ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཀ་མ་ལ་སྐྱེས་པདྨ་རྒྱལ་པོ་དང་།།
ཁ་བ་ཅན་གྱི་སྲོང་བཙན་སྒམ་པོ་བཞིན།།
ག་དུས་ཡིན་ཀྱང་གངས་རིའི་བདག་མོ་ཁྱེད།།
ང་ཚོའི་མགོན་དུ་བཞུགས་པར་གློ་བ་དགའ།།
ཅང་ཤེས་རྟ་མཆོག་ལོ་བཟང་གནམ་དུ་ཤར།།
ཆ་རྐྱེན་ཀུན་བཟང་རྒྱལ་བའི་མཆོད་སྤྲིན་དང་།།
ཇ་ཆང་འདོད་ཡོན་ཅི་དགོས་ཚོགས་འཁོར་བཤམས།།
ཉ་གང་ཟླ་བའི་སྲས་མོས་གཉེན་སྟོན་རོལ།།
ཏ་ཐྰ་ག་ཏའི་གཙུག་ལག་ཁང་ཆེན་དུ།།
ཐ་སྙད་ཤེས་རིག་ཚན་རྩལ་མཁས་དབང་གིས།།
ད་ལྟའི་དུས་རབས་འཚམས་པའི་དགའ་སྟོན་བཅས།།
ན་ཆུང་གཞོན་ནུས་ཟློ་གར་བསྒྱུར་འདི་སྤྲོ།།
པན་ཆེན་བླ་མའི་སྲས་མོ་རིག་པ་འཛིན།།
ཕ་མེས་བརྒྱུད་པའི་སྲོལ་བཟུང་གར་དབང་མོས།།
བ་གམ་མཛེས་པའི་རྒྱལ་ས་པེ་ཅིན་དུ།།
མ་སྨད་བསོད་ནམས་གསར་བའི་གཉེན་སྟོན་ཚེས།།
ཙཀྲ་རྒྱལ་བའི་སྒྱུ་འཕྲུལ་ཉམས་དགའ་དང་།།
ཚ་གྲང་གང་འདོད་བཟའ་གཏུང་མཆོད་སྦྱིན་དང་།།
ཛ་ཡའི་བསྟན་འཛིན་དམ་པས་ཆོ་ག་བཅས།།
ཝ་ལེར་ཀུན་གསལ་འཛམ་གླིང་དཔལ་དུ་སྒྲོན།།
ཞྭ་སེར་བསྟན་པའི་དགེ་བཤེས་མཁན་སྤྲུལ་དང་།།
ཟ་འོག་སྣ་ཚོགས་གྱོན་པའི་རྒྱ་བོད་རིགས།།
འ་ཅག་སྐྱིད་པའི་རྟེན་འབྲེལ་བསྟོད་སྨོན་བཅས།།
ཡ་རབས་བྱམས་བརྩེས་རྒྱ་བོད་ལྷན་དུ་འཛོམས།།
ར་བ་གངས་རིས་མཛེས་པའི་ཡུལ་ལྗོངས་སུ།།
ལ་ལུང་དགའ་སྐྱིད་ཕྱུག་པའི་ཐུགས་སྨོན་དང་།།
ཤ་ཁྲག་མཛའ་བརྩེ་ཟབ་པའི་རྒྱ་བོད་བར།།
ས་སྐྱོང་སྲོང་བཙན་རྣམ་ཐར་སླར་ཡང་དྲན།།
ཧ་ཅང་རྟེན་འབྲེལ་བཟང་པོའི་ཉི་མ་ལ།།
ཨ་གར་དྲི་ཞིམ་སྨན་སྣས་བསང་གསོལ་ངང་།།
བསྟན་སྲིད་སྤྱི་ཕན་མཛད་པའི་དུས་སྟོན་ཉིད།།
བཟང་དགུའི་དཔལ་དུ་རོལ་བར་རྗེས་ཡི་རང་།།
མི་འགྱུར་སྐུ་སྲོག་རྡོ་རྗེའི་དཔལ་བཞིན་རྟག།
མི་འགགས་གསུང་དབྱངས་དམ་ཆོས་སྒྲ་རྒྱུན་བརྟན།།
མི་འཇིགས་ཐུགས་རྗེའི་རང་བཞིན་གཡང་དྲུང་འཁྱིལ།།
མི་དབང་ལྷ་ལྕམ་ཡབ་ཡུམ་ཞབས་བརྟན་སྨོན།།
ཞེས་པ་རབ་རྒྱན་ཤིང་རྟའི་དབོ་ཟླའི་ཚེས་བཟང་ལ་རྨི་ལམ་ཡ་མཚན་ཅན་འགའ་དང་པན་ཆེན་སྐུ་ཕྲེང་བཅུ་བའི་སྲས་མོ་རིག་འཛིན་དབང་མོའི་གཉེན་སྟོན་དུས་བཟང་གི་སྐབས་སུ་སྒྲོན་པའི་སྐུ་པར་མཇལ་བའི་མོད་ལ་གང་དྲན་དུ་ནུབ་ཕྱོགས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོ་འམ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གུས་སྨོན་བཅས་ཕུལ་བར་དགེའོ།། །།
