་དོན་ཆེན་མང་པོ་བྱུང་ཡོད་པ་དཔེར་ན། རུ་སུས་ཡུ་ཀ་རན་གྱིས་མངའ་སྡེ་ཁུ་རི་མིན་ཡ་བཙན་འཕྲོག་བྱེད་སྐབས། ཨ་རིའི་གོམ་པ་དང་པོ་དེ་རྒྱ་ནག་གི་རྣམ་འགྱུར་སྒུག་པ་དེ་རེད།
རྒྱལ་སྤྱིའི་གནས་སྟངས་འདི་འདྲ་ཞིག་གི་འོག་ལ། ང་ཚོའི་རང་སྲེག་གི་ནུས་པ་དེར་འཐོབ་དགོས་པའི་བརྒྱ་ཆ་བརྒྱ་ལྷག་གི་རོགས་རམ་ལྟ་ཅི། དེ་ལ་དོ་སྣང་ཙམ་ཡང་ཡོང་གི་མེད།
གནས་སྟངས་འདི་འདྲ་ཞིག་གི་འོག་ལ། ངའི་སྤུན་ཟླ་ཚོས་རང་གི་ཤ་རུས་མེ་ལ་བསྲེགས་ནས་དྲང་བདེན་གྱི་ང་རོ་སྒྲོག་ཀྱང་། ཕྱི་ལ་ཉན་མཁན་རྣམས་ཀྱི་རྣ་ཅོག་ནི་ཁོང་ཚོའི་ཐད་ཀའི་ལྟོ་གོས་གཏམ་གསུམ་གྱིས་ཡོངས་སུ་འཕྲོག་ཟིན་པས། ང་ཚོའི་སྐད་འབོད་ལ་ཁ་ཡ་བྱེད་མཁན་ནི་དཀོན།
ཕྱི་ནང་གནས་སྟངས་འདི་དག་ལ་གཟིགས་ནས། ངའི་རེ་བ་ལ་ང་ཚོ་བོད་མི་ཡོད་དོ་ཅོག་རང་རང་གི་བསམ་བློ་ནང་ལ་བཀུག་ནས། ཕུགས་རྒྱང་གི་མི་རིགས་འདི་གསོན་གནས་དང་རྒྱུན་ཁྱོངས་སྐོར་ལ་བསམ་གཞིགས་ནན་མོ་ཞིག་བྱེད་པའི་དུས་ཚོད་ལས། སྔར་བཞིན་རང་བསྲེགས་དང་། རྒྱ་གཞུང་ལ་ཁྲོམ་སྐོར། དེ་བཞིན་རྒྱལ་སྤྱིའི་སྲང་ལམ་ཐོག་ལ་སྐད་འབོད་དང་གཏམ་བཤད་བྱེད་པའི་དུས་ཚོད་ཡོལ་ཟིན་འདུག
དེར་བརྟེན། གོ་སྐབས་འདི་བརྒྱུད་ནས། བོད་རིགས་སྤུན་ཟླ་ཚང་མར། རང་བསྲེགས་ལས་འགུལ་རེ་ཞིག་མཚམས་འཇོག་ཡོང་བའི་རེ་བ་དང་། དེའི་ཚབ་ལ་བོད་རིགས་ཕན་ཚུན་བགྲོ་གླེང་དང་། རིག་པ་འདོན་སྤེལ། ཐབས་ཤེས་འཚོལ་ཞིབ། དེ་བཞིན་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། ཐབས་ལམ་ནུས་པ་ཅན་གཞན་ཞིག་བརྙེད་པའི་ལམ་ལ་ཞུགས་རོགས་ཅེས་རེ་སྐུལ་ཞུ་རྒྱུ་ལགས།
རྒྱལ་སྤྱིའི་གནས་སྟངས་ལ་བརྟེན་ནས། སྲང་ལམ་སྐད་འབོད་མེད་པ་དང་། བོད་ནང་གི་སྲིད་བྱུས་ལ་བརྟེན་ནས། རང་ལུས་རང་སྲེག་ཀྱང་མཚམས་ཆད་ན། མི་ལེགས་སམ་སྙམ་ལགས། བདེན་པ་ཉིད་རྒྱལ་འགྱུར་ཅིག །
ད་ཐེངས་ད་ལྷ་སྡེ་གནམ་ལོ་ཡག་གིས་ནོར་ཐལ། རྒྱ་ནག་གིས་བོད་ཀྱི་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་གིན་འདུག་ཟེར་མཁན་ང་ཚོ་རེད། ཡིན་ན་ཡང་། ཕྱོགས་གཅིག་ནས་འདི་ལྟར་རང་བསྲེག་བྱས་ནས། ང་ཚོ་གསོད་མཁན་ཚོས་ང་ཚོ་སྐྱོབ་དགོས་ཟེར་ན་དེ་ཅུང་ཡ་མཚན་དགོས་པའི་སྐད་ཆ་རེད། གང་ལྟར། རང་ཉིད་བསད་ནས་གཞན་ལས་རྣམ་པར་རྒྱལ་དགོས་ཟེར་བ་འདི་ལ་གནས་ལུགས་ག་ཚོད་ཡོད་ཤེས་དགོས་འདུག སྐུ་མཁྱེན། ད་རང་བསྲེག་བྱས་ན་འགྲུབ་རྒྱུ་ཞིག་ཡོད་རེད་མདོག་མདོག་མ་གནང་རོགས། གཞིས་ལུས་བོད་མི་ཚོར་སྙིང་རྗེ་ཞིག་ཡོད་པ་གནང་རོགས།
རིག་ལྡན་ཕེབས་ནས་བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ།
བོད་ནང་གི་མེ་བསྲེག་ལས་འགུལ་ལ་གྲུབ་འབྲས་ཐོན་མིན་སུ་ཞིག་གིས་གླེང་གི་ཡོད་པ་མ་རེད། འདིེར་གླེང་བཞིན་པ་མེར་བསྲེག་མཚམས་འཇོག་ཡོང་སྟངས་གླེང་གི་ཡོད་པས། འཐབ་རྩོད་འདི་བཞིན་མཚམས་འདིར་སླེབས་སྐབས། ཇི་ལྟར་མཚམས་འཇོག་བྱེད་དུ་འཇོག་གི་ཡིན་ནམ། ངས་གོང་དུ་བཤད་ཟིན། ཆོས་དད་ལ་འབྲེལ་བ་ཡོད་ན་བླ་མ་ཚོས་འབོད་བསྐུལ་གྱིས་མཚམས་འཇོག་ཏུ་འཇུག་དགོས་པ་རེད། གལ་སྲིད་གཉའ་གནོན་གྱི་སྟེང་ནས་ཡོང་ཡོད་ན། བོད་མི་ཚོར་འབོད་བསྐུལ་ཙམ་མ་ཡིན་པར་རྒྱ་གཞུང་ལ་འབོད་བསྐུལ་དང་ལས་འགུལ་སྤེལ་དགོས་པ་རེད།
གལ་སྲིད་མེར་བསྲེག་ལས་འགུལ་མཚམས་འཇོག་འདུན་གྱི་སྙིང་རྗེ་ངོ་མ་ཞིག་བཙན་བྱོལ་ནང་ཡོང་གིབཡོད་ན། འབོད་བསྐུལ་ཞུ་ཡུལ་བོད་ནང་མ་རེད། བོད་ཀྱི་དབུ་ཁྲིད་ཡིན་ཟེར་མཁན་ཚོར་འབོད་བསྐུལ་ཞུ་དགོས་པ་རེད་ལ། ཁོང་ཚོའི་ཁྲོད་ཀྱི་གཅིག་གིས་མེར་བསྲེག་མཚམས་འཇོག་ཡོང་ཐབས་ཐད་བོད་དང་རྒྱ་གཞུང་། དེ་བཞིན་འཛམ་གླིང་ལ་འབོད་བསྐུལ་གྱི་ཚུལ་དུ་ཕྱག་མཛུབ་གཅིག་མར་མེ་ཕུལ་ནས་འཛམ་གླིང་ལ་ཡོངས་གྲགས་གནང་དགོས་པ་རེད། སྐབས་དེར་མཚམས་འཇོག་ཡོང་བར་རེ་བ་ཡོད་པ་རེད།
ཁྱེད་ཀྱིས་བལྟས་ན་དབུ་ཁྲིད་སུ་ཡག་པོ་མཐོང་གི་འདུག་གམ།
ལྷ་སྡེ་གནམ་ལོ་ཡག་གིས་རིགས་པ་ཡག་པོ་གཏོང་སོང་། ངོ་མ་རེད། དབུ་གཙོ་ཕྱག་མཛུག་མི་ཤེས་གདའ་་་་་འགའ་རེས་བོད་མི་རིགས་ལ་ཕན་ཐོག་དང་བེད་སྤྱོད་མེད་པའི་མཇེ་སྲེག་ལས་འགུལ་ཞིག་སྤེལ་ན་འཛམ་གླིང་ཞི་བདེ་དགའ་བ་ཚོས་བསམ་བློ་རེ་གཏོང་མི་སྲིད་དམ།
ཁ་བརྡ་ཚོགས་སྒྲིག་ཚུང་ལགས་་་་་་་་་་་་་་་་ཡང་བསྐྱར་ཞེས་པའི་བསྐྱར་ལ་སྔོན་འཇུག་བ་མི་འཇོག་པར་རྒྱུ་མཚན་ཡོད་དམ་་་་་་་་་་་་་་་་
ཡང་བསྐྱར། ལས། ཡང་སྐྱར་འདི་དག་པ་འདུག
གང་ལྟར་རང་སྲེག་ལ་ལྟ་སྟངས་གཉིས་ལས་མེད་པ་རེད། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་ཆོས་རིག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཞེས་པ་དེ་ཚོ་གང་ལས་ཀྱང་གལ་ཆེར་བརྩི་མཁན་ཞིག་གིས་ལྟས་ན་རང་སྲེག་བྱེད་མཁན་འདི་ཚོ་དོན་དམ་གྱི་དཔའ་བོ་དང་། རང་སྲེག་ལས་འགུལ་འདི་ཧ་ཅང་བརླབ་ཆེ་བའི་ལས་འགུལ་ཞིག་རེད། རང་ཉིད་ཀྱི་གཟའ་ཟླ་བུ་ཕྲུག་དང་ཕ་མ་གཉེན་ཉེ་སོགས་ཀྱི་དུང་བ་དང་། ཚེ་འདིས་ལྟོ་གོས་གཏམ་གསུམ་ཙམ་ཞིག་གཙོ་བོར་འཛིན་མཁན་ཞིག་ཡིན་ན་རང་སྲེག་མཁན་ཚོ་གླེན་པ་དང་། རང་སྲེག་ལས་འགུལ་འདི་ལྐུགས་པའི་བྱེད་སྟངས་ཤིག་རེད།
ཨ་ཕྱི་མོ། ཤི་བོའི་གཞུག་གི་མི་བུ་ཚོས། དཔའ་བོ་དེ་འདྲ་མང་པོ་ཞིག་གི་མཛེད་རྗེས་རྒྱུན་གསོ་ལ་ཐུགས་ཁུར་མི་བྱེད་པར། གང་ཡིན་གང་དྲན་བཤད་པ་ལ་ཚོད་ཅིག་མི་འདུག་པ་ཅི་ཡིན། དེ་འདྲ་བཤད་དགོས་བའི་དགེ་བ་ཅི་ཡོད།
བུ་རྫི་མ། ཁ་ལས་ངན་ནང་ནས་ཚིག་ཚོགས་མ་བསགས་པ་དེ་འདྲ་བཤད་སྤོབས་པའི་བདུད་ལྟ་ཞིག་ཁྱོད་ལ་གང་ནས་རག་སོང་། ཁྱེད་རང་འདྲ་བ་ཚོ་ལ་སྐད་ཆ་དེ་འདྲ་བཤད་པའི་ཐོབ་ཐང་ཡོད་པ་མ་རེད།
དཔའ་བོ་ཚོས་དགྲའི་བཙན་གནོན། མཐོང་ཆུང་། ཡ་ང་ངོ་ཚ་མེད་པའི་གདུག་སྤྱོད་སོགས་ཀྱི་སྡུག་གི་ཁུར་བོ་འཁུར་མ་ཐུབ་པར་བསྲེགས་པ་ལ། ཁྱེད་ཚོ་དགྲ་ཕྱོགས་སུ་བུད་ནས། སྐད་ཆ་དེ་འདྲ་བཤད་དོན་ཅི་ཡིན། མ་བསྲེགས། མ་སྡུག། མ་འཕགས། མ་བསྒྲགས། མ་གླེང་། མ་སྐྱིད་པར་འདུག་མི་དགོས་བར་གནས་ཐུབ་པའི་དགྲ་ལག་དཀར་པོ་ཞིག་ཡོད་ན། ཁྱེད་ཚོ་ཕྱི་རྒྱལ་ཁག་གི་སྐྱག་གཟན་ཚོ། དགྱ་འདྲེ་ཚང་ལ་སྐྱིད་རྒྱག་དུ་མི་འགྲོ་བར་ཅི་བྱས་ནས་བསྡད་ཡོད།
ད་དུང་མེ་ལ་སྲེག་ཟེར་བའི་ནུས་བ་ཞིག་ཡོད་མདོག། མ་སྲེག་ཟེར་བའི་ནུས་བ་ཞིག་ཡང་ཡོད་མདོག། ཁྱེད་ཚོ་སྐྱག་པ་ལ་མ་རེད།
བོད་ཕྱི་ནང་གི་བོད་མི་དཔའ་བོ་སུ་ཞིག་ཡིན་ན་ཡང་། འགན་རང་སྟེང་དང་། ཐག་རང་གཅོད་ཀྱིས། བོད་རྒྱལ་ཁབ་རྩ་བ་རྡོག་རྡོག་ཞིག་དང་། དགྲ་ནག་པོའི་ལག་ནས་ཐར་ཐབས་ཞིག་ལ། རྒྱལ་ཁབ་ཞིག་དང་མི་རིགས་ཞིག་གི་རིན་ཐང་ལ་བཞག་པའི་རང་ལུས་ཀྱིས་གང་འཇོན་གྱི་རྒྱལ་ཞེན་ལས་འགུལ་ལ། དེ་འདྲ་ཡིད་མི་དགའ་བ་ཅི་ཡིན། ངོ་གནོང་དགོས་དོན་ཅི་ཡིན།
རིག་པ་གྲུང་མདོག། གསོན་ན་བཟང་མདོག། ཁ་གོག་མཁས་མདོག་པ་ཚོ་དོན་ཤོག་དང་། འཇོན་མི་འདུག་པ་ང་ཚོ་རེད་མ་གཏོགས་དཔའ་བོ་ཁོ་ཚོ་མ་རེད། མ་ཎི་རེ་བཏོན་ནས་བསྡད་འདུག་པ་ང་ཚོ་རེད་མ་གཏོགས་ཁོང་ཚོ་མ་རེད། ཁ་རྒྱགས་པ་རེ་བཤད་ནས་ནུས་བ་ཡོང་གི་མ་ཟེར་མཁན་ཁྱེད་ཚོ་ལས་ཁོང་ཚོ་མ་རེད།
བོད་མི་དཔའ་བོ་ཚོའི་ཚེ་སྲོག་ལས་འཕྲོས་ནས། ང་ཚོས་ཅི་ཞིག་བྱས་ན་བཟང་ངམ། ང་ཚོས་སུ་ལ་འཁོན་ན་བཟང་ངམ། ང་ཚོས་སུ་ལ་རེ་ན་བཟང་ངམ། ང་ཚོ་གང་ནས་འཛོམས་ན་བཟང་ངམ། ང་ཚོས་ག་རེ་བཤད་ན་བཟང་ངམ། ཤོད་དང་། ཕྲོས་དང་།
ཁ་ཕྱིར་ལ་འཁོར་ནས་གང་ལ་འགྲོ། གྱོད་ནང་ལ་བཤད་ནས་སུ་ལ་ཕན། ལམ་སྟོན་མེད་པར་ཁ་རྡུང་གིས་སུ་ཞིག་སྐྱོབས། འཐབ་རྩལ་མེད་པར་བྱོལ་རྩལ་གྱིས་གང་དུ་ཡུབ། བྱ་བ་ཅི་ཞིག་ལས་བ་ལས་གང་ཞིག་ལས་ན་བཟང་ངམ། ཤོད་དང་།
ཆུ་རྐ་ལས་ཤེས་ན། ཆུ་ཡང་བཞུར་ཡོང་བ་ཆོས་ཉིད་ཡིན་པས། ལམ་སྟོན་གྱི་སྒྲོན་མེ་ཡོད་ན་དོན་ཤོག་དང་།
ངས་ངོས་ནས་བྱས་ན་༢༠༡༠ལོ་ནས་སྐུ་ལུས་མེར་སྲེག་གནས་སྐབས་རིང་མཚམས་བཞག་རོགས་ཅེས་རེ་འབོད་ཀྱི་རྩོམ་ཡིག་ཞིག་བྲིས་མྱངས་ཡོད། རྒྱུ་མཚན་ཡོད།
རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་ལུས་མེ་ལ་བསྲེགས་ནས་བོད་རང་དབང་རང་བཙན་ལ་རེ་འབོད་བྱས། བོད་མི་རིགས་རྡོག་རྩ་ཆིག་སྒྲིལ་གནང་རོགས་བྱོས་ཅེས་ཁ་ཆེམས་བཞག་ནས་ཡོད་ཚོད་བློས་བཏང་ནས་ཕྱི་མའི་ཡུལ་དུ་ཕེབས་སོང་། ཡིན་ཀྱང་འདི་ཕྱི་རྒྱུ་འབྲས་མེད་མཁན། དྲང་བདེན་གྱི་དགྲ་བོ། ཉམ་ཆུང་ཚོའི་གཉའ་བའི་མྱི་ངན་གླུད་རྫས་འདྲ་བ་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་འབོད་ལ་ལོག་འགྲེལ་བརྒྱབས་ནས་ཁ་སྒྱུར་བྱས། བོད་མི་རིགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་ཅེས་ཁ་ཆེམས་བཞག་པར་བརྩིས་མེད་རྡོག་རོལ་བཏངས་ནས་བོད་མི་ནང་ཁུལ་དུ་མཐུན་ལམ་དགོས་ཅེས་བཤད་མཁན་ཙམ་བྱུང་ནའང་དགྲ་བོ་མཐོང་མཐོང་བྱེད་བཞིན་ཡོད། བོད་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁ་ཅིག་གིས་རང་ལུས་ལ་གྲི་བཙུགས་ཟུགས་ཁྲག་ཕྱི་ལ་བཏོན། ཟུངས་ཁྲག་གིས་བོད་རང་བཙན་དགོས་ཅེས་བྲིས་པ་ཡང་ཡོད། ཡིན་ཀྱང་འདི་ཕྱི་རྒྱུ་འབྲས་མེད་མཁན་གྱི་གླུད་རྫས་ཚོས་བོད་རང་བཙན་འདོད་མཁན་གྱི་བོད་མི་རྣམས་དགྲ་བོ་མཐོང་མཐོང་བཟོ་བཞིན་ཡོད། གནད་དོན་འདི་དག་གི་ཐོག་ཏུ་བསམ་བློ་བཏངས་ན་བཟོད་དཀའ་བའི་སྡུག་བསྔལ་སེམས་ལ་མནར་བཞིན་ཡོད།
རང་སྲེག་ཇི་ལྟར་བྱུང་མིན་དང་ཁོང་ཚོའི་དགོས་དམིགས་དག་ངོས་འཛིན་གསལ་བོ་བྱེད་དགོས། དེ་ཤེས་སོང་ན་ང་ཚོས་རང་བསྲེགས་དེ་དག་ནོར་བ་རེད་ཅེས་བཤད་མི་ཐུབ། དེ་དག་གིས་ཅི་ཡང་ཕན་མེད་ཅེས་ཀྱང་བརྗོད་མི་ནུས། དེ་བས་ཀྱང་རང་སྲེག་གིས་མུ་མཐུད་དེ་གནང་དགོས་ཞེས་ཤོད་ཐུབ་མཁན་ནམ་འདོད་མཁན་ཞིག་ཀྱང་མེད། འོན་ཀྱང། ང་ཚོས་ཤ་ཚ་དང་སྙིང་རྗེས་གཡོས་ཏེ་རང་སྲེག་མ་གནང་རོགས་ཞུས་པ་ཙམ་གྱིས་མཚམས་འཇོག་གི་རེད་དམ། རྒྱ་ནག་གཞུང་གིས་རང་སྲེག་གི་དོན་རྐྱེན་འདི་མ་བྱུང་ན་བསམ་ནས་འགོག་ཐབས་ཅི་ཙམ་བྱེད་ཀྱིན་འདུག འགོག་ཐུབ་ཀྱིན་མི་འདུག་ག ཅིའི་ཕྱིར། ངའི་རྨོངས་ཚོད་ལ་འདི་ནི་སུས་ཀྱང་མ་བསྐུལ་བའི་ཆེས་ཚད་མཐོའི་ཞི་རྒོལ་ཞིག་རེད། རང་སྲོག་དཔང་དུ་བཙུགས་པའི་བདེན་དོན་བརྩོན་ལེན་གྱི་ཞི་རྒོལ་ཞིག་རེད། དེ་བས་ཁོང་ཚོའི་སྡུག་བསྔལ་དེ་མ་སེལ་བར་དུ། རེ་སྨོན་དེ་མ་གྲུབ་བར་དུ་ཞི་རྒོལ་འདི་དང་འདི་མཚུངས་མུ་མཐུད་འབྱུང་ངེས་ཡིན། འདི་ནི་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བ་དང་ཉི་ཤུའི་བོད་མི་དམངས་ཀྱི་བདེན་བདར་སྙིང་སྟོབས་ཀྱིགསར་བ་དེ་རེད། རྦ་ཆུ་སུ་ཡིས་འགོག སུ་ཡིས་ཟློག དེས་ན་ང་ཚོས་རྦབ་ཆུ་འདིའི་ནུས་པ་ཇི་ལྟར་སྐྱེད་དགོས་སམ། རེ་སྨོན་ཇི་ལྟར་སྒྲུབ་དགོས་སམ། དྲི་བ་འདིས་ང་ཚོ་རང་ཉིད་ལ་རང་ཉིད་སྙིང་རྗེ་རུ་འཇུག་གམ། རང་ཉིད་ནུས་མེད་ཉམ་ཆུང་དུ་གཏོང་ངམ། ངས་ངོ་མ་བཤད་མི་ཤེས། ངས་བཤད་འདོད་པ་དེ་སྔ་ས་ནས་བསྒྲགས་ཚར། ངས་འཆི་རྒྱུར་ཐག་བཅད་པའི་དཔའ་རྒོད་དེར་ཅི་ཞིག་གི་རོགས་ཕན་ནུས་སམ། ང་འདྲའི་སྡར་མ་ཚོས་འཆི་རོགས་མི་ནུས། ང་འདྲའི་རྨོངས་པ་ཚོས་ཐབས་ནི་མི་རྙེད། ད་ཅི་ཞིག་བྱའམ་་་་་
ཁ་བརྡ་ཚང་གི་རེ་སྐུལ་དང་བཅས་པའི་མཆན་འདི་རིགས་ངས་ཚགས་ཤོག་ཐོག་འགོད་ཆོག་པ་གནང་རོགས།
རང་ཉིད་རང་དབང་ལུང་པ་སྐྱིད་ས་བདེ་ས་ཤིག་ལ་སྡད་ནས་ད་ཁྱོད་ཚོས་རང་སྲེག་མ་བྱེད་ཟེར་བ་ནི། ངོ་མ་བཤད་ན་ཁྱོད་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་མེད་ན་མེད། རང་དབང་མེད་ན་མེད། གཉའ་གནོན་གྱི་འོག་ལ་སྡུག་སྒུར་བྱེད་ནས་སྡོད་དང་དགའ་ནི་རེད་ཟེར་བ་དང་གཅིག་པ་རེད། ཁྱོད་ཚོས་རང་སྲེག་གནང་མཁན་ཚོའི་སེམས་ཚོར་ཤེས་ཀྱི་ཨེ་ཡོད། ཉེ་ཆར་མནར་གཅོད་ཀྱི་འོག་ནས་གྲོང་པའི་སྒོ་ཤུལ་བློ་བཟང་ལགས་ཀྱི་ཞལ་ཆེས་དེ་མཐོང་ཨེ་སོང་། ཁོང་ཚོས་ཚེ་སྲོག་གི་རིན་ཐང་མ་ཤེས་པ་དང་། ཕ་མ་གཉེན་ཉེའི་དུང་བ་མེད་པ་ཞིག་ག་ལ་ཡིན། དེས་ན་ང་ཚོས་མགོ་ཡག་པོ་འཚོས་པ་བྱེད་སྟེ་སྐད་ཆ་བཤད་རྒྱུ་གལ་ཆེན་པོ་རེད།
ལྷ་མོ་སྐྱབས། རྟ་ཕོ་ལ་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་རེད་ཟེར་ནས་བཤད་སོང་མོ་། ཁྱོད་ཀྱི་རྟ་ཕོ་ཁུག་རྟའི་རྒྱུག་ཤེད་ཅི་འདྲ་ཁུ། དམངས་གཙོའི་ཐང་ཆེན་གཅོད་དུས་རྒྱུག་ཤེད་མེད་ཁུ་ཟེར་ཨ་་་ཧཧ ཁྱོད་ལ་ཁག་མེད་་་ཅི་ཞིག་བྱ་དགོས་མི་ཤེས་པར་བདེན། མདོ་སྨད་མི་དམངས་ཀྱི་བསམ་ཚུལ་ཡང་ཁྱོད་ཀྱིས་མི་ཤེས་ཁུ་མོ། ད་ལན་འོས་བསྡུ་དེས་ཁྱོད་ལ་གསལ་བཤད་ཡག་པོ་བཟོས་ཐལ། རྗེས་སུ་ཧམ་རྒྱུག་མ་བྱེད། ཅི་ཞིག་བྱ་དགོས་མིན་མ་ཤེས་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཁ་ཆེམས་བཞག་ཡོད་ཁུ་མོ། དེར་བྱོས་དང་འགྲིག་འོང་གི་རེད། རྒྱལ་ཞེན་བོད་ཞེན་ཆེ་ཙམ་བྱོས། སྐར་ལྔ་དར་ལ་སྡང་ཙམ་བྱོས།་་ཧཧཧ
སྤྲུལ་སྐུ་བསོད་བྷེ་མཆོག་གི་ཁ་ཆེམས་ཁྱོད་ཚོས་ཨེ་དྲན་ཁུ། དྲན་ན་ཅི་གསུངས་ཡོད་ཁུ། རང་གི་སྲིད་གཞུང་ཞིག་དགོས་ཁུ་གསུངས་ཨེ་ཡོད་ཁུ། བོད་རྒྱལ་ཁབ་ཀྱི་ཆེད་དུ་ཤི་ཐུབ་ནི་ཅན་པོས་ཤོད་ནི་པོ་སེམས་ལ་བཞག་མྱངས་ཨེ་ཡོད་དམ། བདེན་དྲང་དང་རྒྱུ་འབྲས་ཡོད་ཟེར་ནི་ཅན་པོ་གང་ཞིག་ན་བུད་ཐལ།
༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ་དང་རང་དབང་བརྩོན་ལེན་བྱེད་མི་ཆོག་པ་རྒྱ་གཞུང་གི་སྲིད་ཇུས་ཤིག་རེད། དེ་དང་བརྒལ་ན་ཉེས་པ་གང་བྱུང་དུ་བཙུགས་ནས་རྡུང་རྡེག་དང་བཙན་གནོན། བཙོན་འཇུག་རྒྱུན་རིང་བྱེད་ཀི་ཡོད། དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་བོད་ནང་གི་དཔའ་བོ་གྲྭ་བྷེ་གཉིས་ཀྱི་མེ་སྲེག་གི་ཤུགས་རྐྱེན་འཕེལ་ཏེ་ད་སྔ་བོད་ས་ཡོངས་སུ་སྐྱ་སེར་དབྱེ་བ་མེད་པར་མི་གྲངས་བརྒྱ་དང་སུམ་བཅུ་བརྒལ་བས་རང་སྲེག་བྱས་ཡོད། འདིས་བོད་ཀྱི་སྲིད་དོན་གནས་བབ་ལ་ཕན་ཐོག་བྱུང་ཡོད་ལབ་ན་ཧ་ཅང་བཤད་ཁག་པོའི་གནས་སུ་གྱུར་བ་ཚང་མས་ཤེས་གསལ་རེད། འོ་ན། ག་རེ་བྱུང་འདུག་ལབ་ན། མེ་སྲེག་གཏོང་མཁན་རྣམ་པའི་ཕ་མ་སྤུན་མཆེད། བཟའ་མི་བུ་ཕྲུག་རྣམ་པའི་སེམས་ངོར་སོས་མི་ཐུབ་པའི་རྨ་ཁ་ཆེ་ཆེར་བཟོས་ཡོད། མ་གཞི་ནས་ཚེ་སྲོག་གི་འཕགས་མཆོང་ག་འདྲ་བརྒྱབ་རུང་རྒྱ་ནག་དམར་པོ་དམངས་གཙོ་མ་འགྱུར་བར་དུ་འུ་ཚང་ལ་ཆེས་མཐའ་མའི་རང་སྐྱོང་རེག་མིན་ཡང་བཤད་དཀའ་བའི་གནས་སུ་གྱུར། དེ་བས་ཕ་མས་གནང་བའི་ཚེ་སྲོག་ལ་བདག་གཅེས་བྱེད་རོགས་གནང་ཞེས་ཞུ་ཐལ་ཤོར་སོང་།
ཁ་བརྡ་ཚང་གི་རྩོམ་སྒྲིག་པས་རེ་འབོད་འདི་འདྲ་སྤེལ་བ་བོད་ལ་དུང་ཞེན་ཡོད་པས་མི་ཞིག་ཡིན་པས་ཆ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རེ་འབོད་འདི་ནི་འགྱངས་མེད་ན་སྔ་རྩ་བ་ནས་མེད་ཉམས། ད་དུང་རེ་འབོད་འདི་འདྲ་བོད་ནང་ལ་སྤེལ་རྒྱུ་ནི་དེ་ལས་ལྷག་པའི་གལ་ཆེ་རེད་ཉམས། རྒྱུ་མཚན་ནི་དེ་རིང་བར་དུ་བོད་མི་དཔའ་བོ་དཔའ་མོ་བརྒྱ་དང་སུམ་ཅུ་ལྷག་གི་རིན་བྲལ་གྱི་མི་ལུས་རིན་པོ་ཆེ་མེ་སྲེག་བྱས་ཟིན་པ་རེད། རྒྱལ་ཕྱི་ནང་གི་བོད་དོན་གྱི་གནས་སྟངས་དེ་སྔར་བཞིན་ལྷག་འདུག་ལ་རྒྱས་ང་ཚོར་གཉའ་གནོན་ལྡབ་བརྒྱ་ཤུགས་ཆེ་རུ་སོང་ཡོད་པ་ཀུན་གྱི་ཤེས་གསལ་ལྟར་རེད། དེ་མིན་མེ་སྲེག་གི་འགོ་བཟུང་བ་ནས་ད་བར་ང་ཚོ་རང་དབང་ལུང་པ་ལ་ཡོད་པའི་བོད་མི་རྣམས་ཀྱིས་མེ་སྲེག་བྱུང་ཐེངས་རེད་དེར་འཛིན་པའི་རྣམ་འགྱུར་ཐད་ལ་ག་ཚད་འགྱུར་ལྡོག་སོང་ཡོད། དཔེར་ན། དཔའ་བོ་ཐོག་མ་མེ་སྲེག་བྱས་རྗེས་སྐད་འབོད་རྒྱག་མཁན་དང་སྐྱ་སེམས་ཀྱིས་བརྒྱལ་མཁན་དང་། སེམས་སྐྱོ་ནས་ཉིན་ཤས་རིང་ལ་ཟས་ཟ་ན་མི་འདོད་མཁན་ནི་གྲངས་མེད་ཡིན་ཟེར་ན་མི་ཆོག་རྒྱུ་མེད་པ་ལྟ་བུ་རེད། ཡིན་ཡང་དེ་རིང་གི་ཉི་མ་དཔའ་བོ་དཔའ་མོ་བརྒྱ་དང་སུམ་ཅུ་ལྷག་གི་མེ་སྲེག་བཏང་ཟིན་རྗེས་ཀྱི་ཉི་མ་འདིར། ཕྱི་རུ་ཡོད་མཁན་གྱི་སྔར་ཡོད་པའི་སེམས་ཤུགས་དང་སྐྱོ་བ་སོགས་རིམ་གྱི་མེ་སྲེག་དོན་རྐྱེན་ལ་གོམས་པ་ནང་བཞིན་ཡལ་མེད་དུ་གྱུར་འདུག འདིར་ངས་མེ་སྲེག་མཚམས་འཇོག་རོགས་ཞེས་འབོད་སྐུལ་བྱེད་བཞིན་ཡོད། བོད་མི་རིགས་ལ་ཕྱིར་མི་གྲངས་ཉུང་པ་ཡིན་ཚེ་ད་ཁྱེད་སེམས་ཤུགས་དང་བློ་རིག་ལྡན་པའི་དཔའ་བོ་དང་དཔའ་མོ་འདི་འདྲ་མང་བ་ཞིག་སྐར་ཆ་ཁ་ཤས་ནང་མེད་དུ་གྱུར་བ་ནི་ང་ཚོའི་མི་རིགས་ལ་མཚོན་ན་ཆེས་གྱོང་གུན་ཆེན་པོ་ཞིག་རེད་ལགས། དེ་མིན་ཕ་ཅིག་ཡིན་ན་ཕས་འགན་ཁུར་རྒྱུ་དང་མ་ཅིག་ཡིན་ན་མས་འགན་ཁུར་ནས་རང་གི་བུ་དང་བུ་མོ་རྣམས་སློབ་གྲྭ་གཏོང་ནས་མ་འོངས་པ་བུ་ཕྲུག་དེ་ཚོ་རིག་གནས་དང་འཇོན་ཐང་ཡོད་མཁན་རེ་ཆགས་བཅུག་ན་ང་ཚོའི་མི་རིགས་འདི་དེ་ལས་ཡུན་རིང་ལ་གནས་ཐུབ་པ་མ་ཟད་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཀྱང་ཡུན་རིང་ལ་གནས་ཐུབ་པ་ཐེ་ཚོམ་མེད། དེའི་ཕྱིར་མེ་སྲེག་གི་མཚམས་འཇོག་རོགས་ཞེས་ཡང་ཡང་འབོད་སྐུལ་ཞུས་པ་ཡིན་ནོ།
ལོང་རྟོགས་ལགས། ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་ཚོ་ཁ་གསལ་པོ་རེད། འདི་འདྲའི་དངོས་ཡོད་ཀྱི་དགྱ་མིའི་གདུག་རྩུབ་ལ་མ་བཟོད་པའི་སྐད་ཆ་ཤེས་བཞིན་དུ་མི་བཤད་མཁན་ཉུང་ཙམ་འདུག། མི་ཁ་ཤས་ཤིག་གིས་དེའི་ཅིག་ག་ལ་ཚད། བོད་ནང་གི་དཔའ་བོ་དེ་ཚོས་སྐྱིད་མ་ཐེག་པར་ཤི་བ་འདྲ་བོ། རང་གི་ཁྱིམ་བུ་ཕྲུག་ལ་ཤ་ཚ་མ་ཤེས་པར་ཤི་བ་འདྲ་བོ། ཕྱི་མི་ཚོས་བསླུས་ནས་ཤི་ཡོད་པ་འདྲ་བོ། བསམ་བློ་གཏོང་མི་ཤེས་བའི་གླུན་པོ་སོགས། དགྲ་བོ་དགྱ་དམར་ཚང་གིས་ཉེས་བ་དང་གཉའ་ནོན་དག་ཐབས་ལ་བཤད་པའི་སྐད་ཆ་འདྲ་བོ་རྐྱང་བཤད་ཡོང་གི།
ད་དུང་ཅིག། བཙན་བྱོལ་བ་ཚོ་མ་འགྲིག་པ། ༧རྒྱལ་བ་མཆོག་མ་འགྲིག་པ་སོགས། དགྱ་ནག་མི་སྤྱོད་ལས་འདུས་བའི་བྱ་སྤྱོད་ལ་སྐད་ཆ་བཤད་མི་འདོད་པའི་ཁག་གཅིག་འདུག། སེམས་རྩ་ལ་གདོན་ག་འདྲ་འདྲ་ཞིག་ཞུགས་པ་ཡིན་པ་གང་ཤེས།
དགྱ་ལ་བློ་མཐུན་ཡིན་ན། བློ་མཐུན་ཡིན་པའི་སྐད་ཆ་བཤད་སྟངས་ཡོད་རེད་པ་ཨ། བློ་མཐུན། ཁྱེད་ཚོའི་ལག་པ་ནས་ང་ཚོའི་སྤུན་ཟླ་མང་པོ་ཞིག་ཤི་འགྲོ་གི་འདུག། ཁོང་ཚོ་མི་ཤི་སྤྱད་ལ་སྲིད་ཇུས་ལྷོད་ཡང་དང་འགྲོ་བ་མའི་ཐོབ་ཐང་སྤྲོད་རོགས་ཟེར་ན་འགྲིག་གི་རེད་པ་ཨ། ཡིན་ན་ཡང་དེ་འདྲ་ནི་ཟེར་འདོད་མེད་པ་འདྲ།
གང་ལྟར།
དབྱིན་ཇི་དང་ཨ་རི་གཉིས་ལ་བོད་དོན་རྩིས་ལེན་བྱེད་འདོད་མེད་ན་ཡང་། མི་བྱེད་རང་བྱེད་ལ་ཆགས་ཡོད་པའི་འོས་འགན་ཡོད་པ་རེད། གཅིག་ནས་ད་ལྟའི་སྟོབས་ལྡན་རྒྱལ་ཁབ་དང་གཉིས་ནས་དགྱ་མ་ཡོང་སྔོན་ལ་བོད་བཅོམ་དུ་ཡོང་མཁན་གྱི་གཏེ་བོ་ཚོ་ཡིན་པས། ས་རྒྱུས་ཆུ་རྒྱུས་དེ་ཙམ་མེད་ན་ཡང་། རྒྱལ་རྒྱུས་གང་ཙམ་མེད་པར་བཙན་འཛུལ་དུ་ཡོང་ཟེར་ན་རྣ་བར་མི་འགྲོ་བའི་སྐད་ཆ་ཡིན་པ་རེད།
ང་ཚོར་རྒྱབ་སྐྱོར་ལ་ལེན་རྒྱུའི་རྒྱབ་ཁབ་མང་པོ་རེད། དེ་དག་ལེན་ཤེས་ཀྱི་བློ་བཀོད་ཐབས་ཇུས་ཀྱིས་མ་འདང་བ་ལས་རོགས་བྱེད་མེད་སོང་བ་དེ་འདྲ་མ་རེད། རོགས་མི་ཐུབ་པ་དེ་འདྲ་ཡང་མ་རེད། གཙོ་བོ་དགྱ་ནག་གི་ངན་ཇུས་དང་ལྐོག་ཇུས། ངན་སྐྱོན་རང་བཞིན་ལྡན་པའི་མྱི་གཞི་སོགས་ཐར་འདོན་དང་ཉན་ཚབ་ཆེ་བའི་ར་སྤྲོད་ཐུབ་ན། ང་ཚོ་རྒྱལ་བས་མ་ཚད། དགྱ་དམངས་དང་འཛམ་གླིང་ཞི་བདེ་ལ་ཐག་ཇེ་ཉེ་འགྲོ་རྒྱུ་ལས་ལམ་གཞན་མེད། དགྱ་ནག་གི་ལྟ་སྤྱོད་འདི་འཇིག་རྟེན་འདི་ནས་མཐའ་སྤྲོད་བྱེད་དགོས་བ་གསལ་སྤྲོད་ལམ་སྟོན་ཡོད་པ་དགོས།
མཐའ་སྐྲོད། གསལ་དཀྲོལ། བཅོས་སོ།
བཀྲོལ།
དེ་རིང་འདིར་ཁ་བརྡ་ཚང་གིས་དགོས་ངེས་ཀྱི་འབོད་སྐུལ་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ང་རང་སྒེར་ངོས་ནས་སྔོན་མ་ནས་མཚམས་འཇོག་ཕྱོགས་ལ་འབོད་སྐུལ་ཞུས་པ་ཡིན། ཡིན་ཡང་ཚོར་བ་རང་ཐོག་ལ་མི་བསམ་མཁན་དང་གཡོ་སྒྱུ་ཅན་མང་པོ་ཞིག་གིས་འབོད་སྐུལ་ལ་མི་འདོད་པའི་རྣམ་པ་སྟོན་བཞིན་པ་དེ་རིང་འདིར་མཐོང་བ་བཞིན་རེད། འདི་ཚོའི་གྲལ་གྱིས་ནམ་ཡང་ཚོར་བ་རང་ཐོག་ལ་བསམ་གཞིགས་བྱེད་མི་ཐུབ་པ་མ་ཟད།ཁོང་ཚོའི་ས་གནས་སུ་དེའི་རིགས་ཀྱི་དོན་རྐྱེན་ཅི་ཡང་བྱུང་མེད།དེས་རྐྱེན་ཆབ་སྲིད་ཀྱི་སྐད་ཆ་ཞིག་ཁོ་ནའི་སྟེང་འགྲོ་གི་ཡོད། སྐད་ཆ་དེ་ནི་མ་བཤད་ཀྱང་ཚང་མས་ཤེས་གསལ་རེད།
རང་སྲེག་ལས་འགུལ་འགོག་ཐབས་ཀྱི་འགན་ཆེ་ཤོས་དེ་དབུ་མ་བ་རྣམས་ལ་འདུག།
གང་ཡིན་ཟེར་ན་རང་སྲོག་ཤོར་ནས་རང་གི་ཉེ་འཁོར་རྣམས་སྡུག་ལ་སྦྱོར་བས་རང་
ལ་གནོད་པ་དང། རྒྱ་ནག་གི་ཁྲིམས་དང་འགལ་ཞིང་རྒྱ་ཡི་དཔོན་རིགས་ཚོའི་སེམས་
ལ་རྨ་འབྱིན་པས་གཞན་ལ་གནོད། གཉིས་ཕན་ལས་ལྡོག་ཏེ་གཉིས་གནོད་དུ་སོང་བས་
ཅིས་ཀྱང་རང་སྲེག་གི་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་བསླབ་བྱ་གནང་རན་འདུག།
རན་པའི་མི་ཚད་ཕྱི་ལེ་འདྲ།
རང་སྲེག་པ་ལྐུགས་པ་རེད་ མི་ཚེ་འཕྲོ་བརླག་རེད་ སོགས་མ་ཤོད་ ནོར་བ་རེད་ རྒྱ་མིའི་ད་ག་རང་ཤོད་ཀྱི་འདུག་ ངས་རང་སྲེག་བྱེད་རོགས་ཅེས་སྐུལ་མ་བྱས་ནས་རང་སྲེག་བྱེད་ཀྱི་མ་རེད་ རང་སྲེག་བྱེད་རྒྱུ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་མནོ་བསམ་རིང་པོ་བཏང་ནས་རང་གི་ངང་གི་བློས་ཐག་བཅད་པ་ཞིག་ལས་མིས་བཤད་ཚད་ལ་ཉན་པ་ཞིག་མ་རེད་ དེ་བས་ཐབས་བྱུས་དེ་ཡང་རིག་པ་དང་རྣམ་དཔྱོད་བཏོན་ནས་གནང་བབས་ཞིག་ལས་དཔའ་རྟུལ་རྣམས་སྤྱིར་སྟངས་ཞིག་མིན་པ་གསལ་པོ་རེད་ སྤྱིར་ན་རང་བསྲེགས་བྱེད་བབས་དེ་སྐབས་དང་དུས་ཀྱི་ལས་འགུལ་ཞིག་རེད་ འོན་ཀྱང་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱེད་བབས་དེ་རྒྱལ་ཁབ་དང་རྒྱལ་ཞེན་གྱི་ཐོག་ནས་བཤད་ན་བློས་བཏང་ཆེ་ཤོས་དེ་རེད་ འདི་ནི་བཙན་པོའི་རྒྱལ་ཁབ་སྐབས་དཔའ་རྟུལ་ཚོས་དགྲ་བོའི་མགོ་བོ་བཅད་དེ་བོད་ལ་རྒྱལ་ཁ་ལོན་པ་དང་གཅིག་མཚུངས་རེད་ ང་ཚོ་ཕྱིར་སྡོད་མཁན་ཚོས་དཔའ་རྟུལ་གྱི་བཀའ་དྲིན་དྲན་པའི་ཐོག་ནས་འདི་ལྟར་བསམ་གཞིགས་དང་གླེང་སློང་བྱེད་པ་འདི་བོད་ཀྱི་མདུན་ལམ་ལ་ཕན་ཐོག་ཡོད་པ་ཞིག་རེད་དོ་ འོན་ཀྱང་སྐབས་དང་དུས་འདི་ལྟ་བུར་ང་ཚོར་ཐབས་བྱུས་འདི་ལས་མ་བརྙེད་ མ་འོངས་བོད་མི་རིགས་ཀྱི་རླུང་རྟ་འཕར་བའི་སྐབས་ང་ཚོར་མགོ་འཁྲིད་དཔའ་རྟུལ་ཞིག་ཡོང་རྒྱུ་ཡིན་ལ་དེ་སྐབས་ང་ཚོ་བོད་མི་རེ་རེས་མནའ་སྐྱེལ་དམ་བཅའ་བཞག་ཏེ་ཕ་བསད་པའི་དགྲ་ཤ་ལེན་རྒྱུ་དང་དགྲ་བོ་ཕམ་ཉེས་བཏང་ཏེ་ཕ་ཡུལ་ལག་ཏུ་ལེན་རྒྱུ་དེ་རེད་ སེམས་ཤུགས་ཀྱི་མེ་ལྕེ་དེ་མི་རབས་ནས་མི་རབས་སྤར་ཡོད་ལ་རང་སྲེག་པ་ཚོས་ཀྱང་སྤར་ཡོད་ ད་ཆ་དགྲ་བོའི་རྒྱུགས་ཁྱི་མང་པོ་དྲ་ཐོག་འདིར་ཡོད་པ་རྣམས་ཡག་པོ་ཉོན་ མགྱོགས་མྱུར་ཁྱོད་ཚོར་རྩིས་རྒྱག་བྱེད་ཆོག་
ཁ་བརྡ་ཚང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
ཡིན་ནའང་རང་ལུས་མེར་བསྲེག་དེ་རྒྱ་བོད་གཉིས་ཀའི་ཕྱོགས་ལ་འབྲེལ་བ་དམ་ཟབ་ཡོད། རྒྱ་གཞུང་གི་ཕྱོགས་ནས་བོད་མི་རིགས་ཀྱི་རིག་གཞུང་གཏོར་བརླག་དང་བོད་མི་ཉམ་ཆུང་དག་ལ་དྲག་གནོན་ཚད་ལས་བརྒལ་བ་བྱས་རྐྱེན་གྱིས་སྡུག་བསྔལ་བཟོད་མ་ཐུབ་པ་དང་། བོད་རང་ཕྱོགས་ནས་བཙན་བྱོལ་གཞུང་གིས་ཅི་ཡང་མི་འཇོན་པ་མ་ཟད་མཁས་དབང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་དངོས་སུ་ངན་བསྐུལ་གང་མང་མང་ཞུས་པ་དང་། ༧གོང་ས་མཆོག་གིས་ཡང་རང་ལུས་མེར་བསྲེག་ཐད་བཟང་ངན་གང་ཡང་མེད་པའི་སྨྲ་བཅད་གནང་བ་སོགས་ཀྱི་རྐྱེན་བྱས་ནས་རྒྱུད་བསྐུལ་ལ་རེ་བ་བརྒྱབ་པ་དང་སྨྲ་བཅད་ལ་ཨུ་ཐུག་དང་ཡིད་ཆད་བྱུང་ནས་ཡང་མེར་བསྲེགས་བཏང་ཡོད། དེས་ན་ད་ནས་བཟུང་གཙོ་བོ་དབུས་སྒྲིག་འཛུགས་ཀྱིས་ཁ་ཞེ་གཉིས་མེད་བྱས་ནས་རྒྱ་འོག་ལ་འདུག་འདོད་དང་དམངས་གཙོ་སོགས་གཞན་ཅི་ཡང་མི་དགོས་པར་རང་སྐྱོང་ལྗོངས་ཟེར་བའི་མིང་ཙམ་ཞིག་གི་འཐུས་ཀྱི་ཡོད་པ་བདེན་ན། རང་ལུས་མེར་བསྲེག་མཚམས་འཇོག་གྱི་འབོད་བསྐུལ་༧གོང་ས་མཆོག་རང་གིས་ཞུ་བའི་དུས་ཚོད་ལ་སླེབས་པས་མ་ཟད་ཕྱིས་དྲག་བསྡད་ཡོད། སོ་མེད་ན་སྲིན་འབུ་མེད། མིག་མེད་ན་ལོང་ཏོག་མེད། ཟེར་བ་ལྟར་བོད་ནང་ལ་རང་ལུས་མེར་བསྲེག་གྱི་རྙོག་དྲ་མེད་ན་རྒྱ་གཞུང་གིས་དྲག་གནོན་སྲིད་ཇུས་ཡང་ག་ལེར་འཇམ་གྱི་རེད། ཡིན་ནའང་འདི་ཡོང་མི་སྲིད་པ་ཞིག་ཡིན། ཇི་སྲིད་བཙན་བྱོལ་སྒྲིག་འཛུགས་གནས་དགོས་པ་དེ་སྲིད་དུ་བོད་ནང་ལ་རྙོག་དྲ་ཞིག་མེད་ན་སྒྲིག་འཛུགས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་མཁན་མེད་པ་ཆགས་ཀྱི་རེད། ཅེ་ཙང་སྨྲ་བ་བཅད་ནས་ལྟད་མོ་བལྟས་པའང་དགོས་པས་དབང་གིས་ཡིན། ཁྲག་གི་ཐིག་པ་གཅིག་ཙམ་ཡང་ཆུད་ཟོས་ལ་མི་གཏོང་ཟེར་བའི་བརྒྱུད་བསྐུལ་དམ་བཅའ་ཡང་དགོས་པས་དབང་གིས་ཡིན། དཔའ་བོ་དཔའ་མོ་ཟེར་ནས་མར་མེ་ཁྲོམ་སྐོར་ཡང་དགོས་པས་དབང་གིས་ཡིན། མདོར་ན་ཆབ་སྲིད་ཀྱི་སྲིད་ཇུས་སྐྱོང་ས་ན་སྙིང་རྗེ་མེད་ལ། བྱམས་བརྩེ་དང་ལྷག་བསམ་ནི་དེ་བས་ཀྱང་ག་ལ་ཡོད།
ཁ་བརྡ་ཚང་གིས་རེ་བ་ཡག་ས་ནས་བརྒྱབས་འདུག་མོད། བོད་མིའི་གྲ་སྒྲིག་སྡུག་ས་ནས་གཏན་གཏན་བཟོ་སྲིད་པ་རེད། འབོད་བསྐུལ་ཇི་ལྟར་ཞུས་རུང་མིའི་སེམས་ཁམས་ལ་བཅོས་བསྒྱུར་ཁག་པོ་རེད་ལ། ལྷག་པར་དུ་ཡང་མི་རིགས་ཀྱི་ལ་རྒྱ་ཤ་བསེབ་རུས་བསེབ་ཐིམ་སོང་བའི་མི་བུ་དག་གིས་བསམ་བློའི་ཆོས་སེམས་དེ་ངོ་མ་དམངིགས་བསལ་ཅནཞིག་རེད་དྲན་ཡོད།
ལ་དྭགས་པར་ཞུ་རྒྱུར། སྐབས་འདིར་ཁ་བརྡ་ཚང་གིས་བོད་ནང་དུ་རང་ལུས་མེར་སྲེག་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན་གྱི་བརྗོད་གཞིའི་གནད་དོན་གླེང་གི་ཡོད་པ་ཤེས་པར་གྱིས་ཤིག སྐབས་འཚོལ་བའི་རིང་ལུགས་བཟུང་ནས་གནད་དོན་ཡོད་ཚད་ལ་དྭགས་ལུང་ཁུག་ཅིག་ལ་སྦྱར་དགོས་དོན་མེད། རིག་གཞུང་སྲུང་སྐྱོབ་དགོས་ན་ཁྱེད་ཚོའི་གསར་འགྱུར་མེ་ལོང་ཟེར་བ་སོགས་ལ་ཞུ་དག་དང་། རྙིང་རུལ་རྒྱ་གར་བའི་བྱ་སྤྱོད་དེ་དག་ལ་གསར་བརྗེ་གཏོང་།
ཁ་ནང་དུ་འཁོར་ནས་སོ་སོའི་གདོང་ལ་ལྟོས་ཤིག
ང་ཚོ་གདོང་དམར་བོད་པ་ཚང་ད་ལྟ་ཐབས་སྡུག་ཀྱང་སོ་སོའི་རིག་གཞུང་རང་གིས་སྲུང་ནས་ཁྱེད་ཅག་ཧི་མ་ལ་ཡའི་གྲོང་གསེབ་པ་ཚོར་ཆོས་སྦྱིན་བཏང་ཡོད་པ་ཤེས་པར་གྱིས་ཤིག
ཅོ་རིས་ཆབ་ཕོ་ལ་ཡག་པོ་དཔེ་ལབ་སོང་། དེ་ཀ་རང་རེད། རྒྱ་དར་ཕྱར་ཁུག་རྟ་ཞོན་ནས་ག་བ་ཡང་སླེབས་ཐུབ་མ་སོང་ཨ །གླིང་ཚ་དེ་ལྐོག་སྦས་ཤིག་བྱེད་ཐུབ་པ་མ་གཏོགས།
ཤེས་རིག་ཅན་རྣམས་བཙོན་དུ་བཅུག་པ་དང་། ལྷག་བསམ་ཅན་རྣམས་མེར་སྒྲོན་པ་སོགས་ནི་བོད་མི་རིགས་ལ་ཆག་སྒོ་རུ་བཤད་ཆོག བོད་དུ་ཡོད་པའི་ཤེས་ལྡན་པ་རྣམས་རྩ་མེད་དུ་ཕྱིན་ན། ད་དུང་མེར་སྲེག་གི་དོན་གོ་ཅང་ཡོད་དམ། ཡོད་ན་ཐོག་མར་དབུ་ཁྲིད་དང་། སྲིད་དོན་པ། ཕྱུག་བདག་མཁན། རང་སྲེག་དགོས་པར་སྨྲ་མཁན་རྣམས་ཀྱིས་མེར་བསྲེག་གཏོང་བར་འབད། གྲུབ་འབྲས་ཐོབ་ངེས་རེད། མེར་སྲེག་གི་དོན་གོ་མི་ཆོད་ན། བོད་མི་ལྷག་བསམ་ཅན་རྣམས་མེ་རུ་མི་སྒྲོན་པའི་འབོད་བསྐུལ་ཞུ་དགོས། གྲུབ་འབྲས་མེད་པ་ནི་སྔར་བསྲེག་གི་ཤི་པོ་རྣམས་ལས་ཤེས་ངེས།
རང་ཉིད་རང་དབང་ལུང་པ་སྐྱིད་ས་བདེ་ས་ཤིག་སྡད་ནས་ཁྱོད་ལ་ཚོ་རང་བཙན་མི་དགོས། ཀྲུང་གོའི་མངའ་ཁུངས་སྡོད་དང་སྐྱིད་པོ་རེད་ཟེར་མཁན་དང་། ཁྱོད་ཚོ་ལ་དམངས་གཙོ་མི་དགོས་རྒྱ་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཁེ་ཕན་འདུག་ཟེར་མཁན། ཁྱོད་ཚོ་ལ་སྨྲ་བརྗོད་རང་དབང་མི་དགོས་ཆོས་དད་བླ་དད་བྱེད་ཆོག་དེས་འགྲིག་ནི་རེད་མཁན་ཚོས་ད་དུང་རང་སྲེག་མུ་མཐུད་དགོས་མདོག་མདོག་བཤད་ཀྱི་འདུག་ག ཁྱོད་རང་ཚོས་མཛུབ་མོ་གཅིག་ལམ་དབུ་མའི་ཆེད་དུ་སྲེགས་དང་། རང་སྐྱོང་གི་ཆེད་དུ་སྲེགས་དང་། དེ་ནས་ངོ་ཤེས་འོང་ནི་རེད།
