གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།
“གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་”ཐེངས་བཅུ་གསུམ་པའི་གསལ་བསྒྲགས།
དེ་ཡང་ས་གསུམ་འགྲོ་བའི་འདྲེན་པ་ཆེན་མོ་༧ རྣམ་འདྲེན་མཉམ་མེད་བླ་མའི་རྒྱལ་ཚབ། རང་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་རབས་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་དགོངས་པ་གཞིར། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག ཕྱི་ལོ་༢༠༠༠ལོ་ནས་དབུ་འཛུགས་གནང་སྟེ། ཝར་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་མཐོ་རིམ་སློབ་ཕྲུག་ཁག་དང་། བོན་གཞིས་ཉིན་སློབ་ཀྱི་མཐོ་འབྲིང་སློབ་ཕྲུག དེ་བཞིན་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་བོན་སྐོར་ལ་དོ་སྣང་དང་ཐུགས་སྣང་ཟབ་པའི་གཞོན་སྐྱེས་སློབ་ཕྲུག་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ཏེ་ཆེད་དུ་ “གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་” གོ་སྒྲིག་ཞུ་བཞིན་ཡོད་པ་ལགས་ན། ད་ལོར་ཡང་སློབ་ཕྲུག་ཁག་གི་དབྱར་ཁའི་གུང་གསེང་དང་བསྟུན་ཏེ།
ཕྱི་ལོ་༢༠༡༤ ཟླ་༦ ཚེས་༣ ནས་༩ བར་ཏེ་ཉིན་གྲངས་བདུན་གྱི་རིང་ལ་“གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་”༧གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་དཔེ་མཛོད་ཁང་དུ་ཚོགས་རྒྱུར་གཏན་ཁེལ་ཟིན་པས། དེ་བཞིན་ཕྱོགས་མཐའ་ན་བཞུགས་པའི་མཐོ་རིམ་འབྲིང་གི་སློབ་ཕྲུག་གཞོན་སྐྱེས་རྣམས་དུས་ལྟར་དུ་ངེས་ཡོང་བའི་རེ་སྐུལ་དུ།
སྐབས་བཅུ་གསུམ་པའི་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་༢༠༡༤ཟླ་༤ཚེས་༢༧ཉིན།
ད་རེས་ཡིན་ན་བོན་པོའི་མདོ་སྔགས་ཀྱི་གཞུང་ཐམས་ཅད་ནང་པའི་གཞུང་གང་དང་གང་ནས་བརྐུས་བསྒྲིགས་བྱས་པ་ཡིན་ཚུལ་གསལ་བཟོ་དང་། གནོང་འགྱོད་དང་བཅས་པའི་སྒོ་ནས་རང་ཉེས་ངོས་ལེན་བྱེད་འཆར་ཡོད་འདུག་པས་སྙིང་ཐག་པ་ནས་ཡག་པོ་འདུག་ཞུ་ཡ་ཡིན། དེ་མིན་བརྐུས་ཆོས་ཤིག་གིས་ཚེ་འདི་ཕྱི་གཉིས་ཀ་མགོ་སྐོར་གཏོང་བྱེད་ཅིག་ལས་མཐའ་འཁྱོལ་བ་ཞིག་མི་ཡོང་བ་ས་རིས་ཐང་གསལ་རེད་མོ། ད་རེས་བོན་གྱིས་རང་ཉེས་ངོས་ལེན་བྱེད་རྩིས་ཡོད་པར་དགའ་བསུ་ཞུ། ངོ་མ་ཡག་པོ་འདུག
འདི་ན་དཔྱད་གཞི་ཞིག་འདུག་བདེན་སྨྲ་ལགས་ལ་ཕུལ་ཡོད།
རྩོམ་པ་པོ་~དགྲ་འདུལ་གཉེན་སྐྱོང་།།
ཀྱག་ཀྱོག་ཉེར་གཅིག་དུས་ཀྱི་ལམ་བུའི་ཁྲོད།། བོད་རིགས་ནང་འཛིང་བྱེད་འདོད་མེད་ན་ཡང་།།
ཚུལ་བློ་བསོད་དར་ལ་སོགས་རྙིང་བླ་འགས།། བོན་ཕྲུག་སྙིང་ལ་ཚིག་མཚོན་བསྣུན་ཆེ་བས།།
ཕ་དགྲ་བོན་གཤེད་བུ་ཡི་ལོ་རྒྱུས་ཤིག།
ངན་མཚང་ངོ་སྤྲོད་ཟུར་ཙམ་སྤེལ་བ་ལ།།
རྒྱ་ཆེའི་གངས་ཅན་དཔྱོད་ལྡན་བླ་སྤྲུལ་དག།
ཐུཌ་དང་འགལ་ན་བཟོད་གསོལ་སྙིང་ནས་ཞུ།།
ཕ༵་མྱེས་གོང་མ་དགྲ༵་བོ་ངོ་དམར་ལྟ།།
ཕ་ནོར་དྭངས་མ་བཙོག་སྒམ་ནང་དུ་བརྫངས།།
བསྟན་པ་བོ༵ན་གྱི་གཉའ་གཅོག་གཤེ༵ད་མ་འགས།།
བསྟན་དང་འགྲོ་བ་སྤྱི་ལ་རྡབ་གསིག་བཏང་།།
རྒྱ་གར་པཎ་གྲུབ་རྒྱན་དྲུག་མཆོག་གཉིས་ཀྱིས།། ཐུབ་པའི་གཞུང་ལ་ཐེག་དགུ་མི་འདོད་ཀྱང་།།
དེ་ཡི་རྗེས་འཇུག་སྔ་འགྱུར་རྙིང་མ་བས།།
ཐུབ་པའི་གཞུང་ལ་ཐེག་དགུ་གསར་བསྐྲུན་བྱས།།
ཟས་གཙང་སྲས་ལས་ཁྱད་པར་བདུན་འཕཌ་པའི།།
མཚན་བརྒྱད་སློབ་དཔོན་གུ་རུ་པད་འབྱུང་གིས།།
བོད་ཀྱི་ཡུལ་དུ་རྫོགས་ཆེན་སྤེལ་ཡོད་ན།།
ལྷ་བླས་དེ་ལ་ཆོས་ལོག་བརྩི་དོན་གང་།།
ལོ་རྒྱུས་ཐོག་ཏུ་རྒྱ་གར་ལུང་པ་ལ།།
དགའ་རབ་རྡོ་རྗེ་ཤྲཱི་སེངྷ་དང་།།
པད་འབྱུང་ལ་སོགས་རྫོགས་ཆེན་སློབ་དཔོན་དག།
འཕཌ་པའི་ཡུལ་དུ་དངོས་བྱུང་ཕེབས་ཡོད་ན།།
འབྲི་དཔལ་ལ་སོགས་ཕྱིས་འབྱུང་བོད་བླ་འགས།།
འཕགས་ཡུལ་ཞིང་དུ་རྫོཌ་ཆེན་འཚོལ་སྐབས་སུ།།
ཁུངས་ལུང་མེད་པས་སངས་རྒྱས་ཆོས་མིན་ཟེར།།
མཁས་པའི་ཐུཌ་ལ་དྭོགས་གཞི་འབྱུང་དོན་གང་།།
རྙིང་མའི་རྗེས་བྱུང་ས་དགེ་བཀའ་ཇོ་ཚོ།།
འཕཌ་ཡུལ་ཐུབ་ལུཌ་རྒྱུད་འཛིན་ཡིན་ན་ཡང་།། སྡེ་ཚན་གྲུབ་མཐའ་ཁྱོད་ལས་ཆེར་ཉུང་པས།།
དེ་ཡི་གནད་དོན་རྟོགས་པའི་མིག་རྒྱང་བསྐྱེད།།
སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས།།
སྲིད་འབྱོར་དམག་གིས་འཛམ་གླིང་འགྲན་སྐབས་སུ།།
དཀར་ནག་རྒྱ་དང་ཞང་བོད་ཡུལ་ཁམས་ཀྱི།།
ཆོས་ཀྱི་ཕུང་པོ་དབུས་གཙང་ཡུལ་དུ་འདུས།།
སྒྲ་སྒྱུར་ལོ་ཙཱ་ཀ་ཅོག་ཞང་སོགས་ཀྱིས།།
རྒྱ་ཞང་གང་གི་འབྱུང་ཁུངས་མ་དཔྱད་ནས།།
རྒྱ་ཞང་འདྲེས་མའི་ལྟ་གྲུབ་ཁ་འཐོར་ཞིག།།
ཕྱོགས་སྒྲིག་བྱེད་པས་རྙིང་མའི་གྲུབ་མཐའ་བྱུང་།།
ཆོས་སྡེ་ཆེན་པོ་བསམ་ཡས་དགོན་པ་དེ།།
རྒྱ་བོད་འདྲེས་མའི་བཟོ་དབྱིབས་བཞེངས་དང་ལྷན།།
རྒྱ་ཞང་འདྲེས་མའི་ཆོས་ཀྱི་གྲུབ་མཐའ་ཞིག།
རྒྱ་གར་མཁས་པས་བོད་ལ་རྗེས་བཞག་མཛད།།
རྒྱ་གར་གྲུབ་རྗེ་རྒྱན་དྲུག་མཆོག་གཉིས་ཀྱི།།
རྒྱུད་འཛིན་རྣལ་མ་ས་དགེ་བཀའ་ཇོ་ཚོས།།
རྒྱ་གཞུང་དངོས་ལ་དག་བཤེར་བྱེད་སྐབས་སུ།།
སྔ་འགྱུར་རྙིང་མ་སྔངས་སྐྲགས་གཞི་ནས་ལྡང་།།
ཀླུ་ཐོགས་གཉིས་ཀྱི་རྩོད་པའི་ང་རོ་ཡིས།།
རྒྱ་གར་མུ་སྟེགས་ཆམ་ལ་ཕབས་ན་ཡང་།།
དེང་དུས་རྙིང་མའི་བླ་སྤྲུལ་ཕལ་གྱི་རིགས།།
རྩོད་ལ་བཙོག་པར་ལྟ་འདི་གནད་འགག་གང་།།
རྣམ་གསུམ་ངུར་སྨྲིག་ལུས་ལ་གསོལ་བཞིན་དུ།། རྙིང་མ་དེ་ཚོས་མནའ་མ་ལེན་རྒྱུ་དེ།།
རྣམ་འདྲེན་ཐུབ་པའི་དགོངས་དོན་མི་མཐུན་ཞིང་།།
རྨད་བྱུང་དགེ་འདུན་སྡེ་ལ་སྨ་འབེབས་གྱུར།།
ནང་པའི་ཆོས་ཀྱི་འབྱུང་ཁུངས་ངོ་མ་ནི།།
ནཱལཱནྡཱ་ལ་གཏུག་དགོས་རྒྱལ་བས་གསུངས།།
ནཱ་ཌཱ་མི་དགོས་རྒྱ་གར་ལུང་པ་ལ།།
བྱུང་ཁུངས་མེད་པའི་རྙིང་མར་ཆོས་སྡེ་མང་།།
རྒྱ་གར་རྒྱུ་ཡི་ཐེག་པའི་ལུགས་སྲོལ་ལ།།
ཆ་ལག་གཏོ་ཆོག་མདོས་ཡས་ཚེ་འགུཌ་སོགས།། མེད་ཀྱང་དེང་དུས་བོན་དང་ཆེར་མཚུངས་པའི།། མཁོ་འདོན་ཕུན་སུམ་ཚོགས་འདི་གང་ནས་རྙེད།།
རྒྱལ་སྤྱི་བོད་རིཌ་ཞིབ་འཇུག་མཁས་དབང་ཚོས།།
སྔ་འགྱུར་རྙིང་མའི་སྔཌ་རྫོཌ་བཤེར་སྐབས་སུ།། བོན་པོའི་བུ་ལ་བན་དེའི་ཞྭ་གསོལ་བའི།།
ཡ་མཚན་ཅན་གྱི་བྱིས་པ་ལོ་བརྒྱད་རྙེད།།
ཤ་རུས་གདོང་ལ་ཉམས་ཞིབ་བྱས་པའི་མཐར།།
གཟུར་གནས་བོད་རིགས་མཁས་པས་མགྲིན་གཅིག་ཏུ།།
ཡབ་རྗེ་བོན་ལ་ཐུག་པ་ངོ་སྤྲོད་རྗེས།།
གསེར་རྟ་བླ་མའི་སྙིང་ལ་མུན་ནག་འཁྲིགས།།
ཆགས་སྡང་དུག་ཆུའི་རྦ་རླབས་དགུང་ལ་རྩེན།། ཕྱོགས་འཛིན་རུ་ཏྲས་བྱང་ཁོག་ཕུས་སྦྱངས་ནས།།
རྒྱ་བོད་མི་སེར་སྟོང་ཕྲག་དུ་མའི་གསེང་།།
གཡུང་དྲུང་བོན་ལུགས་ནང་པ་མིན་ནོ་ཟེར།།
བན་དེས་བོན་པོ་ནང་པ་མི་འདོད་ཀྱང་།།
ཐུབ་ལུགས་རྙིང་གྲས་དགེ་སློང་སེར་པོ་ཚོས།།
བོད་ཀྱི་བན་དེ་ནང་པ་མིན་ཟེར་ནས།།
ཚ་ཚ་འུར་འུར་ས་གནམ་གྲགས་འདི་གང་།།
བོན་སྡེ་པུ་ཏི་གཅིག་ཀྱང་མ་བལྟས་པའི།།
བོན་ལ་དགག་པ་རྒྱག་པའི་བན་དེ་ཚོ།།
ཁ་ཡིས་བརྗོད་སྟངས་སེམས་ཀྱི་འཆར་སྒོ་དག།། མུན་ནག་ནང་དུ་མདའ་འཕེན་བྱས་དང་མཚུངས།།
འཚེ་ཅན་ཆོས་ལུགས་ཧིན་རྡུ་ཁ་ཆེ་ལ།།
སྡུག་པོའི་གཏམ་གླེང་ཐོན་པ་ཉུང་ཉུང་ཡིན།།
འཚེ་མེད་ལྟ་སྤྱོད་བོན་གྱི་རིང་ལུགས་ལ།།
སྔ་ཕྱི་བར་གསུམ་སྡང་ཟུག་ཆེ་འདི་ཅི།།
བསམ་ཡས་མཁན་པོ་ལྷ་ལུང་དཔལ་རྡོར་དང་།། དེང་དུས་གསེར་རྟའི་མཁན་པོ་ཚུལ་བློ་གཉིས།། བོད་དང་བོན་གྱི་གནས་བབ་བདེ་ཐང་དག། བཤིག་པའི་སྐྱེས་རབས་སྔ་ཕྱི་བྱུང་བར་སེམས།།
ཁ་ནས་འཆམ་མཐུན་བསླབ་བྱ་བལ་ལས་འཇམ།།
ཁོག་ཏུ་ཕྱོགས་ལྷུང་གཡོ་སྒྱུའི་གློག་ཞཌ་འཁྱུགས།།
ཁ་དོན་བར་ལ་རྒྱང་ཐག་རིང་བ་ཡི།།
ཁ་བ་ཅན་གྱི་དཀྲུག་གཏེ་མི་བྱེད་རོགས།།
རྩོམ་མཁན་དེ་བླུན་པོ་ཐོས་པ་མེད་པ་ཞིག་ཡིན་པ་དམར་རྗེན་དུ་བསྟན་འདུག བྱིས་པའི་ཀུ་ཅོ་རང་རེད། སྙིང་རྗེ། ཧ་ཧ་ཧ་ཧ་ཧ། ཡིན་ན་ཡང་དངོས་མིང་བཀོལ་མི་འདུག་པས་ངོ་ཚ་དགོས་ལེ་མ་རེད།
དངོས་གནས་དྲང་གནས་ཡིན། བོན་པོའི་ཚབ་ལྟ་བུ་བྱས་ནས་བླུན་བཤད་འདི་འདྲ་ཞིག་ཚུལ་བློ་དང་བསོད་དར་སོགས་ཀྱི་མིག་ལམ་ལ་སྟོན་ཕོད་པ་ཞབས་འདྲེན་རང་རེད་ད། དཀོན་མཆོག་གསུམ། བླུན་པོ་སྨྲ་བ་ཉུང་ན་མཛེས་ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད། བླུན་རྨོངས་གི་གཏམ་འདི་འདྲས་བོན་པོའི་མཁས་པ་ཚོ་ཡང་ཁ་སྐྱེངས་པོ་བཟོ་ས་རེད་ད། བོན་པོ་ལ་དེང་སང་མཁས་པ་མང་པོ་ཡོད་རེད། མཛོ་སྔུན་སྦལ་བས་བཀག་ཟེར་བ་དེ་འདྲ་རེད། བོན་པོའི་མཁས་པ་ལུང་རིགས་དངོས་གནས་སྨྲ་འདོད་པ་ཚོ་སྙིང་རྗེ། ལར་རྒྱ་ཡོད་མདོག་བྱེད་མཁན་ཞིག་གིས་ངོ་ཆུ་ནང་ལ་གཡུག་འདུག
བོད་ཀྱི་བོན་པོ་དང་བན་དེ་གཉིས་དབར་མཐུན་འབྲེལ་བྱ་དགོས་པ་དེ་གལ་ཆེན་པོ་རེད། རང་ལུགས་ལ་དད་པ་བྱས་གཞན་ལུགས་ལ་དག་སྣང་སྦྱངས་ནས་མི་ཚེ་སྐྱེལ་ཐུབ་ན་ཡག་པོ་ཡིན་འགྲོ་བསམ་གྱི་ཡོད། རང་ལུགས་དེ་རང་ཉིད་ལ་ཅི་འདྲའི་གལ་ཆེན་དུ་གྱུར་ཡོད་པ་ཇི་བཞིན། གཞན་ལུགས་དེ་ཡང་གཞན་དེ་ལ་དེ་བཞིན་དུ་གལ་ཆེན་དུ་གྱུར་ཡོད་པར་སེམས་པའི་འདུ་ཤེས་ཡོད་དགོས་པ་རེད། སྤྱིར་དངོས་པོ་ཀུན་ལ་སྙིང་པོ་ཞེ་བོ་ཞིག་བརྩལ་བསྡད་ན་རྙེད་རྒྱུ་ཡོད་མེད་ཅི་མི་ཤེས། ཆོས་ལུགས་ཟེར་བ་འདི་ཁ་ཕོ་ཤེད་བྱེད་ས་མ་རེད། འགྲན་སེམས་ཅན་གྱི་ང་མཁས་ཁོ་མཁས་སྟོན་ས་ཡང་མ་རེད། ངའི་ཆོས་ལུགས་ཡག་རབས་དང་ཁོའི་ཆོས་ལུགས་སྡུག་རབས་ཤོད་ས་ཡང་མ་རེད། རྒྱུ་ཆེ་ཆུང་དང་དཔུང་ཤུགས་ཆེ་ཆུང་ལྟ་ས་ཡང་མ་རེད། ད་འོ་ན་ཆོས་ལུགས་ཟེར་བ་གང་རེད་ཟེར་ན། ཞི་བདེ་ཡིན་པ་ཀུན་དང་མཐུན་པ་ཀུན་ལ་ཕན་པའི་གླིང་ཞིག་ཡིན་དགོས་པ་རེད། དེ་འདྲ་བྱུང་ན་ཆོས་ལུགས་ཀྱིས་གོ་ཆོད་པ་ཡིན་འགྲོ་བསམ་གྱི་ཡོད། །