ད་ཚར་འདུག། པན་ཆེན་རིན་པོ་ཆེ་མཆོག་གི་བུ་མོ་ཡིན་ས་མ་རེད་འདོད་ཀི། DANཞིག་གིས་དོགས་པ་མ་བསལ་ན། བུ་མོ་རང་སྟེང་ན་ཡིད་ཆེ་བློ་བཀལ་བྱེད་ས་ཞིག་ད་སྔ་བར་དུ་མཐོང་ཡ་ཞིག་མ་འདུག། ཉུག་རུམ་མ་ཡིན་པའི་སྐུ་འཁོར་ཞིག་གིས། ངོ་ཚ་མེད་པའི་ཁྲོ་རྡོ་ཞིག། མོའི་ཨ་མ་དགྱ་མོ་དེ་ལ་ལྐོག་ཚོང་ཞིག་བྱས་མེད་འགྲོ་བསམ་བསམ་ཞིག་འདུག།
དེང་སང་དོ་སྣང་ཆེ་ཤོས་འདི་རེད་འདུག། wechat ནས་བཤུས། ༼པན་ཆེན་སྲས་མོ་རིག་འཛིན་དབང་མོས་རྒྱ་རིགས་བརྙན་འཕྲིན་གྱི་མདོ་འཛིན་པ་ཞིག་མག་པར་བསུས་ཏེ་རྟེན་འབྲེལ་ཀྱང་གྲབ་རྒྱས་པོ་ཞིག་གནང་འདུག མོ་རང་གི་མི་རབས་རྗེས་མ་དེ་རྒྱ་རིགས་གཙང་མར་བསྒྱུར་རྒྱུའི་གོམ་པ་སྤོ་འགོ་བརྩམས་པ་རེད། དེ་སྔོན་རང་གི་མི་རིགས་ལ་ལྷག་བསམ་ཇི་ཙམ་ཡོད་པ་གསལ་སྟོན་བྱས་ཟིན། ངོ་མ་བོད་མི་རིགས་འདི་སྐྱོ་དགོས་པ་ཞིག་ཅི་ཕྱིར་མིན་ནམ།༽
སྲས་མོ་ལགས། ཉྰི་ ཧྰའོ་ མ། ?? !!! ཧཧཧ།། །།
བོད་པའི་སེམས་ངོགས་ཀྱི་སྐར་མ་འོད་ཆེན་ཁོང་སྔར་ནས་ཞི་བའི་ཚལ་དུ་དེངས་ཚར་བ་རེད།
ད་ ང་ཚོས་ཁོང་གིས་ ང་ཚོར་དྲན་རྟེན་དུ་བཞག་པའི་རླབས་ཆེན་མཛད་རྗེས་ལ་དགའ་བ་སྒོམ་ནས་རང་སེམས་གསོ་རྒྱུ་ལས།
རྔ་མོང་ཤི་རྗེས་ལྕི་བ་ལས་རྔ་མོང་གི་གཟི་བརྗིད་དང་བརྩེ་སེམས་མ་འཚོལ་རོགས།
རིག་འཛིན་དབང་མོར་དོན་འབྲས་མི་ཡོང་བའི་གནོན་ཤུགས་མ་སྤྲོད་རོགས།
ཁོ་མོ་མི་སྒེར་པའི་རང་ཐག་རང་གཅོད་ལ་རྩི་བཀུར་གནང་རོགས།
གོ་སོང་ངམ གོ་ཤེས་མེད་པའི་ཆོས་དྲེད་པ་ཚོ།
མ་གཞི་གཉེན་སྒྲིག་རང་དབང་རེད་དེ། བོད་མི་ས་ཡ་དྲུག་གི་ནང་དུ་མོ་ལ་རན་པའི་ཕོ་ཁྱོ་ག་ཞིག་མེད་སོང་བ་རེད་པས། ངས་མདང་རྒྱག་ཤེས་མ་སོང་།
ཁྱོད་རང་ཚོས་སེམས་འཁྲུལ་བྱེད་དགོས་ཀྱི་མ་རེད། ལོ་གཅིག་གཉིས་ཤིག་སྒུག་དང་། རྒྱ་མཇེ་ཐུང་ཐུང་དེས་འདོད་པ་མི་ཁེངས་དུས་བན་རྒན་སྔགས་རྒན་བོང་མཇེ་འདྲ་བ་ཡོད་མཁན་ཚོ་སྐད་གཏོང་འོང་གི་རེད་དོ།་་་ཧཧ མཐོ་སྒང་བོད་ཀྱི་མཇེ་དང་ཁྱི་གཉིས་ལ་རྒྱ་ཡུལ་དུ་སྒོར་མོ་ག་ཚོད་དགོས་དགོས་སྤྲོད་ཀྱི་འདུག་ཟེར་ལ་ནོར་བུ་རྩ་བ་ཆེན་པོ་ཞིག་ལ་བརྩི་གི་འདུག་ཟེར་་་་ཧཧཧ ཨེ་མ་ཧོ་ཟེར་ནས་མིག་ཕྱེད་ཀ་བཙུམ་ནས་བོད་མཇེ་རྭ་རྒོག་འདྲ་བ་དེ་ཡར་ལངས་འོང་དུས་་རྒྱ་མོ་སྣ་ལེབ་མ་དེ་ཚོས་མིག་ནས་མཆུ་མ་གཏོང་འོང་ཁུ་ཟེར།