ངས་ར་བཀའ་འགྱུར་ཤེས་གི་ན
སྐྱག་ཟན་ཚོ་ཁྱོད་ཚོས་རང་སྲེག་འདི་གང་གི་ཆེད་དུ་བྱེད་ཀྱི་ཡོད་པ་ཨེ་ཤེས། ཁོང་ཚོས་བོད་མི་རིགས་འདིས་བུ་རབ་ཚ་རྒྱུད་ཚོ་གཉའ་མནོན་གྱི་འོག་ནས་ཐར་ཏེ་རང་དབང་བདེ་སྐྱིད་ལྡན་པ་ཞིག་དང་། བོད་གངས་ཅན་པའི་ཆོས་དང་རིག་གཞུང་རྩ་ཆེན་འདི་མི་ཉམ་གོང་འཕེལ་དང་ཉམ་པ་པ་སླར་གསོ་སོགས་ཀྱི་ཆེད་དུ་བློས་བཏང་འདི་ལྟར་བྱེད་ཀྱི་ཡོད་པ་རེད། ཁྱོད་ཚོ་སྒེར་དོན་རིང་ལུགས་པ་དྲན་རྒྱུ་པད་ཤག་དང་སྲུང་རྒྱུ་བཟའ་ཟླ་ལས་མེད་མཁན་ཚོས་དཔའ་བོ་འདི་ཚོ་ལ་བསླབ་བྱ་རྒྱག་རྒྱུའི་ཐོོབ་ཐང་ཅི་ཡོད། ཁྱོད་ཚོས་རྟག་ཏུ་དགྲ་དམར་པའི་ཁ་རྗེས་ལྕེ་རྗེས་ལ་རྒྱུག་ནས་ནང་ཁུལ་རྒོལ་རྡུང་བྱེད་རྒྱུ་ལས་ཅི་འཇོན་ཡོད། རང་གི་མགོ་ཐོག་ལ་བསམ་བློ་ཐོང་ནས་མི་ལ་སྐད་ཆ་ཤོད། ལར་ནས་བཙན་བྱོལ་ནང་གི་མི་འདི་ཚོ་ལས་སྡུག་པ་ཞིག་གཏན་ནས་མི་འདུག དེ་ཡང་ཡིན་ཏེ། བཙན་བྱོལ་ལ་ཡོང་མཁན་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཕུད། གཞན་མི་ཕལ་མོ་ཆེ་ནི་བོད་ནང་ནས་མི་གསད་རྟ་ཁྱེར་དང་། རྐུན་ཇག་འཕྲོག་བཅོམ་གྱི་ལས་ངན་བྱས་ནས་ཡར་བྲོས་ཡོང་བ་ཤ་བསྟག་ཡིན་པས་མི་བཟང་པོ་ཞིག་ག་ལ་ཡོང་། བོད་ནང་གི་རང་སྲེག་ལས་འགུལ་འདི་ཧ་ཅང་བཟོད་དཀའ་ཞིང་བློ་ཕམ་པ་ཞིག་ཡིན་ན་ཡང་ཁོང་ཚོའི་ཚེ་སྲོག་འཕྲོ་བརླག་ལ་སོང་བ་ཞིག་གཏན་ནས་མིན། བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ལ་ལོ་རེ་བཞིན་རྩྭ་ས་རྩོད་གླེང་དང་ཕུ་ནུ་ནང་འཛིང་གིས་ཉུང་མཐར་མི་བརྒྱ་ཕྲག་ཁ་ཤས་ཀྱི་སྲོག་ཤོར་གྱི་ཡོད་པ་དང་སྡུར་ན། བོད་སྤྱི་དོན་དུ་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་མི་ཚེ་གཟི་བརྗིད་ལྡན་པ་དང་བུ་སྐྱེས་པའི་སྐྱེས་གོ་ཆོད་པ་ཞིག་ཅི་ལ་མིན།
དེང་སང་དོ་སྣང་ཆེ་ཤོས་འདི་རེད་འདུག། wechat ནས་བཤུས། ༼པན་ཆེན་སྲས་མོ་རིག་འཛིན་དབང་མོས་རྒྱ་རིགས་བརྙན་འཕྲིན་གྱི་མདོ་འཛིན་པ་ཞིག་མག་པར་བསུས་ཏེ་རྟེན་འབྲེལ་ཀྱང་གྲབ་རྒྱས་པོ་ཞིག་གནང་འདུག མོ་རང་གི་མི་རབས་རྗེས་མ་དེ་རྒྱ་རིགས་གཙང་མར་བསྒྱུར་རྒྱུའི་གོམ་པ་སྤོ་འགོ་བརྩམས་པ་རེད། དེ་སྔོན་རང་གི་མི་རིགས་ལ་ལྷག་བསམ་ཇི་ཙམ་ཡོད་པ་གསལ་སྟོན་བྱས་ཟིན། ངོ་མ་བོད་མི་རིགས་འདི་སྐྱོ་དགོས་པ་ཞིག་ཅི་ཕྱིར་མིན་ནམ།༽
པཎ་ཆེན་རིནཔོ་ཆེའི་སྲས་མོ་རིག་འཛིན་དབང་མོས་རྒྱ་རིགས་བརྙན་འཕྲིན་གྱི་མདོ་འཛིན་པ་ཞིག་དང་གཉེན་སྒྲིག་ཨེ། ཡབ་ཆེན་ཡང་། རྒྱ་མོས་བཀུག་པ་རེད། ད་ཚ་བོ་དང་ཚ་མོ་ཡང་་་་་་་་
རང་རང་སོ་སོས་ཉི་མ་ཉིན་གང་གི་དུས་ཚོད་བེད་སྤྱད་ནས་བོད་དོན་ལ་ལས་ཀ་ཡང་བསྒྲུབ་མི་ཐུབ་མཁན་ཚོས་རང་ཡུལ་དང་རང་གི་སྤྱི་ཚོགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་མཁན་གྱི་དཔའ་བོ་དཔའ་མོ་ཚོས་ཤེས་མ་སོང་ཟེར་ནས་འདི་གྱིས་དང་འདི་མ་བྱེད་ཟེར་ནས་བསླབ་བྱ་རྒྱག་ཁུལ་བྱས་དུས་ངོ་མ་བཤད་མཁན་ཚོས་བཤད་ཐུབ་རུང་ང་ཚོ་ཉོན་མཁན་ཚོའི་རྣ་ཁུངས་ནང་ལ་འཇུག་གི་མི་འདུག ང་ཚོ་ལ་མི་ཞིག་གིས་རང་སྲེག་གྱིས་ཟེར་བའི་ཐོབ་ཐང་མེད་ལ་མ་གཏང་ཟེར་བའི་ཐོབ་ཐང་ཡང་མེད། ང་ཚོ་ཅིག་བྱེད་ཐུབ་པ་དེ་དཔའ་བོ་དཔའ་མོ་ཚོའི་མིང་ཐོ་བགྲང་རྒྱུ་ཙམ་རེད། མིང་ཐོ་བགྲང་ནས་ཕན་ཐོགས་ཡོད་རུང་མེད་རུང་ང་ཚོས་བྱེད་ནུས་པ་དེ་ཙམ་རེད། རང་རང་གིས་ཀྱང་དཔའ་བོ་དཔའ་མོ་ཚོའི་བཀའ་དྲིན་བསམ་ཤེས་དང་ཆེ་མཐོང་གཟི་བརྗིད་ལ་ནག་ཐིགས་མི་འགོད་པའི་ཆེད་དུ་སེང་གེའི་རལ་བ་ཞིམ་མིས་རྩེད་སྤྱད་བྱེད་མ་འདུག་དང་དེས་འགྲིགས་པ་རེད།
སྤྱིར་ན་ང་ཚོ་བོད་མི་ཚོ་བསླབ་བྱ་རྒྱག་ཁུལ་བྱེད་པ་ལ་དགའ་བོ་ཡོད་རེད། སྔོན་མ་ང་སློབ་གྲྭ་ན་ཡོད་དུས་སློབ་གྲྭ་ནས་ལོ་རིམ་འཕར་མ་ཐུབ་པར་རྗེས་ལུས་ཤ་སྟག་ཐེབས་ནས་ཐ་མ་སློབ་གྲྭ་ནས་འབུད་དགོས་ཐུག་མཁན་ཞིག་ཡོད། ཉིན་ཞིག་ཁོས་ཕ་ཡུལ་གྱི་གཉེན་ཉེ་ཞིག་ལ་ཁ་པར་གཏོང་གིན་འདུག ཁོས་སློབ་སྦྱོང་བྱེད་དགོས་ཚུལ། སློབ་སྦྱོང་བྱས་པའི་ཕན་ཐོགས། སློབ་སྦྱོང་མ་བྱས་པའི་ཉེས་པ། སློབ་སྦྱོང་ཅི་ལྟར་བྱས་ཚུལ་སོགས་བསླབ་བྱ་རིང་པོ་བྱེད་ཀྱིན་འདུག དེ་དང་འདྲ་བར་རང་རང་གིས་ཅི་ཡང་མི་འཇོན་མཁན་ཚོས་འཇོན་མཁན་ཞིག་ལ་འདི་གྱིས་དང་འདི་མ་བྱས་ཟེར་ནས་བསླབ་བྱ་རྒྱག་པ་ཐོས་དུས་རང་བཞིན་གྱིས་དགོད་ཀྱང་འདོད་ལ་ངུ་ཡང་འདོད་པ་ཞིག་འདུག རང་ཤི་བྱས་ན་འདྲ། གཞན་གྱིས་བསད་ན་འདྲ། གསོན་ཁྲག་མ་བཞུར་བར་རྒྱལ་ཁབ་ཅིག་ཐོབ་འདོད་བྱེད་པ་ནི་སྟོང་བསམ་རེད།
གོང་དུ་ལུང་རྟོགས་ལགས་ཀྱིས་གསུངས་པ་དེ་རེད། ང་ཚོ་བོད་མདོ་ཁམས་ཁུལ་དུ་ནང་ཁུལ་འཁོན་རྩོད་ཀྱི་མི་གསོད་རྟ་བསྒྱེལ་འགོག་པའི་ལས་འགུལ་སྤེལ་བསམ་ན་དུས་ཐོག་གི་ཆར་བ་རེད། འབྲོག་པའི་གཟས་ས་འཕྲོག་རྩོད། རོང་པའི་ཞིང་ཆུ་འཕྲོག་རྩོད། ཕོ་གྱོད་རྩོད་རེས། མོ་ཤ་ལེན་རེས། དགྲ་ཇག་རྐུན་གསུམ་རྒྱག་རེས་བྱས་ནས་ཤ་ཡི་རི་བོ་བརྩིགས། ཁྲག་གི་རྒྱ་མཚོ་བསྐྱིལ་ནས་བསྡད་ཡོད་དུས་ཁྱོད་ཚོ་ཁུ་སིམ་སིམ་རེད། ད་བོད་མི་རིགས་ནང་གི་དཔའ་བོ་ཁ་ཤས་ལ་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་ཅིག་སད་ཡོང་ནས་ཕྱེད་ཀ་ཤི་མ་ཐུབ་ན་ཕྱེད་ཀ་གསོན་མི་ཐུབ་པའི་གོ་རྟོགས་ཤིག་སད་ཡོང་དུས་འགྲིགས་མ་སོང་ཟེར། ཤེས་མ་སོང་ཟེར། འཇོན་མ་སོང་ཟེར། ང་ཡང་ཤི་ཐུབ་ཐུབ་གི་མི་འདུག ཁྱོད་ཚོ་ཡང་ཤི་མི་རུང་ཟེར་ནས་ཤ་ཚ་མདོག སྙིང་རྗེ་མདོག་གིས་བོད་དོན་འཐབ་རྩོད་འདྲ་བོའི་མགོ་གནོན་ཨེ་ཐུབ་ལྟ་མཁན་ཕྱི་ནང་གཉིས་ཆར་ན་མང་གི། ཨ་མེ་རི་ཁ་ཡིན་ན་ཡང་སྟོབས་འབྱོར་མངའ་ཐང་ཆེ་ཟེར་གི་ཡོད་རུང་ཨབ་རྒན་དམག་འཁྲུགས་ལ་ན་གཞོན་ག་ཚོད་ཅིག་གིས་ཚེ་སྲོག་བློས་བཏང་བྱེད་དགོས་ཐུག་སོང་། ཁྱོད་ཚོས་ཟེར་ན་དེ་ཡང་ཨ་མེ་རི་ཁ་ལྐུག་དྲགས་ནས་ཤི་བཅུག་པ་རེད་ཟེར་རྒྱུ་ཡིན་ནམ། མདོར་ན་ང་ཚོས་འདི་ནས་བོད་ནང་གི་མི་ལ་རང་སྲེག་གྱིས་ཟེར་བའི་ཐོབ་ཐང་མེད། མ་བྱེད་ཟེར་བའི་ཐོབ་ཐང་མེད་པ་ཤེས་པར་བྱས་ནས་རང་རང་སོའོ་ས་ནས་སྡོད་དང་དེ་ཡག་ཤོས་རེད།
སྤྱིར་འཛམ་གླིང་འདིར་ཉི་མ་རེར་ཡང་རང་སྲོག་གཅོད་མཁན་ཆེས་མང་བོ་ཞིག་ཡོད་ས་རེད། དེ་དག་མང་ཆེ་བ་སེམས་ཁམས་ལ་སྐྱོན་ཡོད་པར་ངོས་འཛིན་བྱེད་བཞིན་འདུག ཁ་ཅིག་འུ་ཐུག་ཐབས་ཟད་ནས་རང་སྲོག་གཅོད་པ་དང་། ཁ་ཅིག་ཞེ་སྡང་གིས་རང་སྲོག་གཅོད་པ་སོགས་རིགས་དུ་མ་ཞིག་མཆིས། འོན་ཀྱང་ཤི་མཁན་ཚང་མ་སེམས་ཁམས་ལ་སྐྱོན་ཡོད་པ་ངོས་འཛིན་བྱེད་བཞིན་འདུག རང་ལུས་མེ་ལ་བསྲེགས་ནས་འཐབ་རྩོད་བྱེད་པ་འདི་ཐབས་ལམ་ལེགས་ཤོས་ཤིག་མིན་པ་རྣམ་དཔྱོད་ཅན་སུས་བལྟས་ན་ཤེས་ཐུབ། དེའི་ཕྱིར་འཛམ་གླིང་མི་དམངས་ཀྱིས་ཀྱང་དོ་སྣང་དེ་ཙམ་བྱེད་ཀྱིན་མ་རེད། གང་ཡིན་ཅེས་ན་ཉི་མ་རེར་ཡང་རང་སྲོག་གཙོད་མཁན་ཉིས་སྟོང་ལས་བརྒལ་བ་ཡོད་ཚོད་རེད། དེ་དག་མང་ཆེ་བ་སེམས་ཀྱི་དཀའ་ངལ་ཆུང་ཟད་ཙམ་རེ་མ་ཐེག་པར་ཤི་མཁན་རྐྱང་རེད་ལགས། ངས་བལྟས་ན་རང་བསྲེག་གཏོང་མཁན་ཚོས་རང་བཙན་དང་དབུ་མའི་ལམ་གྱི་ཁྱད་པར་ཡང་ཤེས་ཀྱི་མེད་ཚོད་རེད། གཞན་དུ་ན་ང་ཚོས་རང་བཙན་རྩོད་ཀྱི་ཡོད་པ་མ་རེད། གལ་ཏེ་རང་སྐྱོང་ཞིག་ཐོབ་ཀྱང་རྒྱ་མིའི་འོག་ཏུ་གནས་རྒྱུ་རང་རེད། མིང་གི་རང་སྐྱོང་ཞིག་གི་ཆེད་དུ་སྲོག་བློས་བཏངས་ན་ཆུད་ཟོས་རེད་དོ། །
རྟ་བདུན་དབང་པོ་ཡིན་ན་འདི་ལ་ཚེ་སྔར་ནས་ད་བར་དུ་ཕྱིན་ཅི་ལོག་གི་སྐད་ཆ་ཞིག་ལས་བཤད་རྒྱུ་མེད། རང་སྲོག་བཅོད་མཁན་ཚང་མ་སེམས་ཁམས་ལ་སྐྱོན་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག་ཟེར་ན་རྣ་བར་མི་འགྲོ་བའི་སྐད་ཆ་རེད། ལྷག་ཏུ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་མཁན་རྣམས་སེམས་སྐྱོན་ཅན་ཡིན་ན། རྟག་ཏུ་རང་དོན་ཁོ་ན་གཉེར་མཁན་རྣམས་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་སམ། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཐབ་ལམ་ལེགས་ཤོས་མིན་ན་འདི་ལས་ལྷག་པའི་ཐབ་ལམ་ཅི་ཞིག་འདུག་སྟོན་རན་པའི་དུས་ལ་བབ་འདུག སེམས་ཀྱི་དཀའ་ངལ་ཆུང་ངུ་རེ་མ་ཐེག་ནས་རང་སྲོག་བཅད་མཁན་དང་། མི་རིགས་ཤིག་དང་རིག་གཞུང་ཞུག་འཇིག་ཉེན་ལ་ཐུག་ནས་རང་སྲོག་བཅད་མཁན་གཉིས་མཚུངས་སྡུར་བྱེད་པ་ནི་ལྷག་བསམ་དང་ལ་རྒྱ་རྣམ་དཔྱོད་སོགས་གང་ཡང་མེད་པའི་སྐད་ཆ་བཤད་སྟང་རེད། བོད་ནང་གི་རང་བསྲེགས་གནང་མཁན་ཕལ་མོ་ཆེས་གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཤེས་འབོད་པ་ལས་རང་བཙན་དགོས་ཤེས་འབོད་མཁན་རེ་ཟུང་ལས་བྱུང་མེད་པ་འདིས། ཁོང་ཚོས་དབུ་ལམ་དང་རང་བཙན་གཉིས་གསལ་པོ་ཤེས་ཀྱི་ཡོད་པའི་རྟགས་རེད། རྒྱ་མིའི་འོག་ཏུ་གནས་དགོས་ཀྱང་ང་ཚོས་སྟོན་པའི་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་ན་གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་དང་། བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སོགས། རང་བསྲེགས་གནང་མཁན་ཚོས་སྟོན་པའི་དགོས་འདུན་ཚང་མ་སྒྲུབ་ཐུབ་པ་དངོས་ཡོད་ཡིན་པས་གང་ལྟར་དམིགས་ཡུལ་འགྲུབ་སོང་བ་རེད།
རྟ་བདུན་དབང་བོ་ཟེར་བ་འདིས། ༼༼ངས་བལྟས་ན་རང་བསྲེག་གཏོང་མཁན་ཚོས་རང་བཙན་དང་དབུ་མའི་ལམ་གྱི་ཁྱད་པར་ཡང་ཤེས་ཀྱི་མེད་ཚོད་རེད༽༽ ཁྱོས་མཐོང་ཆུང་བྱེད་རྒྱུ་མང་ཐལ། ཁྱོས་ད་དུང་སེམས་ཁ་ཐང་ཐང་མེད་པའི་སྐྱོན་ཅན་ཡིན་པར་བདེན་ཁ་ཡང་སྟེར་གྱིན་འདུག། དེ་འདྲ་ཞིག་ཡིན་ན། ཤེས་རྒྱ་དང་སེམས་ཁ་མི་ཐང་བའི་མི་ཤིག་མེ་ལ་བསྲེགས་ན། ཁྱོད་དེ་འདྲ་མི་དགའ་བའི་ངན་སྒྲུབ་ཞིག་བྱེད་དགོས་དོན་ཅི་ཡིན། ཁྱོའི་མིག་ནང་གི་ཀླད་པ་དང་ཤེས་རྒྱ་མེད་པའི་མི་འདི་ཚོ་གསོན་བསྡད་ན་ཁྱོད་སེམས་སྐྱིད་འགྲོ་དགོས་དོན་ཅི་ཡིན། ཁྱོས་ཅི་ཞིག་བཤད་འདོད་ཡོད་པའི་ཁུལ་ཡིན།
ཡང་ཁ་ཤས་ཞིག་གིས། བཙན་བྱོལ་བ་མ་འགྲིག་པར་བཤད་འདུག། ཅི་ཞིག་ལ། བཙན་བྱོལ་བས་ཉི་མ་དེ་དག་གི་ནང་དུ། དབའ་བོ་དེ་དག་གི་ཆེད་དུ། མྱ་ངན་གྱི་མགོ་བོ་མར་ལ་དུད་ནས། སེམས་སྡུག་གི་མི་ཆུ་ཕྱི་ལ་བཏོན་ནས། སྨྲེ་སྔགས་ཀྱི་སྡུག་སྐད་གླིང་ལ་སྤེལ་ནས་བསྡད་བསྡད་པ་ཞིག་ལས། ཁྱེད་ཅག་ཤི་ཐུབ་ན་ང་ཚོས་གཟི་བརྗིད་ལ་བགྲེང་དགོས་ཟེར་ནིའི་ཚིག་འབྲི་ན་གཅིག་ལ་སྟོན་རྒྱུ་མེད་པ་ཤེས་ཡོད་བཞིན་དུ། ཞྭ་མོ་ནག་འགེབ་བྱེད་དགོས་དོན་ཅི་ལ་ཡིན།
ཡང་ཁ་ཤས་ཞིག་གིས། སོ་སོ་དང་འབྲལ་བ་མེད་པ། གཉེན་ཉེ་མིན་པ། ཡུལ་ལུང་མི་གཅིག་པས། ཤ་ཚ་མི་ཤོད་པར། རང་སོ་སྲེག་མི་ཐུབ་པར། སྐྱིད་ས་བདེ་ས་ཞིག་ནས། ཁ་རྒྱགས་པ། གནས་ལུགས་མེད་པ་རྐྱང་བཤད་སོང་ཟེར། དེ་འདྲ་ཞིག་ཡིན་རྒྱུ་མ་རེད། དེ་འདྲ་ཞིག་རེད་འདོད་ན། ང་ཚས་ཁོང་ཚོ་ལ། སྡེ་ལུང་ག་གེ་མོ་ཞིག་གི་དབའ་མིང་ལས། མི་རིགས་ཀྱི་འཐབ་རྩོད་པ། རྒྱལ་ཁབ་ཀྱི་འཐབ་རྩོད་པ་ཟེར་ནིའི་མཚན་ཞིག་ཅི་ལྟར་བཏགས་པ་རེད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་འདུ་ཤེས་ནི་སྡེ་ལུང་ཞིག་དང་ཉེ་འབྲེལ་ཞིག་དང་འབྲེལ་མིན་ལས་རྩོད་དགོས་བར་འདོད་ཡོད་ན། ཁྱེད་ཚོ་རྦད་དུ་ནོར་སོང་བ་རེད། སྐད་ཆ་འདིའི་རིགས་བཤད་མཁན་ལ། མི་རིགས་དང་རྒྱལ་ཞེན་གྱི་མི་ཆོས་རང་ལུགས་ཞིག། དབའ་བོ་འདི་འདྲ་མང་པོས་ཁ་ཆེམས་དང་བློས་གཏོང་གནངས་ན་ཡང་ད་དུང་ཡིད་ལ་ཤེར་རྒྱུར་ལྷག་ཡོད་པ་ནི་ཅི་འདྲས་ཐབས་སྡུག་པོ་ཞིག་རེད།
རང་སྲེག་འཚེ་བ་མེད་པའི་ལས་ལ་འདོད་མཁན་ཡོད་ཚད་ལ་ངོ་རྒོལ་ཡོད་ལ།
ངས་འདིར་ཆེད་དུ་ཞུ་དགོས་པ་ཞིག་ལ། མི་སུ་འདྲ་ཞིག་གིས་རང་སྲག་ལས་འགུལ་ལ་རྗེས་སུ་ཡིད་རིང་མཁན། མི་རགས་ཀྱི་དཔའ་པོ། འཚེ་བ་མེད་པའི་ལས་རེད་ཟེར་མཁན་ཚང་མ། རང་སྲེག་ལ་ངན་སྐུལ་བྱེད་ངོས་སོ།
མི་སུ་འདྲ་ཞིག་གི་རང་སྲེག་ལས་འགུལ་ལ་རྗེས་ཡིད་རིང་དང་།མི་རིགས་ཀྱི་དཔའ་པོ།འཚེ་མེད་ཞིི་བ་རེད་ཟེར་མཁན་ཚང་མ།རང་སྲེེག་ལ་ངན་སྐུལ་བྱེད་མཁན་ངོས་ཡིན་ནོ།
གླེན་པ་ཚོ་རང་སྲེག་མ་བྱེད་རོགས། རང་སྲེག་ནི་རང་ཤི་དང་རང་གི་སྡུག་གྱོང་ངོ་མ་དེ་ཡིན། འདི་ནི་མི་རིགས་ལ་ཤ་ཚ་བའི་གཏམ་ངོ་མ་དེ་ཡིན།
སྐབས་འཚོལ་བ་དང་ལོག་འགྲེལ་མཁན་པོ་ཚོས་ཉོན་ཨ། ༧རྒྱལ་བ་རིན་པོ་ཆེན་བོད་ལ་གདན་འདྲེན་ཞུ་དགོས་ཅེས་པའི་སྐོར་ལ་བཤད་ཀྱི་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་དགོས་ཟེར་བ་དང་གདན་འདྲེན་ཞུ་དགོས་གསུངས་མཁན་གྱིས་མདོ་སྟོད་སྨད་གཉིས་ཀྱི་བོད་མི་དེ་དག་གིས་བོད་རང་བཙན་དགོས་ཅེས་གསུངས་པ་དང་གཅིག་པ་རེད།
་ང་ཅོ་རི་ཆུས་དུས་ངའི་དྲིན་ཅན་ཨ་མས་དགོང་མོར་ཉལ་ཁར་ཕྱག་གསུམ་འཚལ་གིན་རེད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་མཁྱེན། པན་ཆེན་སྣང་བ་མཐའ་ཡས་མཁྱེན་ཟེར་ནས་པུས་མོ་ས་བཙུགས་ནས་ཕྱག་འཚལ་གི་རེད། ངས་གོ་སྐབས་དེ་དང་བརྟེན་ནས་ཨ་མའི་སྒལ་པ་ལ་རྟ་བཞོན་བཞོན་བྱེད་ཀྱི་ཡོད། དེ་ནས་ཨ་མས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་པར་ཤོག བོད་མི་རིགས་ལ་རང་དབང་གི་ཉི་མ་ཤར་བར་ཤོག་ཅེས་སྨོན་ལམ་བརྒྱབས་ཀྱི་རེད།
དེར་དུས་ངས་དྲིས་མྱངས་ཡོད། ཨ་མ་ལགས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལ་འཁོད་པར་ཤོག་ཟེར་ན་ག་རེ་རེད་དམ་ཞེས་དྲིས་མྱངས་ཡོད། དེ་ནས་ཨ་མས་འགྲེལ་བཤད་འདི་ལྟར་གསུངས་ཀིན་རེད། ཨ་མས་་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་ཐུབ་སོང་ན་ང་རང་ཚོའི་རྒྱལ་ཁབ་བདག་པོ་ང་རང་ཚོ་ཆགས་འོང་གི་རེད། ༧རྒྱལ་བ་རིན་པོ་ཆེན་བོད་རྒྱལ་ཁབ་ཀྱི་རྒྱལ་པོ་རེད་ཅེས་གསུངས་མྱངས་ཡོད།