དྲ་གྲོགས་ཚོ། གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་ཟེར་བ་ཙམ་ལ་སྙིང་ན་དགོས་དོན་གང་ཡོད། བོད་སྤྱི་ལ་ཕན་པའི་སྐད་ཆ་རེ་བཤད་མ་ཐུབ་རུང་ཕུང་དཀྲུགས་དང་ནང་དཀྲུག་གི་སྐད་ཆ་ཆོ་མེད་དེ་ཚོ་མ་བཤད་ན་མཛེས། སྐུ་མཁྱེན།
རྙིང་མིན་རྙིང་མར་བརྫུ་བ་དང་།།བོན་མིན་བོན་དུ་བརྫུས་ནས་ནི། །བོན་རྙིང་བར་ལ་དབྱེན་སྦྱོར་གྱི། །དཀྲུག་ཤིང་བྱེད་ལ་བག་ཟོན་མཛོད། །
ཨ་ཕྱི་དང་བདེན་སྨྲ་སོགས་ལ་བོན་པོའི་སྐོར་ལ་དེ་འདྲའི་དབྱེ་བསལ་དང་དོགས་གཅོད་བྱེད་རྒྱུ་མང་པོ་ཡོད་ན་ད་ཐེངས་ཀྱི་བགྲོ་གླེང་ལ་ཕེབས་དགོས་པ་རེད། དེ་མིན་ཐག་རིང་ཐག་རིང་ཞིག་ལ་བསྡད་ནས་རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་པས་ཅི་ལ་ཕན། ཁྱི་བརྒྱག་སྐར་མ་ལ་ཟུག་པའི་བྱེད་སྟངས་འདིས་བོད་མིའི་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་སྐྱེལ་རྒྱུ་ལས་ཕན་པ་གང་ཡང་མི་འདུག་གོ
ལས་རྒྱ་འབྲས་འཁོར་སོང་། ནམ་རྒྱུན་ནང་པའི་བརྗོད་བྱ་ལྡན་པའི་བགྲོ་གླེང་ཅི་ཡོད་ལ་Bonpo ཟེརབ་དང་། བན་དེཟེར་བའི་མི་གཉིས་ཡོང་ནས། དངོས་སམ་རྒྱུད་ནས་ནང་པར་དམའ་འབེབ་ཤ་སྟག་བྱས་པས་ད་ཁྱོད་ཚོའི་ཁའི་ནང་ལ་མི་གཙང་བ་ལྷུང་དུས་ཆོས་ལུགས་མཐུན་སྒྲིལ་ཟེརནས་གཡོལ་མ་འགྲོ་ཞིག
སྔར་བོན་ཆོས་ལ་དམིགས་བསལ་ཆགས་སྡང་གི་འདུ་ཤེས་མེད། འོན་ཀྱང་ཁ་བརྡའི་ནང་ནས་གོང་གི་མི་གཉིས་པོས་ནང་པར་རྙོག་ཁྲ་ཤོད་སྐབས་བསུན་ནས། ད་བོན་ཞེས་མིང་གོ་ས་མེད་པར་གྱུར་སོང་། དེ་ཁྱོད་གཉིས་ཀྱི་དྲིན་ཡིན། སྔོན་མ་ལོན་ཊོན་ལ་བོན་པོའི་གྲ་པ་དེ་ཚོར་གནས་ཚང་གཡར་མྱོང་། ད་ནས་གཡར་ཐུབ་ས་མ་རེད། སྔོན་མ་Charles Ramble ཡིས་བོན་པོ་ཚོར་རོགས་པ་གྱིས་ཟེར་ན་ཟང་ཟིང་གི་ཕན་པ་བསྒྲུབས་ཡོད། དེ་བཞིན་ཨ་ལགས་བོན་རྒྱ་༢༠༠༣ནང་ལ་དབྱིན་ཡུལ་ལ་འབྱོར་སྐབས་རོགས་པ་མང་པོ་བྱས་པ་ཡིན། ད་བྱེད་ཐུབ་ས་མ་རེད། ་་་་་་་་་་
དྲ་གྲོགས་ཁྱེད་རྣམས་ཀྱིས་གང་འགབ་ཀྱི་རྣམ་བཞག་མང་པོ་ཞེ་དྲག་གནང་ཤག་ཡིན་ན་ཡང་ཁོ་བོའི་ལྟས་ན་རན་པོ་ཞིག་མ་ཚོར།དེ་གང་ལ་ཞེ་ན་བོན་དང་བམ་དྷེས་གཏམ་བཤད་སྤེལ་སྐབས་བདེན་རྫུན་ལ་གཞིག་སྟེ་ཁ་ཐུག་གཏམ་ལན་སྤྲད་མ་ནུས་ན་ཕྱིའི་བོན་རིགས་ཐམས་ཅད་གནས་ཚང་མི་གཡར་བའི་དམ་བཅའ་འདྲ་བྱས་སྡད་བཞག་ན།དེ་ནི་བདེན་དོན་ཟོལ་གྱིས་མ་ཁོག་པའི་མངོན་རྟགས་འབུར་དུ་ཐོན་པ་ཞིག་ལས་གཞན་གང་ཡང་མ་མཐོང་ཡ།ཧཧཧཧཧཧ
མཐུན་འབྲེལ་མི་དགོས་ན་མི་དགོས་པ་བྱེད་རོགས་གཅིག་གིས་གཅིག་ལ་དགྲར་བལྟ་ནའང་ལྟ་རོགས། ཡང་གཟིགས་དང་རྙིང་མ་བ་དྲ་མཆན་པ་འདི་ཚོའི་རྣ་བར་བོན་ཟེར་དུས་སྙིང་ལ་མཚེར་མ་ཟུག་པ་ལྟར་བྱེད་དགོས་དོན་གང་ཡིན་ནམ། མི་ཚོས་ཟེར་ན་ཁག་མེད་རྙིང་མ་ནི་བོན་ཚ་རེད་ཅེས་ཟེར་ཡོང་དུས་རྣམ་རྟོག་ཆེན་པོ་འདུག སྔར་ཡིན་ན་ངོས་ལ་ཆོས་ལུགས་ཀྱི་དགྲ་མཁོན་དང་ལྷག་པར་དུ་རྙིང་མ་དང་བོན་གཉིས་དབར་ལ་ལྟ་གྲུབ་ཀྱི་མཐུན་ཆ་མང་དུ་ཡོད་པར་མ་ཟད། རྙིང་མའི་བླ་མ་དང་གཏེར་སྟོན་པ་མང་པོ་ཞིག་བོན་པོ་ཡིན་ཙང་རྙིང་མ་བ་ལ་དེ་བས་ཀྱང་བློ་ཐག་ཉེ་བོ་ཡོད། འོན་ཀྱང་ཕྱིས་སུ་ཁ་བརྡའི་དྲ་མཆན་པ་་་་་ཨོ་ཉི་ཨ་ཕྱི་ཀློང་ཆུང་དཔལ་དགྱེས་་་ཨེ་མ་ཧོ་པདྨ་ཟེར་བ་ མི་ངན་དེ་རིགས་ཀྱིས་བོན་དང་བོན་བསྟན་ལ་ཚད་ལས་བརྒལ་བའི་དམའ་འབེབས་བྱས་དང་བྱེད་བཞིན་བརྟེན་ད་ནི་རྙིང་མ་བ་ཞེས་གོ་དུས་རྣ་བར་གཟན་ཡོང་གི་འདུག སྔོན་མ་ངས་རྙིང་མ་བའི་གྲོགས་པོ་མང་པོར་རོགས་རམ་བྱས་ཡོད། ད་ནི་བྱེད་ཐུབ་ས་མ་རེད་ལས་འབྲས་ལ་བརྩི་མེད་རྡོག་རོལ་གཏོང་མཁན་་་་་་་་་
བོན་གྱི་ཤེས་རིག་བོད་ཀྱི་རྨང་གདན་ཡིན།
བན་གྱི་རིག་གཞུང་བོད་ཀྱི་རྩིག་ལྡེབས་ཡིན།
ཕྱི་ཡོང་ཤེས་རིག་བོད་ཀྱི་སྐེག་ཚོས་ཏེ།
མདོར་ན་བོད་ཀྱི་རིག་པ་ཆེན་པོའོ།
སེམས་ནང་དུ་རྡོག་རྡོག་ཅིག་ཉར་ནས་བསྡད་ཡ་དེ་ལ་བོན་ལུགས་སུ་་་ཉོན་མོངས་་་ཟེར་བ་རེད། ང་ནི་་་ཉོན་མོངས་་་དེ་ལ་དགའ་པོ་རྩ་ཉིད་ནས་མེད། ཉོན་མོངས་སྤང་བྱ་ཡིན་དང་བླང་བྱ་ཡིན། དེ་ཁྱེད་ཚོ་ཧྲིག་ཧྲིག་ཚོས་ལོས་ཤེས། རྩོད་དུས་རྩོད་དགོས་པ་རེད། སྐྱག་པ་ཤོར་ཤོར་བཟོ་དགོས་པ་རེད། ག་དུས་ཡིན་ནའང་ཁྱི་སྨྱོན་པས་སོ་རྒྱག་པ་ཇི་བཞིན། ག་བ་ག་སར་རྨུག་བསྡད་ན་ཆོ་ཨ་ཡོད་ན། བདག་ནི་ནམ་མཁའ་གཡའ་དག་ཇི་བཞིན་རང་སེམས་གཙང་མ་གཙང་རྐྱང་ཡིན་ནོ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
འོ་ད་ཡིན་ན་དཔེ་བསག་སོང་། བོན་པོ་ཚོ་ལ་གནས་ཚང་རེགས་ས་མ་རེད། ཧ་ཧ་ཧ་ཧ
བསམ་བློ་ཐོངས་ཨ། བོན་པའི་སྐོར་ཅིག་དྲྭ་ཐོག་ཏུ་བཀོད་སོང་ན་དེར་གོང་གི་མི་འགའ་ཡོད་པ་དེ་ཚོས་དགག་པ་རྒྱག་རྐྱང་བྱེད་ཀྱིན་འདུག ཕར་ཅིག་ལབ་ཡོང་དུས་ད་ཅིག་མ་རེད་དང་ཉིག་མ་རེད་ཟེར་ནས་ངུ་རྒྱག་འདྲ་རྒྱག་ཡོང་གི་འདུག ཕྱོགས་གཅིག་ནས་ཐུགས་ཁག་ཡོད་རྒྱུ་མ་རེད། ཅི་ཡང་མི་ཤེས་མཁན་བླུན་པོ་ཆུ་སྣ་གར་ཁྲིད་དེ་ཚོའི་ཁ་ན་ངན་སྨྲ་བྱེད་རྒྱུ་ལས་གཞན་ཅི་ཡོང་། ཁྱིའི་ཁ་ནས་བ་སོ་མི་འབྱུང་བ་ལྟ་བུ་རེད། ཕར་ལབ་དགོས་པ་ལ་ཚུར་ལབ་དུས་གནས་ཚང་མི་གཡར་ཟེར་བ་ལྟ་བུའི་ཅོལ་ཆུང་དང་སྡུག་ཐུག་གི་སྐད་ཆ་དེ་འདྲ་ཤོད་ཡོང་གི་འདུག
བཀྲ་ཤིས་བདེ་ལེགས་ཞུ།
ཀློང་ཆུང་ཟེར་བ་ལགས། ཁྱོད་དངོས་གནས་མི་བྱབ་ཆུང་ཞིག་རེད། ད་ནས་བོན་པོ་ཚོ་ལ་གནས་ཚང་མི་གཡར་ཟེར་བ་དེ་ཅི་རེད། ཨ་ལགས་བོན་བརྒྱ་ལ་རོགས་པ་བྱས་པ་སོགས་བཤད་ནས་ཅི་ཡོང་། དངོས་གནས་རོགས་པ་བྱས་ཡོད་ན་ཁྱོད་ངོ་ཤེས་ཀི་རེད། ང་བོན་པོ་མིན་ཡང་བོན་པོ་ལ་སྡང་ན་སྡང་སྟངས་དེ་འདྲ་མ་རེད་ལོ།
ཡང་འདྲེ་མོ་དེ་སླེབས་སོང་འདྲེ་མོ་དེ་ནམ་ནམ་ཞར་ཞར་ལ་བོན་སྒྲ་གོ་བ་ཙམ་གྱིས་སྙིང་རླུང་ལང་མཁན་ཞིག་རེད་
རྒྱལ་བའི་བཀའ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་དངོས་གནས་བརྩི་མཁན་སུ་རེད་འདུག་གང་སྐྱིད་ལ་སོང་ནས་རྒྱུས་ལོན་བྱོས་དང་ཧ་གོ་གི་རེད། ཆོས་རིགས་ལས་ཁུངས་ལ་དྲིས་དང་གསལ་པོ་རེད། ཆོས་རིགས་ལས་ཁུངས་ཀྱིས་བཀའ་གང་གནང་དང་ལེན་བྱེད་མཁན་བོན་པོ་ལས་ལྷག་ཅིག་མེད་པ་ཆོས་ཚོགས་སྐབས་མང་པོར་གསལ་བཤད་བྱས་ཟིན་པ་རེད། ཁྱོད་ཚོ་ལྟ་བུའི་མུན་ནག་ལག་མྱོང་བྱེད་མཁན་ཚོས་དེ་ཚོ་གོ་གི་མ་རེད། ཐེ་ཝན་བོད་སོག་ལས་ཁུངས་ཀྱི་ཕོག་སྒོ་འགྲམ་ལ་སླེབས་ཀྱང་ཕྱིར་འབུད་གཏོང་མཁན་བོན་པོ་མ་གཏོགས་སུ་ཡང་ཡོད་མ་རེད། ཁྱོད་ཚོའི་ཁོག་པ་རྒྱ་ཕོག་གིས་བརྒྱང་ནས་ད་དུས་བོན་པོ་ལ་ཅིག་ཟེར་ཁུར་བྱས། ངན་བྱས་ངོ་སོར་འཁྱེར་བ་དེ་ཁྲམ་རྐུན་ཚོའི་གཤིས་ཀ་རེད། སྙིང་རྗེ།
# 5 BONPO་ལགས་ཀྱིས་མཆན་བཏབ་པ།:
April 30th, 2014 at 7:51 PM
བོད་ཀྱི་བོན་པོ་དང་བན་དེ་གཉིས་དབར་མཐུན་འབྲེལ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ་་་་་་་་
གཡང་དྲུང་བོན་ནི་ང་ཚོ་སྒང་བ་བོད་པ་ཚང་གི་ཤེས་རིག་གི་འགོ་ཁུངས་དང་། ལོ་རྒྱུས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས་ཚང་མས་སེམས་ལ་ངེས་སུ་ཆུགས། ད་ནས་བཟུང་བན་བོན་དབྱེ་འབྱེད་ཀྱི་ནང་འཁྲུག་རྩོད་རྙོག་མཚམས་བཞག་སྟེ་ཆོས་ལུགས་དང་ཆོལ་ཁར་དབྱེ་བ་མེད་པར་རྡོག་རྩ་ཆིག་སྒྲིལ་གྱི་ཕྱོགས་ལ་བོད་མི་མི་རེ་ངོ་རེ་ནས་ཞབས་འདེགས་ཀྱི་ནུས་པ་ཅུང་ཙམ་རེ་བསྒྲུབ་ཐུབ་ན་དགོས་མཚན་ཆེ།། བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་ལ་རྩོད་རྙོག་རུལ་བ་འདི་བརྩད་ནས་འོང་བ་རེད། འདིས་ང་ཚོ་ལ་ཁེ་ཕན་ག་རེ་ཐོབ་སོང་ངམ། གྱོང་ག་ཚོད་ཅིག་རག་སོང་། ད་དུང་ཡང་མུ་འཐུད་ནས་འདི་རྩོད་རྒྱུ་ཡིན་ནམ། བསམ་བློ་ཞིབ་ཏུ་ཐོངས། ཆོས་ལུགས་ཕྱོགས་ཞེན་དང་ཡུལ་ལུང་འཐེན་འཁྱེར་གྱི་དབང་གིས་རང་གཞན་གཉིས་ཀ་ཕུང་ལ་སྦྱར་བ་འདས་པའི་དུས་སུའང་མང་བོ་བྱུང་མྱོང་ལ། མ་འོངས་པ་ནའང་མང་བོ་འབྱུང་ངེས་ཡིན་པས་གཟབ་གཟབ་སྒོས་ཞིབ་འདང་རྒྱག་རྒྱུ་གལ། གཞན་ལ་ལྟ་བའི་མིག་ཡོད་ན།། རང་ལ་ལྟ་བའི་མེ་ལོང་དགོས།། ཟེར་བ་བཞིན་རང་གིས་གང་ཞིག་བཤད་པ་དང་གང་ཞིག་བསམ་ཡོད་པ་དག་ལ་མགོ་ནས་མཇུག་པར་ཕྱི་དོར་ཐེངས་གཅིག་བྱེད་རྒྱུར་སྙིང་ནས་རེ།
༼དགེ་མཚན༽ བཅོས
སྟོན་པ་ཐུབ་པའི་དབང་པོའི་རྗེས་འཇུག་ཡང་དག་པ་ཚོར་ཁོ་བོར་སེམས་གཏིང་ནས་དད་པ་དང་མོས་གུས་ཆེན་པོ་ཡོད། འོན་ཀྱང་ཆོས་ལུགས་ཁ་ལ་ཁྱེར་ནས་རྩོད་རྙོགས་དང་ཕྱོགས་ཞེན་ཁོ་ན་བྱས་ཏེ་ཐུབ་དབང་གི་བསླབ་བྱ་ལ་རྒྱབ་གཏོད་བྱེད་མཁན་ལྷ་མིན་ལྷ་རུ་བརྫུ་མཁན་འདི་ཚོ་ལས་སྙིང་ན་བ་ཞིག་མི་འདུག འདི་ཚོར་ནམ་ཡང་དགག་རྒྱག་དང་སུན་འབྱིན་བྱེད་རྒྱུ་ཡིན།
བོན་བོན་བསྟན་པ་མཉམ་གནས་ཡུན་གནས་ཤོག །
བན་བོན་བསྟན་འཛིན་ཁྲིམས་གཙང་སྐུ་ཚེ་བརྟན་། །
བོན་བོན་དམ་ཚིག་འོ་ཆུ་འདྲེས་འགྱུར་ཅིག །
བན་བོན་བོན་བན་ཟུང་འབྲེལ་ཡར་རྒྱས་ཤོག །
བོན་བོན་བསྟན་པ་མཉམ་གནས་ཡུན་གནས་ཤོག །
འདི།
བན་བོན་བསྟན་པ་མཉམ་གནས་ཡུན་གནས་ཤོག །
བོད་པ་སྐྱག་པ་སྒོག་པ་གསུམ། །འདྲིས་ཆེ་དུས་དྲི་མ་ཇེ་ཁ་རེད། །་་་་་་་་་་་་་་་་་་་
བདེ་དོན་གྱི་ཉི་ཟེར་མ་བཟོད་ནས་གནས་ཚང་མི་གཡར་ཟེད། མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།། ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།། མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །དགེ་ཆོས་གསུང་འདི་སྙན་པ་ལ།
