གྲུབ་ཆེན།
གླུ་ཐ་ལ་ཐ་ལ་ལ་མོ་ཐ་ལ་ལེན།།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
གླུ་ཐ་ལ་རང་བཙན་གཙང་མ་ལེན།།
གླུ་ཨ་ལ་དབུ་མའི་གཞུང་ལམ་ལེན།།
དཔའ་ང་འདྲ་ང་ངོ་མ་ཤེས་ན།།
དགྲ་ཡོང་ན་མདུང་མོ་མཉམ་འཛིན་བྱེད།།
མགྲོན་ཡོང་ན་སྡེར་ཀ་མཉམ་བསྒྲིག་བྱེད།།
མཚམས་ལན་རེར་རང་བཙན་ཁྲོམ་ན་འདུར།།
མཚམས་ལན་རེར་དབུ་མའི་ལམ་ན་འདུར།།
ང་དབུ་མ་རང་བཙན་གཉིས་ཀ་ཡིན།།
ང་འདྲ་འདྲ་ག་ས་གང་ན་ཡོད།།
ཆག་མ་བཞག་ཡིད་ལ་མི་ཡོང་ན།།
ཆག་བཞག་ན་འཇིན་སི་ཁུའུ་ཐུང་བཞིན།།
སྐྱེས་ཕོ་མོ་དབྱེ་བ་མེད་པ་ཡིན།།
སུ་གང་གིས་གིན་ན་གོན་ཆོག་ཡིན།།
དཔའ་ང་འདྲར་རྒས་སྟངས་སྣ་ཚོགས་ཡོད།།
མཚམས་ལན་རེར་དབུ་མའི་ལམ་ནས་རྒས།།
མཚམས་ལན་རེར་རང་བཙན་ཁྲོམ་ནས་རྒས།།
དུས་དེ་རིང་སེམས་ངོ་འདི་ལྟར་འཕྲོད།།
བོད་རང་བཙན་ཟེར་བ་ལོ་རྒྱུས་རེད།།
དུས་དེང་སང་ཞལ་འདེབས་ལས་འགུལ་རེད།།
བོད་རང་བཙན་ཞལ་འདེབས་སློང་དེབ་རེད།།
དུས་དེང་སང་སྒོར་གྲངས་གསོག་བྱེད་རེད།།
ལམ་དབུ་མ་རང་བཙན་ཕྱེད་ཀ་ཟེར།།
བོད་རང་བཙན་ཁ་བྲལ་ལས་ཀ་ཟེར།།
གང་ཡིན་རུང་ངོས་ལེན་མེད་རབས་ཟེར།།
འདི་ཚང་མ་ང་ཚོའི་བྱས་རྗེས་ཡིན།།
ལམ་དབུ་མ་བཤད་དུས་དབུ་མ་ཡིན།།
བོད་རང་བཙན་བཤད་དུས་རང་བཙན་ཡིན།།
ད་ང་དང་ང་ངོ་ཨེ་འཕྲོད་ཐ།།
དོན་ངོ་མར་ལངས་ཕྱོགས་བརྟན་པོ་མེད།།
དོན་ངོ་མར་སེམས་ཤུགས་བརྟན་པོ་མེད།།
འདི་མེད་པས་བྱ་བ་ལམ་འགྲོ་མེད།།
ལམ་ཡང་དག་དབུ་མའི་ལམ་ཆེན་དེར།།
འགྲོ་གོམ་པ་སྤོ་སྟངས་གཅིག་གྱུར་དགོས།།
དེ་མེད་ན་ཡང་དག་དབུ་མའི་ལམ།།
རྡོག་རྐང་པས་འོག་ནས་འཆོར་ཉེན་ཡོད།།
དེ་འཆོར་ན་རེ་བ་གང་ཡང་མེད།།
མྱི་ཚང་མས་ཉོན་དང་གཏམ་ཞིག་བཤད།།
དུས་དེ་རིང་ཉི་མའི་ད་ཚོད་ནས།།
སེམས་བསམ་པའི་གཏད་སོ་བརྟན་པོ་དགོས།།
ལས་གང་ལ་འཇུག་པའི་དམིགས་ཕྱོགས་དགོས།།
དོན་ཅི་ཞིག་སྒྲུབ་པའི་གཏད་ཕྱོགས་དགོས།།
དུས་ཛ་དྲག་གཡར་གཟར་བྲག་ཁ་འདི།།
བརྒལ་བསམ་ན་བསམ་བློ་ཞིབ་ཚགས་ཐོངས།།
གླུ་གོ་ན་དབུ་མའི་ལམ་ལ་ཞུགས།།
གླུ་མ་གོ་རང་བཙན་ཁྲོམ་ལ་རྒྱུགས།།
དཔའ་ང་འདྲ་ང་ངོ་མ་ཤེས་ན།། དགྲ་ཡོང་ན་མདུང་མོ་མཉམ་འཛིན་བྱེད།། ཟེར་བ་འདིེ་ར་བལྟས་ན།དྲང་སྲོང་ཞིག་གི་རྒྱང་གླུ་རེད་མི་འདུག དཔའ་ཐུལ་ཞིག་གི་ངར་གླུ་འདྲ།
མཚམས་ལན་རེར་རང་བཙན་ཁྲོམ་ན་འདུར།། མཚམས་ལན་རེར་དབུ་མའི་ལམ་ན་འདུར།། ཟེར་བ་འདིར་བལྟས་ན་སྲིད་དོན་པ་ཞིག་དང་ཡང་འདྲ།
གླུ་གོ་ན་དབུ་མའི་ལམ་ལ་ཞུགས།། གླུ་མ་གོ་རང་བཙན་ཁྲོམ་ལ་རྒྱུགས།། ཟེར་བ་འདིར་བལྟས་ན་ལངས་ཕྱོགས་གསལ་པོ་ཡོད་པའི་སྐྱ་བོ་ཞིག་མིན་ནམ། ཡིན་ན་ཡང་། ཁྱེད་རང་གང་ཞིག་ཡིན་མིན་དེ་རྩད་གཅོད་བྱེད་འདོད་མེད། ཁྱེད་རང་གི་བསམ་ཚུལ་དེ་ལ་ངས་བསམ་བློ་གཏོང་གི་ཡོད། བསམ་ཚུལ་ཅི་ཡིན་གསལ་པོར་བརྗོད་པ་དེ་དགའ་འོའ་པའི་གནས་སུ་འདུག