མ་གཏོགས་རང་བཙན་དང་རང་སྐྱོང་ཟེར་བར་ཤེས་ཀིན་མ་རེད། སྐབས་དེ་དུས་ཀྱི་མདོ་ཁམས་ཁུལ་གྱི་བོད་མི་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་དང་། ང་ཡང་ཆུང་དུས་བོད་ལ་ཡོད་དུས་བོད་རང་བཙན་ཟེར་བའི་ཐ་སྙད་འདིར་གོ་མྱངས་མེད། དེ་རྗེས་སུ་བཙན་བྱོལ་ལ་བསླེབས་ནས་༧གོང་ས་མཆོག་གི་ཞལ་ནས་གོ་བ་ཡིན། ང་ལ་བོད་རང་བཙན་སློབ་མཁན་གྱི་སློབ་དཔོན་ངོ་མ་༧གོང་ས་མཆོག་ཡིན། ཁོང་གི་བཀའ་སློབ་ཉན། ཁོང་གི་གསུངས་རྩོམ་བཀླགས་ནས་བོད་རང་བཙན་ཡིན་པར་ཤེས་བྱུང་།
མདོ་སྟོད་སྨད་གཉིས་ཀྱིས་བོད་མི་དམངས་ཀྱིས་༧རྒྱལ་བ་རིན་ཆེན་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བ་དང་ཁྲི་ལ་འཁོད་དགོས་གསུངས་པའི་དོན་ནི་བོད་རང་བཙན་དགོས་ཅེས་པའི་དོན་ཡིན། གཞིར་ལུས་བོད་མི་དམངས་ཀྱིས་གུན་ཁྲན་ཏང་གི་དཔོན་པོ་ཚོའི་འདྲ་དཔར་མི་གཤམ་པར་༧གོང་ས་མཆོག་གི་སྐུ་པར་གཤམ་འདི་ཡང་ཆོས་ཕྱོགས་ཀྱི་དད་པ་གཅིག་པོ་མིན། སྲིད་ཕྱོགས་ཀྱི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་གུས་བཀུར་བྱེད་སྟངས་དང་སོ་སོའི་རྒྱལ་ཁབ་ཀྱི་བདག་པོ་སོ་སོའི་དབུ་ཁྲིད་ཡིན་པར་ངོས་ལེན་བྱེད་སྟངས་ཤིག་ཡིན།
སྐབས་འཚོལ་ལོག་འགྲེལ་བ་ཚོས་ཉོན། སྐུ་ལུས་མེར་སྲེག་ཕུལ་མཁན་ཉུང་ཤོས་ཤིག་གིས་བོད་རང་བཙན་འབོད་པ་ཙམ་ལས་མང་ཤོས་ཀྱིས་༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་ཅེས་འབོད་ཡོད་པ་ལས་བོད་རང་བཙན་འབོད་མེད་མདོག་མདོག་བཤད་པ་འདི་ནི་ལོག་བཤད་ཁོ་ན་ཡིན། མེར་སྲེག་གྱི་ལས་འགུལ་གྱིས་ནུས་པ་མི་ཐོན་པའི་རྒྱུ་མཚན་ཡང་ལོག་འགྲེལ་མཁན་པོ་འདི་དག་གིས་ལོག་འགྲེལ་རྒྱག་མང་སོང་ནས་འཛམ་གླིང་རྒྱལ་སྤྱི་དང་རྒྱབ་སྐྱོར་བ་རྣམས་ཡིད་ཆེས་མེད་པ་བཟོས་ཡོད།
འདི་ཚོས་ལོག་འགྲེལ་རྒྱག་ཡོད། ༧རྒྱལ་བ་རིན་པོ་ཆེན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ལ་ཕེབས་འཇུག་དགོས་ཟེར་མཁན་བྱུང་། བོད་ཀྱི་རྩ་དོན་འཐབ་རྩོད་འདི་ཆོས་དད་རང་དབང་དང་རྩ་བའི་བླ་མ་བོད་ལ་ཕེབས་འཇུག་པའི་གནད་དོན་ཞིག་ཡིན་མདོག་མདོག་གིས་འགྲེལ་བཤད་བརྒྱབས་ཡོད། འདི་འདྲ་ལོག་འགྲེལ་རྒྱག་ན་ཡག་པོ་མ་རེད། བོད་ཀྱི་རྩ་དོན་འཐབ་རྩོད་འདི་ཇེ་ཆུང་དང་ཇེ་ཕྲ་ལ་བཏངས་བ་ཡིན་པས་་བོད་རྒྱལ་ཁབ་ལ་བློ་དཀར་བའི་བོད་མི་ཚོས་ཤེས་པར་བྱ་དགོས།
ད་འོ་ན་གོང་ས་རྒྱལ་བའི་དབང་པོ་ཡང་རང་སྲེག་ངན་སྐུལ་བ་རེད་དམ། ཁོང་གིས་ལས་འགུལ་འདི་ཞི་བའི་ལས་འགུལ་ཡིན་པ་གསུང་གི་འདུག མི་འདི་ཚོའི་ཁ་ནས་ཁྱི་སྐད་ལས་མི་སྐད་བཤད་མི་ཤེས་པ་ཅི་ཡིན་ནམ། བཙན་བྱོལ་ནང་ལ་མི་འདི་འདྲ་ལས་མེད་སོང་བ་རེད་དམ། ཡང་ན་ཁ་བརྡ་ནང་ལ་མི་སྡུག་ཚད་ལས་ཡོང་གི་མེད་པ་རེད།
ཅོ་རི་བ། ཁྱོད་རང་ཆུང་དུས་ཀྱི་མིའི་བསམ་བློ་དང་དེང་སང་གི་མིས་བསམ་བློ་འདྲ
ཡི་མ་རེད་ལ། ཁྱོད་རང་མ་རྒན་གྱི་བསམ་བློ་དང་དེང་དུས་གཞོན་སྐྱེས་ཚོའི་བསམ་བློ་འདྲ་ལེ་མ་རེད། དེང་སང་བོད་ནང་གི་མི་སྤྱི
དང་ལྷག་པར་ན་གཞོན་ཚོའི་ཁྲོད་ན་དབུ་མའི་ལམ་དང་རང་བཙན་གཉིས་དབྱེ་བ་ཕྱེ་མི་ཤེས་མཁན་སུ་ཡང་མེད།
པཎ་ཆེན་གྱིས་རྒྱ་མོ་བླངས་བ་དང་པཎ་ཆེན་སྲས་མོས་རྒྱ་ཕོའི་མནའ་མནའ་མར་འགྲོ་བ་དང་་་་སྲོང་བཙན་སྒམ་པོས་རྒྱ་མོ་བླངས་པ་དེ་ཚོར་ཁྱད་པར་འདྲ་འདུག་གམ། ཕྱུག་པོས་འཁྲབ་ཚད་ཞབས་བྲོ་དང། སྤྲང་པོས་འཁྲབ་ཚད་ཐལ་སློང་ཡིན་ན་གནས་ཚུལ་ཁག་ཁག་རེད།
གཡུ་ཐོོག་བུ་ལ་ཞུ་རྒྱུ། ལ་དྭགས་བོད་པ་ཚང་མ་ཡིན་པའི་སྒྲུབ་བྱེད་ཡོད་དམ། ངས་ཕྱི་ལོགས་པ་དག་ལ་བདག་རང་གི་ངོ་སྤྲོད་བྱེད་སྐབས་རིག་གཞུང་གི་ཆ་ནས་བོད་པ་དང་། སྲིད་ཀྱི་ཆ་ནས་དིང་སང་རྒྱ་གར་པ་ཡིན། ཞེས་ངོ་སྤྲོད་བྱེད། རྒྱ་གར་པར་མ་ཟད་སྙིང་རུལ་སུ་ཡིན་ཀྱང་འགོག་དགོས། “རྙིང་རུལ་རྒྱ་གར་བའི་བྱ་སྤྱོད་དེ་དག་ལ་གསར་བརྗེ་གཏོང་།” བརྗོད་པ་འདིའི་ནང་གི་གཏོང་། ཞེས་པ་དེ་སྐུལ་ཚིག་ལྟ་བུར་བཀོལ་ཡོད་པར་ད་ལྟ་བའི་བྱ་ཚིག་མ་ཡིན་པར་སྐུལ་ཚིག་དགོས་པར་མཐོང་། ཞུ་དག་ཅེས་པར་ཡང་བོད་ཀྱི་རིག་གཞུང་དཔེ་ཆ་མང་པོ་ན། ཞུས་དག་ཅེས་བྲིས་ཡོད། བདག་བོད་པ་ཡིན་པའི་ཡིན་པའི་ཆ་ནས་དེ་དག་ལ་སྲུང་སྐྱོབ་བྱེད། ལ་དྭགས་མེ་ལོང་ལ་ཞུས་དག་བྱེད་པ་ལ་དྭགས་པ་ཙམ་ཡིན་པར་དབུས་གཙང་ཁམས་མདོ་སྨད་སོགས་ཀྱི་མཁས་པས་ཀྱང་ཞུས་དག་བྱེད་དགོས་པར་མཐོང་། བོད་རིག་གཞུང་སྲུང་བའི་ཕྱིར་དུ། ལ་དྭགས་པ་བོད་རིག་གཞུང་སྐད་ལ་རྣམ་དཔྱོད་ལྡན་པ་མང་པོས་ལ་དྭགས་མེ་ལོང་ལ་ཞུས་དག་དང་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་ཡིན།
ཁྱེད་ཚོ་དང་ང་ཚོ་ཞེས་པ་ཡང་ཆགས་སྡང་གི་གཏམ་ཏུ་སྣང་།
ཁྱེད་ཀྱིས་དཔེ་ཆ་གཟིགས་མྱོང་ཡོད་དམ་མེད་མི་ཤེས། གཟིགས་ཡོད་ན། དཔལ་ཆོས་ཀྱི་གྲགས་པས། རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུ་ན།
་
བདག་ཡོད་ན་ནི་གཞན་འདུ་ཤེས།
བདག་གཞན་ཆ་ལས་འཛིན་དང་སྡང་།
འདི་དག་དང་ནི་ཡོངས་འགྲེལ་ལས།
ཉེས་པ་ཐམས་ཅད་འབྱུང་བར་འགྱུར།།
་
ཞེས་གསུངས་པ་ལྟ་བྱ་་བདག་ལོ་ཆུང་སྐབས་སུ། རིན་ཐང་བྲལ་བའི་ཚིགས་བཅད་འདི་སོགས་ལ་དྭགས་ཀླུ་འཀྱིལ་དགོན་པར་བློ་འཛིན་བྱས། གཙང་བཀྲ་ཤིན་ལྷུན་པོར་རྒྱུགས་འབུལ་བྱས་མྱོང་བར་མ་ཟད་ཚིགས་བཅད་འགའ་རེ་ད་ལྟ་ཡང་ཡིད་ལ་འཆར་བ་སྐལ་བ་བཟང་པོ་ཡིན་སྙམ། བོད་ཡུལ་གྱི་ཉེ་འགྲམ་དུ་འཁོད་པའི་བོད་སྐད་སྨྲ་བ་ཐམས་ཅད་རིག་གཞུང་གི་ཆ་ནས་བོད་པ་རང་ཡིན་དགོས། བོད་པས་བོད་པ་ལ་ཕན་ཐོགས་ཐུབ་པ་ལ་དགའ་བ་སྒོམ་དགོས་པ་ལས། ང་ཚོས་ཁྱེད་ཚོ་ལ་ཕན་ཐོགས་བྱེད་པ་ཡིན། ཞེས་ཡུ་བཤད་པ་ནི་བྱིས་པ་འཇབ་ཆུང་གི་གཏམ་མོ།
ལ་དྭགས་པར་ཞུ་རྒྱུར། སྐབས་འདིར་ཁ་བརྡ་ཚང་གིས་བོད་ནང་དུ་རང་ལུས་མེར་སྲེག་དོན་རྐྱེན་ཡང་སྐྱར་མི་འབྱུང་བའི་རེ་སྨོན་གྱི་བརྗོད་གཞིའི་གནད་དོན་གླེང་གི་ཡོད་པ་ཤེས་པར་གྱིས་ཤིག སྐབས་འཚོལ་བའི་རིང་ལུགས་བཟུང་ནས་གནད་དོན་ཡོད་ཚད་ལ་དྭགས་ལུང་ཁུག་ཅིག་ལ་སྦྱར་དགོས་དོན་མེད། རིག་གཞུང་སྲུང་སྐྱོབ་དགོས་ན་ཁྱེད་ཚོའི་གསར་འགྱུར་མེ་ལོང་ཟེར་བ་སོགས་ལ་ཞུ་དག་དང་། རྙིང་རུལ་རྒྱ་གར་བའི་བྱ་སྤྱོད་དེ་དག་ལ་གསར་བརྗེ་གཏོང་།
ཁ་ནང་དུ་འཁོར་ནས་སོ་སོའི་གདོང་ལ་ལྟོས་ཤིག
ང་ཚོ་གདོང་དམར་བོད་པ་ཚང་ད་ལྟ་ཐབས་སྡུག་ཀྱང་སོ་སོའི་རིག་གཞུང་རང་གིས་སྲུང་ནས་ཁྱེད་ཅག་ཧི་མ་ལ་ཡའི་གྲོང་གསེབ་པ་ཚོར་ཆོས་སྦྱིན་བཏང་ཡོད་པ་ཤེས་པར་གྱིས་ཤིག
ལ་དྭགས་པ་ལགས་ཀྱིས། ངས་ཕྱི་ལོགས་པ་དག་ལ་བདག་རང་གི་ངོ་སྤྲོད་བྱེད་སྐབས་རིག་གཞུང་གི་ཆ་ནས་བོད་པ་དང་། སྲིད་ཀྱི་ཆ་ནས་དིང་སང་རྒྱ་གར་པ་ཡིན། ཞེས་ངོ་སྤྲོད་བྱེད། ཟེར་དིང་སང་གི་ཞེས་པའི་དེང་སང་ཞེས་བོད་ཀྱི་བརྡ་སྤྲོད་དང་མཐུན་དགོས། ལ་དྭགས་པའི་ཡུལ་སྐད་རིགས་མེ་ལོང་ཚགས་ཤོག་ཏུ་བཀོད་ན་ལེགས།
ལ་དྭགས་བོད་པ་ཚང་མ་ཡིན་པའི་སྒྲུབ་བྱེད་ཡོད་དམ། ཞེས་པར་སྒྲུབ་བྱེད་གཙོ་བོ་ནི་ཁྱེད་ཚོའི་རྒྱལ་སར་འབོད་པའི་སླེ་ཁུལ་དུ་བོད་པ་ཚང་ལ་མི་རིགས་དབྱེ་འབྱེད་རིང་ལུགས་ཤུགས་ཆེར་འཛིན་ཅིང་། ལ་དྭགས་ཁུལ་དུ་སྐྱབས་བཅོལ་བོད་མི་ཞིག་གིས་ཡུལ་སྐོར་སྣེ་ཤན་པ་དང་། དེ་དང་འབྲེལ་བའི་ལས་ཁུངས་རིགས་གཉེར་མི་ཆོག་པ། སྒོར་མོའི་ཡོངས་ཁུངས་གཙོ་བོ་ཕྱི་རྒྱལ་པ་དག་དང་གྲོགས་འདྲིས་བྱ་མི་ཆོག་པ་སོགས་ལས་དེ་རིང་ཁྱེད་ཅག་བོད་པ་ཚང་མིན་པའི་སྒྲུབ་བྱེད་ཚུར་བསྟན་བཞིན་པ་མ་ཡིན་ནམ།
ད་དུང་དེའི་རིགས་གླེང་རྒྱུ་མངས། གང་ལྟར། ལ་དྭགས་པ་ཡིན་ནའང་འདྲ། འབྲུག་པ་ཚོ་ཡིན་ནའང་འདྲ། བོད་པའི་དྲུང་ནས་རིག་གཞུང་སོགས་ཀྱི་ཁེ་དབང་ལེན་རྐྱང་བྱེད་པ་ལས་དོན་དུ་བོད་པར་ལྷག་བསམ་རྣམ་དག་ཅན་པོ་རི་བོང་གི་རྭ་རེད་དོ།།
ད་དུང་དྭ་གྲོགས་རེ་གཉིས་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་གོ་རྟོགས་མི་འདུག མིའི་བསམ་ཚུལ་མཐུན་མིན་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། ངས་དེར་དགག་པ་བྱེད་དགོས་དོན་མེད། འོན་ཀྱང་ལམ་ཁ་ཞིག་འདམ་ན་དེ་ལ་བཟང་ངན་ཡོད་པ་ནི་གསལ་བོ་རེད། དེ་ནི་ད་དུང་དྭ་གྲོགས་ཁ་ཅིག་གིས་རྟོགས་ཐུབ་ཚོད་མི་འདུག ལོ་ངོ་བཅུ་ཕྲག་གི་རྒྱབ་ནས་རྟོགས་ཐུབ་པའི་རེ་བ་ཡོད། །
གཡུ་ཐོོག་བུ་ལ་ཞུ་རྒྱུ། ང་བོད་པ་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་གི་དག་ཆ་རྣམས་འཆལ་འཆོལ་དུ་མ་གཏོང་བར་དག་པར་འབྲི་དགོས་པས་ནོར་ཡོད་ན། སླར་མཁས་པའི་ཡི་གེའི་དག་ལ་བརྟེན་ནས། ཞུས་དག་བྱེད་འོས་པ་ཡིན། ཁྱེད་ཀྱང་བོད་པ་ཡ་རབས་ཤིག་ཡིན་པའི་ཆ་ནས་དེ་བཞིན་བྱེད་པའི་རེ་འདུན་མཆིས། གླེ་ཞེས་པ་ཡང་མ་དག་པ་བྲིས། གླེ་ཞེས་པའི་ཚིག་དོན་ཤེས་སམ། ལ་དྭགས་ཀྱི་རྒྱལ་ས་གླེའི་ཚབ་ཏུ། ནོར་ནས་ཚིག་མཛོད་ཅིག་ཏུ་ཡང་། སླེ། ཞེས་བྲིས་པར་མཐོང་བས་ཁྱེད་ལ་ཁག་མེད
་
མཁས་པ་རང་གིས་དཔྱོད་ཤེས་ཀྱི།
བླུན་པོ་གྲགས་པའི་རྗེས་སུ་འབྲང་།
་
ངས་དིང་སང་ཞེས་བྲིས་པ་ཡང་བོད་ཀྱི་མཁས་པ་དག་གིས་བྲིས་པ་ལ་གཞིར་བྱས་པ་ཡིན། དེ་ཉིད་འགྲིག་མེད་པར་མཐོང་ན། མཐོང་བ་པོ་རང་ཉིད་བོད་རིག་གཞུང་སྐད་ལ་སྦྱངས་པ་དམན་པའམ་བོད་ཀྱི་མཁས་པའི་མཛད་པར་རྩིས་མེད་པར་སེམས། མི་རེ་ཟུང་གིས་ལས་ངན་བྱེད་པ་སྤྱི་ལ་གཡོགས་པར་བྱེད་པ་ནི། དེ་འདྲ་བྱེད་པ་པོ་རང་ཉིད་ལ་ཡོན་ཏན་མེད་པའི་རྟགས་ཡིན། མི་ངན་རེ་ཟུང་གི་བྱ་བ་མ་ཡིན་པར་ལ་དྭགས་ཡོངས་ཀྱི་སྐྱེ་དགུས་གང་བྱེད་པ་དེ་དག་བོད་ལ་གནོད་པ་འདུག་གམ་ཕན་པ་འདུག་ལྟ་དགོས།
་
སྐྱེ་བོ་ངན་པ་ཆུ་ཚགས་བཞིན།
ངན་པ་འཛིན་གྱི་བཟང་པོ་འདོར།
་
ཞེས་པ་ལྟར་རེད་འདུག་པ་མ་ཡིན་པར་བློ་གཟུ་བོར་གནས་པའི་སྒོ་ནས་ལྟ་དགོས་ཏེ།
ཇི་སྐད་དུ་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོས།
་
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།
ལམ་དྲང་པོར་འཇུག་པ་ཅིས་ཀྱང་ལེགས།
་
ཞེས་གསུངས་པ་ལྟར་ལགས།
་
ལ་དྭགས་པ་དང་། རི་བོ་གངས་ཅན་ལྗོངས་སུ་བོད་རིག་གཞུང་ལ་བརྟེན་པ་པོ་དང་། ལྷོ་མོན་སོགས་ཀྱང་བོད་པ་ཡིན་པའི་ཆ་ནས། རང་སྲོལ་རང་ལུགས་བཟང་པོ་འཛིན་པ་ཡང་བོད་བཟང་པོའི་སྲོལ་འཛིན་པ་ཡིན། ཐ་ན་དེ་དག་གིས་ཁང་ཐོག་ཏུ་དར་ལྕོག་ཅིག་སྤར་ཡོད་ན་ཡང་། བོད་པ་བཟང་པོ་གང་ཡིན་གྱི་་སེམས་ལ་དགའ་བ་ཤར་རོ། །
མི་རིགས་ཀྱི་རང་དབང་དང་ཆོས་རིག་སྲུང་སྐྱོབ་ཀྱི་ཆེད་དུ་རང་གི་ལུས་སྲོག་ཡོད་ཚད་བློས་བཏང་གནང་ནུས་པའི་དཔའ་བོ་དཔའ་མོ་དེ་དག་སེམས་སྐྱོན་ཅན་ཡིན་མདོག་གིས་ཟུར་ཟ་བྱེད་མཁན་གྱི་མི་བུ་དེ་དག ཆོས་སྲིད་གཉིས་ཐད་ནས་གོ་རྟོག་ཅན་ཞིག་ཡིན་པ་ང་མ་ཤི་བར་དུ་ངོས་འཛིན་མི་ཐུབ། ལམ་ཁ་བཟང་པོ་ཞིག་གདམ་རྒྱུའི་གོ་སྐབས་ཡོད་ན་སུས་ཀྱང་གདམ་ཤེས་ཀྱི་རེད། དཔའ་བོ་དཔའ་མོ་འདི་དག་གི་མཛད་རྗེས་ནི་བོད་མི་རིགས་ཇི་སྲིད་དུ་གནས་པ་དེ་སྲིད་ཀྱི་བར་དུ་ནམ་ཡང་ནུབ་མི་སྲིད།
རྟ་བདུན་དབང་པོའི་གསུང་པ་ལ་རྒྱུ་མཚན་འདུག་པ་མ་ཟད་མི་བུ་རྣམ་དཔྱོད་ཅན་ཞིག་གི་སྐད་ཆ་ཡང་རེད་འདུག། དྲང་མོ་བཤད་ན་མྱི་མི་དགའ། དབྱུག་པ་འཕྱར་ན་ཁྱི་མི་དགའ་ཟེར་བའི་གཏམ་དཔེ་ནང་བཞིན་ཁ་ཅིག་མི་དགའ་བ་ལ་རང་རང་ས་ན་རྒྱུ་མཚན་རེ་ལོས་ཡོད། དེ་མིན་ལུང་རྟོགས་ཟེར་བ་དེ་ནི་གླ་ཡོད་དྲྭ་འབུ་ཞིག་རེད་ཅེས་སྔོན་མ་ཞིག་ནས་གོ་མྱོང་ཡོད་པས་དེ་ལ་ཉན་ཡ་དང་བལྟ་ཡ་ཅི་མི་འདུག་སྙམ།
སྐད་ཆ་འདི་འདྲ་ཞིག་གོ་མྱོང་། “རང་བསྲེག་བྱེད་པ་དེ་མཚམས་བཞག་ན་ལོས་ཆོག འོན་ཀྱང་དེའི་ཕར་ནང་ན་ང་ཚོར་དེ་ལས་ལྷག་པའི་བོད་དོན་སེལ་ཐབས་ཀྱི་ལམ་ཀ་གཞན་ཞིག་སྟོན་རྒྱུ་ཨེ་ཡོད། དེ་མེད་ན་ང་ཚོར་སྐད་ཆ་འདི་འདྲ་བཤད་རྒྱུའི་དབང་ཚད་ཡོད་པ་མ་རེད། ”འདི་ལ་གནས་ལུགས་ཡོད་མེད་མི་ཤེས། འོན་ཀྱང་བསམ་དགོས་པ་ཞིག་རེད་སྙམ།
ལུང་རྟོགས་ལགས་ལ་ཞུ་རྒྱུ། མཆོག་ནས་བོད་གཞི་བྱེས་གཉིས་འཛོམས་ཀྱི་ཆེད་དུ་ཟས་བཅད་ངོ་རྒོལ་ག་ཚད་བྱས་མྱོང་། ཞི་བའི་གོམ་བགྲོད་ཅི་ཙམ་བྱས་མྱོང་། བོད་རང་དབང་བདེན་པའི་ལས་འགུལ་སོགས་ལ་ཕངས་པ་མེད་པར་ཞལ་འདེབས་ཅི་ཙམ་ཕུལ་མྱོང་། བོད་དོན་འཛམ་གླིང་ལ་གསལ་བསྒྲགས་ཀྱི་ཆེད་དུ་ཐབས་ཤེས་ཡོད་རྒུ་བཏོན་ཏེ་བརྩོན་པ་ཅི་ཙམ་བྱས་ཟིན། གོང་གི་ལས་འགུལ་དེ་དག་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལས་འགུལ་ལགས། འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ངེས་པའི་ལས་འགུལ་འགྲན་ཟླ་དང་བྲལ་བ་རེད། ལྟ་རྒྱ་དང་མཐོངས་རྒྱ་ཁབ་མིག་ལས་དོག་པ་ཁྱོད་ལྟ་བུས་རང་བསྲེག་གཏོང་མཁན་ཚོར་སྐུལ་སློང་ཤིན་ཏུ་ནས་བྱེད་མི་རུང་ངོ་། དེ་མིན་མཆོག་ནས་བོད་དོན་ཀྱི་ཆེད་དུ་རང་སྲེག་བྱེད་རྩིས་ཐེངས་ག་ཚད་བྱས་མྱོང་། གལ་ཏེ་གྲངས་ཀ་མེད་པར་བྱས་མྱོང་ཡོད་ན་བསླད་མར་མ་བྱེད་རོགས། རང་ཉིད་འཚོ་བར་བྱས་ནས་བོད་དོན་ལ་བརྩོན་པ་བྱེད་དགོས་པ་རེད། འདི་ནི་ངེད་ཀྱི་རྣམ་དཔྱོད་ཀྱི་རྩལ་ལམ་སྙིང་ནས་ཐོན་པའི་བསླབ་བྱ་ཡིན་ནོ།།
བློ་བཟང་རིག་འཛིན་ཟེར་བ་འདི་ཕོག་ཟན་ཞིག་ཡིན་པ་གོང་གི་སྐད་ཆ་ནས་གསལ་པོ། མི་འདིས་སྐད་ཆ་ནི་རྒྱ་དམར་ཚང་གི་སྐད་ཆ་དང་གཅིག་མཚུངས་རེད།