སྨྲ་ཤེས་ཤིང་དོན་གོ་བའི་མི་ལུས་རྩ་ཆེན་འདི་ཆུད་ཟོས་སུ་མ་བཏང་ན་ལེགས་པར་སེམས། དེང་དུས་གྲུབ་མཐའི་ཆགས་སྡང་རྩོད་པའི་དུས་ཚོད་མ་རེད། གྲུབ་མཐའ་འདི་ཡུན་ཇི་ལྟར་གནས་དགོས་པའི་ཐབས་ལ་བརྩོན་པའི་དུས་རེད། ལྷག་པར་དུ་དགེ་འདུན་གྱི་སྡེ་འདི་ཡུན་རིང་གནས་མི་ཐུབ་པ་གསལ་པོ་རེད། དེ་མ་གནས་ན་སངས་རྒྱས་ཀྱི་བསྟན་པ་རང་བཞིན་གྱིས་འཇིག་རྒྱུ་ཡིན་པ་སྨོས་མ་དགོས་མོད། དེས་ན་སོ་སོའི་ཆོས་ལུགས་གང་ཡིན་ཀྱང་དེ་ཉམས་སུ་བླང་སྟེ་བདག་འཛིན་སྤང་ཇི་ཐུབ་བྱེད་རྒྱུ་ནི་གོ་སྐབས་བཟང་ཤོས་ཤིག་རེད། འདི་འདྲའི་གོ་སྐབས་སླད་མར་ཡང་ཡང་མི་འབྱུང་བའང་གསལ་པོ་རེད། ཇི་སྐད་དུ། ཐོས་བསམ་ཕྱོགས་མེད་མ་བྱས་པས། གྲུབ་མཐའ་གཞན་ལ་སྨོད་མ་གཏོང་། ཞེས་པ་ལག་ལེན་དུ་བསྟར་ན་ཤིན་ཏུ་དགེ་མཚན་ཆེའོ།།
ཤེས་དགོས་པ་ནི་བོན་པོ་ནི་བན་དེ་ཚོའི་སྦྱིན་བདག་རེད། འདི་ཇི་འདྲ་རེད་ཟེར་ན།
ངས་ལོ་གཉིས་ཙམ་ཁ་བརྡའི་ནང་ནས་ཤེས་པར། བན་དེ་དང་Bonpo ད་དུང་། ཁོང་གཉིས་ཀྱི་རྣམ་སྤྲུལ་མིག་དམར་དང་རྨུ་ཐག་གི་བུ་རྒྱུད། ད་དུང་སྤྱང་ཤོག་ལ་སོགས་ཀྱིས་ནང་པའི་སྟོན་པ་དང་སྐྱེས་ཆེན་དམ་པ་རྣམ་པ། ལྷག་པར་དུ་གསང་སྔགས་རྙིང་མའི་སློབ་དཔོན་གུ་རུ་པད་མ་འབྱུང་གནས་ཀྱིས་གཙོས་བླ་མ་སྐྱེ་ཆེན་དུ་མར་མཚན་སྨད་ཞུས། དེའི་རྗེས་འབྲས་ལ་ནང་པ་རྣམས་ནད་མི་འཁྱོག་པར། བདེན་སྨྲ་དང་ཨ་ཕྱི། དེ་བཞིན་ཉེ་ཆར་ཀློང་ཆུང་སོགས་ཀྱིས་བོན་ཆོས་དང་དེའི་སྟོན་པ་དང་བླ་ཆེན་རྣམས་ལ་མཚན་སྨད་ཞུས། དེའི་འབྲས་བུར། བན་བོན་གཉིས་དབར་ལ་འཁོན་བརྩོད་ཤོར་བསྡད་པ་ལྟ་བུ་ཆགས་སོང་།
ཁ་བརྡ་ཀློག་མཁན་ནི་བོད་པ་གཅིག་པུ་མིན་པར། བན་བོན་གཉིས་ཀྱི་ཕྱི་རྒྱལ་གྱི་སློབ་མ་གདུང་བཞེན་ཅན་མང་པོ་ཡོད་སྟབས། དེ་དག་གིས་ཀྱང་རང་རང་སོ་སོའི་བསྟན་པ་ལ་རྩོད་རྙོག་ཤོད་མཁན་རྣམས་ལ་བསུན་བྱིན་དང་བློ་ཕམ་ཤོར།
ང་འདི་རུ་སུ་འགྲིགས་དང་སུ་ནོར་ཤོད་འདོད་མེད།
ངས་བན་དེ་ཚོར་ཞུ་རྒྱུར། བོད་ལ་བན་དེའི་བསྟན་པ་དར་བ་ནས་བཟུང་བན་དེས་བོན་པོ་ཚོར་མནར་གཅོད་དང་། བཙན་དབང་། དེ་བཞིན་ཇི་ལྟར་རྒྱ་གུང་ཁྲན་གྱིས་བོད་པར་ད་ལྟ་བཀོལ་བཞིན་པའི་བྱ་སྤྱོད་ཚང་མ་ང་ཚོས་བོན་པོར་ལོ་སྟོང་ལ་ཉེ་བ་སྤེལ་ནས། ད་ཆ་བོན་པོ་འདི་བོན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རང་གཞིས་ལ་གྲངས་ཉུང་མི་རིགས་སུ་གྱུར་ནས། ཁོང་ཚོའི་ཆོས་ལུགས་ནི་ཆེས་མི་སྣ་ཉུང་ཉུང་ཞིག་གི་བླ་སྲོག་དང་། ཁོང་ཚོའི་ལྟ་བ་ནི་ཆེས་གྲངས་ཉུང་མི་རིགས་ཤིག་གི་གཅེས་ནོར་ལས། ཁོང་ཚོའི་ཡོད་ཚད་བན་དེའི་ལྷ་མིའི་དམག་དཔུང་འོག་ཤོར་ཟིན་ནས། ད་ཆ་མགོན་མེད་དཔུང་མེད་དུ་གྱུར་ནས། བློས་འགེལ་ས་ཡང་བན་དེའི་བླ་སྲོག་གཞན་ཡུལ་དུ་སྐྱབས་བཅོལ་ཞུ་བཞིན་པ་རྒྱལ་བ་རིན་པོ་ཆེ་དང་ས་སྦར་མཐིལ་གང་མེད་པའི་བཙན་བྱོལ་བོད་གཞུང་ཁོ་ན་རེད།
བོན་པོ་ཁ་སྟབས་འདི་ལྟ་བུར་གྱུར་པ་དེ་ནང་པའི་བསྟན་པ་ཕྱོགས་བཅུར་དར་བ་འདི་དང་འབྲེལ་བ་ཡོད་སྟབས། ད་ལྟ་དང་མ་འོངས་པར་བོན་པོར་རོགས་སྐྱོར་དང་མགོན་སྐྱབས་བྱ་རྒྱུ་དེ་བན་དེའི་འཁུར་རེད། ད་མི་རིགས་ཀྱི་ལ་རྒྱ་དང་། བོད་པའི་གདུང་བཞེན་གཡུགས་ཞོག ཐེག་ཆེན་གྱི་རྙིང་རྗེ་དང་། གསང་སྔགས་ཀྱི་རོ་སྙོམས་གཡུག་ཞོག མི་ཕལ་པ་ཞིག་གི་བཟང་སྤྱོད་དང་། མི་ཕལ་པ་ཞིག་གི་ཀུན་སྤྱོད་ལ་བསྟུན་ནས། བན་དེའི་མནར་གཅོད་ཚད་མེད་མྱོང་ཚར་བའི་བོན་པོ་ཚོར་ཏོག་ཙམ་བཟོད་པ་དང་། རྙིང་རྗེ་གྱིས།
བོན་པོ་ཚོས་ནང་པར་ཁ་གཏོང་པ་ཕར་ཞོག བླ་མ་འགའ་ཤས་བསད་ཀྱང་ཅུང་ཧ་ལས་མི་དགོས། རྒྱུ་མཚན་ནི་བོན་པོ་ས་ལ་མ་འགྱེལ་བར་དང་། ལུས་པོའི་རྡོག་རྡོག་ཡོད་ཚད་ལེབ་མོར་མ་འགྱུར་བར་རྡུང་རྡེག་བཏང་ནས་ད་ཆའི་གནས་སྟངས་འདིར་གཏོང་མཁན་ནི་ཐེག་ཆེན་གྱི་ལྟ་སྤྱོད་ངོམས་པའི་ནང་པ་དེ་ཚོ་མིན་ན་སུ་རེད་དམ།
གོང་གི་རྒྱུ་མཚན་ལ་བརྟེན་ནས། བོན་པོ་ཚོས་ནང་པར་འཁོན་སེམས་སྐྱེས་ན་འདི་ལོས་ཡིན། འདིར་ང་ཚོས་བཟོད་པ་མ་བྱེད་རང་བྱེད་རེད། རྒྱུ་མཚན་ནི་ང་ཚོ་ནང་པས་ཁོང་ཚོར་འདི་ལྟ་བུའི་གྱོང་གུན་ཞིག་བཏང་ནས། བོན་རྒྱས་པའི་སྐབས་སུ། འཛམ་གླིང་དབང་དུ་འདུ་མཁན་གྱི་རྒྱལ་ཁབ་སྟག་ཕྲུག་ཞིག་གི་སྐེད་པ་ནང་པ་ཚོས་བཅག་ནས། ཕྱིའི་དགྲ་ངོ་མ་རྒྱ་མར་པོ་ཞེས་པ་ཚང་མས་འཇིགས་པར་བྱེད་པ་འདི་ཡོང་སྐབས། ལྷ་དང་སྲུང་མ་དང་། གུ་རུ་རིན་པོ་ཆེ་དང་ཤུགས་ལྡན་དང་མཚན་ཐོས་པ་དང་འཇིགས་སྣང་སྐྱེས་དགོས་པའི་ནང་པའི་དམག་དཔུང་ཆེན་པོ་དེ་བྲོས་དགོས་ཐུག་པ་རེད། དེའི་རྒྱབ་ལ་དགྲ་གསར་པ་ལས་རྙིང་པ་བརྟན་ཟེར་བའི་འདུ་ཤེས་བཞིན་བོན་པོ་ཚོ་ཡང་རང་ལ་སྡུག་གཅོང་གཏོང་མཁན་གྱི་དགྲ་བན་དེའི་རྗེས་སུ་བྲོས་ཡོང་བ་རེད།
ད་བོན་པོར་རྡུང་རྡེག་གཏོང་དགོས་སམ།
ངས་བལྟས་ན། ང་ཚོ་བོད་པ་རྣམས་འདི་ལྟ་བུའི་རྒྱ་དམར་གྱི་འོག་ལ་སྡུག་གཅོད་མྱོང་དགོས་པ་འདི་གཞན་མིན་པར། ང་ཚོས་བོན་པོར་སྡུག་གཅོད་བཏང་བའི་ལས་ཀྱི་རྣམ་སྨིན་རེད། བོན་པོ་བོད་ལ་དར་བཞིན་པའི་སྒང་ལ་བན་དེས་བཅོམས་པ་རེད། ཁོང་ཚོ་རང་ཡུལ་ཟེར་བ་ཚང་མ་བཞག་ནས་གཞན་ཡུལ་ལ་འགྲོ་དགོས་པ་དང་། ཁོང་ཚོའི་བླ་མ་དང་མཁན་པོ་ཚང་མ་ཕྱོགས་བཅུར་ཁ་འཐོར་ནས། ད་ལྟ་ནང་པ་ཚོས་མྱོང་བ་བཞིན་དེ་ཁོང་ཚོས་ལོ་སྟོང་ཕྲག་མྱངས་ཡོད་ལ་ད་ལྟ་མྱོང་བཞིན་པ་རེད། ད་བོན་པོར་རྙོག་ཁྲ་ཤོད་ཕོད་པ་འདུག་གམ།
ས་སྦར་མཐིལ་གང་ཙམ་མེད་པའི་བོད་པ་ང་ཚོས་རང་གི་ཤ་གཉེན་དང་སྦྱིན་བདག་བོན་པོ་ཚོར་གཏམ་དང་ཚིག་སྐམ་པོའི་རྒྱལ་ཁ་ཞིག་སྤྲོད་མ་ཐུབ་ན། སེམས་ཅན་ཐམས་ཅད་ལ་ཇི་ལྟར་གཅེས་པར་བྱེད་དམ།
ཇི་ལྟར་སློབ་དཔོན་པད་མས། སྔོན་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གང་ཡོང་ད་ལྟའི་ལས་ལ་ལྟོས་གསུངས་དུས། འདི་ལ་མི་གོ་ན་ག་པར་གོའམ།
བོན་པོ་ནི་བན་དེའི་སྦྱིན་བདག་ངོ་མ་དེ་རེད། བན་དེ་དར་སའི་ས་ཆ་འདིའི་གདོད་མའི་བདག་པོ་ནི་བོན་པོ་ཡིན་ལགས།
རྒྱལ་བ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་གཉིས་ཀས་ཁ་བརྡ་གཟིགས་ཀྱི་ཡོད་པ་ཁོང་རྣམ་པའི་ཞབས་ཕྱི་བརྒྱུད་གོ་མྱོང་། དེར་བརྟེན། ད་རེས་རྒྱལ་བ་རྣམ་གཉིས་ནས་ངའི་མཆན་འདི་གཟིགས་ན། བོན་པོ་ཚོའི་འཁོན་སེམས་ཞི་བའི་ཆེད་དུ། ས་ག་ཟླ་བའི་ཚེས་གཉིས་ལ་བོན་པོ་ཚོར་དགོངས་དག་ཐུགས་བདེན་ཟེར་བའི་སེམས་གསོའི་ཉིན་མོ་ཞིག་བརྩི་བཀུར་ཞུ་ཐུབ་ན་བཟང་སྙམ། རྒྱུ་མཚན་ནི་ང་ཚོ་ནང་པ་ཚོས་སྡོམ་པའི་རྐང་པ་གཅིག་ཆག་ན་དེ་གསོ་དགོས་པས། སྡོམ་པའི་རྩ་ལྟུང་ཐམས་ཅད་ཉམས་པའི་ཉེས་སྤྱོད། ཕ་གསད་མ་འཕྲོག་གི་ལས་ཀ་ཚང་མ་བོན་པོར་བྱས་ཟིན་པས་དེ་གསོ་དགོས་ལགས་སམ།
ངེད་བོད་པ་ཚང་གི་ཁྱིམ་བརྒྱུད་དུ་སྐྱེས་པའི་བླུན་པོ་མང་པོ་ཞིག་ད་དུང་གཉིད་ལས་སད་མི་འདུག །
་་་་་་ རྒྱལ་བ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་གཉིས་ཀས་ཁ་བརྡ་གཟིགས་ཀྱི་ཡོད་པ་ཁོང་རྣམ་པའི་ཞབས་ཕྱི་བརྒྱུད་གོ་མྱོང་། དེར་བརྟེན། ་་་་་་་་་
ཤེས་དགོས་པ་ལ་བོན་པོ་ནི་བན་དེ་ཚོའི་སྦྱིན་བདག་ཡིན་ན། བན་དེ་ནི་རྒྱ་གར་དང་རྒྱ་ནག་སོག་པོ་གོར་ཁ་བཅས་ཀྱི་གཡོག་པོ་རེད། གཡོག་ལས་ནི་བོད་མི་རིགས་ཀྱི་རང་རྐྱང་ཐུབ་པའི་རྩ་ཆེའི་རིག་གཞུང་གང་ཡོད་པ་རྣམས་རྩ་མེད་བཟོ་རྒྱུ་དེ་རེད། བོད་རང་གི་རྩ་ཆེའི་རིག་གཞུང་དེ་དག་ཏོག་ཙམ་མེད་པ་བཟོ་ཐུབ་སོང་ན་བན་དེ་གང་ཞིག་ལ་གཡོག་གླ་ཏོག་ཙམ་ཡག་པོ་རགས་ཀྱི་ཡོད་ཚོད་འདུག ། སྐྱིད་སྡུག་མེད་པའི་གཡོག་གླ་དེ་འདྲ་ཞིག་བཟས་ནས་ད་དུང་འཇོན་རབས་ལུང་པ་གང་གླེང་བ་ནི་ངོ་ཚ་མེད་པའི་ཁྱི་ནག་ལས་ཀྱང་སྡུག་བ་ཞིག་མིན་ན་ཅི་ཡིན། ད་དུང་བོད་མི་རིགས་ཀྱི་སྔུན་ལ་གདོང་པ་བསྟན་ནས་འགྲོ་ཕོད་པ་ནི་ཡ་ཆ། །
ངས་ཀྱང་ལོ་ཁ་ཤས་ཤིག་ལ་ཁ་བརྡའི་ནང་དུ་ཞིབ་འཇུག་བྱས་ཡོད། ངས་མགོ་བཙུགས་ནས་ཕར་མི་སུ་དང་གང་ལ་ངན་སྨྲས་བྱས་བཞག་པ་རྩ་བ་ཉིད་ནས་མེད་ཐག་ཆོད་ཡིན། ཡིད་མ་ཆེས་ན་རྩོམ་ཡིག་རེ་རེའི་མཇུག་ཏུ་བྲིས་པའི་མཆན་རྣམས་ཁྲ་ལམ་མེ་ད་ལྟ་ཡང་བསྡད་ཡོད་པ་རེད། མིག་ལྡན་ཡིན་ན་དེ་ཚོ་ཡག་པོ་བྱས་ནས་ལྟོས། དེང་སང་ཧམ་པ་བཤད་ས་མེད་པ་དེ་ཤེས་དགོས། མགོ་ཁྱེད་ཚོས་བཙུགས་བྱུང་ན་མཇུག་ངས་སྐྱེལ་ཐག་ཆོད་ཡིན་ཟེར་ནས་སྔོན་མ་ནས་ཞུས་ཡོད། ཁྱེད་ཚོས་བོན་གྱི་སྟོན་པ་དང་དེའི་བསྟན་པ། སྟོན་པ་དེའི་འཁྲུངས་ཡུལ་དང་རྗེས་འཇུག་གི་སློབ་མ་སོགས། ཡོད་ཚད་ལ་ངན་སྨྲས་ཐུབ་ཚད་དེ་བྱེད་ཆོག་ས་ལ། ངས་ཁྱེད་ཚོའི་དཀྱིལ་དང་འཁོར་ལ་ཟུར་ཟ་ཙམ་ཡང་གླེང་མི་ཆོག་པ་རྒྱལ་འགོང་སུ་ཡི་ལུགས་སྲོལ་ཡིན་ནམ། ལོ་གསུམ་ཟླ་གསུམ་གྱི་དྲེགས་པ་ཅན་ཚོའི་ལུགས་སྲོལ་ཡིན་གྱི་རེད། ཨ་ཙ་མ། །
ཁྱེད་ཚོ་དེ་འདྲ་མི་ཤུགས་དང་དཔུང་ཤུགས་ཡོད་མཁན་ཞིག་ཡིན་ན། གུ་རུ་པད་མའི་སྐུ་འདྲ་ལ་འབར་རྫས་བརྒྱབ་ནས་གཏོར་མཁན་དེ་ཚོ་ལ། དང་པོ་ཡ་ལན་ཞིག་སྤྲོད་མ་ཐུབ་ན་ཁྱི་ནག་ཁྱེད་ཚོ་ནི་ཤི་བའི་རོ་དང་གཅིག་པ་ཡིན། ཤི་རོ་འདི་ཚོས་ཉམས་ཆུང་བོན་པོར་སྡང་སྟངས་འདི་ལ་བལྟས་ན་ནུས་པ་ཞིག་ཡོད་དགོས་བསམ་པ་འདྲ་ཞིག་འདུག ད་བལྟས་བསྡད་ཡོད་དོ། ང་ནི་གུ་རུ་དངོས་གནས་དེ་ལ་མོས་པ་ཏོག་ཙམ་ཡོད་མཁན་དེ་འདྲ་ཡིན། ཅིས་ན་ཁོང་གི་ཡབ་ནི་བླ་ཆེན་པོ་དྲན་པ་ནམ་མཁའ་ཡིན་པས་སོ། གང་ན་གུ་རུ་དར་བའི་སར་དེ་ན་བོན་བསྟན་དར་བར་འདོད་ནའང་མི་ཆོག་པ་མི་འདུག ཐུགས་དམ་ཉམས་ལེན་ནི་བོན་གྱི་རྫོགས་ཆེན་ཡིན་པས་སོ། །
་་་་་་་་་ ང་ནི་གུ་རུ་དངོས་གནས་དེ་ལ་མོས་པ་ཏོག་ཙམ་ཡོད་མཁན་དེ་འདྲ་ཡིན། ཅིས་ན་ཁོང་གི་ཡབ་ནི་བླ་ཆེན་པོ་དྲན་པ་ནམ་མཁའ་ཡིན་པས་སོ། གང་ན་གུ་རུ་དར་བའི་སར་དེ་ན་བོན་བསྟན་དར་བར་འདོད་ནའང་མི་ཆོག་པ་མི་འདུག ཐུགས་དམ་ཉམས་ལེན་ནི་བོན་གྱི་རྫོགས་ཆེན་ཡིན་པས་སོ། ། ་་་་་་་་
