ཨེ་མ་ཧོ།
ན་མོ་གུ་རུ་པདྨ་བྷ་དྲ་ཡེ།
རྒྱལ་རིགས་སྤྲུལ་སྐུ་ཉིད་ཤཱཀྱ་ཐུབ་པ།།
མཚོ་སྐྱེས་རྡོ་རྗེ་ཞེས་སྤྲུལ་སྐུ་པད་འབྱུང་།།
ལོ་པན་མཁས་གྲུབ་ཀྱི་གསར་རྙིང་སྤྲུལ་སྐུར།།
མི་ཕྱེད་དད་བརྒྱ་ཡིས་ཕྱག་འཚལ་སྐྱབས་མཆི།།
ཁྱིམ་གསོས་ནང་ཕྲུག་གི་སྲོལ་ངན་རྒྱུད་འབྱམས།།
རྒྱ་བལ་ཕྱི་གླིང་དུ་ས་རྡོ་ཁྱབ་བཞིན།།
ཐོ་ཅོའི་སྤྲུལ་རྫུན་འདི་ཉི་རྡུལ་ཚུབ་ཚུབས།།
འཇིག་རྟེན་མུན་ནག་འདི་ཇེ་སྡུག་སོང་ཡང་།།
སྤོབས་པ་མཐའ་ཡས་སོགས་དེང་རབས་གསར་སྐྱེས།།
རྣམ་དཔྱོད་རྒོད་པ་འདི་ཚོད་གཅིག་མེད་ཀྱང་།།
ཀུན་མཁྱེན་བླ་མ་དང་པན་ཆེན་བླ་མའི།།
ཡང་སྲིད་ཉི་གཞོན་ཉིད་བདུད་དུ་མ་འཁྲུལད།།
སྤྲུལ་སྐུ་ཡིན་ཚུལ་གྱི་རང་རིག་མེ་ལོང་།།
འཇམ་དཔལ་བཤེས་གཉེན་དང་སངས་རྒྱས་ཡེ་ཤེས།།
ལྷ་སྲས་རྒྱལ་བ་དང་པདྨ་དྲག་གླིང་།།
ཤྲཱི༔ཧཱུཾ་ཀ་ར་ངས་གསལ་ཐག་ཆོད་ཐལ།།
མཁན་ཆེན་མཁན་ཆུང་གི་མིང་བྱང་མེད་དུས།།
སྐྱེ་སྲིད་ཡང་སྲིད་ཀྱིས་ལབ་གླེང་མེད་དུས།།
མི་ཆེན་བླ་དྲགས་ཀྱིས་བརྟག་དཔྱད་མེད་དུས།།
རང་རིག་དྲན་རྒྱུན་འདིས་སྔ་ཕྱི་ཤེས་སོང་།།
ཆུང་ངུར་བྱིས་པ་ཡི་བསམ་ངོགས་ཟིན་དུས།།
གཏེར་ཆེན་པད་གླིང་གི་བར་ཆད་ལམ་སེལ།།
མ་ཎིའི་ཁ་འདོན་བཞིན་རང་བྱང་ཆུབ་ཅིང་།།
ལྷ་སྲས་དགྲ་ལྷ་ཡི་སྐྱེ་རྒྱུད་དྲན་བྱུང་།།
བར་དོའི་འཁྲུལ་སྣང་དག་རྨི་ལམ་རྨིས་ནས།།
འཇིགས་སྐྲག་སྡུག་བསྔལ་གྱིས་ཚོར་བས་གཟིར་དུས།།
ཨོ་རྒྱན་རིན་པོ་ཆེར་གསོལ་འདེབས་བྱས་པས།།
འཁྲུལ་རྟོག་རང་གྲོལ་ཉིད་མངོན་སུམ་ཚད་མ།།
གཤིན་པོའི་རྣམ་ཤེས་དག་གར་སོང་ཤེས་ཤིང་།།
གསོན་པོའི་ཁྱིམ་ཚང་གི་བདེ་སྡུག་རིག་པས།།
མ་ནོར་མ་འཁྲུལ་པའི་སྤྲུལ་སྐུ་དོན་ཁོའི།།
ཡང་སྲིད་ངོས་ཟིན་པས་བདེན་ཚིག་བསྒྲགས་སོ།།
རྨི་ལམ་བཟང་ངན་གྱིས་ལུང་བསྟན་བཤད་ཀྱང་།།
