སེར་ཤུལ་རིན་ཆེན་དོན་གྲུབ།
རྩོམ་རིག་འཕེལ་རྒྱས་ཀྱི་གཞི་རྩ་གལ་ཆེ་ཤོས་ཤིག་ནི་སྤྱི་ཚོགས་ཁྲོད་དུ་རྩོམ་རིག་གི་རིན་ཐང་ལྟ་ཚུལ་ཡང་དག་པ་ཞིག་ཡོད་མེད་དེ་རེད། རྩོམ་རིག་གི་རིན་ཐང་ལྟ་ཚུལ་ནི་གཙོ་བོ་རྩོམ་རིག་སྨྲ་མཁན་དང་རྩོམ་རིག་ཤེས་མཁན་ཚོའི་བསམ་བློ་དང་ཀུན་སྤྱོད་ཀྱི་ཁྱབ་ཁུངས་ལས་ཡོང་དགོས་པ་ཡིན། བོད་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་རྩོམ་རིག་གི་ནམ་མཁའ་ཡངས་ཤིང་ཆེ་བ་ཞིག་ད་དུང་གྲུབ་ཐུབ་མེད། གྲུབ་མ་ཐུབ་པའི་རྒྱུ་མཚན་གཅིག་གི་རྩོམ་རིག་སྨྲ་མཁན་ཚོས་རྩོམ་རིག་ལ་རིན་ཐང་མ་བཞག་པ་དང་། ཐ་ན་མཐོང་ཆུང་བྱས་པའི་མཇུག་འབྲས་ཤིག་རེད། སྣང་ཚུལ་འདིར་རྩོམ་རིག་གི་བྱ་བ་ཡར་རྒྱས་སུ་འགྲོ་བའི་རེ་འདུན་ཅན་ཞིག་གིས་བཟོད་ཐབས་མེད་པ་མ་ཟད་དེ་འབྲེལ་གྱི་གླེང་སློང་བྱེད་དགོས་ངེས་རེད་སྙམ།
འདིར་སྐབས་དོན་གླེང་བྱ་ནི། ཀུན་ཕན་ཐེབས་རྩ་ཚོགས་པས་ཁོངས་གཏོགས་ལ་རྩེ་དཔེ་མཛོད་ཁང་གིས་སྤྱི་ལོ་༢༠༡༣ ལོའི་སྤྱི་ཟླ་ ༡༠ བར་སྤེལ་བའི་འདྲེ་སྒྲུང་འགྲན་བསྡུར་གྱི་སྐོར་ཡིན། དེ་ཡང་ཁོང་ཚོས་“བོད་ཀྱི་ཕུན་སུམ་ཚོགས་པའི་འདྲེ་སྒྲུང་གི་སྣང་ཚུལ་དེ་སྟོན་ཆེད། འདི་ལོའི་ཨ་རིའི་སྲོལ་རྒྱུན་གྱི་གདོན་འདྲེའི་དུས་ཆེན་དང་སྟབས་བསྟུན་གྱིས་ང་ཚོས་བོད་་ཕྱི་ནང་གཉིས་ཀ་ནས་འདྲེ་སྒྲུང་ཤེས་མཁན་རྒན་གཞོན་རྣམས་ཀྱིས་ང་ཚོ་ལ་འདྲེ་སྒྲུང་གི་རྩོམ་ཡིག་བསྐུར་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། འདྲེ་སྒྲུང་གི་རྩོམ་ཡིག་རྒྱལ་སྤྱི་ཁྱོན་ནས་བསྡུས་པའི་ནང་ནས་ཕུལ་བྱུང་འདྲེ་སྒྲུང་ལྔ་བདམས་རྗེས་ཡིག་སྒྱུར་ཞུས་ནས་སྤྱི་ཟླ་ ༡༠ བའི་ཚེས་ ༢༤ ཉིན་གྱི་དགོང་མོ་དམིགས་བསལ་གདན་ཞུས་སྐུ་མགྲོན་དང་། རྩོམ་རིག་གི་ཕུལ་བྱུང་བྱ་དགའ་ཐོབ་མྱོང་མཁན་སྐུ་ཞབས་སི་མོན་ཝན་སྦཱུ་དང་ཚོགས་ཁང་ལ་དངོས་ཞུགས་སམ་དྲ་ཐོག་ནས་ཞུགས་པའི་ཉན་པ་པོ་རྣམས་ཀྱིས་འདྲེ་སྒྲུང་ལྔ་བོ་དེ་ལ་འོས་འཕེན་གྱིས་རྩེར་ཕུད་གསུམ་བདམས་པ་ལ་རིམ་པ་གསུམ་གྱི་བྱ་དགའ་འབུལ་རྒྱུ་ཡིན།” ཞེས་གསལ་ཡོད།
འདྲེ་སྒྲུང་འགྲན་བསྡུར་འདིའི་མཇུག་འབྲས་སྤྱི་ལོ་༢༠༡༣ ལོའི་ཟླ་༡༠་ཚེས་༢༤་ཉིན་དངོས་སུ་གསལ་བསྒྲགས་གནང་ཞིང་ཨང་དང་པོར་ཨ་སྒོར་༣༠༠ དང་། ཨང་གཉིས་པར་ཨ་སྒོར་༢༠༠། ཨང་གསུམ་པ་གསུམ་ལ་ཨ་སྒོར་༥༠ རེ་བྱ་དགའ་ཡོད་ཅེས་ཁྱབ་བསྒྲགས་གནང་།
འདི་ལྟ་བུའི་ལས་འགུལ་སྤེལ་བ་ནི་བོད་ཀྱི་ཕུན་སུམ་ཚོགས་པའི་རྩོམ་རིག་གི་ཕྱོགས་ལ་ཞབས་འདེགས་ཤིག་ཡིན་པ་སྨྲོས་ཅི་དགོས་ཀྱང་། རྒྱལ་སྤྱིའི་ཁྱོན་ནས་བྱ་དགའ་ཐོབ་པའི་འགྲན་ཞུགས་རྩོམ་པ་པོ་དག་ལ་བྱ་དགའ་ཐོབ་པའི་གསལ་བསྒྲགས་དང་ལྷན་ཁོང་ཅག་ལ་གསལ་བསྒྲགས་གཞིར་བཟུང་བྱ་དགའ་དང་ཕྱག་འཁྱེར་སོགས་དུས་ཐོག་ཏུ་ཕུལ་ནས་བོད་ཀྱི་རྩོམ་རིག་གི་མཁྱེན་སྤྱོད་ལ་ཆེ་མཐོང་དང་། དཀའ་ཚགས་ཀྱི་རིན་འབབ། རྩོམ་རིག་གི་ཕྱོགས་ལ་མདུན་སྐྱོད་སྐུལ་སློང་དགོས་པ་ནི་“བོད་ཀྱི་ཕུན་སུམ་ཚོགས་པའི་རྩོམ་རིག་གི་ཆེད་དུ་”ཞེས་པའི་ལས་འགུལ་འདིའི་དགོས་ངེས་ཀྱི་ཡན་ལག་ཅིག་ཅི་ལ་མིན། འོན་ཀྱང་རེབ་འདིའི་འགྲན་རྩོམ་གོ་སྒྲིག་པས་སྤྱི་ལོ་༢༠༡༣ ལོའི་ཟླ་ ༡༠་བའི་ཚེས་༢༤་ཉིན་དྲ་ཐོག་ཏུ་གསལ་བསྒྲགས་སྤེལ་བ་ནས་སྤྱི་ལོ་༢༠༡༤ལོའི་ཟླ་༤ ཚེས་༡༨ དེ་ད་བར་ཟླ་བ་དྲུག་ལ་ཉེ་བའི་རིང་བྱ་དགའ་འཐོབ་མཁན་ཚོར་བྱ་དགའ་སོགས་གང་ཡང་གནང་མེད་པ་མ་ཟད་ཐ་ན་ཁྱེད་ལ་བྱ་དགའ་ཐོབ་སོང་ཞེས་གསལ་བརྡ་ཙམ་ཡང་བཏང་མེད།