་་་་་་ དེང་སང་ཛམ་གླིང་གི་ཐོག་ན་འདུལ་བ་ཟེར་ན་བན་དེའི་བོན་པོའི་རེར། ཚད་མ་ཟེར་ན་བན་དེའི་རེད་དམ་བོན་པོའི་རེད། གསང་སྔགས་ཟེར་ན་བན་དེའི་རེད་དམ་བོན་པོའི་རེད། ཐ་ན་ཆོས་གོས་དང་སྣམ་སྦྱར། བུམ་པ་ཀ་པ་ལི། གཟན་ཤམས་ཐབས་ཙམ་ཞིག་ཡན་ཆད་བརྐུས་ཁྱེར་བྱས་དེ་ད་རིག་ས་མཐོང་ས་ནས་ཚུར་ངོམ་གི་ཡོད་པ་རེད། དེར་བརྟེན་བན་དེས་བོན་པོ་ཨོགཏོར་བ་དང་། བོན་པོས་བན་ཆོས་ཀྱི་བརྒྱ་ཆ་དགུ་བརྐུ་བཤུ་བརྐུ་བསྒྲིགས་བྱས་པ་གཉིས་མགོ་མཉམ་རེད། སུས་སུ་ལ་དགོངས་དག་ཞུ་དགོས་པ་མཐོང་གི་མེད། ་་་་་་
ཆོས་སྲིད་ཟུང་འབྲེལ་དང་། བན་བོན་ཟུང་འབྲེལ་གཉིས་ནི། ད་ཡོད་བོད་ཀྱི་ཟུང་འབྲེལ་རྣམ་གཉིས་ཡིན་པ་འདྲ།
ང་འདི་འདྲ་ཞིག་དྲན་སོང་། སྔོན་མ་རྒྱ་ནག་སྲིལ་བུའི་དུས་སྐབས་ལ། ཅིའུ་རྒྱལ་ཁབ་ཀྱི་རྒྱལ་པོར་ཤིན་དུ་ནས་མི་དགའ་མཁན་གྱི་ནང་གི་བློན་ཆེན་ཞིག་ཡོད། རང་གི་རྒྱལ་པོ་དེ་ལ་ཤ་འཁོན་ལེན་ཆེད། ཁོས་ཅིའུ་རྒྱལ་ཁབ་ཀྱི་རྒྱལ་པོའི་མིང་ཐོག་ནས། ཕྱི་ལ་ཀྲའོ་དང་ཅིན་རྒྱལ་ཁབ་ལ་ཡང་ཡང་བསུན་བཙེར་བཟོས། ནང་ལ་རང་གི་མི་མང་དང་དམག་མིར་སྡུག་གཅོད་ཚད་ལས་བརྒལ་བ་བཏང་། རྗེས་མ་ཀྲའོ་དང་ཅིན་རྒྱལ་ཁབ་གཉིས་ཁ་བསྒྲིལ་ནས། ཅིའུ་རྒྱལ་ཁབ་ལ་དཔུང་འཇུག་བྱེད་སྐབས། ཅིའུ་རྒྱལ་ཁབ་ཀྱི་མི་སེར་དང་དམག་མི་རྣམས་སྔར་ནས་རང་གི་རྒྱལ་པོར་ཞེ་ཁྲལ་ནས་ཡོད་སྟབས། ཀྲའོ་དང་ཅིན་གཉིས་ཀྱིས་ལས་སླ་པོས་བཅོམས་ནས་རྒྱལ་ཁབ་འདི་བཙན་བཟུང་བྱས་པའི་གཏམ་རྒྱུད་ཞིག་གོ་མྱོང་།
འདིར་ཕེབས་མཁན་གྱི་མཆན་པ་འགས། རང་རང་གི་”ཆོས་ལུགས་”ཀྱི་ཞེན་ཁོག་ཡིན་ཚུལ་གྱིས་གཞན་ལ་དགྲ་འཁོན་ཆེན་པོ་བཟོས། ཕ་རོལ་པོར་རང་གི་དད་པ་ཡོད་ཁུལ་བྱེད་པའི་”ཆོས་དང་བླ་མར་”སེམས་གཏིང་ནས་ཞེ་འཁོན་སྐྱེས་པ་བཟོ་བ་འདིའི་དམིགས་ཡུལ་གང་ཡིན་ནམ་སྙམས།
ཀླད་པ་ཡོད་མཁན་ཞིག་ཡིན་ན། ཕ་རོལ་པོའི་མི་མང་རང་གི་ཆོས་དང་བླ་མར་དད་པ་སྐྱེ་ཆེད། རང་གཞན་གྱི་བློ་ལ་འགྲོ་བའི་གཏམ་སྣ་ཚོགས་བཤད་ནས་གྲོགས་འགྲིགས་པར་བྱེད། འདི་ལྟར་མིན་པར། འདིར་ཡོང་མཁན་གྱི་བན་བོན་གཉིས་ཀའི་དམག་མི་ཚོས། གཞན་སེམས་དཀྲུག་གང་ཐུབ་བྱེད་པ་འདིའི་དགོས་པ་ཅི་ཡིན་ནམ་སྙམ་པ་ཡང་ཡང་དྲན།
རྒྱ་གར་གྱི་ནང་པའི་རྫོགས་ཆེན། བོད་ཀྱི་བོན་པོའི་རྫོགས་ཆེན། བོད་ཀྱི་རྙིང་མ་པའི་རྫོགས་ཆེན། ད་དུང་རྫོགས་ཆེན་གསར་པ་འདྲ་ཡང་འོངས་མི་སྲིད་པ་མིན་པ་འདྲ། ནང་ཁུལ་ཁྱད་པར་གང་དང་གང་ཡོད་པ་ངས་ནི། ཤེས་མ་སོང་བས་་་་་་
དཀྲུགས་ཤིང་གི་བདེན་སྨྲ་ལགས། །
ཁྱོད་དེ་འདྲ་བུ་ངར་མ་ཞིག་ཡིན་ན། བུ་དང་བུའི་བར་དུ་སྐད་ཆ་ཤོད་དགོས་པ་རེད། བླ་ཆེན་དཔོན་ཆེན་ཚང་མ་ཁྱོད་ཀྱིས་འདིར་དྲུད་ཡོང་སྟངས་ལ་བལྟས་ན། ཁྱོད་ནི་དོན་གྱིས་ཁོག་སྟོང་འུ་ཐུག་ཐབས་ཟད་ཀྱི་མི་བུ་ཞིག་ཡིན་པ་སྔ་ས་ནས་ཤེས་ཡོད། དེ་སེམས་ལ་ཞོག །
ཐུབ་པའི་དབང་པོས་ཐེག་ཆེན་མ་གསུངས་ཤིང་།། སྔགས་དང་རྫོགས་ཆེན་ཟེར་བ་དེ་བས་ཀྱང་།། དེ་བཞིན་སྟོད་འགག་ལྷམ་དང་ཞྭ་སོགས་ཀྱང་།། བོད་ན་མ་གཏོགས་ནང་པ་གཞན་ལ་མེད།། དེ་ཕྱིར་རྐུན་མ་བདག་པོར་འགྱུར་བ་དང་།། བདག་པོ་རྐུན་མར་འགྱུར་བའི་ཚུལ་འདི་ནི།། དབང་ཡོད་དབང་མེད་ཙམ་གྱི་ཁྱད་པར་ལས།། ལུང་དང་རིགས་པ་སྦྲེལ་བའི་གཏན་ཚིགས་མིན། ཧ་ཧ་ཧ་ཧ
སྟོན་པ་ཤཀྱྰ་ཐུབ་པས།
ཉན་ཐོས་ཆོས་ཚུལ་ཝ་ར་ཎ་སིར་གསུངས། །
ཐེག་ཆེན་ཐོག་མ་བྱ་རྒོད་ཕུང་པོར་གསུངས། །
གསང་སྔགས་གནས་ཡུལ་ངེས་མེད་སོ་སོར་གསུངས། །
ནང་པའི་རྫོགས་ཆེན་དགའ་རབ་རྡོ་རྗེས་གསུངས། །
རྨུ་ཐག་བུ་རྒྱུད་མདོ་རྒྱུད་མདོ་མང་ཀློགས། །
བློ་གཟུ་བོར་གནས་པའི་དྲ་གྲོགས་འགའ་ཞིག་གིས་ཆོས་ལུགས་འཆམ་མཐུན་དགོས་རབས་དང་དུག་ལྔའི་ཆགས་སྡང་བྱེད་པ་མི་ལེགས་ཚུལ་གྱི་དགོངས་འཆར་གནང་བར་རྗེས་སུ་ཡི་རངས་དང་གུས་འདུད་ཞུ་གི་ཡོད། འོན་ཀྱང་རྙིང་མའི་ཕྱོགས་གཏོགས་ཀྱི་དྲ་འདུ་འགའ་ཞིག་གིས་རྟག་ཏུ་བོན་དང་བོན་བསྟན་ལ་ངན་དགུས་སྨོད་པ་བྱེད་ཚུལ་འདི་ལ་ལན་ཞིག་མ་བྲིས་ན་ངན་པ་རྒྱ་ཡན་དུ་འགྲོ་རྒྱུར་རྟེན་དེ་དག་ལ་ལན་འབྲི་དགོས་པ་ཡོང་གི་འདུག དྲ་གྲོགས་bonpo་གསུངས་པ་བཞིན་ངས་ཀྱང་ཕ་རོལ་པོས་ཚིག་མཚོན་གྱི་ས་བོན་མ་བཏབ་བར་གཞན་ལ་དམོད་པའི་གཏམ་འགོ་བརྩམས་པ་ནམ་ཡང་མེད། མ་ཟད་སྔོན་མར་ཁ་བརྡ་དྲ་བདག་ལ་དེ་སྐོར་ལ་སྟངས་འཛིན་ཡག་པོ་གནང་དགོས་པའི་འབོད་སྐུལ་མང་པོར་ཞུས་མྱོངས། འོན་ཀྱང་འབོད་བསྐུལ་དོན་འབྲས་སུ་མ་སོང་བར་རྟེན་འདི་ལྟའི་སྟབས་མི་ལེགས་པ་བྱུང་བ་རེད། འདི་ནའང་གཟིགས་དང་་་་བོན་གྱི་བགྲོ་གླེང་གི་གནས་ཚུལ་ཐུང་ངུ་བཀྲམས་དུས་་་་་ལམ་སེང་དྲ་འབུ་དང་པོ་བདེན་སྨྲའམ་ཨོ་ཉིས་ཅི་ཞིག་དམོད་པའི་ཚིག་མཚོན་བཏབ་མ་སོང་ངམ། མི་བྱེད་དགུ་བྱེད་ཐོག་མར་སུས་བརྩམས་འདུག་གམ། གཏམ་ཨ་ཕས་བཤད་རྒྱུ། མནའ་མས་བཤད་མ་སོང་ངམ། རྐུ་མ་རང་གིས་རྐུས་་་གཞན་ལ་རྐུ་མ་ཟེར་ནས་ས་འཕག་གནམ་འཕག་བྱེད་ཀྱི་མི་འདུག་གམ། མཆེད་ཁུངས་སྟོན་པ་གཅིག་ནས་མཆེད་པའི་ཆོས་རྒྱུད་བཞི་དང་ལྔ་ལས་ཕོ་རོག་དཀར་པོ་
ཐོན་མཁན་སུ་རེད་དམ། ཐེག་པ་དགུ་དང་རྫོགས་ཆེན་མོ་ཕྱྭ་གཡང་འགུག་གཏོ་ཆོག་སོགས་ཆོས་རྒྱུད་གཞན་གསུམ་ལ་མེད་པའི་ཕོ་རོག་དཀར་པོ་དེ་གང་ནས་རྐུས་པ་ཡིན་ནམ། འཇུ་མི་ཕམ་པས་མ་སངས་རྡེལ་མོ་དང་ཞང་ཞུང་ཇུ་ཐིག་གསལ་གསལ་རིག་རིག་ལ་རྐུས་མི་འདུག་གམ ལྷ་བསང་དང་རྒྱགས་བརྔན་ཟེར་བ་སོགས་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཀྱིས་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ལ་ལྷ་གསོལ་མཆོད་བྱེད་པའི་གཏོ་ཆོག་རྣམས་ས་དྷུ་བྷ་བྷས་དམ་ལ་བཏགས་རབས་བཤད་པ་དེ་ཚོ། གནས་ཚང་གཡར་པས་མ་ཚད། གནས་མོར་ཚད་ཚད་བྱས་པ་མིན་ནམ། རྫོགས་ཆེན་གང་ནས་བྱུང་ཚུལ་ངས་གསལ་བཤད་བྱེད་མི་དགོས། ལྡན་མ་སྟོང་དཔོན་ནམ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུས་བརྩམས་པའི། ༼དབུ་མ་ཆོས་ཀྱི་དབྱིངས་རྣམ་པར་འབྱེད་པའི་རབ་ཏུ་བྱེད་པའི་འགྲེལ་བ་སྨྲ་བ་ངན་པའི་ཚང་ཚིང་འཇོམས་པར་བྱེད་པའི་བསྟན་བཅོས་གནམ་ལྕགས་ཀྱི་མེ་ཆ༽ ཞེས་པ་ལས་ཚུལ་གསུམ་རིགས་པའི་སྒོ་ནས་ཀློང་ཆེན་པ་དང་རྙིང་མར་བཀག་པ་མིག་ཡོད་ན་དེ་ཚོར་ལྟོས་དང། ཅི་ཞིག་བཤད་འདུག་ཅི་འདྲ་བྱས་ཏེ་བཀག་འདུག ཨ་མའི་ཕོར་གོག་ལ་བདག་པོ་ཡོད་ན་དེ་དག་གཙང་སེལ་བྱེད་དགོས་པ་མིན་ནམ། རྙིང་མའི་ཕོར་གོག་གཅོག་མཁན་བོན་པོ་རེད་དམ། ཁྱེད་ཚོའི་ཆོས་གྲོགས་རེད་འདུག་ཤེས་ངེས་རེད། ༼དཔེ་དེ་ལས། དེ་ཡང་ཀློང་ཆེན་རབ་འབྱམས་པས། ཧ་ཤང་ལ་ནི་ལྟ་བ་མཐར་ཐུག་དེ་ཡོད་པར་འདོད་དེ། གནས་ལུགས་མཛོད་ལས། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་དབང་གིས་བློར་མ་ཤོང་ཡང་དོན་ལ་དེ་བཞིན་གནས་སོ། ཞེས་རང་གི་ལྟ་བ་དང་ཧ་ཤང་གི་ལྟ་བ་མཚུངས་པར་དངོས་སུ་སྨྲས་སོ། ཞེས་དང། ཆོས་ཉིད་དག་པའི་བར་དོ་མཐོང་བའི་གོལ་ས་ཡི་དམ་ལྷ་ཡི་སྒྱུ་ལུས་དང། རང་བཞིན་སྤྲུལ་སྐུའི་གོལ་ས་ཐེག་པས་བགྲངས་བའི་སངས་རྒྱས་དང། རིག་པ་མངོན་སུམ་ལྟ་བའི་གོལ་ས་ཐེག་པ་བརྒྱད་ཀྱི་སྟོང་ཉིད་རྟོགས་པའི་བློ་ལ་ཟེར་ལུགས་ཀྱི་ལྟ་བ་དང་འབྲས་བུ་ལམ་ཐམས་ཅད་ཀྱི་སྒོ་ནས་རྒྱབ་འགལ་འབའ་ཞིག་ཏུ་རྙིང་རྒྱུད་ཀྱི་དགོངས་པ་གཞན་མགོ་སྐོར་བྱེད་དུ་གྲུབ་འདུག་པའི་ཐེག་པ་ཐུན་མོང་བ་ཟེར་འདུག་ཀྱང། སངས་རྒྱས་དངོས་བསྒྲུབ་བྱེད་ཀྱི་ལམ་ལ་རྙིང་བརྒྱུད་ཀྱི་དགོངས་པ་དེ་ཡིན་ན། གསར་མ་ལ་གཏན་ནས་མེད་པར་གྲུབ་སྟེ། ཤཱཀྱ་ཐུབ་པ་རྒྱལ་བ་རིགས་ལྔ་སོགས་ཞབས་གདན་བྱས་སོ། གསར་མའི་དེ་ཡིན་ན། རྙིང་མ་ལ་སངས་རྒྱས་བསྒྲུབ་པའི་ལམ་མེད་པར་མར་འགོས་སོགས་ཀྱིས་གསུངས་པ་ལྟར་ལེགས་པར་བསྒྲུབ་འདུག་པས་དེ་གཉིས་མཐུན་སྒྲུབ་བྱ་རྒྱུ་ཡོད་ན་འགལ་བ་ལྟག་སྤྲོད་རྣམས་ཀྱང་མཐུན་སྒྲུབ་ཏུ་ཅིའི་ཕྱིར་བྱེད་རྒྱུ་མེད། ༽ ཅེས་གསུངས་པར། ཁྱེད་ཕ་ཙན་དན་སྡོང་པོ་ལ་བུ་ཆུ་ཤིང་རུལ་པ་མིན་ན་ལུང་རིགས་ཀྱིས་ད་བསྒྲུབ་ཤིག རྙིང་མའི་བསྟན་དགྲ་སུ་ཡིན་མིན་དང་བོན་པོས་རྙིང་བསྟན་ལ་གནོད་པ་ཅི་བྱས་ཚུལ་ལུང་རིགས་ཀྱིས་བསྒྲུབ་ཤིག རྐུ་མ་གནོང་ཅན་གྱིས་བདག་པོར་རྐུ་འཛུགས་བྱེད་མི་རན། དེ་ལས་ཁ་བཙུམས་ནས་བསྡད་ན་བསྟན་པ་ལ་ཕན་ཐོགས་ཆེ། ངོས་རང་ཤཱཀྱའི་བསྟན་དང་རྙིང་བསྟན་སོགས་ལ་སྡང་དགོས་མེད་ལ་ནམ་ཡང་སྡང་མི་སྲིད། འོན་ཀྱང་དེ་ཡི་རྗེས་འཇུག་རྐུབ་རལ་ཀླད་སྟོང་དེ་ཚོས་བོན་དང་བོན་བསྟན་ལ་ལག་དམར་ལྟ་བུར་ངོས་འཛིན་གྱིས་བརྗོད་མི་ཤེས་པའི་ངན་དགུས་དམོད་ཚུལ་ལ་ནམ་ཡང་མགོ་གུར་མི་བྱེད་མི་སྲིད་ཅིང་སླར་ཡང་དེ་ཚོར་ལུང་རིགས་ཀྱིས་མེ་ཆར་འཕེན་ངེས་ཡིན།
མགོ་གུར་བྱེད་མི་སྲིད་ཅིང་་་་་ཞེས་པར་བཅོས་རོགས།
བན་དེ་བ་ཟེར་བ་ཁྱོད་དོན་ལ་བོན་པོ་ཞིག་ཡིན་པ་འདྲ། གང་ལྟར་ལོ་རྒྱུས་དང་གཞུང་ལུགས་གང་ལ་སྐོར་ཀྱང་ཁྱོད་ལ་གླགས་ཁེལ་མཁན་ཞིག་དྲ་ལམ་འདིར་དཀོན་སེ་རེད།
ཁྱི་ནག་ཟེར་བ་ཁྱོད་དོན་ལ་ཕྱོགས་ཞེན་ཧ་ལས་པ་ཡོད་མཁན་ཞིག་ཡིན་པ་འདྲ། གང་ལྟར་ལོ་རྒྱུས་སོགས་དཔེ་ཆ་སྣ་ཚོགས་ལ་བལྟ་ཀློག་བྱེད་མྱོང་མཁན་ཞིག་ཡིན་པ་ཐག་གིས་ཆོད།
BONPO་ཟེར་བ་ཁྱོད་དོན་ལ་བན་དེ་ཞིག་ཡིན་པ་འདྲ། གང་ལྟར་བོན་གྱི་གཞུང་ལུགས་སོགས་ལོ་རྒྱུས་སྣ་ཚོགས་ལ་སྤྱན་དཀྱུས་ཡངས་པ་ཞིག་ཡིན་པར་སྙམ།
བདེན་སྨྲ་ཟེར་བ་ཁྱོད་རང་རྐང་མ་ཚུགས་པའི་མི་ཞིག་ཡིན་པ་འདྲ། བཤད་ཚུལ་ཕྱོགས་ཞེན་ཁོ་ནའི་གཏམ་ཙམ་དུ་འཁུམས་པར་འདོད། ཡིན་ན་ཏང་བློ་སྦྱོང་བྱས་ན་རེ་བ་ཆེ།
ཀརྡོ་གཉེར་ཕྱག་པ་ཟེར་བ་ཁྱོད་ཁ་ཕྱོགས་དང་ལྟ་བ་གང་ཡང་མེད་པའི་དབྱེན་ཕྲ་པ་ཞིག་ཡིན་པ་འདྲ། ཡིན་ཡང་ཁོག་རྒྱ་ཏོག་ཙམ་ཡོད་ཡོད་བསམ་བསམ་འདྲ་ཞིག་འདུག