པཎ་ཆེན་རིན་པོ་ཆེ་ཡི་མཚན་སྨོས་པ་ཐོས་པས། ཆོས་ཀྱི་སྦྱིན་པ་ཞིག་བྱེད་པར་སྤྲོ་སྟེ། ན་མས ཞེས་པ་ཕྱག་འཚལ་བའི་དོན་ཡིན། ལེགས་སྦྱར་ཀ་འཕྲེང་ལ་སྡེ་པ་ལྔ་དང་། མཐར་གནས་ཀྱི་ཡི་གེ་བཞི། དྲོ་བའི་ཡི་གེ་བཞི་སྟེ། གསལ་བྱེད་ཀྱི་ཡི་གེ་དག་སྡོམ་ན། ཡི་གེ་སོ་གསུམ་ཡོད། སྡེ་པ་རྣམས་ཀྱི་ཡི་གེ་དང་པོ་དང་། གཉིས་པ་དག་གི་སྔོན་དུ་ཡོད་པའི་ས་ཡིག་མེད་པར་མི་འགྲོ། སྡེ་པ་དག་གི་ཡི་གེ་གསུམ་པ་དང་བཞི་པ་དག་གི་སྔོན་དུ་ཡོད་པའི་ས་མེད་པར་སོང་སྟེ། ན་མ། ཞེས་ཆགས་པའི་མའི་སྲོག་ལ་ཡོད་པའི་ཨ་ཡིག་དེ་ཨོ་རུ་གྱུར་ཏེ། ན་མོ། ཞེས་ཆགས་སོ། དཔེར་ན། ན་མོ་དྷརྨཱ་ཡ། ཞེས་པ་ལྟ་བུའོ། ན་མས་ཀྱི་རྗེས་ལ་སྡེ་པ་དག་གི་ཡི་གེ་དང་པོ་དང་། གཉིས་པ་དག་ཡོད་ན། ས་རང་ཅག་ལུས་ཏེ། དཔེར་ན། ན་མ་སྟེ། ཞེས་པ་ལྟ་བུ། དེས་ན། ན་མོ་གུ་རུ་པདྨ་ཀ་ར་ཡེ། ཞེས་པའི་ན་མོ་གུ་རུ་པདྨ་ ཞེས་པ་ལ་སྐྱོན་མེད་དག་པོ་ལགས། ཨཱ་ཀ་ར། ཞེས་པ་འབྱུང་གནས་སོ། དེ་ཉིད་གོང་གི་པདྨ་དང་མཚམས་སྦྱོར་ན། པདྨཱ་ཀ་ར། པདྨ་འབྱུང་གནས་ཞེས་པའི་དོན་དང་། དེ་ཡི་རྣམ་དབྱེ་བཞི་པའི་གཅིག་ཚིག་ཀྱི་དོན་ལ་པདྨཱ་ཀ་རཱ་ཡ། ཞེས་དགོས་སོ། །འདི་དག་ལ་བཤད་པ་ལ་ནོར་ཡོད་ངེས། དངོས་གནས་དག་པར་མཛད་མཁན་ལ་སྙིང་ནས་བཀའ་དྲིན་བསམ་མོ།
ཁྱོད་ཚོ་ངོ་མ་རྨི་ལམ་སྐྱིད་པོ་ཤ་སྟག་རེད།
ཁྱོད་ཚོས་མེད་པ་བཟོ་འདོད་པ་འདི་ཆོས་དང་དད་པ་རེད།
ཁྱོད་ཚོས་བཙན་བཀག་གཏོང་འདོད་པ་འདི་བོད་རིགས་བུ་མོ་ཚང་མ་བོད་པ་ལས་གཞན་ལ་ཆང་ས་རྒྱག་མི་ཆོག་པ་དེ་རེད།
ཁྱོད་ཚོས་དང་དུང་སྤྲུལ་སྐུ་དང་བླ་མ་རྣམས་ཀྱང་རྩ་མེད་གཏོང་བར་འདོད།
ངོ་མ་འདིར་ཡོང་མཁན་གྱི་མི་ལ་ལ་ནི་ཤིན་དུ་ནས་འཇིགས་སུ་རུང་བ་ཞིག་མ་རེད་པས།
པན་ཆེན་རིན་པོ་ཆེ་ཨ་ཕས་རྒྱ་མོར་ཆང་ས་བརྒྱབ་དུས་ཁྱོད་ཚོ་ཁ་ནང་ལ་མི་གཙང་བ་ཤོར་བ་བཞིན་མིག་ཧུར་རེར་བལྟས། བུ་མོས་ཁྱོ་ག་རྒྱ་མི་བཙལ་དུས་མིག་ལ་འཚེར་མ་བཟུག་པ་ལྟ་བུའི་སྡུག་སྐད་རྒྱག་པ་འདིར་དགོད་མི་ཤོར་རམ།