ངས་ཐེངས་མང་པོར་གོ་སྒྲིག་པར་ཡི་གེ་བསྐུར་ནས་འདིའི་སྐོར་ལ་བཀའ་འདྲི་ཞུས་ཀྱང་ཡིག་ལན་གཅིག་ཀྱང་མ་འབྱོར། བྱ་དགའ་འཐོབ་མཁན་གཞན་གཉིས་ལ་བཀའ་འདྲི་ཞུས་པའི་ཁོང་གཉིས་ལ་ཡང་བརྡ་ལན་གནང་མི་འདུག བྱ་དགའི་དངུལ་གྱི་གྲངས་ཀ་དང་རིན་ཐང་སོགས་ཀྱི་ཆ་ནས་རྩོམ་པ་པོ་སོ་སོར་ཕན་ཐོགས་ཆེན་པོ་ཡོང་ཐུབ་པ་ཞིག་མེད་མོད། ཆེ་ཆུང་ལ་མ་ལྟོས་པར་བརྡ་ལན་ཙམ་ཡང་མ་བྱས་པ་དེ་ནི་བྱ་དགའི་དངུལ་དེས་རྩོམ་པ་པོ་སོ་སོར་ཕན་མིན་ལ་མ་བལྟོས་པར་རྩོམ་པ་པོ་དང་། རྩོམ་རིག་གི་རིན་ཐང་ལ་རྩིས་མེད་དང་། ཁོང་ཚོས་བཤད་པའི་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གཞུང་ལ་དགའ་མཁན་དང་། དེའི་ཆེད་དུ་དཀའ་ལས་རྒྱག་མཁན་ཚོར་མཐོང་ཆུང་བླ་ན་མེད་པ་ཞིག་རེད།
འགྲན་རྩོམ་འདིར་བྱ་དགའ་འཐོབ་མཁན་གྲལ་ན་ང་རང་ཡོད་པའི་རྒྱུ་མཚན་གྱིས་ངས་འདི་ལྟར་བཤད་པ་མ་ཡིན་པར་ཡར་སྤེལ་གྱི་མིང་ཐོག་ནས་རྩོམ་རིག་དང་། རྩོམ་པ་པོར་མཐོང་ཆུང་གི་རྣམ་འགྱུར་འདིར་མ་བཟོད་པར་འདི་ལྟར་བཤད་པ་ཡིན། བོད་ཕྱི་ནང་གི་རྩོམ་རིག་སྣང་ཚུལ་གྱི་ཁྲོད་ན་རྦད་དེ་མ་འདྲ་བའི་ཆ་ཞིག་ཡོད་པ་ནི་བོད་ནང་གི་རྩོམ་རིག་ཤེས་མཁན་ཚོས་རྩོམ་པ་པོ་སྐྱེད་བསྲིང་དང་། རྩོམ་རིག་ལ་གདེང་འཇོག ལྷག་པར་དུ་འགྲན་རྩོམ་སོགས་ལ་དོ་སྣང་ཆེན་པོས་བྱ་དགའ་འཐོབ་མཁན་ལ་ལེགས་བསྟོད་དང་། ཕུལ་བྱུང་བརྩམས་ཆོས་ལ་གདེང་འཇོག་བྱེད། བཙན་བྱོལ་དུ་དེ་ལས་ལྡོག་འདི་ལྟར་ལེགས་སྤེལ་གྱི་མིང་ཐོག་ནས་རྩོམ་མཁན་ཚོར་མཐོང་ཆུང་དང་། སྣང་མེད་ཅི་དགར་བྱེད།
