ཁ་བརྡ་དྲ་དེབ་འདི་སྤེལ་ནས་ད་བར་དུ་ རྩོམ་ཡིག་གྲངས་བསྡོམས་ ༡༥༢༤ དང་ མཆན་བུ་གྲངས་ ༢༠༥༠༩ བཅས་བྱུང་འདུག དེ་ནི་རྩོམ་དང་མཆན་ཀློག་མཁན་དང་འབྲི་མཁན་གཉིས་ཀའི་དཀའ་སྤྱད་ཀྱི་འབྲས་བུ་དེ་རེད། ད་དུང་མུ་མཐུད་ནས་འདི་ལྟར་ཡར་རྒྱས་སུ་འགྲོ་བའི་སྨོན་འདུན་ཡོད། དེའི་ཆེད་དུ་ཁ་བརྡ་དྲ་དེབ་ཀྱི་ངོས་ནས་མཆན་བུ་འདེབས་པ་དག་ལ་ཚད་ལས་བརྒལ་བའི་ཚིག་མཚོན་འདེབས་པ་དང་། སྒྲོ་འདོགས་དང་སྐུར་འདེབས་ཚད་མེད་བྱེད་པ་སོགས་ལ་སྟངས་འཛིན་ཡོང་རྒྱུར་དམིགས་ནས་ད་ནས་བཟུང་མཆན་བུ་དག་ལ་རྟོག་ཞིབ་སྔར་ལས་ཆེ་ཙམ་བྱེད་བཞིན་ཡོད། ང་ཚོ་ལ་སྨྲ་བརྗོད་རང་དབང་མཁོ་ལ། སྨྲ་བརྗོད་རང་དབང་སྤྱོད་ཤེས་པའང་མཁོ། རིམ་གྱིས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལེགས་པའི་ཕྱོགས་སུ་གོམ་པ་སྤོ་བར་འདོད། དེ་དོན་ཐུགས་འཇགས་ཡོང་བ་ཞུ།
ད་ནས་བཟུང་སྟེ། ཁ་བརྡ་ལ་རྩོམ་ཡིག་བསྐུར་སྐབས་ གཤམ་གྱི་གློག་འཕྲིན་ཁ་བྱང་ཐོག་གནང་བར་ཞུ། ཁ་བྱང་ནང་དུ་(at) ཞེས་བྲིས་པ་དེ་(@)ཞེས་བཅོས་ནས་བསྐུར་རོགས།
info(at)khabdha.org
ཐུགས་རྗེ་ཆེ།
དང་པོ་དེར་ཁ་བརྡ་དྲ་དེབ་ཀྱི་ལྡུམ་ར་བསྐྲུན་མཁན་རབ་གསལ་ལགས་དང་ཁོང་གི་ཕྱག་རོགས་རྣམས་ལ་བཀའ་དྲིན་ཆེ་ཞུས་འདོད་བྱུང་།
དེ་ནས་ལྡུམ་ར་འདིའི་ནང་མེ་ཏོག་འདེབས་མཁན་དང་རྩ་ལྗང་འཛུགས་མཁན། ལྡུམ་བུ་འདེབས་མཁན་ཡན་ཆད་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་འདོད་བྱུང་།
དེ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་འཕུར་ཡོང་མཁན་གྱི་བྱེ་མ་ལེབ། ནུར་ཡོང་མཁན་གྱི་འབུ། ཀོག་ཡོང་མཁན་གྱི་ཆ་ག་བ་སོགས་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཡོད།
མཚམས་མཚམས་ལ་ང་ཚོས་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི་གཏམ་རྒྱུད་བསྐྱངས། སྐབས་སྐབས་ལ་ང་ཚོས་བྱ་སྤྲེལ་གཏམ་རྒྱུད་ཀྱི་གཏམ་བརྗོད་འཁྲབ། ཡིན་ནང་མཐའ་མཇུག་དེར་ང་ཚོ་མཐུན་པ་སྤུན་བཞིའི་ངང་དུ་ཞི།