ཨ་ཕ་ཁས་ལེན་ཐུབ་སར་བུ་མོ་ཁས་ལེན་མ་ཐུབ་པ་འདི་ཇི་འདྲ་རེད།
འབའ་པ་ཕུན་དབང་མི་རིགས་ཀྱི་དཔའ་བོ་རེད་ཟེར་བ་མང་པོ་ཁྱོད་ཚོས་བཤད་སོང་། འོན་ཀྱང་ཁྱེད་ཚོས་མ་ཤེས་པ་ནི་མང་། གཅིག ཕུན་དབང་གི་ཆང་ས་དང་པོ་དེ་སུ་ལ་བརྒྱབ་འདུག ཁོང་གིབུ་ཕྲུག་རྣམས་ཀྱི་མིང་ངོ་མ་ཨེ་ཤེས།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས། བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པས་མི་རིགས་ཤིག་གི་སྤུས་ཚད་མཐོ་རུ་གཏོང་དགོས་ན་ཐོག་མར་ཨ་མ་གཤིས་བཟང་བསམ་བློ་ཅན་དང་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། ཞེས་གསུངས་བ་ནང་བཞིན་མི་རིགས་གཙང་མ་ཞིག་གནས་དགོས་ན་ཡང་ཨ་མ་ལ་ཐུག་ཡོད། དེས་ན་བོད་ཀྱི་བུད་མེད་དག་གིས། བོད་མི་རིགས་གཙང་མ་ཞིག་བསྐྲུན་མི་བསྐྲུན་ཁོང་ཅག་ལ་ཧ་ཅང་རག་ལས་ཡོད་པས། ཁོང་ཅག་གིས་ཀྱང་འདས་མ་འོངས་ད་ལྟ་གསུམ་ལ་བསམ་གཞིག་ལེགས་པོ་ཞིག་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ། ད་ལྟ་རོང་འབྲོག་མང་ཚོགས་ཀྱི་བུད་མེད་ལ་ལ་ཞིག་གིས། མི་རིགས་གཞན་པ་དང་གཉེན་འབྲེལ་ལམ་གཉེན་སྒྲིག་བྱེད་དང་བྱེད་བཞིན་ཡོད་པས། ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མི་རིགས་ལ་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་ཡིན་པས། བོད་ཀྱི་བུད་མེད་དག་གིས་བསམ་གཞིག་གཏོང་སའི་གནས་སུ་མཆིས། བོད་ཀྱི་བུད་མེད་དང་མི་རིགས་གཞན་པ་གཉེན་སྒྲིག་བྱེད་པ་ནི། སྒེར་ཐོག་རེ་རེ་ནས་བཤད་ན་ཕན་པ་ཅུང་ཙམ་རེ་ཡོད་ན་ཐང་། འོན་ཀྱང་མི་རིགས་ལ་བསམ་གཞིག་བཏང་ན།ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཟད། མི་རིགས་འཇིག་ཉེན་ཧ་ཅང་ཆེ་བར་གྱུར་འདུག གཅིག མི་རིགས་གཞན་པ་དང་གཉེན་སྒྲིག་བྱས་ན་དེ་དག་གི་བུ་ཕྲུག་དག་ཀྱང་མི་རིགས་གཞན་གྱི་ངོ་བོར་འཐིམ་པའམ་ར་མ་ལུག་ལྟར་འགྱུར་འགྲོ། ཡང་ན་མི་རིགས་གང་གི་ཁུངས་སུ་མི་གཏོགས་ནས་མཚན་གཉིས་མ་ནིང་དུ་གྱུར་འགྲོ། གཉིས། བོད་མི་རིགས་ཀྱི་ནང་དུ་ནད་ཡམས་སྣ་ཚོགས་ཤིག་ཐོན་ཡོང་བ་མ་ཟད།འཛམ་གླིང་སྟེང་གི་ནད་ཡམས་ཆེན་མོ་ཨེ་ཛི་ནད་ཀྱི་ཟ་ཁ་བོད་ནང་དུ་བསྟན་པ་མ་ཡིན་ནམ། གསུམ། བོད་ཀྱི་བུད་མེད་དག