རྨུ་ཐག་གི་བུ་རྒྱུད་ཟེར་བ་ཁྱོད་ཡང་བོན་པོ་ཞིག་ལོས་ཡིན་བསམ་བསམ་ཞིག་རེད། ཆབ་སྲིད་ཀྱི་དོན་ལ་དོ་སྣང་དང་རང་བཙན་སྐོར་་སེམས་ཤུགས་གང་འཚམས་ལོས་ཡོད་བསམ་བསམ་ཞིག་རེད།
དེ་ཙམ་ཡིན། དྲ་གྲོགས་གཞན་རྣམས་ལ་རྗེས་ནས་དཔྱད་ཀྱི་ཡིན། ཏག་ཏག་ཁེད་མེད་ན་དགོངས་དག་ཞུ་ཡ་ཡིན་ལོ།
ནག་མོའི་ཁ་འཛིངས་ནི་ཁ་འཛིངས་རང་རེད། ཁྱོད་ཀྱི་ཁ་དང་ང་ཡི་རྐུབ་ཟེར་བའི་གཏམ་མ་རྟོགས་ལུང་རིགས་ཀྱི་ཚིག་ཟུར་ཙམ་ཀྱང་མོ་ཡི་ཁ་ནས་ཐོན་མི་སྲིད། དང་པོ་༧ གོང་ས་མཆོག་ལ་དད་པ་གུས་ཞབས་ཡོད་མདོག་བསྟན། དེ་རྗེས་༧ གོང་ས་མཆོག་གིས་ངོས་འཛིན་གནང་བའི་༧ རྒྱལ་དབང་ཀརྨ་པའི་སྤྲུལ་སྐུར། ཀརྨ་ནག་རིལ་ནག་མདོག་ཅེས་ཅི་ཞིག་བཤད་མེད་དམ། ཕྱི་རུ་ཞབས་བྲོ་རྒྱབ་པར། ནང་དུ་རྡོག་གྲྭ་བསྒྲིག་རོགས།
ཨ་ཕྱི་ཆོས་སྒྲོན་་་་་དྲིན་ཆེན་མ་་་ངས་ཁྱོད་ལ་དཔྱད་པ་མི་གཏོང་་་་་་་་་་་་་་ཧ་ཧ་་་་་་་་་་་་་་་་་་ཟ་རྒྱུ་བོན་པོ་ཟོས་གོན་རྒྱུ་བོན་པོ་གོན་་་་་ལས་རྒྱུ་འབྲས་་་་་་ཡོད་རེད་བདའ་་་་་་་་་་་་་་་
ཀརྨ་པ་རྒྱལ་བ་རིན་པོ་ཆེ་ཡིས་མ་འདས་སྤྲུལ་སྐུ་རེད་ཟེར་ནས་མྱོ་བྱེད་མ་རྒྱག
ཡང་གཅིག་བཤད་ན། ཨ་ཕྱི་ཁྱོད་རང་ཉོན་ཨང།༼ ཀརྨ་པ་ཞུས་ན་རྒྱལ་བ་རིན་པོ་ཆེ་མ་འདས་སྤྲུལ་སྐུ་འམ། རྒྱལ་བ་རིན་པོ་ཆེའི་རྒྱལ་ཚབ་རེད། ནག་རིལ་དཀར་རིལ་ཇི་ལྟར་བཏགས་ཀྱང་ད་ལྟའི་དུས་འདིར་སུ་ཡིས་ཀྱང་འགྲན་མི་བཟོད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། རྒྱལ་བ་རིན་པོ་ཆེ་ལས་ཀྱང་ལོ་རྒྱུས་རང་བཞིན་བདེན་པ་རེད་ཀོ། ༽
དེའི་སྐུ་གོང་མ། ཀརྨ་ཞྭ་ནག་པའི་སྐུ་འཕྲེང་བརྒྱད་པ་རབ་བྱུང་དགུ་པའི་ནང་འཁྲུངས་པ། ཀརྨ་པ་མི་བསྐྱོད་རྡོ་རྗེས། ༼དེང་སང་གི་རྙིང་མ་པར་གྲགས་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྟོན་པར་མི་འཛིན་ཅིང་བྱང་ཕྱོགས་ཀྱི་ཆོས་རྣ་བས་ཀྱང་ཐོས་མ་མྱོང་བ་དག་ནི་སྤྱིར་ནང་པ་སངས་རྒྱས་པའི་གྲལ་དུ་ཡང་མི་གཏོགས་སོ། ༽ ཞེས་གསུངས་འདུག་པས། ཁྱོད་ཀྱི་སྨྲ་བའི་ལྕེ་ཆད་མེད་ན་དེ་ལ་ལན་འདེབས་གྱིས། ཕོར་གོག་བདག་པོ་རྒྱབ་འདོད་ན་དེ་ཚོར་མནོ་བསམ་གཏོང། བོན་པོས་རྙིང་མ་པ་ནང་པ་མིན་ཚུལ་སོགས་ཀྱི་ཚིག་གཅིག་ཀྱང་བཤད་པ་མ་མཐོང། ད་དུང་གོང་དུ་བྲིས་པའི་ང་ཡི་མཆན་ཨང་་་༤༣ དེའི་ནང་གསལ་༼ ཤཱཀྱ་ཐུབ་པ་རྒྱལ་བ་རིགས་ལྔ་སོགས་ཞབས་གདན་བྱས་སོ།༽ ཞེས་པ་སོགས་ལ་ལན་འདེབས་ཡོད་ན་ལན་འབྲི་རན་ཡོད། ནག་མོའི་ནག་འཛིངས་ཀྱིས་རིགས་པ་སྨྲ་བའི་བ་སྤུ་ཙམ་ཀྱང་གཡོ་འགུལ་བྱེད་མི་ཐུབ། ངས་དྲངས་བའི་ལུང་ཚིག་དེ་ཚོ་ནི་བོན་ལུང་ལས་བྱུང་བ་མིན་པར། ར་ལས་བྱུང་བའི་ར་སྤུ་ལས་བཟོས་པའི་འུར་རྡོ་ཆུ་མིག་དགུ་བསྒྲིལ་དེ་རེད་དོ། ཧ་ཧ་ཧ་ཧ་
དམ་ཆོས་རྒྱ་གར་ཡུལ་ནས་དར་མོད་ཀྱང་།། སྔགས་དང་རྫོགས་ཆེན་བོད་ཡུལ་མ་གཏོགས་མེད།། ཐེག་ཆེན་གསུངས་དང་མ་གསུངས་ནང་འཁྲུག་འདི།། ལོ་ངོ་སྟོང་ཕྲག་རིང་གི་རྩོད་རྙོག་རེད།།
བོད་ཀྱི་དཔེ་གཞུང་གཅིག་པུར་མགོ་འཁོར་ན།། དེ་ནི་དེ་བཞིན་རེད་ཅེས་ཟེར་ལས་ཆེ།། དོན་དུ་གང་དང་གང་ཞིག་གསུངས་ཡོད་མེད།། ནང་པའི་ཡུལ་གྲུ་གཞན་གྱི་དཔེ་ལ་ལྟོས།། བཅོམ་ལྡན་རྒྱལ་པོས་པཱ་ལའི་སྐད་དུ་གསུངས།། ཐེག་ཆེན་ཟེར་བ་ལེགས་སྦྱར་སྐད་ལས་མེད།། འདི་ལ་རྫུན་གྱི་རྒྱན་ཆ་གང་བཏགས་རུང་།། ས་ནི་ས་དང་རྡོ་ནི་རྡོ་ཡིན་ནོ།། ཀརྨ་རྡོ་རྗེའི་ཐུགས་ལ་དེ་ཞོགས་ཤིག
མི་རྗེ་ཚོས་ཆོས་ལུགས་ཀྱི་དོན་དུ་འཛིང་མ་སྡོད། དྲང་པོ་བྱོས། བདེན་པ་ཤོད།
ཁ་ཤས་ཤིག་གིས་བོད་ལུགས་གྲྭ་ཆས་ཀྱི་སྐོར་ལ་བོན་པོའི་ཡིན་དང་བན་དེའི་ཡིན་གླེང་ཁུལ་བྱས་འདུག་མོད། དེ་ཚོ་ལ་འདི་ལྟར་འདྲི་བར་བྱ། མང་པོ་གླེང་དགོས་པ་མི་འདུག བོད་ཀྱི་བླ་ཆེན་གྲྭ་བ་ཡིན་པ་གང་ཞིག་ལ་་་སྟོད་འགག་་་མི་ཚེ་འདི་ལ་མི་གྱོན་མཁན་དེ་སུ་ཡིན་ནམ། བོད་ལུགས་ཀྱི་སྟོད་འགག་འདི་ལ་དེ་འདྲའི་སྐྱོན་འཚང་ཆེན་པོ་གང་འདུག་གམ། ཁ་གསལ་པོ་བྱས་ནས་ལེན་ཁྱེར་ཤོག ངས་འདིར་གུས་ཞབས་མཚོན་བྱེད་དུ་ཁྱེད་ཚང་གི་བླ་མའི་མཚན་ནས་དམར་རྗེན་དུ་སྨོས་མེད་དོ། ལོ་ཟླ་གསུམ་གྱི་དྲེགས་པ་ཅན་ཁྱེད་ཚོ་ཡིན་ན་ཇི་སྙམ་པར་བོན་གྱི་བླ་ཆེན་གྱི་མཚན་དྲངས་འོངས་ནས། འདིར་ཁྱི་ཕྲུག་རྒྱག་ག་ཡོང་གི་འདུག་བ་ངོ་མ་བྱབ་ཆུང་མིན་ན་ཅི་རེད། གུས་ཞབས་དང་འགྲོ་སྟངས་ཟེར་བ་རྩ་བ་ནས་མེད་པའི་རོང་དྲི་ཆིལ་ལེ་བའི་དུམ་བུ་ཞིག་ཡིན་པ་ཐག་ཆོད། །
xxxxxx འོ་ན་བི་མ་མི་ཏྲ་སུ་རེད། བོད་དུ་རྫོགས་ཆེན་སྤེལ་མཁན་གཙོ་བོ་ཞིག་རེད། རྒྱ་གར་དུ་ཡོ་ག་ལ་མཁས་པའི་མི་གསུམ་ཞེས་གྲགས་པའི་ནང་གི་སློབ་དཔོན་སངས་རྒྱས་གསང་བ་སུ་རེད། དེས་འཇམ་དཔལ་མཚན་བརྗོད་རྫོགས་ཆེན་ལྟར་འགྲེལ་བ་རྒྱ་འགྱུར་མ་ད་ལྟ་དངོས་སུ་ཡོད་རེད། དེ་བཞིན་གསར་མའི་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་རྒྱ་གར་ནས་རྙིང་མའི་རྫོགས་ཆེན་གསང་སྙིང་གི་འགྲེལ་བའི་རྒྱ་དཔེ་དངོས་སུ་རག་ནས་རིག་རལ་གྱིས་བསྒྱུར་བ་རེད། མར་པ་ལོ་ཙ་རྒྱ་གར་དུ་ཕྱིན་ནས་ན་རོ་པ་སོགས་བརྟེན་ཏེ་དགྱེས་རྡོར་སོགས་བསྒྱུར་བ་རེད། ད་དུང་དེས་ག་ལ་ཚད། ཀླུ་གྲུབ་ཀྱི་རིམ་ལྔའི་སྐོར་ཟེར་བ་དེ་ཡང་ལོ་ཤས་སྔོན་ནང་པ་མ་ཡིན་པའི་ཚན་རིག་པ་གཞན་གྱིས་འབྲི་མཁན་དེ་རྒྱ་གར་གྱི་དབུ་མའི་སློབ་དཔོན་གྱི་ཀླུ་སྒྲུབ་དེ་ཀ་རང་ཡིན་པར་དཔང་རྟགས་ཁུང་བཙན་གྱི་ཐོག་ནས་ཐག་གཅོད་ཇི་ལྟར་བྱས་འདུག ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སུ་རེད། རྒྱ་གར་གྱི་བི་ཀྲ་མ་ཤི་ལའི་པཎ་ཊི་ཏ་གཙོ་བོ་རེད། བོད་ལ་བསྟན་པ་དག་ཐེར་བྱེད་པར་བོས་པ་རེད། བོས་པ་ལྟར་ཡོང་བ་རེད། ཡོང་ནས་བསྟན་པ་དག་ཐེར་བྱས་པ་རེད། བྱས་ནས་བསྟན་པ་དག་ཐེར་གྱི་བསྟན་བཅོས་བརྩམས་པ་རེད། བརྩམས་པ་དེའི་མིང་ལ་བྱང་ཆུབ་ལམ་སྒྲོན་ཟེར། བྱང་ཆུབ་ལམ་སྒྲོན་གྱི་ནང་ན་སྔགས་ཀྱི་སྐོར་ཙམ་མ་ཟད་སྔགས་ཀྱི་དབང་བཞི་པ་ཚུན་ཆད་ཀྱི་དོན་ག་ཚོད་ཅིག་གསུངས་འདུག
ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་བོད་ལ་ཕེབས་དུས་སྔགས་ཀྱི་རྒྱུད་སྡེ་མང་པོའི་འགྱུར་ལ་ཞུ་དག་ག་འདྲ་བཏང་འདུག ད་དུང་བན་དེའི་བསྟན་འགྱུར་ཁྲོད་ན་སྔགས་དང་རྫོགས་ཆེན་གྱི་པོ་ཏི་རྒྱ་གར་གྱི་པཎ་ཊི་ཏ་རེ་དང་བོད་ཀྱི་ལོ་ཙ་བ་རེས་བསྒྱུར་བ་ག་ཚོད་འདུག དེ་ཚོ་བཀའ་ནས་བཀའ་ལ་བརྒྱུད་དེ་ཡོང་བ་རེད་མ་གཏོགས། ཁྱེད་ཚོ་བོན་པོ་ཚོའི་བཀའ་བརྟེན་ལྟར། སྔར་མེད་པ་ཞིག་ཉི་མ་ཞིག་ལ་ཧོབ་ཏེ་ག་ཤེད་ཅིག་ནས་གཏེར་བླངས་ཡོང་བ་མ་རེད།
ད་འོ་ན་རྒྱ་གར་དུ་དར་མྱོང་བའི་སྔགས་རྫོགས་ཡོངས་རྫོགས་ཞང་ཞུང་ནས་ཡར་རྒྱ་གར་ལ་དར། དེ་ནས་བོད་ལ་ཕྱིར་དར་བ་རེད་ཟེར་རྒྱུ་ཡིན་ནམ། xxxx ཡང་ན་ད་སྐབས་བན་དེའི་བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་ན་ཡོད་པའི་སྔགས་རྫོགས་ཀྱི་པོ་ཏི་ཡོངས་རྫོགས་ཀྱི་འགྱུར་བྱང་རྣམས་རྫུན་རེད་ཟེར་རྒྱུ་ཡིན་ནམ། xxxxx
བདེན་སྨྲ་ལགས།
བོད་པའི་གྲྭ་ཆས་འདི་བན་དྷི་བས་བོན་པོའི་རྩ་ནས་བརྐུས་པ་ཡིན་ས་རེད་བསམས་བསམས་ཤིག་རེད་འདུག བན་དྷི་བའི་འདུལ་བ་མཛད་པ་པོ་སློབ་དཔོན་ཡོན་ཏན་འོད་དང་ཤྭཀྱ་འོད་མ་རེད་པེ། སློབ་དཔོན་འདི་གཉིས་ཀྱི་གྱོན་པའི་གྲྭ་ཚས་ནི་བོད་པའི་གྲྭ་ཆས་དང་རྩ་བ་ནས་འདྲ་གི་མིན་འདུག གྲྭ་ཆས་ཀྱི་འགྲོ་ལུགས་འགྲོ་སྟངས་བཟོ་མཁན་སློབ་དཔོན་ཡོན་ཏན་འོད་དང་ཤྭཀྱ་འོད་གཉིས་ཀྱིས་བོད་པའི་གྲྭ་ཆས་ལྟ་བུ་མ་གྱོན་པ་གང་རེད་དམ། xxxx
སློན་དཔོན་ཡོན་ཏན་འོད་ཀྱི་འདྲ་དཔར་འདི་ལ་གཟིགས https://www.google.ch/search?q=%E0%BD%A1%E0%BD%BC%E0%BD%93%E0%BC%8B%E0%BD%8F%E0%BD%93%E0%BC%8B%E0%BD%A0%E0%BD%BC%E0%BD%91%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%A4%E0%BD%B1%E0%BD%80%E0%BE%B1%E0%BC%8B%E0%BD%A0%E0%BD%BC%E0%BD%91%E0%BC%8B&source=lnms&tbm=isch&sa=X&ei=sZpnU5uwEezT7AbiqIA4&ved=0CAYQ_AUoAQ&biw=1366&bih=641#facrc=_&imgrc=WPJQwK29lfMxfM%253A%3BAraY4WR11_Yo1M%3Bhttp%253A%252F%252Fwww.tibetswiss.ch%252Ftl_files%252Fcontent%252Fimages%252Fgyendug_chonyi%252Fyontenwoe.jpg%3Bhttp%253A%252F%252Fwww.tibetswiss.ch%252Fgyen-duk-chok-nyi-bo.html%3B200%3B250
དབུ་མ་དང་ཕར་ཕྱིན། ཚད་མ་རྣམ་འགྲེལ་སོགས་རྒྱ་གར་བའི་སློབ་དཔོན་ཚོས་བརྩམས་པ་ཡིན་ན་་མ་དཔེ་ག་པ་ཡོད་དམ། སྟོན་གྱི་ཡོད་པེ། བཀའ་བསྟན་འགྱུར་པོ་ཏི་མང་པོ་དེ་དག་བོད་སྒྱུར་བྱས་པ་ཡིན་ན་མ་དཔེ་དགོས་པ་རེད། མ་དཔེ་སྟོན་གྱི་མེད་ན་རྐུན་རྒྱུ་འདྲ་པོ་མ་རེད་དམ། ལེགས་སྦྱར་གྱི་ཡིག་ཐོག་ཏུ་བྲིས་ཡོད་པར་མཐོང་མྱངས་ཡོད་དམ།
xx ལུང་དང་རིགས་པས་བསྒྲུབ་བྱེད་མི་ནུས་དུས་xxxxགླུན་རྟགས་བསྟན་པ་རེད། དགེ་འདུན་ཆོས་འཕེལ་ཐེངས་གཅིག་དྲན་བྱུང། ༼སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན། དེ་མི་བསླུ་བར་ནི་ཀླུ་སྒྲུབ་ལས་སོགས་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཐག་བཅད་དོ་ཟེར། འོ་ན་ཀླུ་སྒྲུབ་མི་བསླུ་བར་སུས་ཐག་བཅད། དེ་ནི་རྗེ་བླ་མས་ཐག་བཅད་དོ་ཟེར། འོ་ན་རྗེ་བླ་མ་མི་བསླུ་བར་སུས་ཤེས། དེ་ནི་ཁོ་བོ་ཅག་གི་བཀའ་དྲིན་མཚུངས་མེད་བླ་མ་དམ་པ་ཆེ་གེ་མོས་ཐག་བཅད་དོ་ཞེ་ན། འོ་ན་ཁྱོད་བླ་མ་དམ་པ་ལ་བརྟེན་ནས་མི་བསླུ་བ་ནི་ཁྱོད་རང་གི་བློས་ཐག་བཅད་པར་འདུག་པས། དོན་ལ་སེང་གེའི་དཔང་པོ་ལ་སྟག སྟག་གི་དཔང་པོ་ལ་གཡག དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་བ། བྱི་བའི་དཔང་པོ་ལ་འབུ་བཙུགས་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་བྱེད་པར་འདུག ༽ ཅེས་གསུངས་པ་དེའི་གདུལ་བར་བྱ་བའི་མི་བུ་ཆེ་གེ་མོ་དེ་ཁྱོད་ཡིན་པར་ངེས་སོ། གནམ་ཡིག་ཟེར་ནའང་འདྲ་ལུང་བསྟན་ཟེར་ནའང་འདྲ་བདེན་བདེན་གྱི་སྐབས་ལ་བབས་པའི་གཏམ་མོ། བོན་གྱི་བླ་ཆེན་གྱི་མཚན་ནས་སྨོས་ནས་དམའ་འབེབས་བྱེད་པ་འདི་ལ་་་་་་་་ཁ་བརྡའི་དྲ་བདག་ནས་དགོངས་པ་ཞིག་བཞེས་རོགས་ཡང་ནས་ཡང་དུ་བཤད་སོང། དེ་ལྟར་སྟངས་འཛིན་མེད་ན་་་་་ཁོ་ཡི་བླ་ཆེན་དེ་ཚོའི་མིང་ནས་སྨོས་ནས་སྔུན་ལོའི་རྒྱལ་མཚན་འཕྱར་ངེས་ཡིན། xxxxxx