ད་ཁ་བརྡའི་འཁྲུངས་སྐར་སླེབས་འོང་གི་ཡོད་པས་དྲ་དཔོན་དང་དྲ་དམག་ཚོར་འཁྲུངས་སྐར་ཕེབས་བསུའི་གྲ་སྒྲིག་འདྲ་ཡོད་དམ།
ཡ་ཡ་ཁྱེད་དྲྭ་དཔོན་ལྷན་རྒྱུས་ཚོའི་ཁ་ལ་ལོས་ཉན་གོ
འོ་ད་རུང་ང་ལ་སྐད་ཆ་ཆུང་ཆུང་ཞིག་འདྲི་རྒྱུ་ཡོད་ཀི
དྲ་དེབ་དང་དྲ་རྒྱ་གཉིས་ལ་ཁྱད་པ་ཨེ་ཡོད་ལགས། ཡོད་ན་ཁ་བརྡའི་ས་མིག་འདི་ལ་འདི་གཉིས་ལས་གང་བྲིས་ན་ཡག་པོ་འདུག་གམ། དྲ་དེབ་དང་དྲ་རྒྱ་ཟེར་དུས་དྲ་ལ་བ་ཟུར་ཡོད་དམ་མེད་ལགས།
ཁ་བརྡའི་གསལ་བསྒྲགས་དང་རེ་འདུན་ཁག་ཡིད་ལ་བཅངས་ཡོད་ལ།
དྲ་གྲོགས་གཞན་ཚོས་ཀྱང་ཤེས་ཡོན་ཅན་ལ་ཚང་དགོས་པའི་བསམ་བློ་དང་ཀུན་སྤྱོད་གཉིས་ཀའི་ཚད་གཞི་འདི་ལག་པ་གཡས་གཡོན་གཉིས་ལྟ་བུར་ངོས་བཟུང་དགོས་པ་ཞིག་རེད་སྙམ།
གང་ཐུབ་ཀྱིས་རྩོམ་ཡིག་གི་ཞལ་འདེབས་དང་བསམ་ཚུལ་ཁག་རིམ་པར་ཞུས་ཆོག།
ཨོ། བཀྲ་ཤིས་བདེ་ལེགས། སྤྱི་ཚོགས་ལ་དཀྲོགས་རྐྱེན་དངོས་སུ་ཐེབས་པ་ཞིག་མིན་ན་གང་ཐུབ་ཐུབ་ཀྱིས་གུ་ཡངས་སྤྲད་ན་ཡག་པོ་འདུག མཚང་མིང་འབོད་པ་དང་འཇིགས་སྐུལ་བྱེད་མཁན་དེ་ཚོ་འགོག་དགོས་མིན་མི་ཤེས་ཀྱང་དེ་ཚོའི་སྐོར་སུ་ཞིག་ཡིན་མིན་ཤེས་དགོས་པ་གལ་ཆེ། དེ་ལ་ཐ་ཚིག་ཀྱང་རིམ་པར་སྤྲད་ནས་བྱེད་སྤྱོད་ལ་བསྒྱུར་བཅོས་གང་ཡང་མ་བཏང་ན་དེ་ནས་དོ་བདག་དང་སྐད་ཆ་བཤད་ནས་ཅི་བྱེད་བཟང་མིན་ལྟ་གལ།
ད་ཞུ་རྒྱུ་ཞིག་ལ་མི་ཞིག་གིས་མཆན་འདེབས་མཁན་གྱི་མིང་ལ། དཔེ་བཞག་ན་མཇེ་རྒོད་ལྟ་བུ་བྲིས་ན་མཇེ་དེ་བསུབ་དགོས་པའི་རྒྱུ་མཚན་ག་རེ་རེད། སྲོལ་རྒྱུན་རིག་གཞུང་ལ་མཚོན་ན་དེ་བཙོག་ཚིག་ཅིག་ཏུ་རྩི་ཡང་། བོད་ཀྱི་དེང་རབས་རིག་གཞུང་ནང་དེ་ནི་གྲོལ་ཚིག་ཅིག་རེད། ནུབ་ཕྱོགས་རིག་གཞུང་ནང་དེ་ནི་སྤྱིར་བཏང་གི་ཨམ་ཅོག་ཟེར་བ་ལྟ་བུ་ཞིག་དང་ཡང་ན་དེ་ལས་མཛེས་ཤིང་སྒྱུ་རྩལ་ཟེར་བའི་ཚིག་འདི་ཁྱེར་ནས་འགྲེལ་དུ་ཡོད་པའི་ཚིག་ཅིག་རེད། དེ་དང་དེ་འདྲ་བའི་ཚིག་ལ་བཙོག་པ་དང་བསམ་བློ་གུ་དོག་བཟུང་ན་ཁ་བརྡའི་རིན་ཐང་ཡང་ཆུང་དུ་འགྲོ་གི་ཡོད་པ་རེད་སྙམ། ག་ཚོད་གུ་ཡངས་པོ་གཏོང་ཐུབ་ན་ཡག་པོ་འདུག