་གིས་བོད་ཀྱི་ལོ་རྒྱུས་སྟེང་རང་གི་མི་རིགས་བསད་པའི་ཉེས་ཅན་པ་ཞེས་པའི་མིང་འདི་ཡང་ཐོབ་ཉེན་ཆེ། འདི་ལ་བསམ་གཞིག་བྱེད་རྒྱུ་ནི་བོད་ཀྱི་བུད་མེད་ཁོ་ན་མ་ཡིན་པར་ཕ་མ་དང་མོ་བ། རྩིས་པ་དག་གིས་ཀྱང་བསམ་གཞིག་གཏོང་དགོས། ལྷག་ཏུ་ས་ཆ་ལ་ལ་ན་ཕ་མ་འགའ་རེས་རང་གི་བུ་མོ་བཙན་གྱིས་མི་རིགས་གཞན་པ་དང་གཉེན་སྒྲིག་བྱེད་དུ་འཇོག་མཁན་ཡང་མང་བོ་གོ་ཐོས་བྱུང་སོང་། སྤྱིར་ཁོང་ཚོ་ལའང་ཁག་མེད་ཅིང་། འཛམ་གླིང་གི་ཁ་ཕྱོགས་མིག་གིས་མ་མཐོང་བའི་བོད་ཀྱི་སྐྱེས་པ་དག་གིས་རང་གི་ཆུང་མ་གཅར་རྡུང་བྱེད་རྒྱུ་ལས་བོད་ཀྱི་བུད་མེད་དག་གི་ཁེ་དབང་ལ་བརྩི་སྲུང་བྱེད་ཤེས་པ་ནི་ཉུང་ཉུང་ཡིན་པས། ཕ་མ་ཚོས་ཀྱང་རང་གི་བུ་མོ་ཚོ་སྐྱིད་ས་ཞིག་ཏུ་སྟེར་ཨེ་ཐུབ་ཀྱང་ལྟ་གི་ཡོད། མི་རིགས་གཞན་པ་ཚོས་ཅུང་ཙམ་རང་གི་ཆུང་མའམ་བུད་མེད་ལ་དེ་འདྲ་གཅར་རྡུང་མི་བྱེད་པས། ཕ་མ་ཚོས་ཀྱང་དེར་སྟེར་བ་རེད་བསམ་སོང་ལ། ཕྱོགས་གཅིག་ནས་བུ་མོ་བདེ་སྐྱིད་ཅུང་ཙམ་འབྱུང་བ་དང་ཕྱོགས་གཅིག་ནས་སྒོར་མོ་འགའ་ཡང་ཡོད་འདུག་འདོད་ནས། དེ་ལྟར་མི་རིགས་གཞན་པ་དང་གཉེན་སྒྲིག་ཏུ་བཅུག་པ་རེད་བསམ་སོང་། རང་གི་མི་རིགས་མ་འོངས་པ་ལ་གནས་ཐུབ་མི་ཐུབ་ཀྱི་ཕྱོགས་ལ་བསམ་གཞིག་གཏོང་ཤེས་མཁན་ཕ་མ་ཚོའི་ནང་ན་ཉུང་ཉུང་རེད། རྗེས་ཕྱོགས་ནས་བོད་ཀྱི་ཕ་མ་དག་གིས་བོད་མི་རིགས་མི་རིགས་གཙང་མ་ཞིག་ཏུ་ཨེ་ཆགས་ལྟ་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་རེད། མཇུག་གཏམ། རྩོམ་ཐུང་འདི་མཐོང་རྗེས་བོད་ཀྱི་བུད་མེད་ལ་ལ་ཞིག་གིས་བོད་ཀྱི་བུད་མེད་དག་གི་ཁེ་དབང་འཕྲོག་སོང་ཟེར་བ་དང་དམའ་འབབ་བྱས་འདུག་ཟེར་ནས་ས་ལྡིང་གནམ་ལྡིང་བྱེད་ན་ཐང་མོད། འོན་ཀྱང་ཁོ་བོས་ནི་བོད་ཀྱི་བུད་མེད་དག་ལ་དམའ་འབབ་བྱེད་ཀི་རྩ་བ་ཉིད་ནས་མེད། བོད་ཀྱི་བུད་མེད་དག་ཨ་མ་ཡག་པོ་ཞིག་བྱེད་རྒྱུའི་རེ་བ་གཏོང་གིན་ཡོད། བོད་མི་རིགས་གཙང་མ་ཞིག་གནས་དགོས་ན་བོད་ཀྱི་བུད་མེད་དག་ལ་གོང་ནས་བཤད་པ་བཞིན་རག་ལས། མཐའ་མཇུག་ཡང་བསྐྱར་སྙིང་ཁོང་རུས་པའི་གཏིང་ནས་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་ཀྱི་བུད་མེད་དག་གིས། མི་རིགས་གཞན་པ་དང་གཉེན་སྒྲིག་མི་བྱེད་པ་དང་། རང་གི་མི་རིགས་ཀྱི་བདེ་སྡུག་ལ་བསམ་གཞིག་གཏོང་རྒྱུ་གལ་ཆེ་བ་རེ་བ་ཡིན། རྩོམ་པ་པོ། རྔ་བ། སྦྲ་དུངས་སེམས། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས། གཞན་ནས་བཤུས།