སྐལ་མེད་འགྲོ་ཁམས་དེ་བཅོས་ཐབས་དཀའ་བས།།༿
ལོ་ཆུང་བྱིས་པ་ལ་སུ་ཞིག་ཡིད་ཆེས།།
མི་ཆོས་བླ་མ་འདི་བཤད་མཚམས་བཞགས་སོ།།
བྱམས་བརྩེ་སྙིང་རྗེ་འདི་ལྷན་སྐྱེས་འཁྲུངས་ཤིང་།།
འདོད་ཆུང་ཆོག་ཤེས་ཀྱང་བཅོས་མིན་མངའ་ཞིང་།།
དད་གུས་དག་སྣང་གི་འོད་གསལ་སྙིང་པོ།།
མ་སྒོམ་ཡོངས་གྲུབ་ཀྱི་དཔལ་དགྱེས་རྡོ་རྗེ།།
ཁྲོམ་དགེ་ཨ་རིག་དང་གསང་སྔགས་གླིང་པས།།
སྒྲིབ་མེད་ཡེ་ཤེས་ཀྱིས་གཟིགས་པ་ཇི་བཞིན།།
ཡར་ཞུས་མི་དགོས་པར་ཚུལ་བཞིན་མཁྱེན་པས།།
ལུང་བསྟན་འཁྲུལ་མེད་འདི་ཨེ་མ་ངོ་མཚར།།
ཨ་མ་དྲིན་ཆེན་འདི་མཛངས་བརྩེ་ལྡན་པས།།
དཀོར་རྫས་ལན་ཆགས་ལ་ཐོབ་རྩོད་མ་བྱས།།
རྒྱུ་ནོར་ལོངས་སྤྱོད་ལ་སྙིང་པོར་མ་འཛིན།།
བཤད་སྒྲུབ་ཕྲིན་ལས་ལ་ཕ་ནོར་གདམས་སོང་།།
མདོ་སྔགས་རབ་འབྱམས་ལ་ཐོས་བསམ་སྒོམ་ནས།།
གཞུང་ལུགས་རིག་པ་ལ་དད་བརྩོན་ཆེན་པོས།།
མི་ཚེའི་སྙིང་པོ་ལ་དོན་སྙིང་ཐོབ་ཅིང་།།
མཁན་སྤྲུལ་མིང་བྱང་དེ་ལྷུན་གྱིས་གྲུབ་འདུག།
བླ་ཆེན་དཔོན་ཆེན་ཚོར་དགའ་འདོགས་མ་བྱས།།
ཉམ་ཆུང་བོད་འབངས་ལ་མགོ་སྐོར་མ་བཏང་།།
རང་ཚུགས་དྲང་བདེན་གྱིས་ལམ་ཀར་ཕྱིན་ནས།།
ཀུན་བཟང་ཆོས་གླིང་འདི་རྟེན་འབྲེལ་རང་གྲུབ།།
གནས་ལུགས་བདེན་རྫུན་ལ་ཁྱད་པར་ཤེས་དགོས།།
མདོ་སྔགས་ཐེག་པ་ཡི་ས་མཚམས་མཁྱེན་དགོས།།
དགྲ་གྲོགས་ཕྱི་ནང་ལ་ཁྱད་པར་ཡོད་དགོས།།
དགོས་པ་རྣམ་གསུམ་དེ་ཐུགས་ལ་ཞོག་ཅིག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ནག་ཟླའི་མར་ཚེས་བཅོ་ལྔ་ཉི་འཛིན་སྐབས་སུ་དྲ་གྲོགས་སྙིང་ཉེ་བ་སྤོབས་པ་མཐའ་ཡས་སོགས་ལ་ཤྲཱི་ཨ་ནནྟ་བཛྲས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གང་ཤར་དག་བྲིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཤྲཱི་ཨ་ནནྟ་བཛྲས།
ཨེ་མ་ཧོ།