ཡ་ཡ་ད་ཁ་ལ་ཉན་དགོས་ནི་རེད་མ་གཏོགས་རྗེས་མ་ཉི་མ་གཏོང་ས་རེག་ནི་མ་རེད།
ཁ་བརྡ་ནི་ཁེར་རྐྱང་ཞིག་གི་སྡོད་རོགས་འདྲ་བོ་རེད། ཉིན་རྟག་རྟག་པར་འདིའི་ནང་ལ་མགོ་འཁོར་བསྡད་ན་མཚམས་རེ་རྒན་མོ་དང་ཁ་འཁྲུག་རེ་ཤོར་ཀི་ཡ།
སྤྱིར་དྲ་རྒྱའི་ནང་དུ་མགོ་འཁོར་རྒྱུ་འདི་ལོབ་སོང་ན་དེ་ངོ་མ་བཅད་རྒྱུ་དཀའ་མོ་ཞིག་རེད་ཆང་འཐུང་གོམས་སུ་སོང་ནོ་ར་གཅིག་རེད། ཉིན་རེའི་བྱ་བ་ཆུང་ཚེག་རིགས་རྣམས་བསྒྲུབ་མི་ཐུབ་པར་ལྷག་འགྲོ་དུས་མང་གི་ཡ།
གང་ལྟར་ང་ཁ་བརྡ་དྲ་གནས་ལ་དགའ།
ད་དུ་བྱེད་ཁ་ལ་ཉན་རྒྱུ་ཡིན།
དྲ་དཔོན་དང་མགོན་ཕྱག་གཉིས་ཀ་བདེན། ད་དབུ་མའི་ལམ་དུ་བསྐྱོད་རོགས། ཡིན་ནའང་ནོར་འཁྲུལ་བྱེད་མཁན་སུ་ཡིན་ཤེས་དགོས་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
དྲ་དཔོན་དང་མགོན་ཕྱག་གཉིས་ཀ་བདེན། ད་དབུ་མའི་ལམ་དུ་བསྐྱོད་རོགས། ཡིན་ནའང་ནོར་འཁྲུལ་བྱེད་མཁན་སུ་ཡིན་ཤེས་དགོས་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
ཁྱེད་ཚང་གི་གསལ་བསྒྲགས་གཞིར་བཟུང་ལག་ལེན་ཐོག་ཡང་དངོས་ནས་ཕྱོགས་ལྷུང་མེད་པ་ཞིག་གནང་ཐུབ་པར་ཡིད་ཆེས་བྱེད་རྒྱུ་ཡིན།
info@khabdha.org
ཁ་བྱང་འདིའི་ཐོག་ལ་གུས་ཀྱིས་རེ་ཞུས་ཀྱི་ཡི་གེ་ཞིག་བཏང་ཡོད་པས། ཁྱེད་ཀྱིས་གང་མྱུར་འགོད་རོགས་ཞུ།
ཡིག་ནོར་ཡོད་ན་བཅོས་རོགས། ཐུགས་རྗེ་ཆེ།
ཡ རབ་གསལ་ཚང་གིས་བཀའ་དྲིན་ལ་བརྟེན་ནས་ཉི་མ་མང་པོ་དག་ལ་ངོ་མ་དུས་ཚོད་བེད་སྤྱོད་ཡག་པོ་འདྲ་བྱུང་སོང་སྙམ། བསམ་ཚུལ་ལོས་བཤད་ལ་ཁྱེད་ཚང་གི་བཀའ་ལ་ལོས་བརྩི། བདེ་མོ།
ཁ་བརྡས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །
ཁ་བརྡ་མེད་ན་དགའ་རོགས་མེད།།
ཁ་བརྡ་མེད་ན་སྡུག་རོགས་མེད།།
ཁ་བརྡ་མེད་ན་འདུག་རོགས་མེད།།
ཁ་བརྡའི་སྐུ་ཚེ་བརྟན་པར་ཤོག།
ཁ་བརྡ་སླེབས་ནས་རིང་ཙམ་ཕྱིན།།
ཁ་བརྡར་འགྲོགས་ནས་ཡུན་ཙམ་ཕྱིན།།
ང་ནི་ཁྱེད་ལ་རྩིས་འདང་ཆེ།།