རྟ་བདུན་དབང་པོ། ང་མི་འཇོན་ཐང་ཅན་ཞིག་མིན་རུང་རང་ནུས་གང་ཡོད་ཀྱིས་མ་ལེན་མ་འགྱོད་པ་ཞིག་བྱས་པ་ཡིན། ངས་དཔའ་བོ་ཚོའི་རྗེས་སུ་ཞུགས་ནས་རང་བསྲེགས་བྱེད་པའི་བློ་སྟོབས་མི་འདུག་ཀྱང་། བོད་མི་རིགས་དང་རིག་གཞུང་གི་ཆེད་ཡོད་ཚད་བློས་བཏང་གནང་མཁན་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་དང་རྗེས་སུ་ཡི་རང་ཞུ་ཡི་ཡོད་པ་ལས། རང་ཉིད་ཀྱིས་སྤྱི་དོན་དུ་ཅི་ཡང་མ་བྱས་པའི་སྟེང་ལ་སྤྱི་དོན་དུ་དཀའ་ལས་རྒྱག་མཁན་རྣམས་སེམས་སྐྱོན་ཅན་དང་། ཤེས་མེད་གླེན་པ་ཞིག་ཡིན་པ་རྨི་ལམ་དུ་ཡང་འཁོར་མ་མྱོང་། འདི་ཁོ་ནའི་སྟེང་ནས་བསམ་ན་ཡང་བོད་མི་རིགས་ལ་སྐྱེས་ཀྱང་སྤྱི་སེམས་མེད་པར་སྒེར་དོན་ཁོ་གཉེར་ནས་དུས་འདའ་མཁན་ཁྱེད་ཚོ་ལས་ཞན་པ་ཞིག་མིན་པའི་སྤོབས་པ་ཡོད། ངས་རང་བསྲེགས་རྒྱུད་སྐུལ་ནམ་ཡང་བྱེད་མྱོང་མེད། འོན་ཀྱང་རང་བསྲེགས་མཚམས་འཇོག་དང་མི་འཇོག་ནི་དཀའ་སྡུག་མྱོང་མཁན་ཚོས་ཐག་བཅད་དགོས་པ་ཞིག་ལས། རང་དབང་ལུང་པར་སྐྱིད་པོ་བཏང་མཁན་ཚོས་བཤད་རྒྱུའི་ཐོབ་ཐང་གང་ཡང་མེད་པ་འདི་སྔར་ནས་ད་བར་དུ་ངའི་ལྟ་བ་ཡིན། ཁྱེད་རང་གིས་བཤད་པའི་ཟས་བཅད་དང་ཞི་བའི་སྐད་འབོད་སོགས་ཀྱིས་ནུས་པ་ཞིག་ཐོན་རྒྱུ་ཡོད་ན། ང་ཚོས་མི་ལོ་ལྔ་བཅུའི་རིང་ལ་དེ་ལྟར་བྱས་པ་མ་ཡིན་ནམ། འོན་ཀྱང་ནུས་པ་མ་ཐོན་པས་ཐ་མ་གནས་བབ་འདི་ལ་ལྷུང་སོང་བ་རེད།
ལ་དྭགས་པ་ལགས་ཀྱིས་གསུང་བར་ཡི་རང་ཆེན་པོར་ཡོད།དེང་སང་གི་སྲིད་དང་རྒྱལ་མཚམས་ཀྱི་ཆ་ནས་ལ་དྭགས་དང་འབྲས་ལྗོངས།ལྷོ་མོན་སྤྱི་ཏི་སོགས་ནི་རྒྱ་གར་མི་སེར་དང་རྒྱལ་ཁོངས་ཡིན་པ་དངོས་ཡོད་གནས་ཚུལ་རེད།སྦལ་ཏི་པ་རྣམས་སོགས་ནི་པ་ཀི་སི་ཏན་གྱི་མི་སེར་དང་རྒྱལ་ཁོངས་རེད།གློ་དང་ཡ་རྩེ།ཡོལ་མོ།ཤར་པ་དང་ཙོམ་སོགས་བལ་ཡུལ་གྱི་མི་སེར་ཡིན་པ་དང་རྒྱལ་ཁོངས་ཡིན་པ་དངོས་ཡོད་གནས་ཚུལ་རེད།འོན་ཀྱང་།དེ་ཚོ་ཚང་མ་མི་རིགས་དང་ཆོས་རིག་གཞུང་སྐད་ཡིག་གི་ཆ་ནས་ད་དུང་ཡང་བོད་མི་གཙང་མའི་ངོ་བོར་གནས་ཡོད།
རྒྱ་གར་གཞུང་དང་བལ་པོ་གཞུང་གི་གུ་ཡངས་རང་དབང་གི་བཀའ་དྲིན་ལ་བརྟེན་ནས་གོང་གསལ་གྱི་ཡུལ་དེ་ཚོ།དེང་རྒྱ་བོད་མཚམས་ཀྱི་ཨ་མདོ་བ་ཚོ་དང་བསྡུར་ན་བོད་མི་གཙང་མའི་ངོ་བོར་བསྡད་ཡོད་པ་རེད།རྒྱ་ནག་གཞུང་གིས་གཏོར་བརླག་དང་དྲག་གནོན།མི་རིགས་རྩ་མེད་ཀྱི་སྲིད་ཇུས་སོགས་ལ་བརྟེན་རྒྱ་བོད་ཀྱི་མཚམས་ཀྱི་ཁམས་དང་ཨ་མདོ།རྒྱལ་རོང་སོགས་ཀྱི་བོད་མི་ཚོ་མང་ཆེ་བ་དེང་བོད་མི་ཡིན་ཟེར་ཙམ་ལས་ཆོས་རིག་སྐད་ཡིག་གོམས་གཤིས་ཚང་མ་མེད་པར་བཏང་ཡོད།
ཁ་བརྡ་ལྷན་ཁང་ནས་གསལ་བཤད་ལ་ངས་རྒྱབ་སྐྱོར་ཡོད། བོད་ལ་བཞུགས་པའི་དཔའ་བོ་དཔའ་མོ་རྣམས་ད་བར་སེམས་ཤུག་ལ་བསྔགས་བརྗོད་དང་། ཡི་རང་ཡོད། ཡིན་ནའང་འཛམ་གླིང་ནང་གནས་དོན་དང་། གང་སྤྱིའི་ཐོག་ཐུགས་བསམ་གནང་བཞིན་བཞིན་ང་རང་ཚོས་ཀྱང་ལས་དོན་སྒྲུབ་དགོས། དེ་མིན་ང་རང་ཁེ་མེད་པར་གྱོང་རྐྱང་ཡོང་་སྲིད་པས། ད་ང་ཚོས་རྔ་ལ་དཔག་སྟེ་འཆམ་རྒྱབ་དགོས་འདུག། རང་ལུས་མེ་མཆོད་ད་ལྟ་གནས་སྐབས་མཚམས་འཇོག་རིག། ཁྱེད་རྣམས་པས་མཛད་བཟང་ལ་མོས་མཐུན་ཡོད།
དགོས།
དྲ་འབུ་ཚོ་སེམས་ལ་ངེས་པ་གྱིས་ལ་ཤེས་པ་གྱིས། ཅི་ཞིག་བཤད་ཀྱི་ཡོད་དང་གང་ལ་ཕན་གནོད་ཡོད་པ་མ་མཐར་ངེས་དགོས། ཁོ་ཚོ་དཔའ་བོ་མིན་ན་དཔའ་བོ་གང་ན་ཡོད། དེང་རྒྱ་ནག་གི་དབང་ཤུགས་གང་སར་ཁྱབ་ནས་སྟོབས་ཆེན་རྒྱལ་ཁབ་ཨ་རི་ཡང་མིག་ཟུར་བལྟ་དགོས་པའི་དུས་འདིར་བོད་མི་རིགས་ཀྱི་ཐོབ་ཐང་ཆེད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་གང་མང་ནས་གླེང་སློང་ཤུགས་ཆེ་འགྲོ་བཞིན་པ་དེ་དག་དྲ་འབུ་སྒེར་སེམས་ཅན་ཁྱོད་དང་ངའི་བྱས་རྗེས་ཡིན་ནམ? རང་བསྲེགས་ཀྱི་གནས་ཚུལ་རེ་ཐོན་དུས་ང་ལའང་རང་གི་ཕ་མ་གྲོངས་པ་ལྟ་བུའི་སེམས་ཕམ་དང་ཡིད་མུག་ཚད་ལས་འདས། ཁྱོད་ཚོས་རང་བསྲེགས་ལ་ཕན་འབྲས་མེད་སྡུག་གྱོང་རེད་ཟེར། འོ་ན་གུང་ཁྲན་གཞུང་གིས་རང་བསྲེགས་བཀག་བསྡོམས་ཐད་མི་རྒྱུ་གཉིས་ནས་ཕང་མེད་ཀྱིས་འགྲོ་སོང་གཏོང་བཞིན་པ་དེ་ཁྱོད་ལྟར་ན་རྒྱ་གཞུང་གིས་བོད་མིའི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་འདོད་དམ། ནོར་བ་རེད་ལས་འགུལ་དེ་ནི་རྒྱ་གཞུང་ལ་གདམ་ཀ་གཏོང་བྱེད་ཀྱི་ཚད་མཐོའི་ཞི་བའི་ལས་འགུལ་རླབས་ཆེན་ཞིག་རེད། དེ་མིན་ཁྱོད་ཚོས་དབུ་མའི་ལམ་ཟེར་ཁ་ན་ན་བཤད་རང་བཙན་ཟེར་མགོ་ན་ན་བཤད་བསྡད་ན་ཁྱོད་ཀྱི་བུ་རབ་ཚ་བརྒྱུད་ནས་ཚ་བརྒྱུད་ལ་གང་ཡང་རག་གི་མ་རེད་ལ་སུ་གང་གིས་འདིར་ཡོད་དོ་ཟེར་ནས་སྤྲད་མཁན་དེ་བས་མེད།
༄༄། རང་དོན་དྲི་མ་ཅུང་ཙམ་མེད་པར་། སངས་རྒྱས་བསྟན་པ་དང་། བོད་གང་ཅན་ལྗོང་གི་སྐྱེ་འགྲོ་ཀུན་གྱི་དོན་དུ། གཞན་གྱི་ལུས་ལོང་སྤྱོད་ལ་འཚེ་བ་གང་ཡང་མེད་པར་སྐུ་ལུས་མེར་བསེགས་གནང་བ་ནི་བྱང་ཆུབ་སེམས་པའི་སྤྱོད་པ་འབའ་ཞིག་དང་དེ་ལས་སྟོབས་ཆེ་བའི་དགེ་རྩ་ཅི་ཡང་མེད་པར། མདོ་སྔགས་གང་ལ་གཟིགས་ཀྱང་ཤེས། འཛམ་བུ་གླིང་འདིའི་གང་ལ་ཡང་འཚེ་མེད་ཞི་བའི་སྤྱོད་པ་དེ་ལས་ཚད་མཐོ་བ་བསྟན་དུ་མེད། འོན་ཀྱང་བོད་ཡུལ་་འདིར་་ང་ཚོ་བོད་མི་ཉུང་བ་དང་རྒྱ་རོ་མང་བ་དང། རང་གིས་ནུས་པ་བལྟ་ཞོག་། དེ་ལྟ་བུ་མཐོང་བ་དང་ཐོས་པ་ཡང་བཟོད་པར་དཀའ་བས་ དེ་ལྟ་བུ་མ་གནང་རོག་ཞེས་གསོལ་བ་ཕུལ་ཚུགས་སུ་འདེབ་པ་ལགས།
ཁ་བརྡ་དྲ་དེབ་ཀྱི་ངོས་ནས་འདིར་གསལ་བཤད་དོན་ཚན་འགའ་ཞུ་རྒྱུར།
དང་པོ། ཁ་བརྡའི་ངོས་ནས་རྩོམ་ཡིག་འདི་ལ་བསམ་ཚུལ་མི་མཐུན་པ་ཡོད་པ་སྔོན་མ་ནས་ཚོར་གྱི་ཡོད། བསམ་ཚུལ་མི་མཐུན་པ་གླེང་སྐབས་གུས་ཞབས་ཀྱི་ཐོག་ནས་གླེང་རྒྱུ་དེ་གལ་ཆེ། ཚིག་མཚོན་འདེབས་པ་དཔེར་ན་དྲ་འབུ་དང་སྐྱག་ཟན་སོགས་སྤྱོད་མི་ཆོག མུ་མཐུད་ནས་དེ་ལྟར་བྱས་ཚེ་དེ་དག་འགོག་ངེས་ཡིན།
གཉིས་པ། ང་ཚོའི་བགྲོ་གླེང་འདི་སྐྱེ་བོ་སྒེར་གྱི་ངོ་བོར་བསྒྱུར་མི་ཆོག དཔེར་ན་སྐྱེས་བུ་ཞིག་གིས་འཇོན་དང་མི་འཇོན་དང་རང་སྲེག་བྱེད་ཕོད་དང་མི་ཕོད་སོགས་ཀྱི་ཀླན་ཀ་འཚོལ་བ་སོགས་མི་ཆོག འདིར་སྤྱི་དོན་ཞིག་འཆད་བཞིན་ཡོད་པ་མ་གཏོགས་སྐྱེ་བོ་སྒེར་ཞིག་གི་འཇོན་ཐང་དང་ནུས་པ་འཆད་ཀྱིན་མེད།
གསུམ་པ། བོད་གཞུང་གི་དཔོན་རིགས་ལ་སྒེར་གྱི་ཚིག་མཚོན་འདེབས་པ་དང་མཚན་སྨད་ཞུ་བ་སྤོང་རོགས། གླེང་མོལ་གནང་སྐབས་མི་རིགས་ཀྱི་སེམས་ཁམས་ལ་དོ་ཕོག་གཏོང་བའི་ཚིག་མཚོན་འདེབས་རིགས་འོས་འཚམ་དུ་ངོས་འཛིན་མི་ཞུ་བ་ཡིན།
བཞི་པ། རང་དང་བསམ་ཚུལ་མི་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་ནས་ “སོ་པ་” སོགས་དགྲ་ཕྱོགས་ལ་སྦྱོར་བ་སྤོང་དགོས། ད་བར་དུ་རང་སྲེག་གནང་ཟིན་པ་རྣམས་ཀྱི་མཚན་ནས་བོས་ཏེ་མི་འོས་མི་རིགས་པའི་གཏམ་འཆལ་སྤོང་དགོས་པའི་ངོས་འཛིན་དང་འབོད་སྐུལ་ཞུ་ཡི་ཡོད།
དཔལ་ལྡན་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལགས། །
ཁྱེད་རྣམས་ཀྱི་རེ་སྨོན་ལ་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད། ཡིན་ནའང་་་དོན་རྐྱེན་་་་ཞེས་པའི་ཚིག་འདི་ཁྱད་མཚར་པོ་འདྲ་ཞིག་འདུག
ད་མང་པོ་ལབ་མི་འདོད། དགོངས་ཚུལ་འདྲ་ཡོད་དམ། མེད་ན་སྐྱོན་མེད།
དོན་ཚན་བཞི་བོར། ཤ་ཞེན། ལ་རྒྱ། གནས་ལུགས། བཟང་སྤྱོད་ཀྱི་བསམ་གཞིག་གཏིང་ཟབ་པ་ཞིག་ཡོད་པ་མཐོང་པས། ཡིན་དང་ཡིན་ཞུ་རྒྱུ་ཡིན།
ཁ་ནི་ཉེས་བ་ཀུན་གྱི་སྒོ་ཡིན་པས། ཁ་ལ་སྒོ་ལྕགས་ཡོད་ན་ཅི་མ་རུང་ཟེར་བ་ཞིག་གོ་ཡོད་པས་དེ་ལྟར་དུ་ཞུ། མ་གཞིར། སྙིང་ན་ས་ཁ་ཤས་ཤིག་ཡོད་ཀི་རེད་ཨ། ད་ཉེས་བ་མི་བསགས་ཁོ་ཐག་ཡིན། ཧ་ཧ་ཧ།
XXXXX་རིག་གནས་ཆུ་ཚད་དང་བསམ་བློའི་མཐོ་ཚད། དུས་རྒྱུན་འཚོ་བའི་ཁྲོད་གྱི་བློ་ཁ་འཁྱེར་ཕྱོགས། དཔལ་འབྱོར་འཚོ་འཚིས་ཀྱི་རིམ་པ་སོགས་ལ་དཔྱད་པ་བཏང་ན། རང་བསྲེགས་མཁན་ཕལ་ཆེ་བ་རིག་གནས་ཆུ་ཚད་ཤིན་ཏུ་དམའ་བ། བསམ་བློ་ཡང་མཐོན་པོ་མེད། སྤྱི་ཚོགས་ཀྱི་ཐོབ་ཐང་དང་དཔལ་འབྱོར་འཚོ་འཚིས་ཀྱང་ཆེས་དམའ་མོའི་རིགས་སུ་གཏོགས། གྲྭ་ཇོ་དང་གྲྭ་ཇོ་མར་ལོག་ཆེས་མང་པོ་རེད། དེ་ལས་གཞན་ཕ་མ་སྤུན་མཆེད་བདེ་ཐང་འཚོ་བཞུགས་མ་ཡིན་པའི་བུ་ཕྲུག་ཅུང་མང་། མདོར་ན་ཁོ་ཚོས་ཁྲོད་དུ་འཛམ་གླིང་ཀྱི་གནས་ཚུལ་དང་མི་རིགས་ཀྱི་གནས་བབས་ལ་རྒྱུས་ལོན་གསལ་བོ་ཡོད་མཁན་ཞིག་མང་པོ་མི་འདུག་ཅེས་ཁ་ཚོན་བཅད་ནས་བཤད་ཐུབ།
མདོར་ན། ཁོ་ཚོས་ནར་མ་སོན་པའི་བསམ་བློ་གཉོམ་པོ་ལ་ཅེ་མ་ཀྱི་ཧུད་ཟེར་བའི་འུར་བསྒྲོགས་ཚ་བོ་དང་ཐལ་ཆེ་བའི་དཀྲོག་གཏམ་དེའི་རིགས་ཀྱིས་ཤུགས་རྐྱེན་འོག་ལོག་ལམ་དུ་སོང་བ་རེད།
མཁྱེན་ཡང་ཁ་བརྡའི་དབང་འཛིན་པ་རྣམས་ལ་ཁོ་བོས་དྲ་འབུ་ཟེར་བའི་ཚིག་དེ་མཆན་ཐོག་བེད་སྤྱོད་པར་དགོངས་སེལ་ཞུ་བས་ཐོག་ཁྱེད་རྣམས་ཀྱིས་ཁ་བརྡའི་ཁོར་ཡུག་འདི་ཡ་རབ་དང་བཟང་སྤྱོད་ལྡན་པའི་གླེང་བསྟེགས་ཤིག་ཏུ་བསྐྲུན་ཐབས་གནང་བར་ཡིད་རང་ཞུ།
རང་བསྲེགས་ཀྱི་གྲངས་ཚད་ཧ་ཅང་མཐོ། ཕན་གནོད་ཀྱི་ཚད་གཞི་སུ་ཡིས་འབྱེད།
ད་དུང་ཡང་མུ་མཐུད་དུ་འབྱུང་སྲིད་ན། ང་རང་ཚོས་རོགས་འདེགས་ཅི་ཞིག་བགྱིད།
ཁ་བརྡ་ཚང་ལགས། ངས་དྲྭ་འབུ་ཁ་ཤས་ལ་ཚིག་ངན་རེ་རུང་བཤད་པར་མི་ཆོག་དང་མི་ཆོག་ཅེས་བཀའ་མང་པོ་ཞིག་གནང་སོང་རུང་། བུ་རྫི་མ་ཟེར་བ་འདིས་བོད་གངས་ཅན་གྱི་བསྟན་དོན་དུ་རང་སྲེག་གནང་མཁན་དཔའ་བོ་ཕོ་མོ་རྣམས་ལ་སྨ་འབེབ་འདི་འདྲ་བྱེད་ཆོག་པ་ཡ་མཚན་རེད། འདི་བོད་གངས་ཅན་པའི་སྤྱི་དོན་རེད་མ་གཏོགས་ང་མི་ཅིག་གི་སྒེར་དོན་ཅང་མ་རེད།
རང་སྲེག་པ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཀྱི་ཚད་མཐོ་པོཡིན་པ་ངོས་ལེན་ཡོད་ཀྱང་། ཁོང་ཚོས་རང་སྲེག་གནང་བར་རྒྱབ་སྐྱོར་རྩ་བ་ནས་མེད། གང་ལ་ཞེ་ན་དོན་ག་རེ་ཡིན་རང་གཅེས་པའི་རང་མེ་ལ་འབུལ་རྒྱུར་ངོས་ལེན་བྱེད་མེད། དོན་ག་རེ་ཡིན་རང་སྲོག་ལས་ལྷག་པའི་དོན་ཞིག་འཇིག་རྟེན་འདིར་གཏན་ནས་ཡོང་མི་སྲིད།
མཆན་སྒོ་བརྒྱབས་ན་བརྒྱབས། མ་རྒྱག་སྔོན་ལ། བུ་རྫི་མ་དང་། མོ་དང་ཆ་འདྲ་བའི་ནང་འདྲེ་ཚང་མའི་ཁ་ནང་ལ་ཐལ་གཏོར་དབང་རྩ་ཉམ་སྤྱད་ཅིག་གཡུགས་སོ། ཐེ་བར་ཤོག། ཐེབས་པར་ཤོག།
ཕོ་དམོད་འདྲེ་རྒྱག་མཁན་མོ་དང་འདྲ།།
མོ་དམོད་འདྲེ་རྒྱག་འདྲེ་དང་འདྲ།།
དམོད་མོ་མི་ལ་རྒྱབ་ན།།
དམོད་ངད་རང་ལ་དུ་ཡོང་།།
ཧ་ཧ་
ཕོ་དམོད་འདྲེ་རྒྱག་མཁན་མོ་དང་འདྲ།།
མོ་དམོད་འདྲེ་རྒྱག་མཁན་འདྲེ་དང་འདྲ།།
དམོད་མོ་མི་ལ་རྒྱབ་ན།།
དམོད་ངད་རང་ལ་དུ་ཡོང་།།
ཧ་ཧ་
“མི་རིགས་ཀྱི་དོན་དུ་རང་ཉིད་བློས་བཏང་བ་ནི་རླབས་ཆེན་དང་། རང་ཉིད་ཀྱི
དོན་དུ་མི་རིགས་བློས་བཏང་བ་ནི་བརླ་བཙོང་ཡིན” བུ་རྫི་མ་དང་བུ་རྫི་མ་ལྟ་བུ་དག་གིས་སྐད་ཆ་འདི་འདྲ་རྨི་ལམ་དུ་རྨིས་མྱོང་མེད་པ་འདྲ།
གངས་ཅན་པའི་སྤུན་ཟླ་རྣམས་ཀྱི་རང་ལུས་རྒྱལ་བའི་དཀྱིལ་འཁོར་དེ་མེ་ལ་
སྲེགས་མི་དགོས་པ་དང་རང་སྲོག་ཤོར་མི་དགོས་པ་ཞིག་བྱུང་ན་སྙམ་པའི་རེ་
སྨོན་གནང་མཁན་རྣམས་མི་ངན་དང་ཐོབ་ཐང་མེད་ཚུལ་སོགས་བཤད་མོད།
རང་སྲེག་ལས་འགུལ་དེ་ཐབས་ལམ་ནང་ནས་མཆོག་ཡིན་པ་ལྟ་བུ་དང་དཔའ་
བོ་དཔའ་མོ་ཞེས་ངན་བསྐུལ་བྱེད་ཆོག་པའི་ཐོབ་ཐང་ཡོད་མདོག་བཤད་མཁན་
རྣམས་ངོ་མ་དགོད་བྲོ་པོ་རེད། དེ་རིགས་ལ་ངན་པའི་དཔུང་སྡེབས་དང་ཁྲམ་པའི་
ཆོས་བཤད་ལས་ལྷག་པའི་བརྩི་མཐོང་ཞིག་སུས་ཀྱང་བྱེད་པར་མི་རིགས་སོ།
བཀྲ་ཤིས་ཁོ་རེ། གངས་ཅན་སྤུན་ཟླ་ཚོས་རང་ལུས་མེ་མཆོད་ཕུལ་ནས་རང་སྲོག་བློས་བཏང་གནང་བ་འདི་གང་གི་ཆེད་དུ་ཡིན་པ་ཨེ་ཤེས། དོན་མེད་རང་སྲོག་ཤོར་ན་ངས་ཀྱང་དགའ་བསུ་མི་བྱེད། འོན་ཀྱང་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་དང་། འཛམ་གླིང་རིག་གཞུང་བང་མཛོད་ནང་འོད་སྟོང་འཕྲོ་བའི་ནོར་བུ་རྩ་ཆེན་ཞིག་འཇིག་ཉེན་ལ་ཐུག་ཡོད་པ་ཨེ་ཤེས། ད་དུང་གཞིས་ལུས་མི་མང་ཚོར་འཛམ་གླིང་མི་མང་ཕལ་མོ་ཆེས་ལོང་སྤྱོད་བཞིན་པའི་འགྲོ་བ་མིས་ཐོབ་ཐང་དང་རང་དབང་ཞེས་པ་དེ་ལོངས་སུ་སྤྱོད་དབང་མེད་པ་ཨེ་ཤེས། འདི་ཚོ་ལ་མི་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་གི་རིན་ཐང་མེད་པ་རེད་དམ།
འགྲོ་བ་མིའི་རིགས་ལ་ལྟོ་རྒྱབ་གཉིས་མ་གཏོག་མ་འཁྱག་ཙམ་གྱིས་འགྲིག་སོང་ན་དུད་འགྲོ་དང་ཁྱད་པར་ཅི་ཞིག་འདུག དེ་སྔོན་འཛམ་གླིང་གི་སྐྱེས་བུ་རླབས་ཆེན་གྷན་དི་དང་མ་ཊིན་ལུ་ཐར་ཀིང་སོགས་ཕལ་ཆེ་བས་གང་གི་ཆེད་དུ་ཚེ་སྲོག་བློས་བཏང་གནང་ཡོད་པ་ཨེ་ཤེས། དེ་ཚོ་ཡང་ཤེས་མེད་བློ་མེད་ཀྱི་མི་རྐྱང་རྐྱང་རེད་དམ།
ཡ་ཁོ་རེ་ལུང་རྟོགས། ཁྱོད་ཀྱི་གོང་དུ་བརྗོད་པའི་སྐྱེས་ཆེན་དེ་རྣམས་རང་སྲེག་ལས་འགུལ་ཞིག་ག་དུས་བརྩམས་འདུག།
ཀླད་པ་བེད་སྤྱད་ནས་རྒྱལ་ཁ་ལེན་མཁན་རེད། དེ་ལ་མ་བཟོད་ནས་གཞན་གྱི་གསོད་པ་དང། རང་ལུས་རང་སྲེག་གཉིས་
ལ་ཁྱད་པར་ཨི་ཤེས། བྱས་རྗེས་ཅན་གྱི་བོད་ཀྱི་དཔའ་བོ་ལི་ཐང་ཨ་ཐར་སོགས་ལ་དཔའ་བོ་ཞེས་འབོད་ཨི་མྱོང། དཔའ་བོ་
ཞེས་འབོད་རྒྱུ་ཕར་ཞོག་ཨ་དར་དགྲ་ལ་བརྩིས་མཁན་ཞིག་ཡིན་པ་སྨོས་ཅི་དགོས།
ལུང་རྟོགས་ལགས། གྷན་དེས་རང་བཙན་རྩོད་པ་དང་བོད་ཀྱི་རང་བཙན་རྩོད་པ་གཉིས་བསྡུར་ཐབས་མེད་པ་ཤེས་པར་ཀྱིས། རྒྱ་གར་མི་གྲངས་དུང་ཕྱུར་བཅུ་ཙམ་ཡོད་པའི་རྒྱལ་ཁབ་ཅིག་དབྱིན་ཇིས་དམག་མིས་ཁ་ཤས་ཀྱིས་བཟུང་ཡོད་པ་རེད། གལ་ཏེ་དེ་དུས་རྒྱ་གར་རྡོག་རྩ་གཅིག་སྒྲིལ་བྱུང་ཡོད་ན་གྷན་དེས་དཀའ་ལས་དེ་ཙམ་རྒྱག་མ་དགོས་པར་རང་བཙན་ཉིན་མ་གཅིག་ལ་ལེན་ཐུབ་པ་རེད། བོད་མི་ས་ཡ་དྲུག་གིས་རྡོག་རྩ་གཅིག་སྒྲིལ་ཅི་ཙམ་བྱུང་ཡང་རྒྱ་མི་དུང་ཕྱུར་བཅུ་གསུམ་ལ་ཁ་གཏད་གཅོག་རྒྱུ་དཀའ་བར་སྣང་། འོན་ཀྱང་རྒྱ་ནག་གི་ཆབ་སྲིད་ལ་རིམ་གྱིས་འགྱུར་བ་འགྲོ་ངེས་རེད། དེ་དུས་ང་ཚོར་རེ་བ་ཡོད་པ་རེད། དེ་མིན་བོད་མི་ག་ཚོད་ཀྱིས་རང་སྲེག་བྱས་ཀྱང་གྲུབ་འབྲས་ཐོན་རྒྱུ་དཀའ་བར་སྣང་། ཐ་ན་རང་བསྲེག་བྱས་ཚད་ཐམས་ཅད་ཁྱབ་བསྒྲགས་ཀྱང་བོད་ནང་ཁུལ་ཙམ་ལས་རྒྱ་ནང་དུ་འགྲོ་ཐུབ་ཀྱི་མེད་པ་འདྲ། ང་ཚོར་ཤི་བའི་གྲངས་ཀས་ཕན་གྱིས་མ་རེད། གཙོ་བོ་རྒྱ་ནག་ནང་དུ་ཤུགས་རྐྱེན་ཐེབས་དགོས་པ་རེད། འདིར་དྲ་གྲོགས་ཚང་མས་རང་བསྲེགས་བྱས་པ་ཆུད་ཟས་སུ་འགྲོ་སྲིད་པ་དང་གྲུབ་འབྲས་ཐོན་རྒྱུ་དཀའ་བར་སྣང་ཞུ་བཞིན་ཡོད་པ་ལས། དེ་མིན་རང་བསྲེགས་བྱེད་མཁན་ཚོའི་ལྷག་བསམ་དག་མ་དག་དང་སེམས་མཁན་ལ་སྐྱོན་ཡོད་མེད་སུ་ཞིག་གིས་བརྗོད་ཀྱིན་ཡོད་པ་མ་རེད། ངས་འདོད་ཚུལ་ནི་རང་ཉིད་འཚོ་བར་བྱས་ནས་རྒྱལ་ཁ་ཐོབ་རྒྱུ་ནི་བསམ་བློ་འཁྱེར་སོ་ལེགས་ཤོས་ཏེ་ངོས་འཛིན་ཞུ་བཞིན་ཡོད། རྒྱལ་ཁ་ཐོབ་དང་མི་ཐོབ་ནི་བོད་མི་དམངས་ཀྱི་ལས་དབང་ལའང་རག་ལས་ཡོད་པ་རེད་བསམ་གྱིན་ཡོད།།