ཨ་ཕྱི་ཆོས་སྒྲོན།
དཔལ་དགྱེས་རྡོ་རྗེ།
མཁན་ཆེན་བླ་མ་རི་པོ་ཆེ་སོགས་མི་ཅིག་མིང་གྱི་རྣམས་གྲངས་ཡིན་པ་མཁྱེན་ན། མཁས་པ་ཁོང་གི་ལྟ་བ་དང་བརྩམ་ཆོས་ལ་འདེག་འཇོག་བྱེད་ཐུབ།
ཨ་རོ་སྤྱང་ཤོག་གམ་འབྲི་གུང་མཁན་ཆེན་ཉི་མ་རྒྱལ་མཚན། དེ་ཁྱོད་རང་གིས་དེ་ལྟར་བཤད་དགོས་དོན་གང་ཡིན་ནམ། སྤྱང་ཤོག་དང་འབྲི་གུང་མཁན་ཆེན་ཉི་མ་རྒྱལ་མཚན་དང་ཨ་ཕྱི་ཆོས་སྒྲོན་དང་ཏི་སི་དང་ཟེར་བ་སོགས་གཅིག་པ་རེད། དེ་འདྲས་མི་གཞན་ལ་ཉེས་འཛུགས་དགོས་དོན་གང་ཡིན་ནམ།།
པདྨ་ལགས་ངས་མི་གཞན་ལ་ཉེས་འཛུགས་དགོས་དོན་གང་ཡིན་མེད་ལ་དེ་བས་ཚོད་དཔག་དང་མ་ཤེས་ཤེས་འདོག་དེ་བས་ཀྱང་བྱས་མེད། དཔལ་དགྱེས་དང་ང་གཉིས་ཕ་ཡུལ་གཅིག་པ་ཡིན་ལ་། གོང་གི་མཚན་རྣམས་བེད་སྤྱོད་གནང་གི་ཡོད་པ་ངས་གསལ་པོར་ཤེས་ཀྱི་ཡོད། ཁྱེད་ཀྱི་གསུང་འདི་ལ་ཁུངས་མེད་པ་རྒྱུན་དུ་ཁ་བརྡ་ལ་ཕེབས་མཁན་ཞིག་ཡིན་ན་གསལ་པོ་མཁྱེན་གྱི་རེད།
ཧ ཧ མཁན་པོ་ཉི་མས་ཉེས་འཛུགས་དགོས་དོན་མེད་ན་ཨ་ཕྱི་འདྲེ་མོའི་གདོང་འབག་གྱོན་པ་བསལ་ན་ཡག་ས་རེད། ཚོད་དཔག་དང་མ་ཤེས་ཤེས་འདོགས་མིན་ན་མཁས་དབང་ཁྱེད་ཚོས་ཕ་ཡུལ་གཅིག་པ་ཡིན་ཟེར་ན་རང་རྒྱུས་ཁྱི་རྒྱུ་གཡོས་པར་ཁ་བརྡས་མཆན་ཞབས་པ་ཤེས་གདའ་ཤེས། འབྲི་གུང་ཆེ་ཆུང་རྙོག་གླེང་ཚང་མར་གསལ་གསལ་ཐང་ཐངས་ཆགས་ཚར་སོང་། ཡིད་མ་ཤེས་ན་དེར་ལྟོས་་་ http://www.khabdha.org/?p=22257 ངས་བཤད་འདོད་པ་དེ་ཁྱེད་འབྲི་གུང་ཚང་གི་ནང་འཁོན་ནང་འཁྲུག་བལྟས་ངན་དེས་ཁ་བརྡ་རིག་པའི་སྐྱེད་ཚལ་རྫེད་ཀི་མ་འདུག་ལོ། ཁྱད་པར་ཁྱོད་ལྟ་བུ་ཚོས་ཁུངས་མེད་ཀྱི་དཀྲོག་གཏམ་སྤེལ་ན་ཤིན་ཏུ་ཐ་ཆད་པའི་ལས་ཀ་རེད།
ཧ་ཧ་ཁྱེད་རང་རིག་འཚོ་མ་ཟིན་འདྲ། ང་མཁན་པོ་རེན་ཟེར་མཁན་ཁྱེད་རང་ཐོག་མ་ཡིན། ང་འབྲི་ཁུང་རེད་ཟེར་མཁན་ཐོག་མ་ཡིན། དཔལ་དགྱེས་ཀྱི་མིང་གཞན་དེ་པདྨ་རེད་འདུག་ད་གསལ་པོ་ཆགས་བྱུང། རྗེས་ནས་མཇལ་ཡོང།
