ཨེ་མ་ཧོ།
ན་མོ་གུ་རུ་མཉྫུ་ཀིརྟི་ཡེ།།
མཚན་ཉིད་བཞི་ལྡན་བདེན་པ་རིན་པོ་ ཆེ།།
འཇམ་དབྱངས་རྣམ་གསུམ་ཇི་བཞིན་དགོ ངས་པར་བརྙེས།།
རྫོགས་པའི་སངས་རྒྱས་ངོ་བོར་གསལ་ གཟིགས་པ། །
འཇམ་དབྱངས་བློ་གསལ་དབང་པོས་དགེ་ ལེགས་སྩོལ།།
སྐྱེ་ཀུན་འཇམ་དཔལ་དབྱངས་ཀྱིས་རྗ ེས་སུ་འཛིན།།
བཤད་དང་སྒྲུབ་པ་ཁོ་ནས་བསྟན་པ་སྐ ྱོང་།།
བྱམས་དང་སྙིང་རྗེས་ཕན་བདེའི་ལེ གས་ཚོགས་སྤེལ།།
རིགས་ལྡན་འཇམ་དབྱངས་གྲགས་ཞེས་ཡོ ངས་སུ་གྲགས།།
ཕྱི་ལྟར་དཀའ་སྤྱད་ཆེན་པོས་དད་ བརྩོན་ཅན།།
ནང་དོན་རིག་པའི་གནས་ཀུན་ཡོངས་ལ་ མཁས།།
གསང་བ་ངེས་ཤེས་དཔལ་འབར་དགེ་སློ ང་ཆེ།།
ཡང་གསང་འཇམ་དཔལ་རྡོ་རྗེ་ཐོད་ཕྲེ ང་རྩལ།།
སྐལ་བཟང་གདུལ་བྱར་སྨིན་གྲོལ་ཐོ བ་པའི་ཕྱིར།།
བསམ་བཞིན་སྲིད་པར་བཟུང་བའི་རྒྱ ལ་བའི་སྲས།།
འཕགས་བོད་མཁས་གྲུབ་དབུས་ན་རི་བོ ང་འཛིན།།
ཞིང་འདིར་སླར་ཡང་འཆར་བ་ངོ་མཚར་ ཆེ།།
སྦས་ཡུལ་རྣམ་དག་དཔལ་ལྡན་འབྲུག་ ཡུལ་དུ།།
ཀུན་མཁྱེན་བླ་མའི་བརྒྱུད་པའི་སྲ ོལ་བཟུང་བའི།།
དགོན་སྡེས་གསེར་ཁྲིར་མངའ་གསོལ་ དུས་ཆེན་ལ།།
ཡི་རང་དགའ་བསུ་སྟོང་གིས་རྟེན་ འབྲེལ་ཞུ།།
དབུ་མའི་དེ་ཉིད་མཁྱེན་པའི་སྨོན་ ལམ་གཅིག།
ཕྱག་ཆེན་གདམས་ངག་མྱོང་བའི་དད་ བརྩོན་གཉིས།།
རྫོགས་ཆེན་སྨིན་གྲོལ་ནུས་པའི་སྐ ལ་བཟང་གསུམ།།
སྡེ་གཉིས་དར་ཞིང་རྒྱས་པའི་སྨོན་ ལམ་འདེབས།།
མདོ་སྔགས་རིག་པའི་བཤད་པ་ཉི་བཞི ན་གསལ།།
བསྙེན་བརྩོན་དགེ་ཕྱོགས་དག་སྣང་ ཟླ་བཞིན་འཕེལ།།
ཕྲིན་ལས་རབ་འབྱམས་ནམ་མཁའི་སྐར་ བཞིན་རྒྱས།།
འགྲོ་ཁམས་སྨིན་གྲོལ་ཡིད་བཞིན་ནོ ར་བུ་སྨོན།།
ཞེས་ པ་རབ་རྒྱན་ཤིང་རྟའི་ནག་པ་ཟླ་བའི