སྲས་མོ་མཆོག་གི་གཉེན་སྒྲིག་རང་དབང་རེད་ལ། ཡབ་ཀྱི་གཟི་ཤུགས་མནབས་ནས་བླ་མའི་རྣམ་ཐར་མ་བསྐྱངས་པ་ནི་ཧ་ཅང་གི་ཡག་པོ་རེད། དེ་མ་གཏོགས་སྲས་མོ་བོད་ནང་ཕེབས་དུས་རྒྱལ་མཚན་ནོར་བུ་ལས་མཇལ་བ་མང་དུ་སླེབས་ཡོད་པས། ཕྱི་ལོ ༢༠༠༦ལོར་རྒྱ་དམར་གཞུང་གིས་ཆོས་བྱེད་མི་སྣའི་ཆོས་ལུགས་བྱེད་སྒོར་གེགས་རྐྱེན་མི་ཡོང་བའི་ཆེད་དུ་སྲས་མོའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡོང་མི་ཆོག་པ་བཟོས་ཡོད། དེ་བས། སྲས་མོ་ནི་འགྲོ་བསྐྱོད་རང་དབང་ཆེར་མེད་པའི་གནས་སུ་ལྷགས་ཡོད་ལ། ལྟ་རྟོག་འོག་གི་ཆབ་སྲིད་བཙོན་མ་ཞིག་རེད། འདི་ལྷན་རྒྱས་ནས་མཁྱེན་འོས་ཀྱི་འདུག
ཁྱིམ་རྒྱུད་ཀྱི་ཆ་ནས་སྲས་མོའི་པཎ་ཆེན་ཡབ་གཞིས་རེད་ལ། རྒྱལ་བ་རིན་པོ་ཆེ་ཡི་ཡབ་གཞིས་དང་ཆ་འདྲ་བ་དང་བོད་ལ་ཐད་ཀར་ཤུགས་རྐྱེན་བསྐྲུན་ཐུབ་པའི་ཁྱིམ་རྒྱུད་ཅིག་གི་རེད། ཉམས་མྱོང་གི་ཆ་ནས་ལྟ་སྐབས། རྒྱལ་བ་རིན་པོ་ཆེ་ཡི་ཁྱིམ་རྒྱུད་ནང་དུ་མི་ནག་ཅིག་མེད་པ་མ་གཏོགས་མནའ་མ་དང་མག་པ་མང་ཆེ་བ་ཕྱི་ནས་ཡོང་མཁན་རེད་ལ། བཙན་བྱོལ་ནང་ཕྱི་ཡོང་མག་པ་དང་མནའ་མའི་སྒོ་དབྱེ་མཁན་ཡང་རེད། འོན་ཀྱང་། ཕྱི་ཡོང་གི་མནའ་མ་དང་མག་པ་འདི་དག་གིས་བཙན་བྱོལ་བོད་མི་ཚོར་ཕན་གང་ལ་གང་འཚམས་ཐོགས་ཡོད་པ་མ་གཏོགས་གནོད་བསྐྱལ་མེད། དེ་བས། སྲས་མོ་རིག་འཛིན་དབང་མོས་མག་པ་རྒྱ་ནས་བསུས་པའང་གཅིག་མཚུངས་ཡིན་ངེས་པར་མ་ཟད། གཅིག་བྱས་ན་བོད་ལ་ཕན་གང་འཚམས་ཐོགས་ཀྱང་སྲིད། ཉུང་མཐར་ཐལ་མོ་སྦྱར་སྟངས་ལས་ཀྱང་ཟུར་ཙམ་ཤེས་ཐུབ་པ་ཞིག་རེད།
དཔེར་མཚོན་གྱི་ཆ་ནས་ཞུས་ན། ལྕམ་སྲིང་སད་མ་ཀར་མནའ་མ་ཕྱིན་རྗེས། བོད་པ་ཡིན་པ་འགྱུར་མེད་པའི་ཁར། བོད་ཆེན་པོའི་གཅིག་གྱུར་ལ་བླ་མེད་བྱས་རྗེས་བཞག་ཡོད་པ་རེད། འོན་ཀྱང་། སྲས་མོ་རིག་འཛིན་དབང་མོས་མག་པ་ཚུར་བསུས་པ་ཡིན་པས། མ་འོངས་པར་བུ་ཞིག་འཁྲུངས་ན་ཁྲི་སྲོང་ལྡེ་བཙན་ལྟ་བུའི་རྒྱ་ཚ་ཡ་མེད་ཅིག་ཡོང་སྲིད་པ་རེད། རེ་བ་རྒྱག་སའང་དེ་འདྲ་ཞིག་མ་རེད་དམ།