ང་ནི་ཁྱེད་ལ་བཀུར་བསྟི་ཟབ།།
གཞན། འཐུས་སྒོ་ཚང་བའི་ཞིབ་འཇུག་བརྒྱུད་དེ་ཕྱི་བཞུགས་རྩོམ་པ་པོར་འོས་མི་ཚོར་སྒེར་གྱི་ཟིན་བྲིས་དྲ་རྒྱར་དགོད་འཇུག་ཐུབ་ན་ཅུང་ལེེགས་ཚོགས་ཆེ་ལ། དམིགས་གཟས་བོད་ཕྱི་ནང་གཉིས་ཀྱི་ཡུལ་དུས་གནས་བབ་ལ་གཞིགས་པའི་བབ་འཁྲིའི་ལས་དོན་བགྱི་ཕྱོགས་ནས་ཐག་གཅོད་བྱས་ཚེ། ད་ལྟའི་རྩ་དོན་ཆབ་སྲིད་ཀྱི་གནས་ཚུད་ཕུད་པས་གཞན་རིག་གནས་ཁྱབ་ཁོངས་ཀྱི་ལས་དོན་མང་པོར་གཞུང་ལ་འཕྱར་གྲུ་མཉམ་འདེགས་ཐུབ་རྒྱུ་དང་བོད་ཕྱི་ནང་གི་ཤེས་ཡོན་པའི་ནང་རྒྱུས་ལོན་པ་བརྒྱུད་དེ་བོད་སྤྱིའི་རིག་གནས་མདུན་ལམ་ལ་བསམ་གཞི་ཟབ་པོ་རྙེེད་པར་སེམས། དེ་དོན་བགྱི་རིམ་ལ་ཁ་བརྡ་རང་གི་དམིགས་ཡུལ་གཙོ་འདོན་གལ་ཆེར་མཐོང་ལ། གྲུབ་དོན་སྤྱི་ཚོགས་སུ་སིམས་འཛུལ་བྱས་འབྲས་ལ་མྱང་ཞིབ་བྱེད་གལ་དེ་བས་ཆེ་རུ་མཐོང་། མ་ཟད་ཡིག་ཚོགས་ཀྱི་གྲངས་ཀ་སྒུམ་གྱིན་བསྡད་པས་ཡིག་སྒམ་ལྟ་བུར་མཐོང་མི་སྲིད་པ་མེད་ན། ལར་ནས་དྲ་བདག་ཚོས་རྩོམ་རིག་རིགས་དགར་བྱས་ཏེ་ཆེད་ལས་རྩོམ་པ་པོ་སྐྱེད་སྲིང་བྱེད་རྒྱུ་དང་། འབྲི་བ་པོས་དངོས་མིང་འདོན་ཐུབ་པ། ཁ་བརྡའི་པང་དུ་རྩོམ་རིག་གི་སྟེགས་བུ་བཞེངས་བསྐྲུན་གནང་ཏེ་དོན་དམ་གྱི་བསྟོད་འོས་ལ་མཚན་གནས་མི་ཚེར་ཉར་འོས་རིགས་ཕུལ་ཐུབ་ན་ཏན་ཏན་བོད་ཀྱི་རྩ་དོན་ལ་ཕན་དུ་རེ་བར་བསམ།
མདོ་དོན་གཞི་རིམ་བོད་མི་ཚོར་ནུས་ཚོད་ལག་ལེན་བསྟར་རྒྱུའི་རིག་པ་ཁེབས་སུ་ཆགས་རྒྱུར་རམ་འདེགས་དང་། བོད་རིགས་ཡིག་འབྲི་བ་ཚོའི་ཚོར་ཤུགས་ཀྱི་ལྒང་བུ་ཚོམས་བུར་བཀོད་པའི་འགྲོ་ལུགས་རྣམས་དོན་ལ་མཁས་པ། དཔྱད་པས་ཕུགས་བརྟོལ་བ། དྲིས་བས་ཁུངས་འཁྱོལ་བ། གང་རྩོམ་པར་བྱེད་པའི་གཞི་དེས་ལུས་ཀྱང་དུད་པ། སེམས་ཀྱང་འགུག་པ་ཞིག་ཡོང་རྒྱུའི་རྣམ་པ་ཅན་ཏུ་བསྒྱུར་ན་ཁ་བརྡ་ཚང་གི་ཟས་རིན་འཕྲོད་ཀྱི་རེད་ལ། ལོ་རྒྱུས་འབྲི་རྒྱུ་རེད། མིས་གླེང་གི་རེད་ལ། དམ་པས་དབུ་བཀུག་བཀུག་གནང་རྒྱུ་རེད།
good luck, long life Khabda web.