ཧ ཧ ཡང་སྤྱང་ཤོག་གམ་ཨ་ཕྱི་ཆོས་སྒྲོན་ནམ་ཉི་མས་ནང་ལོག་ཕྱི་ལ་སྟོན་སོང་ང་། ཁྱེད་ཚོ་ལ་བདེན་པ་བཤད་ས་མེད་པར་སྔོན་ནས་ཤེས་ཡོད། གང་ཟག་ལ་རྟོན་ཆོས་ལ་རྟོན་ཞེས་པ་ཐུགས་ལ་ཟུངས། ཁྱོད་ལྟ་བུ་ལ་སླར་ཡང་ཐུག་འདོད་ཅི་ཡང་མེད་དེ། ཇི་སྐད་དུ་་་དཔལ་སྤྲུལ་རིན་པོ་ཆེས། ང་རྒྱལ་ཅན་ལ་མགུ་དུས་མེད། ། ཕྲག་དོག་ཅན་ལ་དགའ་དུས་མེད། །འདོད་ཆགས་ཅན་ལ་ཆོག་དུས་མེད། །ཞེ་སྡང་ཅན་ལ་མཐུན་དུས་མེད། ། སེར་སྣ་ཅན་ལ་ཡོད་དུས་མེད། །གཏི་མུག་ཅན་ལ་འགྲུབ་དུས་མེད། །འཁྲུལ་བའི་སེམས་ལ་བདེ་དུས་མེད། །
བདེ་མོ་གྱིས
སྟོན་པ་ཐུགས་རྗེ་ཅན་ཞིང་འདིར་ཕེབས་འདུག །
བསྟན་པ་དམ་ཆོས་ཀྱི་བདེན་དཔང་བཞག་འདུག །
ཡང་སྲིད་ཁྲི་འདོན་གྱི་ལོ་རྒྱུས་མི་འདུག །
དཔལ་དགྱེས་རྡོ་རྗེ་ལ་རྒྱུས་ཡོད་ལོས་ཡིན།།
ན་ལན་དྲ་དང་ནི་བི་ཀྲམ་ཤི་ལ། །
ཐེག་ཆེན་བསྟན་པ་ཡི་འཛིན་སྐྱོང་མཛད་འདུག །
སྐྱེ་སྲིད་མངའ་གསོལ་གྱི་སྲོལ་རྒྱུན་མེད་པ།།
དཔལ་དགྱེས་རྡོ་རྗེ་ལ་ཆ་ཡོད་ལོས་ཡིན།།
གངས་ཅན་བོད་ཡུལ་དུ་བསྟན་པ་སྤེལ་དུས།།
སད་མི་མི་བདུན་ལ་རེ་བ་བཅོལ་འདུག །
སྤྲུལ་སྐུ་ངོས་འཛིན་གྱི་མཛད་སྒོ་མི་འདུག །
དཔལ་དགྱེས་རྡོ་རྗེ་ལ་གསལ་ཆ་ལོས་ཡོད།།
ཡང་སྲིད་ངོས་འཛིན་ཟེར་བ་དེས་ཁུངས་འཁྱོལ་གི་ཡོད་ན། སྟོན་པ་ཐུགས་རྗེ་ཅན་གྱིས་འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞི་ངོ་ཨེ་འཕྲོད་མི་འཕྲོད་ཀྱི་དཀའ་ལས་རྒྱག་དགོས་དོན་མི་འདུག ཡང་སྲིད་ཁ་ཤས་ཤིག་ངོས་བཟུང་བཞག་ན་འགྲིགས་ས་རེད། སློབ་དཔོན་པདྨ་སམ་བྷ་ཝ་དང་མཁན་པོ་བྱང་ཆུབ་སེམས་དཔའ་བོད་ལ་བསྟན་པ་ཚུགས་མི་ཚུགས་ཀྱི་དཀའ་ལས་རྒྱག་འདུག་དུས་སད་མི་མི་བདུན་ལ་ཉམ་སད་བྱེད་དགོས་དོན་མི་འདུག སྤྲུལ་སྐུ་ཁ་ཤས་ཤིག་ཐུགས་ཐག་བཅད་བཞག་ན་ཆོག་ས་རེད།