མེར་སྲེག་མི་ཡོང་རེ་བ་ནི་ངའི་དུས་རྟག་ཏུ་སེམས་ཁོང་ན་ལྡིང་བའི་དོར་མེད་ཀྱི་ནོར་བུ་ཞིག་ཏུ་རློམ་བཞིན་ཡོད་ལ། ད་དུང་ཚམས་འཇོག་ཐབས་ཡོད་ན་དེ་བས་བཟང་བའི་བྱ་བ་ཞིག་སྨན་བཞིན་ཡོད།
རྟ་བདུན་དབང་པོ་ལགས། བོད་མི་ས་ཡ་༦་རྡོག་རྩ་ཆིག་སྒྲིལ་བྱུང་ན་དེ་ལ་དཔག་པའི་ནུས་ཤུགས་ཤིག་ཡོང་གི་རེད་བ། དེང་སང་རྒྱ་ནག་མི་དམངས་དུང་ཕྱུར་༡༣་ཟེར་བ་འདི་ཡང་མི་རིགས་༥༦་ཡོངས་རྫོགས་བརྩིས་པའི་གྲངས་འབོར་ཞིག་རེད་བ། དུས་རྟག་ཏུ་མི་དམངས་དུང་ཕྱུར་༡༣་རྡོག་རྩ་ཆིག་སྒྲིལ་སྡད་ཀྱི་མ་རེད་པ། དེང་སང་ཡང་མི་དམངས་དུས་ཕྱུར་༡༣་རྡོག་རྩ་ཆིག་སྒྲིལ་མེད་པ། མི་སེར་དུང་ཕྱུར་༡༣་ཡི་ཁ་གཏད་བཅག་དགོས་བསམས་ན་ཏོག་ཙམ་ནོར་བ་མིན་འགྲོ
སྤྱིའི་ཆ་ནས་མི་འབོར་མང་ཉུང་གིས་ཐོག་ནས་རྒྱལ་ཁ་འཐོབ་མིན་ཆ་བཞག་དགོས་པ་ཡིན་ན་འཛམ་གླིང་བདག་པོ་རྒྱ་ནག་རེད་བ། རྒྱ་ནག་གིས་འཛམ་གླིང་དབང་སྒྱུར་བྱེད་ཐུབ་ཀྱི་རེད་དམ། དེང་སང་བོད་མི་རེ་འགའ་གྱིས་རྒྱ་ནག་མི་འབོར་མང་པོ་རེད། དཔལ་འབྱོར་ཆེན་པོ་རེད། དམག་མི་མང་པོ་རེད། བོད་རང་བཙན་རེ་བ་ཡོད་མ་རེ་ཟེར་བ་འདི་ནི་བོད་མི་དམངས་སེམས་ཤུགས་བཅག་སྟངས་ཀྱི་ཐབས་ཇུས་ཤིག་ཡིན་པ་ལས་གཏན་ཚིགས་རིག་པའི་སྒྲུབ་བྱེད་ཡོད་པའི་སྐད་ཆ་ཞིག་མ་རེད།
གལ་སྲིས་དམག་འཐབ་བྱེད་དགོས་པའི་དབང་དུ་བཏང་ཡང་དམག་མང་ཉུང་གིས་རྒྱལ་ཕམ་བརྩིས་རྒྱག་ཐུབ་ཀིན་མ་རེད། དེང་སང་གི་དེང་རབས་འདི་གོ་མཚོན་དང་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཆེ་ཆུང་གི་ཁྱད་པ་རེད། དཔེར་ན། བལ་ཡུལ་རྒྱལ་ཁབ་ཀྱི་དམག་མི་ས་ཡ་གཅིག་གསོད་མཁན་ལ་ཨ་རིའི་གནམ་དམག་གཉིས་ལ་B52 གནམ་གྲུ་གཉིས་བྱུང་ན་ཚང་མ་གསོད་འཇོག་གི་རེད། མི་མང་ན་ཕན་ཐོག་དེ་ཙམ་མེད་པའི་དེང་རབས་རེད། སྔོན་མ་དེང་རབས་རྙིང་པའི་སྐབས་སུ་མདའ་དང་གྲིས་དམག་འཐབ་བྱས་པའི་སྐབས་སུ་ཡིན་ན་མི་མང་ཉུང་གི་ཐོག་ནས་རྒྱལ་ཕམ་ཡོང་གི་ཡོད་པ་གསལ་པོ་རེད། དེང་སང་དེང་རབས་༢༡་རེད།
དཔེར་ན། དེང་སང་རྒྱ་ནག་གིས་ཨེ་ཟི་རི་ལི་རྒྱལ་ཁབ་ལ་དམག་རྒྱག་དགོས་པའི་དབང་དུ་བཏང་ན་རྒྱལ་ཁ་འཐོབ་ཁག་པོ་རེད། ཨེ་ཟི་རི་ལི་རྒྱལ་ཁབ་ཀྱི་མི་འབོར་Israel ended 2012 with a population of 7,701,000 people, འདི་ལས་མེད། མི་འབོར་ཐོག་ནས་བརྩིས་ན་ཨེ་ཟི་རི་ལི་མི་གཅིག་གིས་རྒྱ་མི་༡༦༠མཉམ་དུ་འཐབ་དགོས་རེད། མདའ་དང་གྲིས་འཐབ་དགོས་པའི་དུས་ཚོད་ཡིན་ན་ཨེ་ཟི་རི་ལི་ཕམ་གྱི་ཉག་གཅིག་རེད། ཡིན་ཀྱང་རྡུལ་ཕྲན་མཚོན་ཆ་ཡི་དམག་དང་དམག་འཁྲུག་ཡིན་དུས་རྒྱ་ནག་གིས་ཨེ་ཟི་རི་ལི་རྒྱལ་ཁབ་ཀྱི་ཁ་གཏད་བཅག་ཐུབ་ཀྱི་མ་རེད་འདོད།
ཨེ་ཟི་རི་ལི་རྒྱལ་ཁབ་འཛམ་གླིང་ཐོག་གི་གོ་མཚོན་ཡག་ཤོས་བཟོ་ཐུབ་མཁན་གྱི་ལུང་པ་རེད། རྒྱ་གར་གྱིས་ཀྱང་ཨེ་ཟི་རི་ལི་རྒྱལ་ཁབ་ཀྱི་རྩ་ནས་མེ་ཤུགས་འཕུར་མདའ་འགོག་རྐྱེན་གྱི་འཕྲུལ་ཆས་ཉོས་སོང་། ཨེ་ཟི་རི་ལི་རྒྱལ་ཁབ་ཀྱིས་མེ་ཤུགས་འཕུར་མདའ་བཀག་ཐུབ་པའི་འཕྲུལ་ཆས་ཡག་པོ་བཟོ་ཐུབ་པ་དང་། གོ་ལག་ཆ་བཟོ་བསྐྲུན་གྱི་ལག་རྩལ་རྒྱ་ནག་གིས་འགྲན་ཟླ་ཐུབ་ལེ་མ་རེད། ཧཧཧ་་་་མི་འབོར་མང་ནའང་སྐྲག་དགོས་མ་རེད་ད
ཁྱེད་དང་ངེད་གཉིས་ལྟ་བ་ནམ་ཡང་མི་མཐུན། དེར་སྐྱོན་མི་འདུག འོན་ཀྱང་རང་བསྲེག་ལ་ཡི་རང་མ་བྱེད། དེ་ནི་བོད་ཀྱི་གྱོང་གུད་ཅིག་ཀྱང་ཡིན། ཡིན་ནའང་ཐུགས་བསམ་ལེགས་པོ་ཞིག་བཞེས་དང་རྟོགས་སླ། ཨེ་ཟི་རལ་ནི་ཨ་རི་ལ་ཤུགས་ཆེན་བརྟེན་ཡོད་པ་རེད། ང་ཚོས་ཨེ་ཟི་རལ་ལ་གང་གིས་ཐད་ནས་འགྲན་མི་ཐུབ། ཡིན་ནའང་ངས་བཤད་པ་དེ་ནི་ང་ཚོའི་སྟོབས་ཤུགས་དང་གྲངས་འབོར་ཚང་མའི་ཐད་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་ཀྱི་མི་འདུག་ཞུ་བཞིན་ཡོད་པར་མ་ཟད། གྲངས་འབོར་གཅིག་པུས་བྱེད་བཞིན་མེད། ངས་རྒྱ་གར་དང་བསྡུར་ནས་བཤད་པ་ཡིན། རྒྱ་ནག་ཚང་མ་རྡོག་རྩ་གཅིག་སྒྲིལ་མིན་ཀྱང་རུང་ཁ་གཏད་གཅོག་རྒྱུ་མི་ནུས། གལ་ཏེ་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་སོང་ན་དེ་དུས་རེ་བ་ཡོད་པ་རེད། དེ་མིན་སྟོང་བསམ་རེད་སྙམ་པ་ངས་བསམ་ཚུལ་ཡིན། །
རྟ་བདུན། ༼གལ་ཏེ་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་སོང་ན་དེ་དུས་རེ་བ་ཡོད་པ་རེད།༽ རེ་བ་ཡོད་པའི་ཡོད་སྟངས་རེ་རེ་བྱས་ནས་ཤོད་དང་། སྐད་ཆ་ལ་འདི་ཉན་འདོད་ཞེ་བོ་ཡོད། ཁ་གསལ་པོ་དང་དོན་ལ་གོ་བ་ཡོད་པའི་སྒོ་ནས་བྲིས་ཤོག།
སྐད་ཆ་འདིའི་རྒྱབ་ལྗོང་གསལ་བོ་མི་ཤེས་ན། སྐད་ཆ་འདི་ཚོ་(བོད་རེ་བས་ཕུང)་ཟེར་བ་དེའི་ལམ་ལ་གཏོང་མཁན་ཡིན་པ་ཤེས་བར་བྱོས།
བཀྲ་ཤིས་ཁོ་རེ། སྐད་ཆའི་གོ་དོན་ཙམ་ཡང་རྟོག་མི་འདུག་པས་ད་དུང་ཅིག་བཤད་ཁུལ་བྱེད་པ་ཡ་ཆ། བོད་ནང་གི་རང་སྲེག་གནང་མཁན་ཚོས་རང་དབང་གི་དོན་དུ་རང་སྲོག་བློས་བཏང་གནང་བ་རེད་ལ། གྷན་དྷི་སོགས་ཀྱིས་ཀྱང་སྲོག་ལ་ཉེན་ཁ་ཡོད་པ་ཤེས་བཞིན་དུ་རང་དབང་གི་དོན་དུ་རང་སྲོག་བློས་བཏང་ནས་དཀའ་ལས་རྒྱབ་པ་རེད། དེ་གཉིས་ལས་འགུལ་གྱི་ངོ་བོ་མི་ཅིག་ཀྱང་དམིགས་ཡུལ་གཅིག་པ་ཡིན་པ་ཤེས་པར་གྱིས། ལི་ཐང་ཨ་དར་ཟེར་བ་དེས་གདུག་འདྲེ་ཞིག་གི་ཆེད་དུ་བླ་མའི་དམ་ཚིག་དང་མི་རིགས་ཀྱི་ལ་རྒྱུ་ཆུ་ལ་དབྱུག་ནས་དོལ་ཚོགས་ཀྱི་ཚོགས་འདུའི་ནང་ལ་ཡང་ཡོད་པ་བརྙན་འཕྲིན་ནས་དངོས་སུ་མཐོང་རྒྱུ་འདུག་པས། མི་དེ་འདྲ་ཞིག་དཔའ་བོ་ཡིན་ན་ད་བོད་ལ་དཔའ་བོ་ཟད་སོང་བ་རེད། ཤེས་ཨེ་སོང་།
རྟ་བདུན་དབང་པོ། ངས་ཀྱང་སྔར་ནས་མི་ཁྱོད་ཚོའི་གྲལ་དེ་སེམས་ཤུགས་ཆགས་ཡོད་པའི་ཚོད་དཔག་བྱས་པ་ཡིན། ངའི་ཚོད་དཔག་དེ་དོན་ལ་གནས་ཡོད་པ་དེ་རིང་ཁྱེད་ཀྱི་སྐད་ཆ་ནས་སྟན་འདུག རང་དབང་འཐབ་རྩོད་བྱེད་མཁན་ཞིག་ལ་སེམས་ཤུགས་འདི་འདྲ་ཞིག་ལས་མེད་ན་རང་དབང་ཇི་ལྟར་ཐོབ། ང་ཚོས་རྒྱ་ནག་གཞུང་ལ་ཁ་གཏད་བཅོག་གི་ཡོད་པ་ལས་རྒྱ་མི་རིགས་ལ་ཁ་གཏད་བཅོག་གི་མེད་ཅེས་མ་ཎི་བགྲང་གི་ཡོད་པ་མིན་ནམ། དབུ་མའི་ལམ་གྱི་གོ་དོན་རྟོག་མཁན་རྒྱ་རིགས་བརྒྱ་ཕྲག་མང་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་མཐོང་ངམ། རྒྱ་ནག་གི་ཆབ་སྲིད་འགྱུར་བ་འགྲོ་བར་སྒུག་སྡད་ན་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་བའི་ཉེན་ཁར་ཐུག་ཡོད་པ་ཨེ་ཤེས། རང་སྲེག་གནང་མཁན་ཚོས་ཀྱང་སྒུག་མི་ཐུབ་པའི་ཉེན་ཁ་ཞིག་མཐོང་ནས་ལས་འགུལ་ཚབ་ཆེན་འདི་འདྲ་ཞིག་སྤེལ་དགོས་ཐུག་སོང་བ་ལས་ཉེན་ཁ་མེད་བཞིན་དུ་ཉེན་མཆོང་རྒྱབ་པ་ཞིག་ག་ལ་ཡིན། མང་པོ་གཅིག་ཏུ་བློ་མཐུན་ན་གྲོག་མའི་ཚོགས་ཀྱིས་གླང་ཆེན་ཡང་གསད་ཐུབ་པའི་དཔེ་དེ་གོ་ཨེ་མྱོང་། བོད་མི་ས་ཡ་དྲུག་རྡོག་རྩ་ཅིག་ཏུ་སྒྲིལ་ནས་ཡར་ལང་ཞིག་བྱེད་ནུས་ན་བོད་ལ་རང་བཙན་མིན་ཡང་རང་སྲིད་རང་སྐྱོང་ཞིག་ཐོབ་ཐུབ་རྒྱུ་བརྒྱ་ཆ་བརྒྱ་རེད། འོན་ཀྱང་ཡིད་ཕམ་པ་ཞིག་ལ་ཁྱོད་དང་ཁྱོད་ལྟ་བའི་བཙན་བྱོལ་བ་མང་པོ་ཞིག་ལ་སྒེར་དོན་གཉེར་རྒྱུའི་འདུན་པ་ལས། སྤྱི་དོན་དུ་ནློས་བཏང་ཅུང་ཟད་ཙམ་ཡང་བྱེད་འདོད་ཀྱི་སེམས་ཤུགས་མེད་པ་འདི་ནི་རྒུད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པ་ཤེས་པར་གྱིས།
ནློས་བཏང་ཞེས་པ་དེ་བློས་བཏང་ལ་བཅོས།
མི་སུ་ཡིན་ཡང་ཚེ་སྲོག་རྩ་ཆེན་པོ་ཡིན་པ་མི་ཤེས་མཁན་ཞིག་མེད་པ་རེད་ལ་འཇིག་རྟེན་འདིར་ཡུན་དུ་འཚོ་འདོད་ཡོད་མཁན་ཤ་བསྟག་རེད། འོན་ཀྱང་དོན་དག་ཆེ་ས་ཞིག་ལ་ཐུག་ན་རང་སྲོག་ཡན་ཆད་བློས་གཏོང་བ་ནི་འཇིག་རྟེན
སྤྱི་ཡི་འགྲོ་སྟང་ཡིན་པ་ལས། བོད་པ་ཚང་གི་སངས་རྒྱས་སྟོང་གི་རིང་ལ་མ་དར་བ་ཞིག་དགེ་སྦྱོང་མགོ་རེག་ཅིག་གིས་བཟོས་བཞག་པ་ཅང་མ་རེད། འདས་མ་ད་གསུམ་གྱི་འཛམ་གླིང་གི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ལ་ལྟོས་དང་། ཁྲག་གི་འགྲོ་སོང་གཏན་ནས་གཏོང་མི་དགོས་པར་རང་དབང་ཐོབ་སོང་མཁན་ཞིག་སུ་འདུག རང་ཉིད་འཚོ་ནས་ལས་འགུལ་སྤེལ་རྒྱུ་ཙམ་ལས་དེ་ལས་བརྒལ་བའི་ལས་འགུལ་སྤེལ་མི་ཉན་པར་བཤད་པ་ནི་མི་རིགས་དང་རང་དབང་སོགས་ཀྱི་རིན་ཐང་མ་ཤེས་པ་ལས་གཞན་གང་ཡང་མིན། འཛམ་གླིང་གི་མི་ཕལ་ཆེ་བའི་བསམ་བློ་འདི་འདྲ་ཞིག་ཡིན་ན་དུས་ད་ལྟ་ཡང་དབང་ཆ་གཅིག་སྡུད་ཀྱི་ལག་འོག་ཐར་མེད་པ་ཁོ་ཐག་ཡིན། རང་དབང་གི་ཆེད་དུ་བློས་བཏང་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་ནི་རྒྱང་རིང་པོ་གང་ཡང་ལྟ་མི་དགོས་པར། ཉེ་ཆར་བྱུང་བའི་ཨ་རབ་ཀྱི་བ་སྤུའི་མེ་ཏོག་གི་གསར་རྗེ་ཞེས་པ་འདི་ལ་ལྟས་ན་ཤེས་ཐུབ།
་་་་་་་་ བོད་མི་ས་ཡ་དྲུག་རྡོག་རྩ་ཅིག་ཏུ་སྒྲིལ་ནས་ཡར་ལང་ཞིག་བྱེད་ནུས་ན་བོད་ལ་རང་བཙན་མིན་ཡང་རང་སྲིད་རང་སྐྱོང་ཞིག་ཐོབ་ཐུབ་རྒྱུ་བརྒྱ་ཆ་བརྒྱ་རེད། ་་་་་་་་
ཁོ་རེ་ལུང་རྟོགས། ཁྱོད་གོ་དོན་རྟོགས་མཁས་དྲག་ནས་རང་དབང་ཞེས་པའི་ཚིགས་དེ་ལམ་དབུ་མའི་རང་དབང་མ་གཏོགས་
རང་བཙན་གྱི་རང་དབང་མ་ཡིན་པ་དང། བྱས་རྗེས་ཅན་དཔའ་བོ་ལི་ཐང་ཨ་ཐར་ནག་ཉེས་ཅན་དུ་འགྲེལ་བཤད་ཟབ་རྒྱས་
ཞིག་རྒྱབ་ཤོག་ཨ། ཡིད་ཆེད་གཙང་མ་ཡོད་ད་ཁོ་རེ་གོ་ཨི་བྱུང། ད་རང་བཙན་དང་དབུ་མ་ཅི་མི་རྩོད། རང་སྲེག་གི་ངན་བསྐུལ་
མ་བྱེད་ཟེར་རྒྱུ་ཙམ་ཡིན།
ཁོ་རེ་བཀྲ་ཤིས། ངས་ནི་རང་དབང་དང་རང་བཙན་ཞེས་པ་ལས། ལམ དབུ་མའི་རང་དབང་དང་རང་བཙན་གྱི་རང་དབང་ཞེས་པ་ཞིག་གོ་མ་མྱོང་། ཁྱོད་རང་མཁས་དྲག་ནས་ཐ་སྙད་གསར་བཟོ་བྱས་པ་མིན་ནམ། http://youtu.be/zO0Po41kT5I ལི་ཐང་ཨ་ཐར་མི་ཅི་འདྲ་ཞིག་ཡིན་པ་ཤེས་འདོད་ན་དྲྭ་ཐག་དེ་ནས་ལྟོས་དང་ཤེས་ཐུབ་པ་འདུག
ད་རེས་ལུང་རྟོགས་ཀྱིས་ཡག་པོ་ཞིག་གསུངས་སོང་། དེ་རེད་བླ་ཆེན་ཚོ་གཙོ་བྱས་ཏེ་བོད་མི་ཡོངས་རྫོགས་དུས་གཅིག་ཏུ་ལངས་ཐུབ་ན་དངོས་གནས་ནུས་པ་ཆེན་པོ་ཐོན་སྲིད་པ་རེད། འོན་ཀྱང་དེ་ལྟར་མི་མཛད་པར་དཔག་ན་ད་དུང་དུས་ཚོད་སླེབས་མེད་པ་ཨེ་ཡིན་སྙམ། ང་རང་ཚོ་ལས་༸གོང་ས་མཆོག་དང་བོད་གཞུང་གི་ལས་བྱེད་ཚོར་ཆབ་སྲིད་ཀྱི་ཐད་ནས་གོ་རྟོགས་ཆེན་པོ་ཡོད་ངེས་རེད། །
གནམ་ལགས། གལ་ཏེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ན་ང་ཚོར་རང་སྐྱོང་གི་མ་ཚད་རང་བཙན་ཀྱང་ཐོབ་སྲིད་པ་རེད། དུས་ཚོད་སྔ་ཕྱི་རེད་མ་གཏོགས་རྒྱ་ནག་དམངས་གཙོ་ཅན་དུ་ངེས་པར་དུ་འགྱུར་གྱི་རེད། དེ་ནི་མའོ་ཙེ་ཏུང་ནས་ད་བར་གྱི་འགོ་ཁྲིད་ཚོའི་དབང་ཚད་ལ་ལྟོས་དང་ཤེས་ཐུབ། རིམ་གྱིས་དབང་ཆ་མི་དམངས་ལག་ཏུ་འགྲོ་ངེས་རེད། །
མའོའི་རོ་ཁོག་དེ་སྲེག་ཐུབ་ན། དམངས་གཙོ་དེ་ནས་དར་བ་དང་། རྒྱ་ནག་མང་གཙོ་ཅན་དུ་གྱུར་ན། བོད་རང་སྐྱོང་རང་བཞིན་གྱིས་ཐོབ་སྲིད་པ་དང་། དགོས་ངེས་བྱུང་ཚེ། བོད་རང་བཙན་ཀྱང་རག་མི་སྲིད་པ་མ་རེད། གང་ཡང་སྲིད་པ་རེད། མི་སྲིད་གང་ཡང་ཡོད་མ་རེད་དོ།། །།
རྟ་བདུན་ཡ།
ཨ་རི་དམངས་གཙོ་རེད། ཨིན་སྒྲིན་ཡན་ཚོ་ལ་ག་རེ་གནང་གིན་འདུག། རང་བཙན་སྤྲད་འདུག་གམ།
ཁའ་ན་སྒྲ་དམངས་གཙོ་རེད། ཁོའི་བྷེ་ཁི་སོགས་ལ་ག་རེ་གནང་གི་འདུག། རང་བཙན་སྤྲད་འདུག་གམ།
ཨོ་སུ་ཁྲི་ལས་ཡ་དམངས་གཙོ་རེད། ཨ་བྷུ་རེ་ལྗོན་ལ་ག་རེ་གནང་གི་འདུག། རང་བཙན་སྤྲད་འདུག་གམ།
དེ་དང་དེ་འདྲ་བ་ག་ཚད་དགོས་དགོས་རེད།
སྐད་ཆ་ཆོད་མེད་དེ་འདྲ་བཤད་ནས་རང་མགོ་རང་གིས་གཡོག་ན་སྐྱིད་པོ་འདུག་གམ། རེ་བ་སྟོང་བར་བློ་བཀལ་ན་བྱུང་རྒྱུ་སྐྱག་པ་ལས་མེད་པ་མི་ཤེས་སམ། དེ་འདྲ་གནང་ནས་མི་བློ་མང་པོ་ཕྱིན་པ་རེད་ཐལ། གཉིད་འདྲ་སད་ཡ་མེད་པེ། ཐབས་སྐྱོ་བ་ལ།
བཙན་པོའི་རྒྱལ་ཁབ་དང་དཔའ་བོའི་སྙིང་སྟོབས་ཀྱིས་གནས་ས་དཀྲུག་དུས་ཁྱེད་ཚོར་ངུ་སྐད་རྒྱག་ཡ་མང་པོ་ཞིག་འདུག། དགྱ་ནག་འགྱུར་མ་འགྱུར་ལ་འབྲེལ་བ་ཞིག་ག་ལ་ཡོད། རྟོག་པ་མངོན་མཁྱེན་འདྲ་ཡོད་མདོག་གི་སྐད་ཆ་མ་ཤོད་ལོ། རྔ་མ་གཡུག་གཡུག་ས་ལ་མ་རྒྱུག་ལོ།
རྒྱ་ནག་ར་ཤེ་ཡ་ལྟར་མ་འཐོར་ན་ཁྱོད་ལ་གོ་སྐབས་ཞིག་རག་མདོག་མེད། རྒྱ་ནག་འཐོར་བ་ལ་རྒྱུ་གཏོར་སྤྱད་སྐྲུན་དགོས་བ་རེད། ཤེས་སོང་ངམ།
བོད་མི་རིགས་འཇིག་ཉེན་ལ་ཐུག་པའི་དུས་འདི་འདྲ་ལ་ད་དུང་དུས་ཚོད་ལ་སླེབ་མེད་ན་བོད་པའི་མིང་ཙམ་མེད་པ་ཆགས་ཟིན་དུས་འདྲ་ཡིན་ན་མ་གཏོགས་གཞན་དུས་ཚོད་ལ་སླེབ་པའི་དུས་ཤིག་ག་ལ་ཡོང་། གཙོ་བོ་ནི་ངས་གོང་དུ་བཤད་པ་ལྟར་མགོ་བླ་ཆེན་ཚོ་ནས་འཇུག་མི་མང་གི་བར་ལ་སེམས་ཤུགས་ཆེན་པོ་ཞིག་མེད་པ་འདི་ལ་ཐུག་ཡོད། གོང་ས་མཆོག་དང་བོད་མིའི་དབུ་ཁྲིད་ཚོས་དུས་རྟག་ཏུ་བོད་དོན་གྱི་ཆེད་དུ་སྐུ་ལས་སྐྱོན་དང་སྐྱོན་བཞིན་པ་རེད། འོན་ཀྱང་མི་མང་གིི་ངོས་ནས་ནུས་ཤུགས་འདོན་མཁན་དཀོན་པོ་ཡིན་པ་འདི་ནི་འབྲས་བུ་ཆེན་པོ་ཞིག་ཐོབ་མི་ཐུབ་པའི་རྒྱུ་རྐྱེན་ངོ་མ་དེ་རེད། དཔེར་ན་བཞུགས་སྒར་རྡ་སར་མཚོན་ན་བོད་པ་ཉུང་མཐར་ཡང་ཁྲི་ཅིག་ཙམ་ཡོད་ངེས་ཀྱང་མར་མེའི་ཁྲོམ་སྐོར་སོགས་ཀྱི་ནང་ལ་མཉམ་ཞུགས་བྱེད་མཁན་བརྒྱ་གཉིས་བརྒྱ་ཙམ་ལས་ཡོང་ཉེན་མེད་པ་རེད། དེ་བཞིན་ནུབ་ཕྱོགས་ལ་མཚོན་ན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལྟ་བུར་བོད་པ་བདུན་སྟོང་བརྒྱད་སྟོང་ཡོད་པའི་སྐད་ཆ་ཡོད་ཀྱང་། ནམ་རྒྱུན་ལས་འགུལ་ནང་ཞུགས་མཁན་ནི་བརྒྱ་གཉིས་བརྒྱ་ཙམ་རེད་འདུག འདི་ནི་དཔེ་མཚོན་ཙམ་རེད།