ཁ་བརྡ་ལོས་དགའ། བོད་སྐད་བཤད་སའི་ཁ་བརྡ་ལོས་དགའ། ཁ་བརྡ་བྱས་ན་ཁ་ལ་ལོས་ཉན། བོད་སྐད་བཤད་ན་བོད་པས་ལོས་གོ སེམས་ལ་བཟུང་ཡོད་ལགས།
རྣམ་འགྱུར་གསལ་བཟུང་ཐོག་སླར་ཡང་ཚིག་འགའ་སྨྲ་རྒྱུར། ཧི་ཟིན་དུས་ཆོས་སུ་གྱུར་གཤིས་བཙན་བྱོལ་བོད་མིའི་ཡིག་འབྲི་བ་རེ་ཤོས་ཀྱི་ལུས་སེམས་མེ་ལོང་དུ་གསལ་བོར་བཏབས། ཚོར་བ་བརྡར་བའི་འཆོང་བསྐྱོད་ལ་ལྷག་བསམ་དབེན་པ་མིན་འབྲས་ག་ལེར་ག་ལེར་ཞེས་པའི་༸གོང་ས་མཆོག་གི་ཚིག་དེ་གོ་དོན་གཏིང་ཟབ་རྙེད་ཀྱང་། འབྲས་ལྡན་སྙེ་མ་དུད་པའི་མཁས་མ་གོང་མ་དག་གི་ལོ་རྒྱུས་ལ་ཅི་མི་སྙམ་པར། བསམ་ཤེས་རེ་འགས་འབྲི་ྐློག་འཁྱོལ་མིན་འགའ་དྲ་ངོས་དང་བརྒྱུད་ལམ་སོགས་སུ་བོས་པའི་གཡམ་རྒྱུགས་རང་བཞིན་གྱི་བྱས་ཉེས་བརྟོལ་སོང་། འདི་བསླབ་བྱར་བཟུང་ནས་ཁ་བརྡའི་རྩ་དོན་གསལ་རུ་བཏང་སྟེ་ཁ་བརྡའི་རྣམ་ཤེས་བཙན་བྱོལ་བོད་མིའི་སྐད་ཡིག་གི་རྟེན་དུ་འཕེན་པ་གཏོང་དགོས་ཤིང་། ༸གང་གི་ཡིད་ལ་རིང་དུ་བརྣག་པའི་རིག་གཅིག་རྐང་འཛིན་རྩོམ་པ་པོ་སྐྱེད་སྲིང་བྱེད་རྒྱུར་བབ་བསྟུན་བགྱི་བ་རིམ་པར་བསྟར་རྒྱུར་རྣལ་མའི་ཐུགས་རེ་གནང་བཞིན་པ་བཅས་བབ་དོན་ལྟར་བྲིས།
དྲ་བའི་དོ་དམ་པ་ལགས། ཁ་བརྡ་དྲ་བ་འདི་ལ་སྐྱོན་ཞིག་ཡོད་པ་ནི་རྩིས་འཕྲུལ་གཅིག་གི་སྟེང་ནས་སྔོན་དུ་ཞུགས་པ་དེའི་མིང་དང་གློག་འཕྲིན་ཁ་བྱང་ཚང་མ་རྗེས་སུ་ཞུགས་པ་དེས་ཤེས་ཐུབ་པ་དེ་རེད། དེ་ལྟར་ཡིན་དུས་དྲ་ཁང་སོགས་ནས་ཞུགས་ཏེ་མཆན་བཏབ་ན་ཉེན་ཁ་འདུག་ཅིང་རྗེས་མར་ཞུགས་པ་དེས་སྔ་མའི་མིང་ཐོག་ནས་ཞུགས་ཏེ་མཆན་འདེབས་པ་སོགས་སྲིད་པ་དང་བཙལ་སླ་བ་དེ་རེད། དེས་ན་འདི་ལ་བཅོས་རྒྱུ་ཡོད་དམ།