རྒྱུ་མཚན་འདིས་བཙན་བྱོལ་རྩོམ་རིག་ལ་མུ་གེ་བྱུང་བ་རེད་ལ་ཕུལ་བྱུང་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་དགུན་ཁ་དར་བའི་མཐུན་རྐྱེན་བསྐྲུན་པ་རེད། ཕུན་སུམ་ཚོགས་པའི་བོད་ཀྱི་རྩོམ་རིག་དང་རིག་གཞུང་བསམ་མཁན་ཚོས་རྗེས་མ་མུ་མཐུད་དེ་འདི་ལྟར་མི་གནང་བ་གལ་ཆེ་ལ། རྩོམ་པ་པོ་དང་། རྩོམ་རིག་ལ་དགའ་མཁན། རིག་གཞུང་འཛིན་སྐྱོང་ལ་གཞོལ་མཁན་ཚོར་འདི་ལྟར་སྣང་ཆུང་དང་མཐོང་ཆུང་མི་བྱེད་པའི་རེ་བ་ཞུ། །
ཐེངས་འདིའི་སྒྲུང་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་སོང་ཞེས་ལ་རྩེ་དཔེ་མཛོད་ཁང་གི་དྲ་རྒྱར་བཀོད་པ་ཁག
༡༽ བྱ་དགའ་ཨང་དང་པོ་ཐོབ་པའི་འདྲེ་སྒྲུང་། གསོན་འདྲེ་རྒན་མོ། སྒྲུང་སྐུར་མཁན་ཁེ་ན་ཊའི་གྲོང་ཁྱེར་ཝན་ཁུ་ཝར་བཅའ་བཞུགས་གནང་བའི་ཆུ་སྐྱེས་སྒྲོལ་མ།
༢༽ བྱ་དགའ་ཨང་གཉིས་པ་ཐོབ་པའི་འདྲེ་སྒྲུང་། འདྲེ་མོ་ཟངས་ཀྱི་མཆུ་ཏོ་ཅན། སྒྲུང་སྐུར་མཁན་རྒྱ་གར་འབྲས་སྤུངས་སྒོ་མང་དགེ་འདུན་རྒྱ་མཚོ།
༣༽ བྱ་དགའ་ཨང་གསུམ་པ་ཐོབ་པའི་འདྲེ་སྒྲུང་། ༼འོས་གྲངས་མང་ཉུང་གཅིག་པ།༽ འདྲེས་དབང་སྒྱུར། སྒྲུང་སྐུར་མཁན་རྒྱ་གར་སེ་ར་བྱེས་སེར་ཤུལ་རིན་ཆེན་དོན་གྲུབ།
༣༽ བྱ་དགའ་ཨང་གསུམ་པ་ཐོབ་པའི་འདྲེ་སྒྲུང་། ༼འོས་གྲངས་མང་ཉུང་གཅིག་པ།༽ བོད། ངའི་ཕ་ཡུལ། ལྷ་འདྲེ་འཐབ་པའི་གཡུལ་ས། སྒྲུང་སྐུར་མཁན་ཨོ་སི་ཊོ་ལི་ཡའི་རྡོ་རྗེ་ཚེ་སྲུང་།
༣༽ བྱ་དགའ་ཨང་གསུམ་པ་ཐོབ་པའི་འདྲེ་སྒྲུང་། ༼འོས་གྲངས་མང་ཉུང་གཅིག་པ།༽ ཟླ་བ་མེད་པའི་མཚན་མོ། སྒྲུང་སྐུར་མཁན་རྒྱ་གར་རྡོ་རྗེ་གླིང་སམ་བྷོ་ཊའི་བོད་ཡིག་སློབ་གྲྭའི་རྡོ་རྗེ་རིན་ཆེན།
༢༠༡༤/༤/༡༦/ལ་བྲིས།
བྱ་དགའ་ཐོབ་རྒྱུ་ཕར་ཞོག་འགྲན་བསྡུར་ཁྲོད་དུ་ཡང་མ་ཚུད་པའི་འདྲེ་སྒྲུང་། ཆོས་སྦ་རྒྱ་ཐོ། ཀླུ་སྨྱོན།