བོད་ནང་གི་བོད་པ་ཚོ་ངན་སྐུལ་བྱེད་པ་ལས་རང་ཉིད་མེ་སྲེག་ན་ངས་ཁྱེད་ཀྱི་ཆེད་དུ་སྨོན་འདོན་ངོས
སུས་ངན་སྐུལ་བྱེད་ཀྱི་འདུག མི་ཞིག་གིས་རང་ལུས་གསོན་པོ་མེ་ལ་སྲེག་པ་དེ་བཟོད་དཀའ་བའི་ཚོར་བ་ཞིག་གི་འོག་ནས་བྱུང་བ་ལས། མི་གཞན་གྱིས་སྐུལ་མ་བྱས་ནས་རང་བསྲེགས་ནུས་མཁན་ཞིག་མེད་པ་རྩ་ཚང་བའི་མི་སུ་ཡིན་ཡང་ཤེས་ཀྱི་རེད།
རང་སྲེག་འདིས་འབྱུང་རྐྱེན་ནི་རྒྱ་གཞུང་གི་སྲིད་ཇུས་ལ་ཐུག་ཡོད་པ་རེད། ཁྱེད་ཚོ་ལ་དེ་འདྲི་ཚོར་བ་ཡོད་ན་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་དང་བུ་ཡིན། དེ་མིན་རང་སྲེག་གནང་མཁན་དང་ཁོང་ཚོར་གུས་འདུད་ཞུ་མཁན་ཚོར་ཚིག་མཚོན་རེ་འདེབས་ནས་སྡད་ན་མིས་བྱེད་སྟངས་ཅང་མ་རེད།
འོ་དྲ་གྲོགས་རྣམས་ཀྱིས་མཁྱེན་ཤག་རེད། ང་ནི་དྲ་ལམ་འདིར་སྔ་མ་སྔ་མ་ཟིག་ནས་ཡོད་ལ་ངའི་ལྟ་ཚུལ་དང་ལངས་ཕྱོགས་སོགས་རྣམ་པ་ཚོས་མཁྱེན་ཤག་ཀྱང་ཡིན། གང་ལ་ཞེ་ན་སྔ་དུས་ཞིག་བོད་མི་ལྔ་ཅུ་དྲུག་ཅུ་ཙམ་མེར་སྲེག་བཏང་སྐབས་ནས་བྱ་བ་འདི་ཉིད་མཚམས་འཇོག་ཐབས་ལ་འབད་ན་དགེ་མཚན་ཆེ་བ་ལས་ངར་བསླང་ཐབས་ལ་འབད་ན་དགེ་མཚན་མི་ཆེ་ཞེས་རབས་དང་རིམ་པས་ཞུ་མྱོང་ཡོད་ལ། དེའི་མ་ཚད་མེར་སྲེག་བཏང་བའི་ཕན་འབྲས་བླ་མེད་ཞིག་བོད་དོན་ལ་འབྱུང་ངེས་ཡིན་ན་གོང་ལྟར་མི་ལྔ་ཅུ་དྲུག་ཅུས་མི་འདང་བ་དང་དེ་ལས་མང་ཙམ་གྱིས་འདང་བ་ཞིག་ཡོང་རྒྱུ་མ་རེད་ཟེར་ནས་ཞུས་པ་ལ་གྲངས་ལས་འདས།
འོན་ཀྱང་སྐབས་དེར་དྲ་གྲོགས་ཕལ་ཆེར་གྱིས་མཚམས་འཇོག་གི་སྐད་ཆ་དེ་ནི་ཤིན་ཏུ་ནས་མི་རན་པར་རྒྱ་མིའི་གསང་ཉུལ་ཡིན་པ་ཐག་གིས་ཆོད་ཟེར་བཞིན་དྲ་གྲོགས་མང་ཕལ་ཆེར་ངའི་ཐོག་ཏུ་ཤོར་ཡོང་བ་ཡིན་མོད། དེའི་མ་ཚད་མེར་སྲེག་ནི་བོད་མི་རིགས་ལ་ཕན་པའི་ལས་བཟང་ཞིག་དང་མེར་སྲེག་པ་རྣམས་ནི་མི་རིགས་ཀྱི་ཆེད་དུ་བླ་སྲོག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོའམ་དཔའ་མོ་ཡིན་ཚུལ་སོགས་རྒྱུ་མཚན་གྲངས་ཀྱིས་མི་ལོན་བ་ཞིག་བགྲང་སྟེ། ངར་ངར་ཤོར་ཤོར་གྱིས་གནམ་ས་བཤིགས་བཏང་བ་རེད་ལ། སྐབས་དེར་བརྒྱ་དང་བརྒྱད་ལབ་ཡག་དེ་ཡང་བོད་མི་ཕལ་ཆེར་གྱི་རྣ་ལམ་ས་ཁྱབ་རྡོ་ཁྱབ་དུ་སོང་སྡད་པ་ཅིག་རེད།
མདོར་ན་ད་བར་དུ་རྒྱུན་མ་ཆད་པར་བརྒྱ་དང་སུམ་ཅུ་ཡན་མན་སླེབས་ཚར་བ་ཞིག་ཡིན་ཀྱང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་སྤྱིར་ཏང་གི་ཕྱི་ཡུལ་གྱི་མི་རྣམས་ཀྱི་མིག་ལམ་དུ་བཟང་ངན་དང་གཙང་བཙོག་ཇི་འདྲ་ཞིག་ཆགས་ཡོད་མེད་ད་ཕལ་ཆེར་དྲ་གྲོགས་རྣམས་ཀྱི་མཁྱེན་ཡོད་ཤག་རེད་ལ་དེ་བཞིན་དེ་རིང་ཁ་བརྡ་དྲ་གཉེར་བའི་ངོས་ནས་ཀྱང་མ་འོང་འབྱུང་འགྱུར་དུ་མེར་སྲེག་མི་ཡོང་བའི་
སྨོན་པ་ཕུལ་བའི་གསལ་བསྒྲགས་དེ་ནི་ཁོ་བོའི་བློ་ལ་བདུད་རྩི་ལྟ་བུར་གྱུར་སོང།
གནས་སྐབས་ཙམ་ཕན་མིན་ལ་མ་ལྟོས་པར་ཕྱོགས་ཡོངས་ནས་ཞལ་གཅིག་མཐུན་གྱིས་མེར་སྲེག་མཚམས་འཇོག་གནང་ཐབས་རང་ལ་འབད་པ་བྱེད་པ་དང་འབོད་བསྐུལ་ཞུ་བ་སོགས་བྱས་ན་ཕན་འབྲས་ཤིག་ཡོང་ངེས་རེད་སྙམ། ད་དུང་ཁ་ཤས་ཀྱིས་དཔའ་བོ་དཔའ་མོ་རྣམས་ཀྱི་དངོས་དོན་མཛད་འཕྲིན་གྱི་འཇུག་འབྲས་བཤད་སྐབས་ཚིག་མཚོན་ཡིན་ཚུལ་དང་མེར་སྲེག་མཚམས་འཇོག་མི་འཇོག་དེ་རྒྱ་མིའི་བཙན་གནོད་མཚམས་བཞག་མ་བཞག་ལ་འགྲེ་བཞིན་དཔེར་ན་ཤ་ལ་རྔམ་པའི་བྱ་རྒོད་ཁོ་རང་གིས་ཤ་མ་སྤང་ན་བྱིའུ་ཆུང་ནུས་མེད་ང་ཚོ་ཆུ་ལ་མཆང་རྐྱང་ཡིན་ལབ་པ་བཞིན། རང་གི་བདེ་སྡུག་མིའི་བྱ་བ་རང་ལ་བཀལ་སྡད་ན་དེ་ནི་དགོས་མེད་ཀྱི་གཡག་སྐེ་རང་མཐོང་ཅན་ཞིག་ལས་དོན་ལྡན་གྱི་སྐྱེས་བུ་ཞིག་རྩ་བ་ནས་ཁས་ལེན་ཐབས་མེད་སྙམ།
སྒེར་གཅོད་སྲིད་གཞུང་ཁག་ལ་ངོ་རྒོལ་བྱེད་སྟངས་མི་འདྲ་བ་མང་དུ་ཡོད་པས་ང་ཚོས་རང་བསྲེག་ལྟ་བུའི་ཐབས་ཟད་འུ་ཐུག་གི་ངོ་རྒོལ་བྱེད་སྟངས་འདིའི་རིགས་ངེས་པར་དུ་མཚམས་འཇོག་བྱེད་དགོས། ལ་ལས། ཁ་སྟོང་ནང་གི་ཚིག་སྟོང་བཤད་དེ་རང་སྲེག་ལས་འགུལ་ལ་ནུས་ཐོན་གྱི་ཡོད་རབས་དང་། དཔའ་བོ་དཔའ་མོ་ཚོས་བྱས་རྗེས་བཞག་ཡོད་རབས་ལོང་བ་གང་བཤད་ཀྱི་འདུག འདི་ནི་བུ་གླེན་པས་རང་བསྟོད་བྱས་པ་དང་གཅིག་མཚུངས་རེད། རང་བསྲེག་ལས་འགུལ་ལ་ནུས་པ་ག་ཚོད་ཅིག་ཐོན་གྱི་ཡོད་མེད་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད། ཆོས་སྲིད་གང་གི་ལས་ཀྱི་སྣེ་བོ་བ་སུ་ཞིག་ཡིན་ཡང་རང་བསྲེག་མཚམས་འཇོག་དགོས་པའི་འབོད་སྒྲ་སྒྲོག་པ་འཕྱིས་མེད་ན་སྔ་མེད།
ས་ལེ་སྒྲོམ་དང་རེབ་སྐྱིད་གཉིས་ཉོན་ རྒྱལ་ཁབ་དང་མི་རིགས་ཀྱི་དོན་འདི་མི་རབས་ནས་མི་རབས་ཀྱི་ལས་དོན་ཞིག་ལས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐབ་ཞིག་མ་རེད་ བཙན་པོའི་གདུང་བརྒྱུད་འཛིན་མཁན་རྣམ་པ་ཁྱེད་འདྲའི་བཅོལ་ཆུང་དང་ངང་ཐུང་དེ་འདྲ་མ་རེད་
རང་སྲེག་བྱེད་པ་དེ་འུ་ཐུག་ཐབས་ཟད་ཞིག་ག་ལ་ཡིན་ འུ་ཐུག་ཐབས་ཟད་ཟེར་ན་ཁྱེད་ཅག་ལ་ཟེར་དགོས་རེད་ དཔའ་བོའི་བྱས་རྗེས་ལ་མི་བསྟོད་ དགྲ་དང་གཉེན་ངོ་མི་ཤེས་ ཁ་དང་རྐུབ་ཀྱང་ཤེས་ཀྱི་མེད་ཚོད་འདུག་
རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་འདི་སྲོག་དང་ཁྲག་གི་ལེན་དགོས་པ་ཞིག་ལས་པད་ཤག་སྤྲད་དེ་ཉོ་ཆོག་ཡོག་མ་རེད་ ཁྱེད་ཚོ་ད་ཆ་འཚོ་བཞིན་ཁ་དབུགས་འབྱིན་ཐུབ་པ་དེ་བོད་ཀྱི་བཙན་པོ་དང་དཔའ་བོ་དཔའ་མོའི་བཀའ་དྲིན་ཉག་གཅིག་ཡིན་པ་ཤེས་པར་བགྱིས་ དབྱིན་སྐད་ལ་ scumbag ཟེར་བ་དེས་མིང་དོན་ཡོངས་སུ་ཚང་བ་ནི་ཁྱེད་ཚོ་ལས་མ་འདས་
མ་གླེང་ཐབས་མེད་ཀྱི་བརྡ་འཕྲིན་ཞིག་འབྱོར་སོང་། དེའི་ནང་ན། དེ་རིང་ཁ་སང་། བོད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ལག་ལ་ལས་ཀ་མ་རག་པར་དགྱ་ཡུལ་དུ་སོང་བ་རྣམས། དགྱ་ནག་གི་མཚོ་མཐའི་གྲོང་ཁྱེར་ཞིག་ན། གླ་རྔན་དང་འདུག་ས་སྤྲད་ནས། དགྱ་བོད་ཀྱི་གླེང་སྟེགས་འདྲ་མིན་དང་ཁ་བརྡ་འདྲ་མིན་ལ་འཛུལ་དུ་བཅུག་ནས། དམར་པོའི་དགེ་འདུན་གྱི་ལྟ་བ་དང་ཆབ་སྲིད། བོད་ཀྱི་གནད་དོན་ལ་འཁྱོག་བརྗོད་བྱེད་དུ་འཇུག་གི་ཡོད་པ་རེད་ཟེར་འདུག།
ཁ་བརྡ་ཚང་ན་དེ་འདྲ་ག་ཚོད་ཡོད་མེད་ངས་མི་ཤེས། ཡིན་ན་ཡང་གནས་འཕྲིན་འདི་བདེན་པ་ཞིག་ལ་ང་རང་གིས་ངས་འཛིན་བྱེད་བཞིན་ཡོད།
གནམ་ལགས་ བརྡ་འཕྲིན་འདི་དཀྲོགས་གཏམ་ཞིག་ལས་ཡིད་ཆེས་བྱེད་དཀའ་ སློབ་ཆེན་མཐར་ཕྱིན་གྱི་སློབ་མས་དེ་འདྲ་ག་ལ་བྱེད་ དེ་འདྲ་བྱེད་མཁན་ཚང་མ་སློབ་ཆེན་མ་ཐོན་པ་དང་སྦྱངས་འབྲས་མེད་ཅིང་ཧང་སོངས་ཁོ་ནས་དུས་མདའ་ནས་སྡོད་མཁན་ རྒྱུན་དུ་ཤེས་ཡོན་ཅན་ཡིན་མདོག་བྱེད་མཁན་ རྒྱབ་ཏུ་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་བྱས་སྟེ་སྲིད་དོན་གཉེར་བ་དང་ཐ་ན་རྒྱ་དམར་གཞུང་གི་ཕོགས་ཟས་སྟེ་བོད་པའི་ཐོག་སོ་ཉུལ་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་པ་དེང་སང་རྒྱ་གར་ནང་དང་ཕྱི་རྒྱལ་གང་སར་མངོན་གསལ་ཡིན་པ་རེད་
རང་སྲེག་ལས་འགུལ་གྱིས་ནུས་པ་ཐོན་དང་མི་ཐོན་ནི་ད་ལྟ་བཤད་ཆོག་ཆོག་ཅིག་མ་རེད། བོད་རྒྱ་གཉིས་ཀྱི་འཐབ་རྩོད་འདི་ནམ་གནས་ཀྱི་བར་དུ་ལས་འགུལ་འདིས་ནུས་པ་གནས་ཀྱི་རེད། མ་འོང་པར་བོད་མི་རིགས་འདི་རྒྱ་གུང་ཁྲན་གྱི་འོག་ནས་རྩ་མེད་ལ་སོང་ན་དེ་དུས་རང་སྲེག་ལས་འགུལ་གྱིས་ནུས་པ་མ་ཐོན་པར་བཤད་ན་ཆོག་གི་རེད། སྤྱིར་ལས་འགུལ་འདིས་རྒྱ་གཞུང་ལ་འགུལ་སྐྱོམ་ཆེན་པོ་ཞིག་གཏོང་ཐུབ་མེད་ཀྱང་། བོད་པ་ནང་ཁུལ་ལ་མཐུན་སྒྲིལ་བྱེད་རྒྱུ་དང་། སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབ་བྱེད་རྒྱུ། རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་གོང་འཕེལ་ལ་འགྲོ་རྒྱུ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པ་དངོས་ཡོད་རེད་ལ། འདི་དག་ནི་ཕུག་རྒྱང་རིང་པོའི་རང་དབང་འཐབ་རྩོད་ཀྱི་མ་རྩ་གལ་ཆེན་དག་རེད།
ལུང་རྟོགས་ལགས་ཀྱིས་གསུངས་ཚུལ་ལྟར་ན་བོད་མི་རིགས་དེ་ཉིད་རྩ་རླག་འགྲོ་མིན་གྱི་གནད་རྩ་ཡང་རང་སྲེག་གཏང་ཐུབ་མ་ཐུབ་ལ་ཆགས་སྡད་པ་ཞིག་དང་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་སྟངས་ཀྱི་ཐབས་ཡང་རང་སྲེག་ཁོ་ལས་མེད་སྡད་པ་ཞིག་ཡིན་པ་འདྲ། ཧཧཧཧ
ཁོ་རེ་ཨ་རོགས་སྲིད་པ་རྡོ་རྗེ་ལགས་ཁོ་བོས་གོང་དུ་(གཡག་སྐེ་རང་མཐོང་ཅན་)ཞེས་བཤད་པ་དེ་སྤྱི་ཚོགས་ཀྱི་སྔ་རྟིང་དང་དུས་ཀྱི་འགྱུར་འགྲོས་སོགས་གཞན་ངོ་ཁོ་ནར་གཅིར་བཞིན་དགོས་དོན་གྱི་འཐབ་རྩོད་རྐང་འོག་དང་ལག་ཞབས་མནན་ནས་སྡོད་མཁན་ཁྱོད་རང་ལྟ་བུ་ལ་ཟེར་བ་ཡིན། ཞེས་བཤད་ན་འགྲིག་པ་འདུག་གམ།ཁྱོད་ཀྱི་རྣམ་དཔྱོད་རྫིག་པོ་དེའི་ལངས་ཕྱོགས་ལྟར་ན་ད་དུང་བོད་མི་ག་ཚོད་མེ་ལ་སྲེག་དགོས་སམ་སྲེག་པའི་མཇུག་འབྲས་ལ་ཚོད་དཔག་ཇི་ལྟར་བྱེད་ཐུབ། རང་ཕྱོགས་ལ་མོས་པའི་བྱ་སྤྱོད་སྤེལ་མཁན་ཞིག་ཡོད་པ་ཙམ་གྱིས་གཡས་གཡོན་དང་སྔ་ཕྱི་ཕར་ཕུགས་ཀྱི་ཁེ་ཉེས་སོགས་གང་ལ་མི་སེམས་པར་དགའ་བསུ་ཞུ་རྐྱང་བྱེད་མཁན་དག་ནི་ངས་ལྟས་ན་བློ་སྦུངས་ཆུང་བའི་ནེ་ཙོའི་མ་ཎི་བགྲང་བ་ལྟ་བུ་ལས་མ་འདས། ད་དུང་རྒྱ་མིའི་དྲ་འབུ་ཞིབ་རྒྱུ་ཁག་པོ་མ་རེད་ལགས། དངོས་པོའི་འདུག་ལུགས་ལ་གནོ་བསམ་ཞིག་གཏང་ན་དེང་སྐབས་རྒྱ་ནག་རྒྱལ་ཁབ་འདི་འཛམ་གླིང་ཐོག་ཕྱི་དངོས་པོ་དང་ནང་མཚན་རིག་སོགས་གནས་ཚད་ཇི་ཙམ་སླེབས་ཡོད། དེ་འདྲའི་རྒྱལ་ཁབ་གཅིག་གིས་སོ་སོའི་རྒྱལ་ཁབ་ཀྱི་མིང་གྲགས་རླག་བྱེད་ལྟ་བུའི་གསང་ཉུལ་ལམ་དྲ་འབུ་ཁོ་ན་ལ་རེ་བ་བཅོལ་སྡད་ཡག་དེ་ཡང་རྒྱ་མིའི་བྱ་སྤྱོིད་ཅིག་ཡིན་ནམ་ཡང་ན་ཁྱོད་རང་གི་རང་མཐོང་དེས་བཟོས་འབྱོར་རེད་འདུག་ཞིབ་མོ་ཞིག་གཟིགས་དང་མཁྱེན་རྒྱུ་རེད།
ད་དུང་དྲན་བསྐུལ་ཞུ་ཡག་ཅིག་ལ་ཁྱེད་ཀྱིས་དེ་སྔོན་དྲ་འབུའམ་གསང་ཉུལ་འདྲ་མང་པོ་ཞིག་ངོས་འཛིན་བྱས་ཡོད་རྒྱུ་རེད་དེ་དག་གི་ནང་ནས་རྒྱ་མིའི་གསང་ཉུལ་ཡིན་ངེས་པ་ཅན་ག་ཚོད་བྱུང་སོང་མ་ཡིན་པ་ག་ཚོད་ཡོད། སྤྱི་ཚོགས་ཀྱི་འགྲོ་ལུགས་ཡིན་ས་རེད་བསམ་ནས་ཅོལ་མེད་བྱིས་པའི་བསམ་ཚུལ་མང་པོ་བེད་སྤྱད་སྟེ་ཕལ་ཆེར་འགྲམ་ལ་སོགས་ས་མཚམས་ནས་རྒྱ་ཡིས་དངུལ་ལོར་མང་པོ་བརྩེགས་ཐོག་རྒྱ་ལམ་
འགྲུལ་བ་ཚང་མ་གསང་ཉུལ་བྱེད་རོགས་ལབ་ནས་སྡད་ཡོད་རྒྱུ་རེད་སྙམ་པའི་དྭོགས་པ་ལ་སོགས་ཡོང་རྒྱུ་མེད་པ་རྐྱང་རྐྱང་གིས་འཐབ་རྩོད་བྱས་སྡད་ན་རང་ཐང་ཆད་རོགས་ལས་སྤྱི་སྒེར་གང་ལ་ཕན་འབྲས་སྤུ་ཇག་གཅིག་མི་ཡོང་སྙམ། འོན་ཀྱང་རྣམ་དཔྱོད་དང་ཤེས་རབ་སོགས་བེད་སྤྱད་མ་ཤེས་པ་རེད་འདུག་མིན་ཡག་པོ་ཅིག་ཞིབ་རོགས་སྲིད་པ་རྡོ་རྗེ་ལགས།
རང་བཙན་ཡང་མེད། བོད་གཞུང་ཡང་མེད། གཞོན་ནུ་ཡང་མེད།
ཅི་ཡང་མེད་པའི་ལམ་ལ་མི་ལུས་མ་བསྲེག་ན་དགའ་རྒྱུ་རེད།
ྤསྤྱན་རས་གཟིགས་རྣམས་ཀྱིས་བྱམས་པས་གཟིགས་རན་འདུག
འོ་་་ད་གང་ལྟར་ཉེན་ཁ་ཆེན་པོ་ཞིག་ལ་ཐུག་དུས་གདོང་ལེན་ཡང་ཤུགས་ཆེན་པོ་ཞིག་བྱེད་དགོས་པ་ནི་འཇིག་རྟེན་གྱི་འགྲོ་སྟང་དང་རྟེན་འབྲེལ་གྱིས་ཆོས་ཉིད་རེད། དེའི་རྒྱུས་མཚན་གྱིས་བོད་མི་རིགས་ཤི་གསོན་གྱི་འགག་རྩ་ལ་ཐུག་དུས། བོད་ནང་གི་དཔའ་བོ་ཚོས་ཚེ་སྲོག་གི་འཐབ་རྩོད་འདི་བྱེད་ཀྱི་ཡོད་པ་རེད། འཐབ་རྩོད་བྱེད་སྟང་མང་པོ་ཡོད་ཀྱང་ནུས་པ་ཆེན་པོ་ཐོན་དགོས་ན་འཐབ་རྩོད་ཛ་དྲག་ཅིག་བྱེད་དགོས་པ་ཡང་སྔ་མ་བཤད་པ་ལྟར་རེད། ཁྱེད་ཚོས་སེམས་པ་བཟང་མདོག་གིས་མང་པོ་ཅིག་བཤད་ཀྱི་འདུག་ཀྱང་། མཐར་བཏུག་ན་ཁྱེད་ཚོ་ལ་གཅིག་ནས་འཐབ་རྩོད་ཀྱི་སེམས་ཤུགས་མེད་པ་དང་། གཉིས་ནས་མི་རིགས་དང་རིག་གཞུང་རང་དབང་སོགས་ལ་སྐྱག་པའི་མཐོང་ཡང་བཞག་གི་མེད་པ་དེ་གསལ་པོ་སྟན་ཡོང་གི་འདུག
རྒན་ལུང་རྟོགས་ལགས་མི་རིགས་མེར་སྲེག་གཏང་ཡག་འདིས་རྒྱལ་ཁབ་དང་མི་རིགས་སྲུང་སྐྱོབས་རེད་གསུངས་རྒྱུ་དེ་དངོས་དོན་ལ་བབས་པ་ཞིག་ཡིན་རྒྱུ་རེད། ད་མི་རིགས་རྒས་གཞོན་130ཡས་མན་ཞིག་སྲུང་ཟིན་པ་ཡིན་རྒྱུ་རེད། ཨ་སེ་སྐུ་རྩེད་ཙམ་ཡིན་འོན་ཀྱང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཐབ་རྩོད་ཡིད་ཕམ་དགོས་པ་འདི་མུ་མཐུད་ནས་བྱེད་རྒྱུ་ཅིག་རེད་མི་འདུག་བསམ། གང་ལ་ཞེ་ན་ཕྱོགས་གཅིག་ནས་བོད་པའི་ལུགས་རྒྱུད་ཐོག་སྲིད་འདིར་བཀོན་པའི་ནག་ཐིག་གཅིག་དང། ཡང་གཞན་ཞིག་ནས་བཤད་ན་བོད་ཀྱི་དབུ་ཁྲིད་རིམ་བྱོན་ནང་ནས་ང་ཚོའི་སྐབས་ཀྱི་དབུ་ཁྲིད་ཁོང་གི་མཛད་སྤྱོད་ལའང་ལུགས་དང་མི་མཐུན་པའི་བྱས་རྗེས་དང་དངོས་སུ་འབྲེལ་བ་ཡོད་པ་ཞིག་བསྐལ་པའི་བར་ལྷག་སོང་བའི་རྣམ་པ་དང་། དེའི་མ་ཚད་ཁ་ཚ་དགོས་གཏུགས་ལ་བསམ་ན་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཕངས་མེད་དུ་ཤོར་སོང་དུས་གུས་ལྟ་བུ་ལ་མཚོན་ནའང་བློ་ཕམ་ཆེན་པོ་ཡོད།
རང་ཉིད་ཀྱི་ལྟ་ཚུལ་མདོར་དྲིལ་ནས་བཤད། ཕྱོགས་གང་ནས་བསམ་བློ་བཏང་ནའང་རང་བསྲེགས་ཀྱི་བྱེད་སྟངས་དེ་ལ་མཐེ་བོང་བསྒྲེངས་ནས་བསྟད་བསྔགས་བྱེད་ཐབས་ཤིག་ཁྱོན་མི་འདུག ད་དུང་རང་བསྲགས་གཏོང་བརྩིས་ཡོད་མཁན་ཚོ་དང་རང་བསྲེགས་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ཚད་མེར་བསྲེགས་ཚར་ནའང་རང་རང་གི་གདམ་ཀ་རེད་འགོག་ཐབས་མི་འདུག་པས། མཐོ་ས་ཞིག་ནས་ལྟད་མོར་བལྟས་འདུག་ངེས་ཡིན། མི་རིགས་ཀྱི་ལས་དོན་ཟེར་བ་མི་གཤིས་ལས་འདས་བའི་རང་བསྲེགས་ཀྱི་བྱེད་སྟངས་སྐྱོ་བོ་དང་ཐབས་རྡུགས་དེ་འདྲའི་ཐག་གིས་མི་ཆོད་པ་ཤེས་རྒྱ་ཏོག་ཙམ་ཡོད་པ་ཞིག་ཡིན་ན་མཐོང་ཐུབ། བོད་ཀྱི་སྤྱི་ཚོགས་དང་གཞོན་སྐྱེས་བོད་མིའི་བསམ་པ་དེ་ཡ་མ་བརླའི་ལོག་ལམ་ཞིག་ཏུ་མ་ཁྲིད་རོགས་ཞེས་ཞུ་གོས་བྱུང་།
