ཚེ་རིང་།
ཟླ་སྐར་གྱི་མིག་མདངས་མུན་པས་བཀབ་ཅིང
གློག་སྒྲོན་གྱི་འོད་སྣང་འབྲུག་སྒྲས་བསད་རྗེས་སུ
བསེར་རླུང་གི་རྒྱུ་བ་གྲང་མོ་ཞིག
མུན་ནག་གི་ཀློང་ནས
སུ་ཞིག་གི་ལག་ཟུང་དང་འདྲ་བར
ང་ཡི་མལ་ས་ལ་འཛུལ་ཡོང
ཚ་སྨུག་གི་ངལ་དུབ་ཁྲོད
འདི་ནི་དཀོན་མཆོག་གི་བྱིན་རླབས་དངོས་མ་དེ་ཡིན་ལ
ལུས་སེམས་ཀྱི་ཉོབ་སྣང་སྐབས
འདི་ནི་དག་གཙང་གི་གཞབ་ཁྲུས་ཐེངས་གཅིག་དང་འདྲ
བསེར་རླུང་གིས་བསླངས་པའི་ཆར་བ
དྲ་ལམ་ནས་བཞུར་བའི་ཁྱོད་ཀྱི་མིག་ཆུ་ལྟར
དོ་ནུབ་འདིར་ང་ཡི་སེམས་ལ་ཤག་ཤག་འཐོར
བསགས་གློག་གི་འོད་ལ་འཁོར་བའི་སྲིན་འབུ་དེ་ང་རང་ཡིན་ན
མཚན་མོ་འདི་
འདི་ལྟར་བསྐལ་བ་སྟོང་གི་བར་དུ་གནས་ན་འགྲིག
2014/4 /18. མཚན་མོ།