སྐྱུག་རྫོག!!!! མྱི་དེ་ཚོར། བཤད་ཤུལ་ན་ཚིག་ཞིག་དང་བཟོས་ཤུལ་ན་ཁབ་ཞིག་མེད་ནོ་ཅི་ཡིན་ནི་ཨ། དཀོན་མཆོག་ཡག་པོ་མ་རེད། ཆེ་ཟ་ཆུང་ཟ་ལ་བྱང་གོམ་དུ་ཆགས་པའི་མྱི་དེ་ཚོར་རླུང་ལངས་ཡ་དང་བློ་ཕམ་ཡ་ནི་མང་པོ་ཞིག་བྱུང་ཡ་ཡོད། ངོ་ནི་ཚ་ཡ་གཅིག་ལ་མི་འདུག། པར་དབང་དང་བདག་དབང་ཕྱི་བསྡུད་བྱེད་དགོས་བ་རེད་དོ།
ངས་ཀྱང་འགྲན་བསྡུར་དེར་འདྲེ་སྒྲུང་ཞིག་བྲིེས་མོད་ཀྱང་འགྲན་བསྡུར་གྲལ་དུ་ཚུད་མ་སོང་། འོན་ཀྱང་བྱ་དགའ་ཐོབ་མཁན་ཚོའི་འདྲེ་སྒྲུང་ཁྱད་དུ་འཕགས་ཡོད་པའང་མཐོང་མ་སོང་།།
རྗེས་མ་འཛུལ་ཞུགས་མ་བྱས་ན་དེ་ག་རེད་པ། ཨ་སྒོར་ཉིས་བརྒྱ་སུམ་བརྒྱ་ཞིག་གིས་ཁྱད་པར་འགྲོ་གི་མ་རེད་པ།
ཁོང་ཚོས་བོད་ཀྱི་རྩོམ་པ་པོ་ཚོ་རྩེད་མོ་རྩེ་གི་ཡོད་རེད།
བེད་སྤྱོད་ཡག་ཐག་ཆོད་ཅིག་བཏང་པ་རེད།
མགོ་སེར་ཤེས་མེད་དང་བོད་རིགས་འདོ་མེད་འགའ་ཞིག་གིས་སྒོར་མོ་དང་གོ་ས་དང་དབང་སྟེགས་ཤིག་གིས་བོད་ཡིག་རྩོམ་པ་པོ་རྣམས་ལ་རྩེད་ཆས་བྱས་པ་རེད། ཐེངས་དང་པོ་ལབ་རྩེ་འདི་ཡག་པོ་ཡོད། ལོ་རེར་ཇེ་སྡུག་ཇེ་སྡུག་རེད། ཉིན་མ་ཞིག་སྒེར་སྤྱོད་ཆགས་རྒྱུ་རེད།
འདི་ཁེ་མེད་དགེ་རྩ་ཚོགས་པ་ཞིག་གི་ཞལ་འདེབས་བསྡུ་བའི་ལས་འགུལ་ཞིག་རེད། འདི་བོད་ཀྱི་རྩོམ་རིགས་འགྲན་བསྡུར་ལས་འགུལ་ལྟ་བུ་མ་རེད། རྙོགས་དྲ་བཤད་ཡོང་རིན་ཞིག་མི་འདུག
ལ་རྩེ་དཔེ་མཛོད་ཀྱི་ལསའགུལ་དེ་འདྲ་ཞིག་སྤེལ་བར་མ་མཐའི་ཆ་རྐྱེན་དང་བསམ་ཤེས་ཆོག་ཤེས་གང་ཡང་མེད་པར་སྤེལ་བར་འདོད།
ཨ་སྒོར་སུམབརྒྱ་ནི་ལ་རྩེ་དཔེ་མཛོད་ཀྱི་མི་གཅིག་གི་ཉིན་གླ་རེད་ཟེར་ན་འགྲིག་གི་ཡོད་འགྲོ་དེ་འདྲ་ཞིག་བེད་སྤྱད་ནས་བོད་མིའི་སྤྱི་ཚོགས་ནས་འདྲེ་སྒྲུང་ཨང་དང་པོ་དེ་ཉོས་པར་སེམས་ཕམ་བྱུང་དེས་གང་ཞིག་མཚོན་ནམ་། ཕལ་ཆེར་ལ་རྩེ་དེ་ཡང་?????????