བདེན་སྨྲ་ཡ་བདེན་སྨྲ། ད་ཁྱོད་ཀྱིས་གོ་ལོ་ཐོས་ལོ་ཚང་མ་ཁྱེར་ཡོང་ནས་གང་བྱེད། མདོར་ན་བཅོམ་ལྡན་འདས་ཀྱི་རང་སྐད་དེ་པཱ་ལའི་སྐད་ཐོག་ལ་ཐེག་ཆེན་དང་སྔགས་རྫོགས་ཆེན་སོགས་ཨེ་ཡོད། དེ་མེད་ན་ཅིའི་ཕྱིར་མེད་པ་རེད། ཕྱིས་སུ་བྱུང་བའི་བོད་པ་འགའ་རེས་འདི་རྒྱ་དཔེ་དེ་ནས་བསྒྱུར་བ་ཡིན་ཟེར་བ་སོགས་བོད་རྒན་རྣམས་བསླུ་བདེ་བའི་ཆེད་དང་བོན་ཝ་དཔེ་བརྐུས་པའི་ཁུངས་འགེབ་པའ་ཆེད་དུ་བྲིས་པ་མང་པོ་ཡོད་པ་རེད། དེ་ཚོ་ནི་ཁྱི་ཡི་དཔང་པོར་ཞི་མི་བཞག་པ་དང་འདྲ་བོ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་བཎྡེ་ནང་ཁུལ་དུའང་རྫོགས་ཆེན་ལ་དགག་པ་བརྒྱབ་སྟེ་རྙིང་མའི་སྒེར་ཆོས་ལྟ་བུ་བརྩི་བཞིན་པ་ཡོངས་གྲགས་རེད། ཤ་གཟུགས་བཟའ་རྐྱང་མ་བྱེད་རྒྱུ་མཚན་ཚོལ། ཨེ་གོ་ཐལ། ཧ་ཧ་ཧ
མང་པོ་བཤད་རྒྱུ་མེད་གང་ལྟར་ལུང་རིག་གི་བགྲོ་གླེང་བྱེད་སར་བརྒྱ་ཕ་ཤ་དང་། སྟོང་མ་ཁྲག་ཟེར་ཞིང་། བསྟན་པའི་བདག་པོ་བླ་ཆེན་དང་སྐྱེས་ཆེན་ཞལ་བཞུགས་དེ་ཚོའི་མཚན་ནས་སྨོས་ཏེ་གཞི་མེད་ཀྱི་ངན་སྨྲས་དང་ཁྱད་གསོད་མ་གནང་རོགས། གལ་ཏེ་ཚོད་མཚམས་མེད་ན་ཁ་བརྡའི་དྲ་བདག་བརྒྱུད་དེ་བརྩད་གཅོད་བྱ་ངེས་ཡིན། དེ་དུས་ཁ་བརྡའི་དྲ་བདག་གིས་མ་ཤེས་དང་མ་གོ་མདོག་མདོག་བྱས་སོང་ན་འགན་ཁྱེད་ཚོས་ཁུར། དེ་ཁ་སྟོང་ནང་གི་ཚིག་སྟོང་མིན། གཞན་དག་ཡིན་ལུགས་ཚུལ་ལྡན་གྱི་སྒོ་ནས་བོན་བན་གྱི་ལྟ་གྲུབ་དང་བྱུང་རིམ་སྐོར་བགྲོ་གླེང་གནང་དང་ཡི་རངས་ཡོད།
ཕ་ཙོང་ཁ་པས་རྙིང་མར་ཅི་ཞིག་གསུངས་འདུག ལེགས་ན་བསམ་གཏན་གྱི་གནས་སུ་སྐྱེ་བྱེད་དང། ཉེས་ན་བྱོལ་སོང་གི་གནས་སུ་སྐྱེ་བར་བྱེད་པ་བཤད་མི་འདུག་གམ། དེའི་གོ་དོན་ནི་ཁྱོད་ཀྱི་ཕ་ཆོས་རྫོགས་པ་ཆེན་པོའི་ལྟ་སྒོམ་ཉམས་སུ་བླངས་ན་ཡོང་རྒྱུ་དེ་ལས་མེད་པར་བཤད་པ་རེད། ངས་ལན་དེ་ཀས་ཆོག་པ་ཡིན། གོང་དུ་ངས་ལུང་ཚིག་དུམ་བུ་འགའ་ཞིག་དང་བཅས་ཏེ་བན་དེའི་ཁ་འཛིན་པ་ཚོར་དྲི་བ་བཀོད་ཡོད་པས་དེ་ཚོར་ལན་ཁྱེར་ཤོག ཡང་སྐྱག་པ་དང་རྐུབ་ཟེར་ནས་རྒྱོ་དགའ་བའི་གཏམ་དེ་ལས་མེད་ན་ལན་རྒྱབ་མ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡིན། རྐུན་མ་རྐུ་མ་ཤེས་ནས་་་་རིན་ཆེན་གཏེར་མཛོད་ཀྱི་ནང་དུ་བོན་དཔེ་འགའ་ཞིག་རང་སར་བཞག་འདུག ད་དུང་ཆོས་ཟེར་སར་བོན་ཟེར་ནས་ཅིག་བཤད་ཁུལ་བྱེད། བོན་ཟེར་སར་ཆོས་ཟེར་མེད་དམ། བོད་ཀྱི་བརྡ་རྙིང་པ་ནས་སྨྱུག་གི་ས་བོན་ལ་ས་བོན་ཞེས་བོད་སྟོད་སྨད་ཀུན་ལ་ཡོངས་སུ་གྲགས་ཀྱང། བན་དེའི་ཀུན་གཞིའི་དཔེ་ཞིག་ཏུ་་་་ས་བོན་ཟེར་སར་ས་ཆོས་ཞེས་བཤད་མི་འདུག་གམ། ཁུངས་དགོས་ན་དཔེ་དང་དཔེ་མིང་དཔར་སྐྲུན་སོགས་དེབ་ཨང་དང་བཅས་པར་བཀོད་ཆོག། ཆོས་ཞེས་པ་ནི་བོད་སྐད་རྣལ་མར་་་་འཆོས་ཞེས་པའི་སྐུལ་ཚིག་སྟེ། ད་ལྟ་བར། འཆོས་པ། འདས་པར། བཅོས་པ། མ་འོངས་པར། བཅོས་པ། སྐུལ་ཚིག་ལ། ཆོས། ཞེས་བཤད་པས་དེས་ན་ཆོས་ཞེས་པ་བོན་ཅེས་པ་དང་མི་འདྲ་བར་་་་བཅོས་པའི་དོན་ཡིན་པས། དོན་ལའང་དེ་ལྟར་གནས་པ་སྟེ། བོན་ལས་བཅོས་པས་ན་ཆོས་ཞེས་པའོ། ད་རྐུན་མ་སུ་རེད་འདུག་གམ། ཧཧཧཧཧ འདི་ཡང་ར་སྤུ་ལས་བཟོས་པའི་འུར་རྡོ་ཡིན་ར་མགོ་ར་རྐང་བཅག་ཀྱང་རང་གིས་ཉོས་པ་ཡིན་ནོ།
རྣམ་དཔྱོད་མཁའ་ལྟར་ཡངས་པའི་དྲ་གྲོགས་ཚོ། ངས་འདི་ནས་ཤཀྱའི་དགེ་སློང་བཀྲུས་ན་མ་དག་པ་དག་གིས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བྱས་པའི་ལུང་ཚིག་ཁག་གཅིག་བསྐྱར་འདྲེན་བྱ་རྒྱུ་ཡིན་པས་ཚང་མས་དགོངས་ཚུལ་གསུངས་རོགས། ‘‘མར་པ་དོ་པས། རྡོ་རྗེ་མཁའ་ལྡིང་གི་ཆོ་གའི་སྒྲུབ་པ་ལ། རྒྱ་གར་སྐད་ཐོག་པ་བརྒྱ་རྩ་བརྒྱད་པ་ཡོད་པ་སྐད་ཟེར་བ་རྣམས་ལོཙྪ་བ་ཁོ་རང་བྱས་པ་ཡིན་ནོ། རྗེ་མར་པ་ལྷོ་བྲག་པ་ལ་སྨྲ་ཞིང་། མར་དོ་གཉིས་ཀྱིས་ན་རོ་ཆོས་དྲུག་རྩ་རྒྱུད་ཀྱི་ཁུངས་ལ་བརྟེན་ཏེ་བརྩམས་པ་ལས་བདེ་མཆོག་སྙན་རྒྱུད་ཅེས་བྱ་བ་དང་། བྱ་རོག་མ་ལ་རྒྱ་གར་གྱི་ཆོས་ཀླུ་གྲུབ་ཀྱི་རྐང་པ་རྒྱད་དང་། བླ་མ་ཙ་མིས་མཛད་པའི་བསྟོད་ལས་མེད་ཀྱང་གུར་མགོན་ལ་བསྒྲེས་ནས་མངོན་རྟོགས་དང་། གཏོར་མ་བཏང་ཐབས་རེ་བླ་མ་ཙ་མིས་ཞུས་ཤིང་། སོ་སོ་རང་རང་གིས་ཡིག་ཚུང་རེ་བྱས་ནས་ཀླུ་གྲུབ་ལ་ཁུངས་ཕྱུང་བ་ཤ་སྟག་སྟེ། མདོར་ན་རྒྱུད་སྒྲུབ་ཐབས་ཐམས་ཅད་བོད་མ་ཡིན་པ་གཅིག་ཀྱང་མེད་དོ།’’ཞེས་དང་། ཡང་‘‘ཕྱིས་བཅོམ་ལྡན་རིག་རལ་གྱིས་ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་ནས་གནོད་སྦྱིན་མཐའ་ཡས་བྱུང་བ་ལ་བརྟེན་ནས། མདོ་ཁམས་ཡན་ཆད་ལྷོ་མོན་གྱི་མཐའ་ཚུན་ཆད་ནས། བཀའ་དང་བསྟན་བཅོས་བོད་ལ་སྣང་ངོ་ཅོག གསང་སྔགས་གསར་རྙིང་གང་རྙེད་དང་བཅས་ཐམས་ཅད་བསྡུས་ནས་དག་དང་མ་དག་སོ་སོར་ཕྱེས་ཞིང་། རྒྱུད་འབུམ་འབུམ་དང་། བཀའ་འགྱུར་དང་བསྟན་འགྱུར་རྣམས་སྡེ་ཚན་དུ་བསྡོམས་པའི་དཀར་ཆགས་དང་། དེ་བཞིན་དབུས་པ་བློ་གསལ་གྱི་དཀར་ཆག་དང་། བུ་སྟོན་རིན་པོ་ཆེའི་དཀར་ཆག་དང་། ཇོ་ནང་པའི་རྒྱུད་འབུམ་དཀར་ཆག་རྣམ་ནའང་། རྫོགས་ཆེན་གྱི་རྒྱུད་ལ་སོགས་པ་འདི་རྣམས་ཐེ་ཚོམ་གྱི་གཞིར་འདུག་པས་བཏང་སྙོམས་སུ་བཞག་གསུངས་ནས་རྒྱུད་འབུམ་དང་། བཀའ་འགྱུར་དང་། བསྟན་འགྱུར་ལ་སོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་གྲལ་ནས་ཁྱི་བཞིན་འདོར་མཛད་འདུག་’’ཅེས་དང་། ཡང་‘‘རྒྱུད་དེ་རྣམས་ལ་བརྟེན་ནས་རྟོག་དཔྱོད་ཞུགས་པ་རྣམས་ལ་རྫུན་གྱི་རྒྱུད་གཞུང་འདི་ཐམས་ཅད་ལ་ཡང་སྐད་དོད་ནོར་བ་དང་། སྐད་དོད་མ་ཤེས་ནས་བོད་སྐད་དུ་བསྲེས་པ་དང་། རྒྱ་སྐད་ལ་བོད་སྐད་ཀྱི་ཉིད་རྒྱུར་བཏགས་པ་དང་། ཨ་ཏེ་ལ་བརྟེན་པ་ཡ་ཏེ་དང་། སྤྱི་ཏེ་ལྟ་བུ་ལ་སོགས་པའི་ཚིག་གི་ནོར་བ་མཐའ་ཡས་པར་སྣང་བས་རྒྱ་གར་གྱི་ཡུལ་ནས་མ་བྱུང་བར་ངེས་ཤེས་ཐོབ།’’ ཞེས་པ་ནས། ‘‘མཁས་གྲུབ་དམ་པ་རྣམས་ཀྱི་བསྟན་བཅོས་མ་བྱིན་པ་དང་། ཨོ་རྒྱན་པདྨ་དང་། བི་མ་ལ་མི་ཏྲ་ལྟ་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྒྱུར་མ་ཡིན་པར་ཐག་ཆོད་’’ཅེས་ཞེས་སོགས་རྒྱུད་དང་སྒྲུབ་ཐབས་གསང་སྔགས་ལམ་འབྲས་ཀྱི་ཆོས་ཐམས་ཅད་བོད་དུ་བརྩམས་པར་བཤད་འདུག་པ་པ་མ་ཟད།
རེད་མདའ་བས།
‘‘དུས་ཀྱི་འཁོར་ལོ་ལ་སོགས་ས་བཅུ་ཡི།།
དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ནའང་།།
རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང་།།
རྩ་བའི་རྒྱུད་ལ་ཨེ་ཝཾ་ཡིག་གཉིས་མེད།།
བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་།།
གང་གིས་བླངས་པའི་ཁུངས་ཀྱང་མི་སྣང་ན།།
འཆོལ་མའི་བུ་བཞིན་འདི་ལ་སུ་ཡིད་གཏད།།’’ཅེས་དང་།།
‘‘དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན།།
ཤམ་བྷ་ལ་ཡི་རིགས་ལྡན་ལ་སོགས་རྣམས།།
བསྒྲུབ་བྱ་ཡིན་གྱི་ཁྱེད་ཀྱི་སྒྲུབ་བྱེད་མིན།།’’ཞེས་ཐུབ་བསྟན་པ་ལ་མཚོན་ན། གསང་སྔགས་ནས་བཤད་པའི་རྩ་རླུང་ཐིག་གསུམ་གྱི་སྐོར་གྲ་རྒྱས་ཤོས་སུ་གྱུར་པའི་དུས་འཁོར་ཀྱི་ཁུངས་མ་རྙེད་པ་དང་།
‘‘གཞུང་གཡུང་སྟོན་རྡོ་རྗེ་དཔལ་ཞེས་པས།།
འཕང་མེད་གསེར་གྱི་མེ་ཏོག་དང་།།
གསང་བ་སྙིང་པོའི་རྒྱ་དཔེར་བཅས།།
བུ་སྟོན་རིན་ཆེན་གྲུབ་ལ་ཕུལ།།
འགྱུར་ཆོས་མཛད་ཅིང་རྒྱུད་འབུམ་དུ།།
བཞུགས་པར་གསོལ་བ་བཏབས་པའི་ཚེ།།
རྒྱ་དཔེ་རྫུན་མར་ངེས་རིག་ནས།།
གསོལ་བས་གསན་དུ་བཞེད་དོ།།’’ཞེས་བཤད་པར་གཞིགས་ན་དེ་དུས་རྒྱ་དཔེ་ཕལ་ཆེར་རྫུན་མ་ངེས་ཤིང་།
“སྡེ་སྣོད་གསུམ་དུ་མ་བསྡུས་དང་།
ལམ་གཞན་ཉེ་བར་སྟོན་ཕྱིར་དང་།
ཐེག་ཆེན་སངས་རྒྱས་གསུང་མ་ཡིན།
རིག་བྱེད་མཐའ་ཡི་ལྟ་བ་བཞིན།།” ཞེས་ཤཀྱ་ཐུབ་ཀྱི་གསུངས་མིན་གསལ་བར་བསྟན་ཞིང་།
“རྫོགས་པ་ཆེན་པོའི་ཆོས་སམ་དེ།
རྒྱ་གར་ཡུལ་འདིར་མིང་ཡང་མེད།
ཆོས་མིན་བསྟན་པ་ཡིན་ནོ་གསུངས།” ཞེས་དང་ཡང་།
“རྫོགས་པ་ཆེན་པོའི་རྒྱུད་གཞུང་ལ།
ཕྱག་རྒྱ་གསུམ་དང་བསླབ་གསུམ་ཡོད།
དེ་དག་བོན་པོའི་གཞུང་ལའང་ཡོད།
འོང་ཀྱང་ཚིག་དོན་ནོར་བ་མང་།”ཞེས་བོན་ལས་ཤུས་པའི་ཚུལ་གསུངས་ཤིང་།
“ཟོང་དུ་བོང་ཤ་འཚོང་བ་ལ།
རི་དྭགས་རྔ་མ་བསྟན་དང་མཚུངས།
སངས་རྒྱས་གསུང་རབ་མ་ཡིན་ཞེས།
བློ་དང་ལྡན་པས་འཕྲལ་དུ་ཤེས།” ཞེས་དང།
“སངས་རྒྱས་པ་ལ་བཞི་པ་དང་།
ལྔ་པ་ཐུབ་པའི་དགོངས་པ་མིན།” ཞེས་དང་ཡང་།
“སྤྱིར་ན་གསར་རྙིང་གཉིས་ཀ་ལ།
རྫུན་རྒྱུད་ཡོད་པར་གྲགས་མོད་ཀྱི།” ཞེས་སོགས་དང་།
“བོད་འདིར་རྫོགས་པ་ཆེན་པོ་བྱ་བ་དང་གསང་སྔགས་སོགས་མིང་གིས་བཏགས་པ། རྒྱ་གར་ལ་ཁུངས་བཙལ་ཞིང་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨ། བི་མ་མི་ཏྲ་སོགས་ལ་རྫུན་ཁག་བཀལ་ནས་རང་བཟོས་བྱས་པའི་རྒྱུད་དང་གཞུང་མང་པོ་བྱུང་བ་དེ་ཡང་རང་དགར་གྱུར་ཅིང་འགོག་མཁན་མེད་པ་དང་།” ཞེས་པ་དང་། ད་དུང་བེེ་རོ་ཙ་ནས་རྒྱ་གར་ཁུངས་བཙལ་ནས་རྫོགས་པ་སྤྱི་གཅོད་དང་རིག་པ་ཁུ་བྱུག་སོགས་སེམས་ཕྱོགས་ཀྱི་ཆོས་འགའ་ཞིག་བརྩམས་ཚུལ་དང་། དེ་བཞིན་“འགྲེལ་པ་དང་སྒྲུབ་སྐོར་སོགས་བོད་ཀྱིས་བྱས་པ་རྒྱ་གཞུང་ལ་སྙད་བཏགས་པ་”མང་ཚུལ་དང་། ཇོ་རྗེ་བོད་དུ་ཕེབས་དུས་སྔོན་ཆད་རྒྱ་གར་ན་དར་མ་མྱོང་བའི་ཆོས་ཟབ་མོ་འདི་འདྲ་འདུག་ཅེས་ཧ་ལས་ནས་དཔེ་རྒྱ་གར་བསྐུར་ཚུལ་གསལ་བ་དང་།