ཨ་ཕྱི་ཆོས་སྒྲོན་དང་འབྲི་གུང་མཁན་པོ་ཉི་མ་གཉིས་མི་གཅིག་རེད། ད་ཡང་སྤྱང་ཤོག་གི་མིང་བེད་སྤྱོད་གཏོང་གི་ཡོད་ས་རེད། ཡག་པོ་འདུག འབྲི་གུང་ཚང་ལ་མི་ཉུང་ནི་རེད། ཁ་ཤས་ཤིག་ཡོད་པ་ནང་འཆམས་ནི་མ་རེད། དེར་བརྟེན་ད་ཐབས་ཤེས་གཅིག་ཡོད་པ་དེ་མཁན་པོ་ཉི་མ་རང་གིས་དབུ་ཁྲིད་ནས་དྲ་ཐོག་ནས་མི་མང་པོ་ཞིག་གི་མིང་བཟོ་རྒྱུ་ད་རེད། ལྷག་བསམ་དེ་ལྟར་ཡོད་པ་ལ་དགའ་ནི་ཡིན།
ཧ་ཧ་ངོ་ཚ་མེད་པའི་དཀོར་ཁུག་དྲེད་པོ་འདི་ཚོའི་ངོ་གདོང་ལྕག་ལས་གྲུབ་པ་ཞིན་མིན་ན་གང་ཡིན། རྐུ་མ་གནོང་ཆེན་དེ་འཁྲོ་ཞེས་པ་བཞིན་བདེན་དོན་གྱིས་རྫུན་རྐུབ་རྡོལ་ཡོང་དུ་ཁྱི་སྨྱོན་བཞིན་ག་ས་གང་ལ་སོ་རྒྱག་གི་འདུག།
ཨ་རོག་པདྨ་ལགས་ཡང་གཅིག་བཤད་ན།
ཤྲཱི་ཨ་ནནྟ་བཛྲས་མིང་ཐོག་ནས་སྔགས་རྒན་ངན་སྔགས་ཅན་ཡིན་འདོག་གི་གཞན་ལ་རལ་པ་དང་ལྷན་དུ་ང་རྒྱལ་ངོམ་པ།
ཨེ་མ་ཧོ་མིང་ཐོག་ནས་རྩོམ་པ་མཁས་ཅན་ཡིན་འདོག་གི་གཞན་རྩོམ་རྐུ་བཤུས་བྱེད་པའི་རྐུ་མ་ཆེ་མོ།
ཨ་ཕྱི་ཆོས་སྒྲོན་མིངཐོག་ནས་རྨོངས་དད་རིང་ལུགས་པ་ཡིན་འདོག་གི་ནང་ཆོོས་ལ་དབྱེན་དཀྲུག་གི་ཕྲག་དོག་ཆུ་ལྟར་ཁོལ་བ།
དཔལ་དགྱེས་རྡོ་རྗེ་མིང་ཐོག་ནས་སྤྲུལ་སྐུ་ཡིན་འདོག་གི་ཕྱི་རྒྱལ་དུ་མི་ཆོས་བླ་མའི་རྫུན་རྒན་ཆེན་པོ།
མཁན་ཆེན་མིང་ཐོག་ནས་མཁན་ཆེན་བླ་མ་རིན་པོ་ཆེ་ཡིན་འདོག་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་འདྲེན་སེམས་ཀྱི་གཏི་མུག་མུན་ལྟར་ཐེབ་པ།
པདྨ་མིང་ཐོག་ནས་དྲ་མཆན་དཀྱུས་མ་ཡིན་འདོག་གི་གཞན་རྩོམ་ལ་ཞེ་སྡང་མེ་ལྟར་འབར་བ་།
མདོར་ན་གོང་གི་དཔལ་སྤྲུལ་གསུང་དེ་ཁྱེད་རང་གི་ཅོང་ནད་ཐོག་ལ་བབས་འདུག་པ་ཤེས་ན་ཡག་པོ་རེད།