བྱ་དགའ་བྱིན་པར་དགའ་བསུ་བྱེད། ཡིན་ཡང་། བདེན་པ་བདེན་དྲང་བྱེད་དགོས་པ་ཁ་ཚ་དགོས་གཏུག་གི་གནད་དོན་རེད།
ཁས་ལེན་བྱས་ཟིན་པའི་བྱ་དགའ་དེ་ཐོབ་མཁན་ཚོར་ངེས་པར་དུ་འབུལ་དགོས་པ་རེད། དེ་མིན་ཁྱེད་ཚང་གི་ཆེས་མཐོང་བརླག་རྒྱུ་ཡིན་པར་མ་ཟད་ངོ་ཡང་གནོང་དགོས་པའི་གནས་སུ་ཀྱང་མཆིས་སོ།།
རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས།
དགོངས་དག དེ་རིང་བར་དུ་ཁྱེད་ཀྱི་རྩོམ་འདི་མཐོང་མ་སོང་། ང་ཚོའི་ངོས་ནས་རྩོམ་ཡོན་བསྐུར་རྒྱུ་འགོར་འགྱངས་སུ་སོང་བ་བདེན་མོད་བསྐུར་རྒྱུ་བཀོད་ཁྱབ་བྱས་ཚར་ནས་ཡུན་རིང་འགོར་སོང་། ཕལ་ཆེར་ལས་བར་ཞིག་ཏུ་ལུས་པ་ཡིན་ནམ། ངས་མགྱོགས་པོར་རྩད་གཅོད་བྱས་ནས་བསྐུར་ངེས་ཡིན།
སྐུ་ཉིད་ཀྱི་རྩོམ་འདི་ལས་སྐུ་ཉིད་ཀྱིས་ང་ཚོར་རྩོམ་ཡོན་གྱི་སྐོར་འབྲེལ་བ་ཡང་ལན་མང་གནང་ཡོད་པ་ཤེས་རྟོགས་བྱུང་། ཡིན་ན་ཡང་ད་བར་དུ་ང་ཚོའི་གཞུང་སྒེར་གྱི་ཡིག་སྒམ་གང་ལ་ཡང་ཐེངས་གཅིག་ཀྱང་འབྱོར་མི་འདུག ང་ཚོས་ཟླ་དང་པོའི་ཚེས་ ༢༢ ཉིན་ཕར་བྱ་དགའ་ཐོབ་མཁན་ཚང་མ་ལ་ཡིག་འབྲེལ་ཞིག་བྱས་འདུག་ཀྱང་ཚུར་རྡོ་རྗེ་ཚེ་སྲུང་ལགས་གཅིག་པོས་མ་གཏོགས་ཡིག་ལན་གནང་མི་འདུག
ང་ཚོའི་ལས་ཀ་འཐུས་ཤོར་སོང་བར་ང་ཚོས་དགོངས་དག་ཞུ་གི་ཡོད། ཡིན་ན་ཡང་འཐུས་ཤོར་དེ་ང་ཚོས་རྩོམ་པ་པོ་རྣམས་ལ་མཐོང་ཆུང་བྱེད་ཀྱི་ཡོད་པའི་རྟགས་སུ་མ་དགོངས་རོགས་གནང་། ང་ཚོས་འགྲན་རྩོམ་དེ་ཞུགས་མཁན་ཚང་མས་ང་ཚོའི་འགྲན་རྩོམ་གྱི་ལས་དོན་དེ་ལ་རྒྱབ་སྐྱོར་གནང་བ་དེས་ང་ཚོ་སེམས་འགུལ་ཐེབས་ཡོད་ལ། ད་དུང་ལས་འགུལ་དེ་རིགས་སྤེལ་བ་སྤྲོ་སྣང་དང་སྤོབས་པ་ཡང་སྦྱིན་སོང་།
ང་ཚོའི་ལས་འཐུས་ཤོར་ལ་ཡང་སྐྱར་དགོངས་དག་དང་བཅས་པད་མ་འབུམ་ནས།