དེ་མིན་གཞན་ཡང་མཁར་རྨེའུ་བསམ་གཏན་གྱིས་“བན་དེའི་རྫོགས་ཆེན་གྱི་ཁུངས་བོན་ལ་གཏུགས་ཡོད་པ་ཡོངས་གྲགས་ཡིན། ཞེས་དང་། རྙིང་མའི་ཐེག་དགུའི་བཤད་ཚུལ་དེ་བོན་ཁུངས་ལ་གཏུགས་ཡོད་པས་ཡིན།”ཞེས་བཤད་པ་སོགས་ནི་དཔྱད་གཞི་ཙམ་དུའོ། ཧ་ཧ་ཧ།
ཨ་ཕྱི་ཆོས་སྒྲོན་ལགས་བདེ་མོ་་་་ཧ་ཧ་ཧ་་་་་་་་་་་་་་་་་་་ད་ཤོད་དང་་་་ཅི་རེད་སོང་་་་་རྣམ་དཔྱོད་ལྡན་པ་བན་དེ་བས་ཅི་གསུངས་སོང་ཞིབ་ཀློག་གནང་དང་་་་་
མ་གཞི་ངས་བཤད་ཟིན་པ་ཁྱོད་་་བོན་པོ་ཁ་ལ་ཟོས་རྒྱབ་ལ་གོན་་་ཁ་ནས་ད་རུང་བོན་པོ་ཚང་ལ་ཅིག་ཅིག་་་མུག་མུག་་་་ཟེར་དང་ཧོམ་ཁུང་ནང་ལ་ཛ་ཁུག་ལབ་ཡོང་་་་
གོང་དུ་དྲ་གྲོགས་རེས་འགས་༼བསྟན་པའི་བདག་པོ་བླ་ཆེན་དང་སྐྱེས་ཆེན་ཞལ་བཞུགས་དེ་ཚོའི་མཚན་ནས་སྨོས་ཏེ་གཞི་མེད་ཀྱི་ངན་སྨྲས་དང་ཁྱད་གསོད་མ་གནང་རོགས། གལ་ཏེ་ཚོད་མཚམས་མེད་ན་ཁ་བརྡའི་དྲ་བདག་བརྒྱུད་དེ་བརྩད་གཅོད་བྱ་ངེས་ཡིན།དེ་དུས་ཁ་བརྡའི་དྲ་བདག་གིས་མ་ཤེས་དང་མ་གོ་མདོག་མདོག་བྱས་སོང་ན་འགན་ཁྱེད་ཚོས་ཁུར། དེ་ཁ་སྟོང་ནང་གི་ཚིག་སྟོང་མིན།
གཞན་དག་ཡིན་ལུགས་ཚུལ་ལྡན་གྱི་སྒོ་ནས་བོན་བན་གྱི་ལྟ་གྲུབ་དང་བྱུང་རིམ་སྐོར་བགྲོ་གླེང་གནང་དང་ཡི་རངས་ཡོད།༽གསུངས་པ་དེ་ག་རེད། འདིའི་སྐོར་དྲ་འབུ་དང་དྲ་བདག་ཀུན་གྱིས་ཆུ་མ་བཞུར་ཡུལ་བ་རྒྱང་བཀག་བྱ་དགོས། དེ་མིན་འདྲ་མིན་གནས་ཚུལ་མི་ལྷག་པའི་ངེས་པ་མེད་པས་ཤེས་པར་གྱིས།
ཨོ་རྒྱན་ཆེན་པོའི་ཞལ་ནས། ཐ་སྙད་ཚིགས་ལ་མཁས་ན་མཁས་པ་མིན།
མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། ཅེས་དང། ཡང་རྗེ་བཙུན་མི་ལས་
རང་གི་རང་ལ་ཁྲེལ་མི་དགོས་པ་དེ་ང་ཡི་ལུགས་ཡིན། ཞེས་གསུངས་པའི་
དོན་ལ་ཐུགས་བསམ་ཞིག་བཞེས་དང་དྲ་གྲོགས་རྣམས། དེ་མིན་བན་བོན་
དང་ཆོས་ལུགས་འཐེན་འཁྱེར་གྱི་རྩོད་པ་དེ་མཐའ་མེད་འཁོར་བ་རུ་འཁྱམས་ཟེར་བ་ཅི་མི་འདྲ།
སྨན་མོ་མཚོ་འམ་སྨན་རིལ་ཚང་གིས་ན་ནིང་བྲིས་ནས་ཁ་བརྡ་དྲྭ་མཆན་བཀོད་ཟིན་པ་ཞིག་ཡང་ཡང་སྐྱར་འགོད་འདུག་པ་དག་སླར་ཟློས་བྱས་ན་ཅི་ཞིག་ཕན་ནམ། དེ་དུས་གཞོན་ནུ་ཟླ་མེད་དང་སྤོབས་པ་མཐའ་ཡས་སོགས་ཀྱིས་ཚར་བཅད་ཟིན། ངོ་ཚ་དང་ཁྲེལ་མེད་པ་དང་དུས་ཚོད་སྟོང་ཟད་མཁན་ལ་ལན་འདེབས་དགོས་པར་ཆེར་མ་སྣང་ཡང་། ཁྱད་པར་ལུང་རིགས་དེ་དག་བོན་མགོ་རྡུང་བའི་ཐོ་བ་ཡིན་པར་ཤེས་ན་དེས་ཆོག་གོ།
བན་དེ་བ་དང་། སྨན་མོ་འཚོ་ཟེར་བ་ཁྱོད་གཉིས་ཅིག་ལབ་རྒྱུ་ཡོད་མཁན་ཞིག་རེད་བཞག དེར་བརྟེན་ཁྱོད་གཉིས་ལ་དགའ་བསུ་དང་བཅས་པའི་སྒོ་ནས་ཞུ་རྒྱུྲར། ཁྱོད་ཚོས་དྲངས་པའི་ལུང་རྣམས་བདེན་པ་རེད། དེ་ཚོ་སྔོན་འབྲི་གུང་བུ་རུ་དཔལ་འཛིན་དང་། འགོས་ཁུག་པ་ལྷས་བཙས་སོགས་ཀྱིས་བྲིས་པ་རེད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཐོག་མར་རྙིང་མའི་རྒྱུད་དགག དེ་ནས་ཡང་སྒྲུབ་ཡོད་རེད། དེ་ཚོ་བཤད་ན་མང་ནི་རེད། བཤད་ཚོད་ཡོད་ཀྱང་འབྲི་ཚོད་མེད་ཀི ཡིན་ན་ཡང་རྩ་བའི་གནད་དོན་དེ། འཇུ་མི་ཕམ་གྱི་བླ་མ་མཁན་པོ་པདྨ་རྡོ་རྗེས། འཁོན་འཛིན་སྙིང་ནད་འབའ་ཞིག་གིས༎ བྲིས་པ་འགོས་ལོས་འབྱམས་ཡིག་དང་ཞེས་པ་ལྟར། འགོས་ཁུག་པ་ལྷས་བཙས་ལོ་ཙ་བ་ཆེན་པོ་ཡིན་པའི་ང་རྒྱལ་ཡོད་ཀྱང་རྙིང་མའི་བསྟན་བདག་ཟུར་ཆུང་ཤེས་རབ་གྲགས་པས་འཇལ་ཁ་མ་གནང་བ་དང་། ཡང་འགོས་ཀྱི་སློབ་མ་མང་པོ་ཞིག་གིས་འགོས་བསྐྱུར་ནས་ཟུར་གྱི་སར་ཆོས་སློབ་ཏུ་ཕྱིན་པའི་སྙིང་ནད་ཀྱིས་རྙིང་ཆོས་ལ་དགག་པ་བརྗོད་པ་བོད་སྤྱི་ལ་རླུང་ལྟར་གྲགས་པ་དེ་རེད། ད་དུང་གོ་མེད་ན་ཁྱོད་ཀྱང་ཕྱོགས་གཅིག་མ་གཏོགས་ཉན་འདོད་མེད་མཁན་ཞིག་ཡིན་ངེས། གང་ལྟར་གོང་དུ་དྲངས་པའི་ལུང་ཐམས་ཅད་དང་། ད་དུང་དེ་ལས་མང་བའི་དགག་པ་བཏང་བ་ཡོད་ཚད་ལ། གཡུང་སྟོན་རྡོ་རྗེ་དཔལ་དང་། མཁས་གྲུབ་སོག་བཟློག་པ། འཇིགས་མེད་གླིང་པའི་དྲིས་ལན་ལུང་རིགས་འབྲུག་སྒྲ་སོགས་སུ་ཚར་བཅད་ཟིན་པ་རེད། འདིར་དེ་ཚོ་་རེ་རེ་བཞིན་དགག་པ་རེ་རེ་ལ་ལན་ག་འདྲ་བརྒྱབ་ཡོད་མེད་ཚང་མ་འབྲི་ཚོད་མེད། དེར་བརྟེན་མཁན་པོ་པད་རྡོར་གྱིས། དེ་དང་དེ་འདྲའི་གཞུང་ལུགས་དག། ཡོད་ཀྱང་ལོག་པར་རྟོགས་པའི་སྲོག། རིགས་པའི་མཚོན་གྱིས་བཅད་ཟིན་པས༎ གཞུང་ལུགས་ཤི་བའི་རོ་ཡིན་ནོ། ཞེས་བཤད་པ་ལྟ་བུ་རེད།
ཡང་གཏེར་མཛོད་ནང་ལ་བོན་ཆོས་ཁ་ཤས་ཡོད་པར་ཧ་ལས་རྒྱུ་ཅང་མི་འདུག སྔོན་མ་གུ་རུ་པདྨའི་སྐབས་ནས་ཀྱང་བསང་དང་མདོས་དང་ཇུ་ཐིག་དང་གྱེར་ཁ་ཤས་སོགས་དགོས་མཁོ་ཡོད་པ་འགའ་རེ་མ་བསྣུབས་པར་བཞག་ཡོད་པའི་ལོ་རྒྱུས་སྔ་མོ་ནས་ཡོད་པ་རེད། དེར་མ་ཟད་གཏེར་མཛོད་བསྒྲིགས་མཁན་ཀོང་སྤྲུལ་ཁོ་རང་བོན་ཞེན་ཡོད་པས་རེད།
ཡང་ཕ་ཙོང་ཁ་པས། རྫོགས་ཆེན་ལ་དགག་པའི་ཚིག་གཅིག་ཙོང་ཁ་པའི་གསུངས་འབུམ་པོ་ཏི་བཅོ་བརྒྱད་ཀྱི་ནང་ལ་མེད། དེ་ལས་ལྡོག་སྟེ་ཞུས་ལན་བདུད་རྩི་སྨན་མཆོག་རྫོགས་ཆེན་ཁོ་ན་ཡིན་པར་མ་ཟད་བྱང་ཆུབ་ལམ་རིམ་གྱི་ནང་དུ་གུ་རུ་པདྨ་ལ་བསྟོད་པ་ག་ཚོད་བཏང་འདུག གྲོགས་པོ། དགག་པ་བརྗོད་བསམ་ན་མདུན་རྒྱབ་གཉིས་ལ་བལྟ་དགོས་པ་རེད། གང་ལྟར་རྒྱུ་མཚན་དྲངས་པ་རྣམས་རྒྱུ་མཚན་ལྟར་སྣང་ཡིན་རུང་། རྒྱུ་མཚན་ཞིག་དྲངས་ཁུལ་བྱས་པར་དགའ་ཡོད།
ལུང་རིག་གིས་དབུལ་ཞིང་། ངན་སྨོད་ལ་བྱང་བའི་ཨ་ཕྱི་ཆོས་སྒྲོན་ཡུག་མོ་ཁྱོད་རང་གཞོན་ནུ་ཟླ་མེད་དང་སྤོབས་པ་མཐའ་ཡས་སོགས་ལ་ལག་པ་བཟེད། མིག་ཅེར། དྲི་སྣོམས། རྣ་བ་བླགས་ཤིང་། བོན་ལ་མུག་ཤི་བགྲང་གི་སྡོད་ལོ།
༡༽ཟུར་གྱི་སྐོར་ལ་སྐད་ཆ་བཤད་ན། སོ་ཟུར་སྣུབས་་གསུམ་ཞེས་གྲགས་པ་སོ་ཡེ་ཤེས་དབང་ཕྱུག་དང། ་ཟུར་ཤེས་རབ་འབྱུང་གནས། སྣུབས་བླ་ཆེན་བྱང་སྙིང་གསུམ་མཆེད་གྲོགས་སུ་གྱུར་ཅིང། འོན་ཀྱང་ཟུར་ཤེས་རབ་འབྱུང་གནས་ལ་བླ་མ་མང་དུ་ཡོད་པའི་ནང་ནས། ཤངས་ཀྱི་བོན་པོ་གཤེན་རྒྱལ་ལྷ་རྩེ་ལས་བོན་གྱི་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་གྱི་སྙན་རྒྱུད་ཀྱི་བོན་རྣམས་ཞུས་པར་ལོ་རྒྱུས་ལས་གསལ་ཡོད། དེ་ལའང་བསམ་བློ་ཐོང།
དེ་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཞུ་བ་ནི་དང་པོ་བོན་པོ་ཡིན་པར་མ་ཟད་བོན་དགོན་དུ་སློབ་སྦྱོང་ཀྱང་གང་འཚམས་གནང་མྱོང་དེ་རྗེས་བན་དེའི་བླ་མ་ཆབ་སྲིད་པ་ཞིག་གིས་ཁོང་རིག་པ་གྲུང་རབས་སོགས་གཟིགས་པར་བན་དེའི་བླ་མ་ཞིག་གི་སྤྲུལ་སྐུར་ངོས་འཛིན་གནང་འོན་ཀྱང་བླ་མ་དེ་མ་འདས་པའི་གོང་ཙམ་དུ་ངོས་འཛིན་གནང་བ་སོགས་ཀྱི་སྐད་ཆ་མང། དེས་ན་ཀོང་སྤྲུལ་ལ་བོན་ཞེན་ཡོད་ན་ལོས་ཆོག འོན་ཀྱང་རིན་ཆེན་གཏེར་མཛོད་དབང་ཞུ་སྐབས་སུ་དཀྱིལ་འཁོར་ལ་བོན་སྐོར་རྒྱབ་པ་དང་གཤང་དཀྲོལ་བ་སོགས་བོན་ཅི་ལྟ་བུའི་ཆོ་གའང་མི་ཉུང་བ་ཡོད། མ་ཟད་ཐུགས་རྗེ་ཀུན་གྲོལ་གྱི་ཟབ་གདམ་མང་པོ་ཞིག་རང་སར་བཞག་ནས་བཅུག་འདུག ད་དུང་ཤོད་རྒྱུ་མང་བས་བྲེལ་ཟིང་གིས་རྐྱེན་པས་འབྲི་ཁོམས་མ་བྱུང་རྗེས་སུ་རྒྱུ་མ་ཕུ་འདེད་བྱེད་ཆོག
བན་དེ་བ། ངས་ཁྱོད་ཡག་པོ་འདུག་ཅེས་བསྟོད་ར་བཏང་སྐབས་ཡང་རང་རྟགས་བསྟན་ནས་ཞི་མའི་རྐང་བ་ཙནྡན་ཆགས་ཡོང་གི་འདུག་ག ཁྱེད་ཀྱི་གོང་གི་མཆན་ཐུང་ཐུང་དེའི་ནང་ལ་ནོར་འཁྲུལ་དང་ཧམ་བཤད་ཆེ་ཐག་ཆོད་ལྔ་འདུག
དང་པོ། སོ་ཟུར་གནུབས་གསུམ་ཟེར་བ་མ་གཏོགས་སྣུབས་ཟེར་གྱི་མ་རེད།
གཉིས་པ། སོ་ཟུར་གནུབས་གསུམ་གྱི་ནང་གི་ཟུར་དེ་ཟུར་ཆུང་ཤེས་རབ་གྲགས་པ་ཟེར་བ་མ་གཏོགས་ཤེས་རབ་འབྱུང་གནས་མ་རེད།
གསུམ་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཆབ་སྲིད་ཀྱིས་སྤྲུལ་སྐུ་བཟོས་པ་མ་རེད། སྐབས་དེར་གྲྭ་བ་མཁས་པ་རིག་གནས་ཅན་རྣམས་སྡེ་དགེ་དཔོན་ཚང་གི་དྲུང་ཡིག་སོགས་མི་འདོད་བཞིན་དུ་རྒྱུན་རིང་པོར་གཡོག་པོ་བྱེད་དགོས་པ་དང་། ཀོང་སྤྲུལ་ལོ་ཆུང་དུས་ནས་རིག་པ་གྲུང་པོ་ཡོད་པས་ཁོང་གཡོག་ས་ལས་བསྐྱབ་རྒྱུ་དང་། ཡོན་ཏན་ཅན་ཞིག་ཡོང་རེའི་ཆེད་དུ་སྤྲུལ་སྐུ་ཞིག་གི་མིང་བཏགས་པ་རེད། དེར་བརྟེན་ཡོན་ཏན་རྒྱ་མཚོ་ཁོ་རང་མདོ་རྒྱུད་གཏེར་ལུང་མང་པོ་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་ཞིག་ཡིན་པ་མ་གཏོགས། མིང་བཏགས་ས་དེའི་སྤྲུལ་སྐུ་འཁྲུལ་མེད་ཡིན་བསམ་མཁན་ཡོད་མ་རེད། ཡིན་པའི་དབང་དུ་བཏང་ན་ཡང་སྐུ་གོང་མ་ཟེར་བ་དེ་བླ་རྒན་འཁོས་ཆུང་ཞིག་ལས་མཁས་གྲུབ་ཆེན་པོ་ཞིག་གང་ཡང་མ་རེད།
བཞི་པ། གཏེར་མཛོད་ཀྱི་དབང་ཞུ་སྐབས་བོན་སྐོར་རྒྱས་པ་ཞིག་རྩ་བ་ཉིད་ནས་ཡོད་མ་རེད། རྡོ་རྗེ་གླིང་པའི་གཏེར་བྱོན་དྲན་པ་ནམ་མཁའ་ཡབ་སྲས་ཀྱི་བླ་སྒྲུབ་སྐོར་ཉུང་ངུ་ཞིག་ཡོད་པ་ཙམ་རེད།
ལྔ་པ། ཐུགས་རྗེ་ཀུན་གྲོལ་གྱི་ཟབ་གདམ་མང་པོ་ཞིག་རྩ་བ་ཉིད་ནས་ཡོད་མ་རེད། ཡིག་རྒོད་ཅིག་ཡོད་པ་ཙམ་རེད། འོ་ཡ། མཆན་ཉུང་ཉུང་ཞིག་གི་ནང་ལ་ཧམ་བཤད་ཆེ་ཐག་ཆོད་ལྔ་འདུག་པས་མིག་ལྡན་གྱི་མདུན་ནས་ལོང་བའི་གཅེར་རྒྱུགས་མ་བྱེད་ཅིག
xxxxབདེན་སྨྲ་ཟེར་བ་དང་། ཀློང་ཆུང་ཟེར་བ། ཁྱི་ནག་ཟེར་བའི་བྱབ་ཆུང་ཁྱེད་ཚོས། ཀློང་ཆེན་པའི་དགོངས་པ་ནི་ཆུ་ལ་བརྒྱབ་ཚར་སོང་། ལོ་ཆེན་བེེཻ་རོའི་ཐུགས་དམ་ནི་རླུང་ལ་སྤུར་སོང་། རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་ནི་རྩ་གཏོར་བཏང་སོང་། ད་ཁྱེད་ཚོ་ལ་ལྷག་བསྡད་པ་ཅི་ཡོད་དམ། སྤྱོད་པ་ཁག་ཁག་རེད་མ་གཏོགས། ལྟ་བ་གཅིག་པ་གཅིག་རྐྱང་ཡིན་ཟེར་ནས་རུལ་དྲི་འཚུབ་བེ་རྒྱུག་བསྡད་ཡོད་རེད། ཁྱེད་ཚོའི་འཇོན་ཐང་དེ་དེ་འདྲ་ཞིག་ཡིན་ནམ། xxxx