ལགས་སོ་འབྲི་གུང་མཁན་ཆེན་ཉི་མ་རྒྱལ་མཚན་ལེགས་སོ་ཁྱེད་དཔལ་དགྱེས་དང་ཕ་ཡུལ་གཅིག་པའི་མི་ལ་དེ་རིགས་ཤོད་དང་ཁྱེད་ནང་ཆེན་པའི་ཕ་བླ་ངོམས་ནི་རེད་ཀོ། སྤྱང་ཤོག་ID ལ་བརྣན་ན་ནང་ཆེན་མགར་རིན་པོ་ཆེ་ཟེར་བའི་དགེ་སློང་རང་གི་པུ་གུ་བསད་མཁན་དེ་འཆར་ཡོང་གི་ལོ། དེ་མཉམ་དུ་ཡོད་པའི་ཉི་མ་ལགས། ངས་དང་པོ་ནས་ཁྱོས་ཕ་ཡུལ་གཅིག་པ་དང་དབང་ལུང་མན་ངག་ཞུ་སའི་བླ་མ་ལ་དེ་འདྲ་བཤད་ས་རེད་བསམ་སོང་། སྔོན་མ་འབྲུག་ཚེ་རིང་ལ་ཕྱི་རྒྱལ་ལ་མགྲོན་ཤོག་མ་བསྐུར་བའི་ཞེ་འཁོན་གྱིས་ག་རེ་དྲ་ཐོག་ནས་བཤད་སོང་། ཧཧཧ ཁྱོད་ཚོ་ངོ་མ་ཚ་ན་ང་ལ་གང་ཡང་མི་སྐྱོན་ལོ། ད་དུང་མུ་འཐུད་དུ་ཤོད་དང་་་་ངོ་མ་ཁྱོད་ཕ་ཡུལ་གཅིག་པས་དཔལ་དགྱེས་ཁོ་སྤྲུལ་སྐུ་ཡིན་ནམ། ཕག་གྲུ་དང་འབྲི་གུང་མཁན་ཆེན་ཟེར་བ་ཡང་འབྲི་གུང་སྐྱག་མགོན་གྱིས་བཟོས་པ་མིན་ནམ། མཁན་ཆེན་བླ་མའི་ངོ་དེབ་ལས་ཁོ་ལ་ཡིག་ཐམ་བཅས་ཡོད་རབས་བཅད་འདུག་ག།
བཀུར་འོས་པའི་སྤོབས་པ་མཐའ་ཡས་ལེགས་སོ། མཁན་ཆེན་བླ་མ་ལགས་ནི་དྲ་མཆན་ལ་ཡོང་གི་མ་རེད། ངས་ལན་ཡག་པོ་ཞིགཞུ་མི་ཤེས་ཀྱང་། མདོར་ན་སྟོན་པ་སངས་རྒྱས་ཞལ་བཞུགས་དུས་དྲུག་སྡེ་ཡང་སྟོན་པས་སྤྲུལ་བ་ཡིན་པར་གསུང་ཡོད་པར་སྣང་ངོ་། གུ་རུ་པདྨ་འབྱུང་གནས་ཀྱིས་ཀ་ཅོག་བེེ་རོ་ཡང་སྲིད་ངོས་འཛིན་གནང་མི་འདུག་གམ། གངས་ལྗོངས་འཇམ་དབྱངས་རྣམ་གསུམ་དང་སྤྱན་རིས་གཟིགས་ཀྱི་སྤྲུལ་སྐུ་ཚང་མ་རྫུན་ཅི་ཨེ་ཡིན་ནམ། ད་དུང་མང་ས་རེད། ད་ཞུ་ཤེས་མ་སོང་། དགོངས་དག
པད་མ་དང་དགྱེ་རྡོར་མི་གཅིག་གོ།
གཞན་པ་དེ་ཚོ་ནི་མི་ཤེས། ཨ་ཕྱི་ཆོས་སྒྲོན་ནི་དཔལ་དགྱེས་མ་རེད། ཨ་ཕྱི་ཆོས་སྒྲོན་དང་འབྲི་གུང་མཁན་པོ་ཉི་མ་གཉིས་ནི་མི་གཅིག་རེད། བལྟས་ཡོང་ན་སྤྱང་ཤོག་ཀྱང་མཁན་པོ་ཉི་མ་མཆོག་ཡིན་པ་འདྲ། མཁན་པོ་ལགས། བཀའ་བཀྱོན་མེད་པ་ཞུ།