འོན་ཀྱང་༼རེབ་འདིའི་༽འགྲན་རྩོམ་གོ་སྒྲིག་པས་་་་་
རེབ་འདིའི་་་ ཟེར་གང་རེད། རྩམ་རིག་ཚོགས་པ་ཚོ།
པད་མ་འབུམ་གྱིས། པད་མ་འབུམ་ནིས། མ་གཏོགས་ནས་ཟེར་ན་ནོར་བ་རེད་དོ།
དང་བོར། རྩོམ་པ་བོ་སེར་ཤུལ་རིན་ཆེན་དོན་གྲུབ་སོགས་སྣང་མེད་དུ་བཞག་པའི་དྲང་བདེན་གྱི་སྙན་ཞུ་འདི་ལ་ཁོ་བོས་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་བྱས་ཡོད། གཉིས་པ། པད་མ་འབུམ་གྱིས་རང་སྐྱོན་འདི་ཁས་བླངས་པ་ཡང་ཡག་པོ་འདུག གསུམ་པ། གཞན་གྱིས་མ་བརྗོད་ན་དགའ་རྟགས་ཚོ་བརྗེད་འགྲོ་བའི་ངང་ཚུལ་འདི་ལ་ཅུང་བློ་ཕམ་ཡོད་དོ།།
གོང་གི་གུས་པའི་རྩོམ་ཡིག་འདི་དང་འབྲེལ་ནས་དགོངས་ཚུལ་གསུང་མཁན་ཚད་མར་དགས་བསུ་ཞུ། སྐུ་ཞབས་པད་མ་འབུམ་གྱི་གཙོར་བྱས་པའི་དྲ་གྲོགས་ཚང་མར་ཞུ་རྒྱུ་ལ་ངས་རྩོམ་ཡིག་འདི་འདྲ་ཞིག་འབྲི་དགོས་དོན་ནི་༼བྱ་དགའི་དངུལ་གྱི་གྲངས་ཀ་དང་རིན་ཐང་སོགས་ཀྱི་ཆ་ནས་རྩོམ་པ་པོ་སོ་སོར་ཕན་ཐོགས་ཆེན་པོ་ཡོང་ཐུབ་པ་ཞིག་མེད་མོད། ཆེ་ཆུང་ལ་མ་ལྟོས་པར་བརྡ་ལན་ཙམ་ཡང་མ་བྱས་པ་དེ་ནི་བྱ་དགའི་དངུལ་དེས་རྩོམ་པ་པོ་སོ་སོར་ཕན་མིན་ལ་མ་བལྟོས་པར་རྩོམ་པ་པོ་དང་། རྩོམ་རིག་གི་རིན་ཐང་ལ་རྩིས་མེད་དང་། ཁོང་ཚོས་བཤད་པའི་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གཞུང་ལ་དགའ་མཁན་དང་། དེའི་ཆེད་དུ་དཀའ་ལས་རྒྱག་མཁན་ཚོར་མཐོང་ཆུང་བླ་ན་མེད་པ་ཞིག་རེད།༽འདི་ཁོ་ན་ཡིན།
རེབ་ནི་ཐེངས་ཀྱི་དོན་ཡིན་པས་རེབ་གཅིག་ནི་ཐེངས་གཅིག་གི་དོན་ཡིན་པ་མཁྱེན་པར་མཛོད།
ཡིག་གེ་མ་འབྱོར་བར་གསུང་བ་དེ་ནི་བདེན་པར་མ་ངེས། གང་ཡིན་ཟེར་ན་དེ་སྔོན་རྩོམ་ཡིག་ཕར་བསྐུར་ས་ཁ་བྱང་དེ་ག་རང་ལ་བསྐུར་བ་ཡིན་པས་མ་འབྱོར་བ་ཡོང་མི་སྲིད། གལ་ཚུར་ལ་འབྲེལ་བ་བྱས་ན་ཡིག་སྒམ་གཅིག་པོ་མ་ཡིན་པར་ཁ་པར་ཨང་དང་། སྐད་འཕྲིན་ཁང་། ཚང་མ་རྩོམ་ཡིག་དང་མཉམ་དུ་ཕུལ་ཡོད།