་་་་་་་ འབའ་པ་ཕུན་དབང་མི་རིགས་ཀྱི་དཔའ་བོ་རེད་ཟེར་བ་མང་པོ་ཁྱོད་ཚོས་བཤད་སོང་། འོན་ཀྱང་ཁྱེད་ཚོས་མ་ཤེས་པ་ནི་མང་། གཅིག ཕུན་དབང་གི་ཆང་ས་དང་པོ་དེ་སུ་ལ་བརྒྱབ་འདུག ཁོང་གིབུ་ཕྲུག་རྣམས་ཀྱི་མིང་ངོ་མ་ཨེ་ཤེས། ་་་་་་
ཕུན་དབང་གི་ཆང་ས་དང་པོ་དེ་སུ་ལ་བརྒྱབ་པ་དང་། ཁོང་གི་བུ་ཕྲུག་རྣམས་ཀྱི་མིང་ངོ་མི་ཤེས་པས་རོབ་གསུང་པར་འཚལ་ཞེས་ཞུའོ།།
ཅིག་གིས།
་་་་་་ མཐའ་མཇུག་ཡང་བསྐྱར་སྙིང་ཁོང་རུས་པའི་གཏིང་ནས་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་ཀྱི་བུད་མེད་དག་གིས། མི་རིགས་གཞན་པ་དང་གཉེན་སྒྲིག་མི་བྱེད་པ་དང་། ་་་་་་
ཡང་ཅིག་གིས།
་་་་་ མ་འོངས་པར་བུ་ཞིག་འཁྲུངས་ན་ཁྲི་སྲོང་ལྡེ་བཙན་ལྟ་བུའི་རྒྱ་ཚ་ཡ་མེད་ཅིག་ཡོང་སྲིད་པ་རེད། རེ་བ་རྒྱག་སའང་དེ་འདྲ་ཞིག་མ་རེད་དམ། ་་་་་་་ཟེར།
པར་ནང་གི ཁྲུང་སྟོན་འདི། བོད་ཀྱི་ཡུལ་ལུང་ཅིག་གི་ཁྲུང་སྟོན་ཅིག རེད་པེ། ལགས། མ་ཤེས་ནས་དྲིས་པ་ཡིན།
ཀ་རྡོ་ལགས། ཕུན་དབང་ལགས་ཀྱི་འཁྲུངས་ས་དང་པོའི་བཟའ་ཟླ་ཁ་ཆེ་རེད། ཕུན་དབང་གི་ཚ་བོ་དང་ཚ་མོ་རྣམས་ཀྱི་མིང་ལ་ཁ་ཆེའི་མིང་བཏགས་འདུག ཚ་བོ་ཚ་མོ་གཉིས་ད་ལྟ་ཇར་མན་ལ་འདུག ཕུན་དབང་མི་རིགས་ཀྱི་དཔའ་བོར་འདོད་མཁན་མང་པོ་ཞིག་གིས་ཕུན་དབང་གི་གནས་ཚུལ་མང་པོ་སྦས་ནས་བསྡད་ཡོད།
ད་ཚར་སོང་། ཨ་ཁ་ཁ
བསམ་ཤེས་ལགས། བཀས་དྲིན་ཆེ།
ཧ ཧ མཁན་ཆེན་བླ་མས་པན་ཆེན་སྲས་མོ་རེ་བ་ཞེ་དྲག་རྒྱགས་པར་གོ་ཐོས་ཡོད། ཧ ཧ ད་ལམ་དུ་མ་སློང་བར་རྒྱ་རྒོད་ཅིག་བསུས་སོང་ང་།
ཡ་མཚན་རེད། པན་ཆེན་རིན་པོ་ཆེ་ཡང་སྤྲུལ་སྐུ་ཨོ་རྒྱན་ཉི་མའི་རྗེས་སུ་འདྲོངས་ནས་ལྷ་ཁང་ནང་ནས་གཉེན་སྟོན་བྱས་འདུག
པན་ཆེན་རིན་པོ་ཆེའི་སྲས་མོ་རུ་བཅོས་རོགས
྆པཎ་ཆེན་རིན་པོ་ཆེ་ཡི་སྲས་མོ་འདི་དང་། རྩོམ་སྒྲིག་པ་འོད་ཟེར་གཉིས་ཀྱིས་བོད་དང་། བོད་མིར་སུས་ཕན་ཐོགས་ཆེ་བ་གནང་ས་འདུག ཅེས་འགྲན་བསྡུར་དང་བཅས་ལྟ་བཞིན་སྡོད་བགྱིན་ཡིན་གདའ།
དགེ་བཤེས་ཀརྡོ་འདི་མི་ཐོན་ས་ཞིག་མི་འདུག ཉིན་ཞིག་ཁོང་རྒྱོ་རྒྱག་སའང་སླེབས་ས་རེད་ད།
སྲས་མོ་རིན་འཛིན་དབང་མོར་བཀྲ་ཤིས་བདེ་ལེགས་ཞུ།
འབྲི་གུང་པ་སྤྲོ་ཚེས
ཡབ་ཆེན་གསེར་རིའི་ལྷུན་པོ་མུན་ནག་ནང་འཐིམ་སྟེ།།