དེང་སང་རང་གིས་རང་ལ་སྤྲུལ་སྐུ་དང་མཁན་ཆེན། སློབ་དཔོན་དང་བླ་མ་སོགས་ཀྱིས་མིང་རེ་སྤྱོད་ནས་འཇིག་རྟེན་འདིར་མི་ཆོས་བླ་མའི་རྫུན་གྱིས་འཁོར་ལོ་སྐོར་ནས་ཚེ་འདིའི་བྱ་དངོས་ལ་འབོད་བཞིན་པ་འདི་ཚོས་བློ་གསལ་གཞོན་སྐྱེ་རྣམ་པའི་ཆོས་སེམས་ནས་བློ་ཁ་ལོག་རྒྱུར་མཐུན་རྐྱེན་ཨ་ན་མ་ན་འགྱུར་བཞིན་ཡོད།
་་་་་་ མདོར་ན་སྟོན་པ་སངས་རྒྱས་ཞལ་བཞུགས་དུས་དྲུག་སྡེ་ཡང་སྟོན་པས་སྤྲུལ་བ་ཡིན་པར་གསུང་ཡོད་པར་སྣང་ངོ་། ་་་་་་་་་
ངས་བལྟས་ན་བློ་གསལ་གཞོན་སྐྱེ་རྣམ་པའི་བློ་ཁ་ལོག་རྒྱུར་གྱི་མཐུན་རྐྱེན་སྐྲུན་མཁན་གཙོ་བོ་དེ་རོང་བཙན་ལགས་ཁྱེད་ལྟ་བུ་བློ་གཟུ་བོར་མི་གནས་པ། བདེན་པར་མི་སྨྲ་བ། མིག་ཤེས་ནག་པོ་ཞིག་གྱོན་གྱོན་ལ་ཡོད་པའི་མི་བུ་འབུ་ཡི་མདུན་ལམ་དང་། འབུ་ཡི་མི་ཚེ། འབུ་ཡི་དམིགས་ཡུལ་ཞིག་མ་གཏོགས་མེད་མཁན་ཚོ་རེད་དྲན། དཔེར་ན་གོང་དུ་མི་ཞིག་གིས་མཁན་ཆེན་བླ་མ་ཟེར་བ་དེ་ལ་མཁན་ཆེན་གྱིས་མིང་ཕུལ་མཁན་ཕག་གྲུ་ཚང་གི་ཆེ་དགུ་གཉན་དགུ་རེད་ཅེས་བཤད་འདུག་ག དེས་ན་རང་གིས་རང་ལ་ཟེར་བ་འདི་དེང་སང་གི་མི་སྐོར་ལོག་སྐོར་ཞིག་གིས་བཤད་སྟངས་རེད། མ་མཐའ་ཡང་ཕག་གྲུ་ཚང་གི་ཆེ་དགུ་རྣམས་ལ་ཁ་པར་བཏང་ནས་གཅིག་དྲིས། དེ་ནས་ཁོང་ཚོས་མཁན་ཆེན་གྱི་མིང་ཕུལ་མྱོང་མེད་ལབ་ན་གཟོད་རང་གིས་རང་ལ་ཞེས་པའི་སྐད་ཆ་བཤད་ན་ཡག་གི་རེད། དེ་མིན་དཔེར་ན་མི་ཞིག་གིས་ཁྱོད་ངོ་མི་ཤེས་བཞིན་དུ་ཁྱོད་ལ་ཨ་མ་ལ་གཡབ་མཁན་ཁྱོད་ཚོ་ཞེས་ཟེར་ན་ཁྱོད་ཀྱིས་ཁས་ལེན་རྒྱུ་ཡིན་ནམ། ཧ་ཧ་ཧ་ཧ་ཧ།
པར་འདི། ངོ་དེབ་ནང་ཡང་ཡང་མཐོང་བའི་པར་ཅིག་རེད། ཁོང་མཁན་པོ་རེད་པེ། ཡིན་ན་དགོན་པ་གངགི ཁོང་སྤྲུལ་སྐུ་རེད་པེ། ཡིན་ན། སྐུ་གོང་མ་སུ་རེད་དང་། ཚེ་འདིར་སུས་ངོས་འཛིན་གནང་པ་རེད། ཁོང་དགེ་སློང་རེད་པེ། ཡིན་ན། སྡོམ་པ་སུ་ལ། ཞུས་སམ། ཁོང་དགེ་བསྙེན་ནི། ཡིན་བཟོ་མིན་འདུག རབ་འབྱུང་ནི། ཡིན་པར་ཐག་ཆོད། དེ་དག་ཐམས་ཅད་གང་ཡང་མིན་ན། ངས་ནི། ཁོང་མ་ནིང་རེད། ཅེས་ལབ་སྙིང་འདོད་བྱུང་། ཨ་ཁ། ཁ་སྡིག་བསགས་སོང་། ཨ་ཁ་ཁ།