རྩོམ་པ་པོ་ཚོས་རྗེས་སུ་རྩོམ་ཡིག་འགྲན་བསྡུར་དང་མཉམ་ཞུགས་དེ་འདྲའི་སྐབས་གཟབ་ནན་བྱེད་གལ་ཆེ།
མ་མཐའ་ཡང་རང་ཉིད་རྩེད་ཆས་བྱེད་བཅུག་མི་རུང་།
ད་དུང་པད་མ་འབུམ་གྱིས་རང་སྐྱོན་ཁས་ལེན་བྱེད་རྒྱུ་མིན་པ་འདྲ། བཀོད་ཁྱབ་བྱས་ནས་ཟེར་དུས་སྐུ་དྲག་ཅིག་གི་རྣམ་པ་ཐོན་འདུག གནད་དོན་འདིས་དཔེ་མཛོན་ཁང་འདིས་ལས་ཀ་བྱེད་སྟངས་ཕྱོགས་གཅིག་གསལ་སྟོན་བྱས་པ་རེད། རྗེས་མ་ནས་མཉམ་ཞུགས་མ་བྱས་ན་དེ་རེད། གཞན་ཕར་གཡོལ་ཚུར་གཡོལ་བྱེད་ས་མི་འདུག
དབྱངས་ཅན་དགྱེས་བློ་ལགས།
བཀོད་ཁྱབ་ཟེར་བ་ནི་ལས་བསྒོས་བཀོད་མངགས་འདྲ་ཡིན་པ་ལས་བཀའ་ཁྱབ་ཟེར་བ་ནི་ཡིན་ཚོད་མི་འདུག
པད་མ་འབུམ་ནི་དཔེ་མཛོད་ཁང་གི་འགན་འཛིན་ཡིན་པས་རྩོམ་ཡོན་སྐུར་རྒྱུ་ ལག་འོག་ལས་བྱེད་ཅིག་ལ་མངགས་བྱ་བྱས་ཡོད་པ་འདྲ།
གང་ལྟར་ཐེབས་རྩའི་མ་དངུལ་ནས་རྩོམ་ཡོན་འགྲོ་གྲོན་བཀའ་འཁྲོལ་ཐོབ་ཡོད་པ་གསལ་འདུག་པས་ལག་འོག་ལས་བྱེད་ཅིག་གི་འཐུས་ཤོར་ཡིན་པ་གསལ་བོ་རེད།
དོགས་པ་གཙང་སེལ་གྱི་ལན་ཞིག་གཏོང་ངེས་རེད།
འདྲེ་སྒྲུང་གསལ་བསྒྲགས་བང་རིམ་སྒྲིག་སྟངས་དེ་གསར་ཤུལ་གྱི་རྩོམ་ཡིག་དེ་འདྲ་ཞིག་རེད་མི་འདུག དེར་བལྟས་ན་མི་དྲང་བ་གང་སར་འདུག ལ་རྩེ་དཔེ་མཛོད་ཀྱིས་བསྐྱར་དུ་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་ཡོད་ན་ལེགས།
གཞན་ལ་མི་དྲང་བར་ཤོད་ཐུབ་ཚེ། རང་ཉིད་དྲང་དགོས་པ་ཨ་ཅང་ཡང་། སེར་ཤུལ་ཁྱེད་ནས་ཀྱང་། དྲང་མོ་བྱས་མི་འདུག ལ་རྩེ་དཔེ་མཛོད་ཁང་གི་དྲ་རྒྱ་ན། ཁྱེད་རང་ཨང་གསུམ་པ་གསུམ་གྱི་ཐ་མ་ན་འདུག་གཱ ཧ་ཧ་་་་་་