ཡུམ་ཆེན་བྱམས་བརྩེའི་འོག་ནས་འཚར་ལོངས་དེ་བྱུང་བའི།།
སྲས་མོ་རིན་འཛིན་དབང་མོའི་ལང་ཚོ་ཡི་མེ་ཏོག།
གཞན་ཡུལ་སྤྱི་ཚོགས་ནང་དུ་བཞད་ཁ་དེ་བྱེ་སོང་།།
ཡབ་ཆེན་རིག་ཞེན་ཅན་གྱིས་གཞན་མི་ཞིག་བཞེས་སོང་།།
སྲས་མོ་ལ་རྒྱ་ཅན་ཀྱང་གཞན་མི་ཞིག་འདེམས་སོང་།།
རིགས་དང་རུས་པ་གཞན་མིའི་ལེགས་བསྐྱེད་ལ་འབུལ་ཡང་།།
རྣམ་དཔྱོད་བློ་གྲོས་བོད་མིའི་ལས་དབང་ལ་བསྩལ་རོགས།།
གཞན་མིའི་ཁྱིམ་ཐབས་བྱེད་མཁན་མང་པོ་ཞིག་འདུག་སྟེ།།
བློ་དཀར་ནང་ལ་བསྟན་པ་ཉུང་ཉུང་རང་རེད་འདུག།
ནང་མི་ནང་རུལ་འགའ་ཡི་སྤྱོད་ཚུལ་ལ་བསམ་ན།།
ཕྱི་གསལ་ནང་གསལ་དེ་འདྲ་གཙང་མ་ཞིག་ཆགས་འདུག།
མདོར་ན་རང་རིགས་སྟོད་སྨད་བར་གསུམ་གྱི་ཕོ་མོ།།
ཕལ་པ་མི་དྲག་སྐུ་དྲག་བླ་སྤྲུལ་གྱི་ནང་ནས།།
གཞན་མིར་ཁྱིམ་ཐབས་གནང་མཁན་མང་པོ་ཞིག་འདུག་པས།།
ཁྱོད་ཀྱང་དེ་མཚུངས་ཡིན་པས་ནག་ཉེས་ནི་མི་ཆེ།།
བདག་གིས་ཁྱོད་ཀྱི་གཉེན་སྟོན་བཀྲ་ཤིས་ཀྱི་ཉིན་མོར།།
འདོད་དོན་ཡིད་བཞིན་འགྲུབ་པའི་ཁ་གཡང་ཞིག་འབུལ་ནས།།
མ་འོངས་མི་ཚེའི་ཕུགས་འདུན་ཡབ་ཆེན་གྱི་དགོངས་པ།།
ནམ་ཡང་འབད་མེད་བསྒྲུབ་པའི་རེ་བ་ཞིག་ཐལ་སོང་།།
# 22 ཀརྨ་བློ་གསལ་་ལགས་ཀྱིས་མཆན་བཏབ་པ།:
May 3rd, 2014 at 7:28 AM
དགེ་བཤེས་ཀརྡོ་འདི་མི་ཐོན་ས་ཞིག་མི་འདུག ཉིན་ཞིག་ཁོང་རྒྱོ་རྒྱག་སའང་སླེབས་ས་རེད་ད། ་་་་་་་་ཟེར།
བདག་གིས་ཁྱོད་ཀྱི་གཉེན་སྟོན་བཀྲ་ཤིས་ཀྱི་ཉིན་མོར།།
འདོད་དོན་ཡིད་བཞིན་འགྲུབ་པའི་ཁ་གཡང་ཞིག་འབུལ་ནས།།
མ་འོངས་མི་ཚེའི་ཕུགས་འདུན་ཡབ་ཆེན་གྱི་དགོངས་པ།།
ནམ་ཡང་འབད་མེད་བསྒྲུབ་པའི་རེ་བ་ཞིག་ཐལ་སོང་།།
ཨ་ཕྱི་ཆོས་སྒྲོན་མཛེས་མས།
མོས་རང་གི་ཨ་མའི་ཚབ་ཏུ་ཡང་བསྐྱར་རྒྱ་རིགས་ལ་ཞབས་འདེགས་ཞུ་ངེས།
མོའི་ཨ་མ་རྒྱ་མི་ཞིག་ཡིན་པས་ཆ་ནས་རྒྱ་རིགས་མི་དམངས་ཀྱི་ངོ་སོ་བསྲུང་ཐུབ་མེད་ལ། རིགས་རྒྱུད་རྫོག་པའི་བྱས་ཉེས་ཤིག་ཏན་ཏན་ཡོད་པས། རྒྱ་རིགས་མི་དམངས་ཀྱིས་ཁོ་མོར་ངོས་འཛིན་ཡག་པོ་ཞིག་བྱས་མེད་པ་ཐག་ཆོད་ཡིན།དེས་རྐྱེན།
མོས་ཕྱོགས་གཅིག་ནས་ཨ་ཕའི་བྱ་གཞག་རྒྱུན་འཛིན་དང་། ཕྱོགས་གཞན་ཞིག་ནས་ཨ་མ་དང་རྒྱ་རིགས་མི་དམངས་བར་གྱི་སྟོང་ཆ་དེ་བསྐངས་ནི་ཡིན་ལས་ཆེ།