བདེན་སྨྲ་ནི་བདེན་པར་སྨྲ་མཁན་དངོས་རེད། མི་ངོ་མི་ཤེས་ཀྱང་སྤོབས་པ་མཐའ་ཡས་འདི་རྣམས་དྲ་གྲོགས་རྙིང་པ་ཞིག་ཡིན། བདེན་གཏམ་དང་བདེན་པའི་དཔུང་གྲོགས་གནང་བར་གཟུར་གནས་ཀྱིས་ཕྱག་ལས་ཡང་དག་པ་ཞིག་ཏུའོ།།
བདེན་སྨྲ་ལགས། མཁན་ཆེན་གྱིས་མིང་ཕུལ་མཁན་ཕག་གྲུ་ཚང་གི་ཆེ་དགུ་གཉན་དགུ་རེད་འདུག་ཟེར། ཧཧཧཧཧཧཧཧཧཧ། ཕག་གྲུ་མི་ཚོད་རྒྱལ་བ་རིན་པོ་ཆེས་ཡིན་ཟེར་ཡང་། མཐའ་གཏུགས་ནས་མཁན་པོ་དང་སློབ་དཔོན། བླ་མ་དང་སྤྲུལ་སྐུའི་རིགས་རྣམས་འབྱུང་རྩ་གང་ཡིན་འཚོལ་བ་ཡིན་ན། ངོ་ཤེས་དང་འབྲེལ་ཡོད། མི་སྟོབས་དང་རྒྱུ་སྟོབས། ངོ་ཆེན་དང་ངོ་ཆུང་སོགས་ཀྱི་རྒྱུད་ལམ་སྣ་དགུ་སྤྱོད་ནས་རང་རང་གིས་མིང་རེ་སྤྲུལ་ནས་ཆོས་འབག་གྱོན་པའི་སྐབས་འཚོལ་དང་་ལོག་འཚོ་བ་དག་དག་ཡིན་པས་མི་ཤེས་རྒྱུ་ཅི་ཡོད།
ཨོ་དེ་ཚོ་ངས་མི་ཤེས། མཁན་ཆེན་གྱིས་ངོ་ཤེས་དང་འབྲེལ་ཡོད། མི་སྟོབས་དང་རྒྱུ་སྟོབས་སོགས་གང་ཞིག་སྤྱད་ནས་མཁན་ཆེན་གྱི་མིང་བླངས་པ་ཡིན་ནི་མི་ཤེས། གང་ལྟར་མཁན་ཆེན་གྱི་མིང་ཕུལ་མཁན་ནི་ཕག་གྲུ་ཚང་རེད་འདུག སྐབས་ཤིག་གི་རིང་ལ་འབྲི་གུང་ཚང་ལ་མཁན་ཆེན་ལས་དྲག་ཅིག་མེད་སྟབས་མཁན་ཆེན་ཆགས་པ་ཡིན་མི་འགྲོ། ད་མཁན་པོ་ཉི་མ་ཁྱེད་ཡོད་པས་མཁན་ཆེན་ཚང་ཅང་ར་ཡིན་རྒྱུ་མ་རེད། ཡིན་ན་ཡང་ད་དུང་རྒོལ་གང་ཐུབ་གནང་མ་གཏོགས་མཁན་ཆེན་མ་རབ་ཁོ་འཇོན་པོ་ཞེ་བོ་ཡོད་པས་ཁྱེད་མཁན་ཆེན་ཆགས་སྐབས་ཁོ་མཁན་རྒན་ཆགས་འགྲོ་ཉེན་ཡོད་རེད་དོ༎ གང་ལྟར་ནམ་ཡིན་རུང་གོམ་པ་གང་གིས་རྗེས་ཆོད་ཀི་མེད་ནི་ཡིན་ས་རེད་པ་ཧ་ཧ་ཧ་ཧ་ཧ།