མི་ཉག་སྐལ་བཟང་།
ཉི་མ་ནུབ་རིར་བརྒལ་སོང་།།
ཟླ་བ་གཟའ་ཡིས་བཟུང་སོང་།།
འཇིག་རྟེན་མི་ཡུལ་ལུང་པ།།
མུན་ནག་བཙོན་ར་ཆགས་སོང་།།
སྐར་ཆེན་ས་ལ་ལྷུང་སོང་།།
སྐར་ཚོགས་མགོན་མེད་ལུས་སོང་།།
འཇིག་རྟེན་མི་ཡུལ་ལུང་པ།།
བདུད་ཀྱི་གཤེད་མའི་ཁེངས་སོང་།།
ས་གཞིར་རྡུལ་གྱིས་གོས་སོང་།།
མེ་ཏོག་སད་ཀྱིས་བཅོམ་སོང་།།
འཇིག་རྟེན་མི་ཡུལ་ལུང་པ།།
དམག་གིས་གཡུལ་སར་བསྐྲུན་སོང་།།
གངས་སེང་རྒྱང་ལ་བསྐྲད་སོང་།།
གངས་ཆུ་འདམ་གྱིས་རྙོག་སོང་།།
འཇིག་རྟེན་མི་ཡུལ་ལུང་པ།།
མྱ་ངམ་ཐང་ལ་བསྒྱུར་སོང་།།
ཁུ་བྱུག་མོན་ལ་བྲོས་སོང་།།
ཁྲུང་ཁྲུང་ལྷོ་ལ་འཕུར་སོང་།།
འཇིག་རྟེན་མི་ཡུལ་ལུང་པ།།
ཀླ་ཀློའི་དཔུང་གིས་དཀྲུགས་སོང་།།
དབྱངས་རྟ་ཞིག་ཀྱང་བརྩམས་ཏེ་གཏོང་རོགས། སྙན་གི
རྒན་ལགས་ཕེབས་པར་བཀྲིན་ཆེ།