རང་བསྲེགས་གནས་སྟངས་ནི་སྨྲ་མི་ཤེས་པའི་དོན་རྐྱེན་ཞིག་རེད་ལ། སྨྲ་མི་ནུས་པའི་སྐྱོ་གནས་ཤིག་དང་། སྨྲ་མི་ནུས་པའི་མཐའ་འབྲས་ཅན་ཞིག་རེད། འུ་ཚོས་གླེང་ན་ལོས་འགྲིག གླེང་དགོས་པ་རེད། འོན་ཀྱང་རང་རེ་ཚོའི་སླད་དུ་སྐུ་སྲོག་འདོར་བའི་དཔའ་པོ་ཚོའི་རིན་ཐང་དང་གྲུབ་འབྲས་ནི། འུ་ཅག་ལ་ཐུག་ཡོད་པ་དེ་ཤེས་དགོས་པ་རེད་ལ། དེའི་ཐད་གང་བྱ་ཅི་འགེབ་མོལ་བ་སྐབས་བབ་འོས་བབ་རེད། རེ་བསྐུལ་དང་འབོད་བསྐུལ་་་ཁ་བརྡ་ཚང་གི་བསམ་པ་མཚོན་ཆེད་ཡིན་ན་དེ་བཞིན་ལགས་མོད། དཔའ་པོ
དེ་དག་གི་ཆོད་སེམས་དང་ཐབས་མེད་པའི་གནས་སུ་ཐབས་ལམ་གཅིག་རང་འདེམས་པ་རང་རིགས་འགའ་ཤས་ཀྱི་བསླབ་བྱས་གཡོ་ནུས་པ་ཡིན་མི་སྲིད་ལ། མི་སྲིད་པའི་གནད་དོན་དེ་གཏིང་ཟབ་ས་ནས་མཁྱེན་ཞིང་རྒྱ་ཆེ་ས་ནས་ཆུབ་ཡོད་ངེས་ལགས།
རེབ་སྐྱིད་མཚོ། ར་བཟི་མེད་ན་སྐད་ཆ་འདི་འདྲ་བཤད་པ་ནི་རྩ་ཚང་བའི་སྐད་ཆ་ཞིག་གཏན་ནས་མ་རེད། སོ་སོའི་མི་རིགས་དང་རིག་གཞུང་རང་དབང་སོགས་ཀྱི་ཆེད་དུ་བློས་བཏང་ཆེན་པོ་འདི་ལྟར་བྱེད་ནུས་པའི་དཔའ་བོ་ཡོད་པ་ནི་མི་རིགས་འདིས་སྤོབས་པ་དང་གཟི་བརྗིད་རེད། འདི་ཚོ་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ག་ལ་ཡིན། ལོ་རྒྱུས་ཀྱི་ནག་ཐིག་ངོ་མ་ནི་རང་ཉིད་ཀྱི
ལྟོ་གོས་ཙམ་ལ་མགོ་འཁོར་ནས་རྒྱལ་ཁབ་བཙོང་མཁན་དག་རེད། གཉིས་ནས་ཁྱོད་རང་གིས་རང་སྲེག་ལས་འགུལ་འདི་གོང་ས་མཆོག་དང་འབྲེལ་བ་ཡོད་མདོག་བཤད་པ་འདི་ནི་ཨ་ཞང་དམར་པོ་ཚང་གི་བཤད་སྟང་ཨ་ན་མ་ན་རེད། འདི་འདྲ་ནི་དངོས་གནས་བཤད་ན་བོད་པ་ཞིག་གི་ཁ་ནས་ཐོན་རྒྱུ་ལྟ་ཞོག རྣམ་དཔྱོད་ཅུང་ཟད་ཡོད་པའི་ཕྱི་མི་ཞིག་གི
ཁ་ནས་ཀྱང་ཐོན་དཀའ་བའི་སྐད་ཆ་ཞིག་རེད། གཞན་ཡང་རང་བསྲེགས་ལས་འགུལ་ལ་མཐོ་ས་ཤིག་ནས་ལྟད་མོ་ལྟ་ནས་འདུག་བསམ་མཁན་ཚོས་ཁ་དེ་ཡང་བཙུམ་ནས་སྡད་ན་ཡག་གི་རེད། རང་འགན་ཁུར་འདོད་མེད་ན་བྱུས་ཏོག་བྱེད་དགོས་དོན་ཡང་ཅང་མེད་པ་རེད།
ལུང་རྟོགས་ལགས། ཆོས་དང་ཆབ་སྲིད་གང་གི་ཐད་ལ་གོ་རྟོགས་ནམ་མཁའི་མེ་ཏོག་གི་ཟླ་བོར་བསྙེགས་པ་ཁྱོད་ལྟ་བུ་སེམས་ལ་སྙིང་རྗེ་ཡ་ང་སྤུ་རྩེ་ཙམ་ཡང་མེད་ནའང་ངོ་ཚ་ཤེས་དགོས་ངེས་རེད། མི་འདི་འདྲའི་ཐབས་རྡུག་ཅིག་ཨེ་ཡོད་སྙམ་པ་ཡང་ཡང་ཤར་གྱི་འདུག བོད་ཕོངས་པར་བྱེད་པ་ཁྱོད་ལྟ་བུ་བསམ་བློ་ཕུགས་རྒྱང་རིང་བོར་གཏོང་མི་ཤེས་མཁན་དེ་ཚོ་རེད། ད་ཁྱོད་དངོས་གནས་རྨོངས་པའི་གཉིད་ཐུག་པོ་དེ་ལས་སད་རན་རེད་འདུག དེ་མིན་ད་དུང་ཞེ་ངན་ཁྱོད་ལྟ་བུས་ངན་སྐུལ་གྱིས་གླེན་པ་ལྷག་བསམ་ཅན་ཚོ་ཕོངས་པར་བྱེད་ངེས་ལགས། །
གོ་ཐོས་ལ་ ༢༠༠༨ ་ཀྱི་དུས་འགྱུར་རྗེས བོད་ཀྱི་ས་ཁུལ་མང་པོར་ང་དཔའ་ཁྱོད་ཞུམ། གྲོང་པ་འདི་དཔའ་བོ་སྟག་ཚང་དང་གྲོང་པ་ཕར་སྡར་མ་ཝ་ཚང་ཟེར་བ་ལྟ་བུའི་བཤད་ཡམས་འདུག་ལ།
བོད་དོན་ཆེད་དཔའ་ངོམ་རེས་དང་སྐུ་འདོར་རེས་འགྲན་བསྡུར་ལྟ་བུ་ཞིག་གི་ཚད་ལའང་སླེབས་འདུག་སྙམ་ལ། དེ་ནི་སྐྲག་མི་དགོས་སར་ཁ་ལ་བདག་པོ་རྒྱག་མི་ཤེས་པའི་ཕྱི་ལོགས་ཀྱི་་ཨི་ཤི་ཡ་རླུང་འཕྲིན་དང་ཨ་རིའི་བོད་སྐད་རླུང་འཕྲིན་ལྟ་བུས་ར་སྤུའི་འུར་རྡོ་ར་ཡིས་མཇིང་བར་ཕོག་པའི་གསར་འགྱུར་ར་མ་ལུག ཕར་ས་རྒྱ་འཛམ་བུ་གླིང་ལ་མི་ཆོད་པར་ ཚུར་རང་མིའི་མགོ་ལ་ཐོ་རྡུང་བྱས་པས་ཀྱང་ལན་འདུག་བསམས་སོ།
རང་བྱུང་རིག་པའི་རྡོ་རྗེ་དང། མིང་མེད་རྣམ་པ་གཉིས་ནས་ངའི་སེམས་ཀྱི་ཚོར་བ་ཡི་གེར་བཀོད་མི་ཤེས་པ་དེ་
བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ།
རང་བྱུང་རིག་རྡོར་ལགས། ང་ལ་ཆོས་དང་ཆབ་སྲིད་ཀྱི་གོ་རྟོག་ཡོད་མེད་ནི་ཁྱེད་རང་ལྟ་བུའི་བཀའ་རལ་གྲི་གནམ་གཡུག་གིས་ཐག་བཅད་ཐུབ་པ་ཞིག་ཅང་མ་རེད། དེ་ལས་རང་མགོ་རུལ་བ་སྣ་ཡིས་ཚོར་ཐུབ་ན་ཡག་གི་རེད། སྙིང་རྗེ་ལ་ཡང་སྙིང་རྗེ་གོ་ལོག་ཅེས་པ་ཞིག་ཡོད་པ་རེད། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་དུ་དཀའ་བ་སྤྱད་པ་ལ་སྙིང་རྗེ་སྐྱེས་པ་ནི་སྙིང་རྗེ་གོ་ལོག་ཅེས་པ་དེ་རེད། བོད་ཕུང་ལ་སྦྱོར་མཁན་ནི་ཁྱེད་རང་གིས་བཤད་པ་ལྟར་ཕུག་རྒྱང་རིང་པོའི་མི་རིགས་དང་རིག་གཞུང་རང་དབང་སོགས་ཀྱི་ཆེད་དུ་བློས་བཏང་ཅུང་ཟད་ཙམ་ཡང་མི་ནུས་པར། གནས་སྐབས་ལྟོ་རྒྱབ་འགྲིག་ཙམ་གྱིས་ཆོག་ཤེས་མཁན་དུད་འགྲོ་ལྟ་བའི་མི་དེ་དག་རེད། མི་ཁྱོད་ཚོའི་གྲལ་གྱས་དུས་རྟག་ཏུ་ཁ་ནང་ལ་སྐོར་ནས་ནང་ཁུལ་ལ་རྒོལ་རྡུང་རྐྱང་ལས། ཁ་ཕར་སྐོར་ནས་དགྲ་བོ་ལ་ཚིག་ཅིག་བཤད་མྱོང་མེད་པས་ད་དུང་བོད་དོན་གྱི་ཆེད་དུ་བློས་བཏང་ཆེན་པོ་གནང་མཁན་དཔའ་བོ་ཚོར་སེམས་ཁུར་བྱེད་ཀྱི་ཡོད་ཟེར་ན་ངོ་མ་གད་མོ་རྐུབ་ནས་ཤོར།
གོང་དུ་དྲྭ་གྲོགས་གནམ་ལགས་ཀྱིས་དོག་སློང་གནང་བ་དེ་མ་རྒྱུ་མཚན་མེད་པ་ཞིག་རེད་མི་འདུག དཔེར་ན་དོལ་རྒྱལ་ཚོགས་པའི་དམངས་ཁྲོད་ཁ་བརྡ་ནང་ལ་དུས་རྟག་ཏུ་མི་བཅུ་ཁ་ཙམ་ཞིག་ཡོང་གི་ཡོད་པ་ལྟར། འདིས་ཁ་བརྡ་ནང་དུ་ཡང་དུས་རྟག་པར་མཆན་འབྲི་རུ་ཡོང་མཁན་མི་བཅུ་ཡ་ཟུང་ཙམ་ཞིག་འདུག་ལ། དེའི་ནང་གི་མི་ཕལ་ཆེ་བ་ཞིག་ཚང་གཅིག་གི་ནང་ནས་ཐོན་པའི་སྤྱང་ཀི་ལྟར་ཁ་གཅིག་གྲག་གིས། བོད་པ་ཚང་གི་སྒྲིག་འཛུགས་དང་དབུ་ཁྲིད་བོད་དོན་གྱི་ཆེད་དུ་དཀའ་ལས་རྒྱག་མཁན་དཔའ་བོ་ཕོ་མོ
ཚོར་སྐྱོན་བརྗོད་དང་ཡི་མ་རང་བའི་སྐད་ཆ་ཞིག་བཤད་རྒྱུ་ཅི་རག་བྱེད་ཀྱི་འདུག་ན། ཁ་བརྡ་ཚང་གི་དྲྭ་བདག་རྣམས་ནས་ཀྱང་མི་འདི་དག་གི་རྒྱབ་ལྗོངས་ལ་རྟག་དཔྱད་ཡག་པོ་ཞིག་གནང་རྒྱུ་གལ་ཆེ་བར་སེམས།
ལུང་རྟོགས་ལགས་ཁྱེད་ཀྱིས་གསུངས་ཚད་ནང་ནས་རང་མགོ་རུལ་བ་སྣ་ཡིས་ཚོར་དགོས་ཅེས་པ་དེ་བདེན་པ་འདྲ་ཚོར་སོང།གཞན་ཁྱེད་ཀྱིས་གསུངས་ཡ་ནས་ཉན་ཁ་ཆེན་པོ་རྐྱང་ལས་དགོས་པ་གས་མ་ཚོར།
་་་་་་་་་་་དཔེར་ན་དོལ་རྒྱལ་ཚོགས་པའི་དམངས་ཁྲོད་ཁ་བརྡ་ནང་ལ་དུས་རྟག་ཏུ་༼མི་བཅུ་༽ཁ་ཙམ་ཞིག་ཡོང་གི་ཡོད་པ་ལྟར། འདིས་ཁ་བརྡ་ནང་དུ་ཡང་དུས་རྟག་པར་མཆན་འབྲི་རུ་ཡོང་མཁན་༼མི་བཅུ་༽ཡ་ཟུང་ཙམ་ཞིག་འདུག་་་་་་་་་་
དམངས་ཁྲོད་ཁ་བརྡའི་བདག་པོ་ཚོར། སློབ་གསོ་གཏོང་དགོས་པ་དང་། ཁ་བརྡར་ཁོ་ཚོའི་གསང་མྱུལ་འདྲ་ཡོད་ན། ངེས་པར་དུ། ཐེར་འདོན་ཐུབ་པ་བཟོ་རྒྱུ་ཡང་། ཁ་བརྡའི་དྲྭ་བདག་ཚོར་འགན་ཞིག་ཀྱང་ཡོད་དགོས།
ངས་ང་ལ་ཆོས་དང་ཆབ་སྲིད་ཀྱི་གོ་རྟོག་ཅི་གང་མེད་ས་ཞིག་ནས་སྐད་ཆ་ཞིག་བཤད་འདོད་བྱུང་། དེ་ནི་ཅི་སྲིད་བོད་ཀྱི་བདེན་དོན་ལ་འཐབ་པའི་ལོ་རྒྱུས་མ་ཉམ་པར་དུ་བོད་མིའི་རང་དབང་གི་ཆེད་དུ་མེ་ལ་བསྲེགས་པའི་དཔའ་བོ་དཔའ་མོ་འདི་ཚོའི་ལོ་རྒྱུས་ཀྱི་འཐབ་རྩོད་ཡང་གནས་རྒྱུ་ཡིན་པ་ཤེས་གསལ་རེད། རྒྱལ་རབས་དང་ལོ་རྒྱུས་ལ་རྩི་མཐོང་བྱེད་མཁན་ཞིག་ཡིན་ན། འདི་དག་ནི་ཆེས་གོང་དུ་བཀུར་འོས་བའི་དཔའ་བོ་དཔའ་མོ་ཏག་ཏག་རེད།
རྒྱལ་ཁབ་ཡོད་མཁན་དེ་ཚོ་རྒྱལ་ཁབ་ཀྱི་དོན་དུ་དམག་ལ་ཆས་ནས་ཕྱི་ཡོང་མེད་པའི་དམག་མི་ཚོ་དང་གཅིག་པ་རེད། དཔའ་བོ་ཁེར་རྒྱུག་དང་སྤྱོད་པ་འཚེ་བ་མེད་པས། རང་གི་བུ་ཕྲུག་ཚུད་པའི་མ་འོངས་བའི་བོད་གངས་ཅན་གྱི་མྱི་ཟོག་ཚང་མའི་ཆེད་དུ་བདེ་སྐྱིད་ཀྱི་ཉི་མའི་འོད་ཟེར་ཞིག་སྤྲོས་ཨེ་ཐུབ་བལྟས་བ་དེ་རེད། འདི་ལ་གུས་ཞབས་དང་སྟོད་སྒྲ་ལོས་ཡོད། ང་ཚོ་ཚང་མ་བོད་པ་ཡིན་པ་གཅིག་པ་རེད། ངས་ནི་བྱུང་ན་ཉིན་ཞིག(མྱེ་དམག་གིས་རྒྱལ་ཁབ་རྩེད་པའི་དཔའ་བོའི་སྐུ་བརྙན་གྱི་བཞི་མདོ)་རེ་རྩིག་འདོད།
ཡིན་ན་ཡང་། གོང་གི་མཆན་པ་པོ་དག་ལ་བལྟས་དུས། དགྲ་ཕྱོགས་ལ་ལྡིང་བའི་དགྱ་ཁྱི་ནི་དགྱ་ཁྱི་རང་རེད། དེ་ཚོས་ག་རེ་ལབ་ལབ་རེད། དེ་མིན་པའི་མི་སྣ་ཁག་གཅིག་ཡོད་པ་འདྲ། དེ་ནི་སྙིང་རྗེ་ཡོད་མདོག་སྟོན་མཁན་ཙམ་ཞིག་དང་། ནུས་བ་མེད་པའི་ལྐུག་རྟགས་རེད་འདོད་མཁན་ཞིག་དང་། བོད་ཟེར་བ་འདིའི་བཀའ་ངལ་རྣ་བས་མ་གོ་ན་འདོད་མཁན་གསུམ་དུ་དབྱེ་ཆོག་པ་འདྲ་ཞིག་རེད།
ཁྱེད་ཚོ་ལ་ངས་ཅིག་བཤད་དགོས།
སྙིང་རྗེས་ཡོད་པ་དེ་ཡག་རྟགས་ཤིག་ལོས་ཡིན་ཡང་། སྙིང་རྗེས་རྒྱུད་ལ་སྐྱེ་དགོས་དོན་གྱི་རྩ་བ་མ་ཤེས་ན། སྙིང་རྗེས་དེ་ནི་སྙིང་རྗེས་མཐར་ཐུག་པ་དེ་མིན་པས། སེམས་ཅན་ལ་ཕུག་གི་སྙིང་རྗེས་ནི་བདག་གཞན་གཉིས་ཀ་ཕུང་བྱེད་ཡིན་པ་ཤེས་དགོས།
དེ་ནས། ནུས་བ་ཡོད་མེད་དེ་རེད། ནུས་བ་ཆེན་པོ་ཞེ་དྲག་རེད། ཆོལ་གསུམ་ཚང་མ་ཆིག་སྒྲིལ་དུ་བཟོ་ཐུབ་པའི་ནུས་བ་དོན་ཡོད་པ་ཁ་གཅིག་གྲགས་རེད། གཞིས་བྱེས་གཉིས་ལ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་གདུང་བ་གཅིག་དུ་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད། དགྱ་བོད་དང་ཕྱི་བོད། དབྱིན་བོད་ཀྱི་ཚོགས་འདུ་ཆེ་མ་ཆུང་གསུམ་གང་དུ་ཚོགས་ན་ཡང་། བརྗོད་གཞི་གཙོ་བོ་དགྱ་ནག་གི་དམར་པོའི་སྲིད་ཇུས་ལ་གནོན་ཤུགས་སྤྲད་ནས། བོད་མི་རིགས་ཀྱི་སྡུག་བསྔལ་སེལ་ཐབས་ལ་སྒོའི་ཕྱི་ནང་གཉིས་ན་གྲོས་བསྡུར་ལ་ནུས་འདོན་བཞིན་པའི་ཐབས་ལམ་འཚོལ་དང་འཚོལ་བཞིན་པ་རེད།
བོད་དགྱའི་དཀའ་ངལ་འདི་སེལ་འདོད་མེད་པ་དེ་ཚོས། ལུང་བ་གང་ཞིག་ནས་དེའི་མཐུན་རྐྱན་ཡག་པོ་དང་སྣང་སྐྱིད་པོར་གཡང་ནས་འདུག་འདོད་ན། དེ་ལྟར་བསྡད་ན་འགྲིག་གི་རེད། ལུང་པ་དེའི་ལག་འཁྱེར་ལེན་པ་དང་། བོད་མྱིང་དེ་ཡང་བསྒྱུར་ནས་ཁེ་བཟང་དང་རྙོག་སྒྲ་མེད་ས་ནས་དབྱིན་ཇེ་རང་བྱས་ན་ཡང་ཕྲག་དོག་དང་ཁོང་ཁྲོ་མེད། ཡིན་ན་ཡང་། རང་གི་དཔྲལ་གོག་སྒང་གི་བོད་མྱིང་འདག་མ་ཐུབ་པར། བོད་སྤྱི་བའི་ལས་ཁུར་ལ་ཁ་ངན་དང་ཁག་གཙོག་བྱས་ན། དེ་ནི་ཆེས་སྡུག་རྐྱལ་ཡིན་པ་ཤེས་དགོས་བ་རེད།
བོད་དགྲའི་ལག་ནས་ཐར་ཐབས་ཀྱི་འཐབ་རྩོད་ནི་སྣ་མང་རང་བཞིན་ཅན་རེད། བྱས་ཙང་མི་རེ་ངོ་རེ་རང་ནས་ནུས་བ་དང་ཕོད་ཚོད། གོ་རྟོག། དམ་བཅའ་སོགས་ལམ་གང་ནས་འཚེ་བར་འགྲོ་ན་འདྲ། ཞི་བར་འགྲོ་ན་འདྲ། མཐུན་སྒྲིལ་ལ་འགྲོ་ན་འདྲ། གང་ལྟར་གཅིག་གིས་གཅིག་ལ་གནོད་པ་མེད་པའི་སྒོ་ནས་རྩོད་དགོས་བ་དེ་སྤྱི་ཐོག་གཅིག་གི་སྡུག་བསྔལ་ཡིན་པས། ཚང་མས་ནུས་ཤུགས་ཆེར་སྐྱེད་བྱེད་དགོས་བ་དེ་མ་བརྗེད་པ་ཡོད་དགོས་བ་རེད། བོད་རིགས་སྤུན་ཟླ་ཚོ། བོད་རྒྱལ་ལོ།
སྙིང་རྗེ།
གོང་ནས་མང་པོ་བཤད་འདུག མདོར་བསྡུས་ན་རང་ལུས་མཆོད་མེ་ཕུལ་ཟིན་པ་དག་གི་སྙིང་སྟོབས་ལ་ཡིད་རང་དང་འབྱུང་འགྱུར་དེ་ཡི་རིགས་མི་ཡོང་རྒྱུ་རེ་སྨོན་བྱེད་ཀྱི་འདུག རེ་སྨོན་དེ་རྒྱུ་མཚན་གང་ལ་བལྟས་ནས་བྱུང་བ་རེད་ཅེས་སྐད་ཆ་ཞིག་དྲིས་ན་ལན་པ་དག་གིས་བསམ་ཚུལ་རེ་གསུང་རོགས
དེ་གསལ་པོ་རེད་ཧཧཧཧ
དགོས་མེད་ཀྱི་མཆན་གཅིག་ཤོར་འདུག་པས་དྲ་བདག་གཙོས་པའི་གྲོགས་རྣམས་ཐམས་ཅད་དགོངས་པ་རྩ་བ་ནས་མ་ཚོམ་རོགས་ཞུ་ཡག་ཡིན།
གནམ་ལགས་སུ་ཞུ་རྒྱུ་ཞིག་ལ་་་ཁོ་བོ་ཆོས་དང་ཆབ་སྲིད་གང་ཐད་ནས་གོ་རྟོགས་དེ་ཙམ་མེད་པའི་རྐྱེན་གྱིས་ཞུ་བ་ལས་ཉམས་ཚོད་མིན། དེ་ནི་འཚེ་བ་མེད་པ་ཞེས་པ་འདི་ག་དྲ་ཞིག་ལ་གོ་དགོས་སམ། འདི་སྐབས་བབས་བོད་པའི་གནས་སྟངས་ལ་ལྟོས་ཏེ་འཚེ་བ་མེད་པ་འདི་དོན་དངོས་སམ་རྒྱལ་ཁབ་གཞན་གྱི་མཐོང་སྣང་ལའང་འཚེ་མེད་ཅིག་དགོས་པ་གཉིས་ཆ་མིན་ནམ། གལ་སྲིད་དེ་ལྟར་ཡིན་ན་མེར་སྲེག་འདི་འཚེ་བ་མེད་པ་ཞིག་འཆགས་ནུས་སམ། མིའི་སྲོག་འཚེ་བ་ལ་འཚེ་བ་མ་བཞག་ན་གཞན་པའི་ཚེ་བ་ཞིག་རྙེད་སྲིད་དམ། ཕྱོགས་གཞན་ཞིག་ནས་བཤད་ན། ཁྱེད་ཀྱིས་སྙིང་རྗེའི་རྩ་བ་མ་ཤེས་ན་གསུངས་ཡག་གི་སྙིང་རྗེའི་རྩ་བ་དེ་ག་རེ་ཡིན་ནམ་ལགས། ནམ་རྒྱུན་དཔེ་ཆའི་དགོངས་དོན་ལྟར་ན་དད་པ་དང་མོས་པ་སོགས་སྙིང་རྗེ་ཆེན་པོའི་རྒྱུ་ངོས་བཟུང་གནང་བ་འདྲ་ཡོད་མ་གཏོགས་རྩ་བ་གང་ཡིན་མ་ཤེས། དེའི་མ་ཚད་རང་གཞན་གཉིས་ཕུང་གི་སྙིང་རྗེ་ཞིག་ཡིན་སྐད་ཞིག་ཀྱང་གསུངས་གནང་ཤག་དེ་ཡང་གོ་བ་མ་ལོན། གང་ལ་ཞེ་ན། རང་སྲོག་ཕོངས་མེད་ཀྱི་སྲོག་དམར་མོ་མེ་ལ་ཤོར་འགྲོ་དུས་དེ་འགོག་ཐབས་བྱས་ན་རང་གཞན་གཉིས་ཕུང་ངོས་བཟུང་གནང་ན་གོ་ལོག་གི་སྐད་ཆ་ཞིག་ལས་གཞན་གང་ཡང་མ་ཚོར། ད་དུང་མཐུན་སྒྲིལ་ལབ་ཡག་དེ་ག་འདྲའི་ཡ་མཚན་ཞིག་སྤྱིར་བཏང་མེར་སྲེག་གིས་མཐུན་འབྲེལ་ལ་ཕན་པ་བྱུང་བ་བཤད་མ་དགོས་པ་རེད་འོན་ཀྱང་དེ་འཛམ་གླིང་འདིར་བྱུང་མ་མྱོང་བའི་བོད་མི་དག་ལ་ཡ་ང་བའི་སྡུག་བསྔལ་ཞིག་ཡིན་པས་ཕྱིར་ལྟེས་དབང་གིས་དེ་ལྟར་ཆགས་སོང་བ་ལས་མིའི་སྲོག་བེད་སྤྱད་དེ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ལ་འབད་པ་བྱེད་ཚུལ་ཞིག་རེད་པས་ལགས། ངོ་མའི་མཐུན་སྒྲིལ་དགོས་ན་ཆོལ་ཁ་ནང་ཕན་ཚུན་དང་ཆོས་ལུགས་ནང་ཕན་ཚུན་དབར་འགལ་བ་མི་ཡོང་བའི་ཐབས་ལ་འབད་པ་བྱེད་པ་དང་གཙོ་ཆེ་ཤོས་རང་འདོད་དབང་དུ་མ་ཤོར་བར་སྤྱིའི་མཐུན་སྒྲིལ་གྱི་ཆེད་དུ་རང་དོན་བློས་གཏོང་ཐབས་ལ་འབད་དགོས་པ་མ་ཡིན་ནམ། དེ་ནི་ང་ཚོས་འཛམ་གླིང་མི་དམངས་ཀྱི་མདུན་ནས་བོད་པ་ནང་ཕན་ཚུན་མཐུན་སྒྲིལ་མེད་པའི་སྐད་གྲགས་ཀྱིས་གནམ་ས་འགུལ་ཡོང་ནའང་བློས་གཏོང་བྱེད་རྒྱུ་ཕར་ཞོག་རང་ཉིད་སྐྱོན་མེད་སྒྲུབ་པ་དང་སྐྱོན་ཚང་མ་གཞན་མགོ་གཡོགས་ཐབས་ཁོ་ནས་ལམ་ནི་འབད་པ་བྱས་གཏང་ན་མཐུན་སྒྲིལ་ཡོང་ཐབས་ཡོད་དམ། ཡང་བོད་པ་ཚང་ལ་ཡོད་པ་ནི་རང་མི་རིགས་ཀྱི་ནང་སྐྱོན་གཏང་རྒྱུ་དང་སྒྲོགས་འདོགས་རྒྱུ་ལ་དགའ་མོས་ཆེ་དྲགས་དུས་བདག་རང་ཉིད་ཀྱང་རྒྱ་རྒྱ་ཁྱིའམ་ཤུགས་ལྡན་ཚོགས་པ་འདྲ་བཤད་ནས་སྙིང་རྗེ་ཐག་ཆོད་ནས་སྡད་ན་ཐང། ཡིན་ཡང་ང་རང་ནི་རྒྱ་དང་ཤུགས་ལྡན་ལ་འབྲེལ་བ་སྤུ་ཙམ་མེད་པའི་བོད་མིའི་བདེ་སྡུག་གང་ཐོས་དང་གང་མཐོང་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ གང་ལྟར་འཐབ་རྩོད་འདི་ནི་རྗེས་སུ་མི་བྱུང་བའི་སྨོན་པ་བརྒྱ་ཕྲག་འབུལ་བཞིན་ཡོད།