རྒྱ་གར་ལ་ཡོད་རབས་མང་པོ་ཞིག་བཤད་ཀྱང་ཁུངས་ལུང་ཚད་ལྡན་ཞིག་ཉིན་མ་དེ་རིང་གི་བར་སུ་དང་གང་ལ་སྟོན་རྒྱུ་རགས་མེད། ཡིན་ནའང་སྔགས་ལོག་དང་ཆོས་ལོག་མང་པོ་ཞིག་བྱུང་ཁུངས་ཡིན་པ་ཤེས་བཞིན་དུ་སྨྲ་མི་ཕོད་པར་སྦས་བཀུང་བྱས་ནས་བསྡད་ཡོད་པ་རེད། བོད་གངས་ཅན་ཞིང་གི་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་འདི་འདྲ་བ་ཞིག་འཛམ་གླིང་སུ་དང་གང་ལ་ཡོད་མ་རེད། དེ་འདྲ་ཡིན་དགོས་པ་ནི་ཞང་ཞུང་གི་མཁས་པ་དང་བོད་ཀྱི་ལྷ་མའི་རྣམ་འདྲེན་བཙན་པོའི་རྒྱལ་རབས་རིམ་བྱོན་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན། དུས་ཕྱིས་མདོ་དང་སྔགས་རྫོགས་ཆེན་ཟེར་བའི་མིང་འདྲ་བ་གཞན་ལ་ཡོད་ཆོག་ཀྱང་། དོན་གྱི་ཉམས་ལེན་གསེར་ཞུན་དང་འདྲ་བ་དེ་བརྒྱུད་པ་ཁུངས་བཙུན་པའི་གཡུང་དྲུང་བོན་ཁོ་ན་ལ་མ་གཏོགས་གཞན་སུ་དང་གང་ལ་མེད།
དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ཀྱིས་ཀྱང་། བསྟན་འདི་ཡེལ་བ་མེད་པར་སྲུང་དུ་གསོལ། ཅེས་སྐྱེ་འགྲོ་ཀུན་གྱིས་ཡིད་སྨོན་ཤོར་ས་དེ་འདྲ་ཡིན། རོང་པའི་རོང་དྲི་ཡང་མ་ཁ། ས་རྡུ་སྦ་བའི་བསེ་དྲི་ཡང་མ་ཁ། ན་ལེན་ཀྲ་ཡི་སྐྱུར་དྲི་ཡང་མ་ཁ་བའི། བོད་རང་གི་མེས་པོ་གོང་མ་རྣམས་ཀྱི་བསོད་ནམས་བཟང་པོའི་ཚོགས་བསགས་ཀྱི་ཉེར་ལེན་ལ་བརྟེན་ནས་བའི། བྱིན་རླབས་ཀྱི་ན་བུན་མ་ཡལ། འོད་ཟེར་གྱི་ཉག་ཐག་མ་ཆད་པའི། གཙང་རིགས་ལྷ་ལས་མཆེད་པའི་བོན་ལུགས་འདི། རིགས་བཟང་ལ་ཁུངས་བཙུན་པའི་བོད་ཀྱི་བོན་པོ་རྣམས་ཀྱིས་དེང་གི་བར་དུ་ཉམས་སུ་ལེན་བཞིན་པ་རེད། བཟི་བརྗིད་འདི་ལས་ཆེ་བ་ཞིག་སུ་དང་གང་ལའང་མེད། ད་ེཤེས་པར་བྱོས། །
རྫོགས་ཆེན་རྒྱ་གར་ནས་བྱུང་བ་ཡིན་ན་དེ་དུས་རྒྱ་གར་བ་འཇའ་ལུས་འོད་ཀྱི་སྐུར་དེང་ཐུབ་མཁན་གྱི་གྲུབ་ཆེན་སུ་དང་སུ་བྱུང་འདུག་ཡོད་ན་སྟོན་ཤོག རྒྱ་གར་ལུང་པར་འཇའ་ལུས་ཕེབས་ཐུབ་མཁན་གྱི་གྲུབ་ཆེན་ལོ་རྒྱུས་ནང་བྱུང་མྱོང་མེད་ན་མེད་དགོས་པའི་རྒྱུ་མཚན་གང་ཡིན་ཤོད། །
རྒྱ་གར་ལུང་པར་གསང་སྔགས་ཅེས་པ་མང་པོ་ཞིག་ཡོད་རབས་གོ་རྒྱུ་འདུག དེ་ཚོ་ག་འདྲ་ཡིན་ཅི་མི་ཤེས། ཡིན་ནའང། བོན་ལུགས་ཀྱི་གསང་སྔགས་ཡིན་ན། སྤྱིར་རིམ་མང་པོ་ཞིག་ཡོད་ཀྱང་གསང་སྔགས་ནང་མ་ནི་བླ་མེད་རྫོགས་ཆེན་གྱི་ལྟ་བ་རྟོགས་མཁན་ཞིག་ངེས་པར་དུ་ཡིན་དགོས་ཀྱི་ཡོད་པ་རེད། ད་ེེའདྲ་ཡིན་དུས་རོང་པའི་གསང་སྔགས་དང་བོན་གྱི་གསང་སྔགས་གཉིས་ལ་གནམ་སའི་གྱི་ཁྱད་པར་ཡོད་འགྲོ་བསམ་གྱི་ཡོད། །
མདོའི་སྐོར་ནས་བཤད་ན་ཕུགས་ཐུག་ས་དེ་བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དུམ་པ་བཅུ་དྲུག་གི་བདག་ཉིད་ཅན་དེ་རེད། བན་དེ་ཚང་གི་ཡུམ་དུམ་པ་བཅུ་གཉིས་ཟེར་བ་དེ་ཡང་གསུངས་རབ་འདི་ལ་ཁུངས་ཐུག་རབས་བཤད་ཡོད་པ་རེད། ཡུམ་དུམ་པ་བཅུ་གཉིས་ནི་མགོན་པོ་ཀླུ་གྲུབ་ཀྱིས་ན་ལེན་ཀྲ་ལ་མ་རྙེད་པ་ཞིག་ཁོང་ཀླུ་ཡུལ་དུ་ཕེབས་ནས་གདན་དྲངས་འོངས་རབས་བཤད་པ་དེ་རེད། བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་མཇུག་བྱང་དུ། ཞང་ཞུང་དང་བོད་ཀྱི་སོ་མཚམས། གཙང་བྱེ་མ་གཡུང་དྲུང་དུ། ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གཉིས་ཀྱིས་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་ཞེས་བྲིས་པ་ཡོད་པ་རེད། ང་ཚོས་ཡིད་ཆེས་བྱེད་ས་འདི་ཚོ་ཡིན། དེ་འདྲ་ལས་བསླ་པོ་རང་རྒྱུ་གཞན་ལ་སྤྲོད་ཐུབ་ས་མ་རེད་དོ། །
་་་་་་ ་་་་་ ་་་་་་་། ནང་པའི་ཡུལ་གྲུ་གཞན་གྱི་དཔེ་ལ་ལྟོས།། བཅོམ་ལྡན་རྒྱལ་པོས་པཱ་ལའི་སྐད་དུ་གསུངས།། ཐེག་ཆེན་ཟེར་བ་ལེགས་སྦྱར་སྐད་ལས་མེད།། འདི་ལ་རྫུན་གྱི་རྒྱན་ཆ་གང་བཏགས་རུང་།། ས་ནི་ས་དང་རྡོ་ནི་རྡོ་ཡིན་ནོ།། ཀརྨ་རྡོ་རྗེའི་ཐུགས་ལ་དེ་ཞོགས་ཤིག ་་་་་་་ཟེར།
བདེན་སྨྲས་ཞལ་བཞེས་ཡག་པོ་གནང་འདུག
རྨུ་ཐག་བུ་རྒྱུད་བདག་ལ་གསོན། །
པ་ལིའི་སྐད་དང་ལེགས་སྦྱར་སྐད། །
རྒྱ་གར་སྐད་རིགས་རྙིང་པ་གཉིས། །
ཐོས་དང་བཀླགས་པ་ཉུང་ན་ཡང་། །
དེ་ལས་བསྒྱུར་བའི་ནང་ཆོས་དག །
དྲན་པ་རྙེད་ནས་ད་ལྟའི་བར། །
ངས་ཀྱང་ཐོས་བསམ་ཅུང་ཟད་བྱས། །
མ་ཤི་ཚེ་རིང་བྱུང་བའི་རིང་། །
རྨུ་ཐག་ཁྱོད་ཀྱང་བག་ཆགས་འཇོགས། །
ཕྱི་མ་མངོན་མཐོར་མཇལ་བར་ངེས། །
ཀརྡོ་ལགས། སྔགས་ཀྱི་ཁུངས་ཏེ་མཐར་གཏུགས་ན།། བྱམས་ཆོས་སྡེ་ལྔའི་ཚིག་གཅིག་ཡིན།། སྔགས་པའི་ཁུངས་དེ་མཐར་གཏུགས་ན།། མཐོང་རྒྱུ་མེད་པའི་མི་ཞིག་ཡིན།། བོད་འགྱུར་བོད་པའི་འདོད་པས་བསླད།། འཇམ་དཔལ་རྩ་རྒྱུད་ལྟ་བུར་ལྟོས།། ལེགས་སྦྱར་སྐད་དང་པཱ་ལའི་སྐད།། རྫོགས་ཆེན་ཚིགས་གཅིག་གང་དུ་འདུག ། ཐེག་པ་ཆེན་པོའི་སྐད་འདི་ཡང་།། བཅོམ་ལྡན་རྒྱལ་པོའི་རང་སྐད་དེ།། པཱ་ལའི་སྐད་དུ་མ་དམིགས་པ།། འདི་ལས་ལྷག་པའི་ཁུངས་ཅི་དགོས།། ཀླུ་སྒྲུབ་ཐོགས་མེད་ལ་སོགས་པས།། རྒྱ་གར་བྱང་ནས་རྙེད་པའི་ཆོས།། གླང་ཆེན་རྒྱབ་ཁལ་ལོངས་པ་འདིས།། ཕུ་ནུ་ནང་འཁྲུགས་མ་བསླངས་སམ།། རྩོད་པ་ཞི་བར་བྱ་བའི་སླད།། ཐེག་ཆེན་བཀའ་སྒྲུབ་གཞུང་མཛད་ཀྱང་།། སྒྲུབ་བྱེད་གནད་དུ་མ་སོང་བས།། དེང་ཡང་རྩོད་པ་སོར་གནས་སོ།།
མི་རིགས་ཀྱི་ཞབས་འདྲེན་ཚོ་་་་་་་་་་་་་་་་
དེ་རིང་ནས་དུས་ཚོད་ཞེ་དྲགས་མེད། རྗེས་ལ་ཐུག་ཡོང་ཨ། གོང་དུ་ཞུས་པ་ཚང་མ་ཚིག་རྩེད་ཙམ་ཡིན། སུས་ཀྱང་ཐུགས་ལ་མ་འཛིན་རོགས་ཞུ། དད་པ་ཕྱོགས་མེད། ཉམས་ལེན་རིས་མེད། སྒོམ་པ་ཡེངས་མེད། མེད་པ་གསུམ་འདི་བདག་གི་དམ་ཚིག་ཡིན་ནོ། བདེ་བར་བཞུགས་ཤིག དྲྭ་གྲོགས་ཚོ།། མགྱོག་པོ་མཇལ་ཡོང་།
་་་་་་་ མ་གཞི་བོན་རང་གི་ལུགས་ལ་བོན་ནི་སྟག་གཟིག་གི་སྐད་ལས་ཞང་སྐད་དུ་བསྒྱུར། དེ་ནས་བོད་སྐད་དུ་བསྒྱུར་བ་ཡིན་སྟབས་རྒྱལ་བ་ཤཀྱཱ་ཐུབ་པའི་ལུགས་ལས་ཀྱི་ང་ཚོ་དང་རྦད་དེ་ཐག་རིང་པོ་ཆགས་ཡོད། ་་་་་་
ལུང་དང་རིགས་པ་དཔང་དུ་བཙུག་སྟེ་བགྲོ་གླེང་གང་ཡང་མེད་པར་ནག་མོ་དྲེད་མའི་ཁ་འཛིངས་ལྟ་བུའི་ཁ་ནས་ཅི་ཐོན་དྲ་ཐོག་ཏུ་འབྲི་མཁན་འདི་ཚོ་ནི། ཆགས་སྡང་རྨོངས་གསུམ་གྱི་དབང་གིས་ཤེས་རབ་ཀྱི་མིག་ལོངས་ཤིང་། ངག་འཁྱལ་དང་ཚིག་རྩུབ་བསྐུར་འདེབས། སྒྲོ་འདོགས་བཅས་ཀྱི་སྡིག་པར་ཇི་མི་སྙམ་པར་ལོང་མཆོང་བྱེད་པའི་ཕྱོགས་རིས་ཅན་འབའ་ཞིག་ཡིན་པར་སེམས།
ཨ་ལ་ཀུ་རེ་ཡིན་ནོ་རྨུ་རྒོད་ལགས།།
ཨ་ཅང་རྩེད་མོ་ཡིན་ནོ་སྨན་རིལ་མཚོ།།
ཨ་ལགས་བན་དེ་སྐུ་གཟུགས་བདེ་ལགས་སམ།།
ཨ་མྱེས་བོན་ཆོས་ཞེན་པར་བཀའ་དྲིན་ཆེ།།
ཨ་ཕྱི་ང་ཡང་རེ་ཞིག་ངལ་གསོ་དགོས།།
ཨ་རོགས་ཁྱེད་རྣམ་ཆགས་སྡང་མ་གསོག་པར།།
ཨ་ལ་ལ་ཧོ་རྫོགས་པ་ཆེན་པོའི་དོན།།
ཨ་ཏི་ཀུན་བྱེད་རྒྱལ་པོ་མ་ཡིན་ནམ།།
# 71 རྨུ་ཐག་གི་བུ་རྒྱུད།་ལགས།
གཙུག་གཏོར་གདུགས་དཀར་བཀླགས་མྱོང་ངམ། །
རྒྱལ་མཚན་རྩེ་མོ་ཐོས་མྱོང་ངམ། །
རྒོད་ལྟ་ལག་འཆང་གཉིས་འཁྱུད་ལྟར། །
བྱ་སྤྱོད་རྣལ་དང་བླ་མེད་རྒྱུད། །
རྣམ་སྣ་ཚོགས་གྲངས་ལས་འདས། །
ཡོད་པ་རྨུ་ཐག་བུ་རྒྱད་ཀྱིས། །
བསྒོམ་པར་བསམ་དགོས་བསམ་པ་ལ། །
ཐོས་པ་ཉེ་བར་འགྲུས་པར་གྱིས། །
ངས་བལྟས་ན། བོན་པོའི་རྫོགས་ཆེན་གྱི་མཁས་པ་འགའ་ཤས་དང་རྙིང་མའི་རྫོགས་ཆེན་གྱི་མཁས་པ་འགའ་ཤས་གདན་འདྲེན་ཞུས་ནས། རྫོགས་ཆེན་གྱི་ཁུངས་དང་ལོ་རྒྱུས་སྐོར་ལ་བགྲོ་གླེང་ཞིག་གནང་ཐུབ་ན། ཚང་མར་ཕན་པ་ཆེ།
ངས་བྱས་ན། རྫོགས་ཆེན་དང་། སྔགས། བླ་མེད། ནང་གི བསྐྱེད་རྫོགས། གཉིས་ཀྱི། ནང་གི རྫོགས་རིམ། རྫོགས་ཆེན། གཉིས། དོན་གཅིག ཡིན་དགོས། འདུག འདི་ནི།ནང་ལུགས་ཀྱི། བློ་སྐྱེད། ཆེན་པོ་ཅིག ཡིན་པ་དང།
འབྲི་སྟངས། གསར་པ་འདི། བོད་ཡིག བོད་སྐད། སྐྱོབས་སྟངས། གསར་པ། ཅིག་ལ། ངོས་འཛིན། ཆོག་པ། མི་འདུག་གམ། ལགས། ཧཧཧ།
ཀརྡོ་ལགས་བོད་ཡིག་འབྲི་ཚུལ་དེ་འདྲ་གསར་གཏོད་མ་གནང་རོགས་ཀློག་བདེ་བོ་མེད་པ་དང་དོན་དག་ཀྱང་འཆུགས་འགྲོ་བཞིན་འདུག
བསམ་ཤེས་ལགས་དེ་འདྲ་འབྱུང་ཐུབ་ན་ཡིན་ད་ཡིན། ཕན་ཚུན་ལྟ་བ་བརྗེ་རེས་དང་བསམ་ཚུལ་ཤོད་རེས་བྱུང་ན་ངོ་སྤྲོད་ཡག་པོ་འབྱུང་ཐུབ། དེར་མ་ཟད་ས་དགེ་བཀའ་རྙིང་བོན་ཇོ་ནང་ལས་སོགས་ཀྱི་མཁས་པ་རྣམས་གཅིག་དུ་འཛོམས་ནས་ཆོས་ཀྱི་བགྲོ་གླེང་གནང་ཐུབ་ན་ཡག་པོ་ཡོང། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། བཙན་བྱོལ་སྒྲིགས་འཛུགས་དང་༧ གོང་ས་མཆོག་གི་དགོངས་པ་བླ་ན་མེད་པས་དེ་ལྟའི་གྲྭ་སྒྲིག་་་་་རིས་མེད་འཇང་དགུན་ཆོས་སམ་ཆོས་ལུགས་ཆོས་རྒྱུད་རིས་མེད་ཀྱི་རྩོད་པ་གནང་རྒྱུ་ཞིག་བཀའ་མོལ་བྱུང་མོད། ཆོས་རྒྱུད་པ་མི་ཉུང་བ་ཞིག་ནས་དེ་ལ་ངོས་ལེན་བྱས་མེད་པར་བརྟེན་ལམ་ལྷོང་མ་བྱུང་ནས་དོན་འབྲས་སོན་མི་འདུག བཤད་རྒྱུ་ལབ་རྒྱུ་ཡོད་ན་དེ་ཚོར་བཀའ་བརྩི་དང་ལེན་ཞུ་དགོས་ངེས་རེད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་མཉམ་འཛོམས་ཀྱིས་ལུང་རིགས་ཀྱི་བདར་ཤ་གཅོད་དགོས་པ་རེད་མ་གཏོགས་མིང་བརྫུས་འོག་ནས་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་ཤལ་ཐག་ནམ་ཡང་མི་ཆོད།
དགེ་བཤེས་ཀརྡོ་ལགས་སླར་ཡང་ཞུ་རྒྱུར། སྔགས་བླ་མེད་ཀྱི་རྫོགས་རིམ་དང་རྫོགས་ཆེན་གཉིས་དོན་གཅིག་ཡིན་མ་གསུངས་རོགས་གནང་སྐུ་མཁྱེན། རྙིང་མའི་རྫོགས་ཆེན་དང་སྔགས་བླ་མེད་ཀྱི་རྫོགས་རིམ་གཉིས་དོན་གཅིག་ཡིན་ན་དེ་ལ་ཅང་སྨྲ་རྒྱུ་མེད་དེ་མིན་དོན་གཅིག་ཏུ་འདོད་པ་ནི་དེ་གཉིས་ཀྱི་ཁྱད་པར་གསལ་པོར་མ་དགོངས་པའི་རྟགས་རེད། འོན་ཀྱང་ཆོས་ལུགས་འཆམ་མཐུན་དང་ཆོས་རྒྱུད་བཞི་པོའི་ལྟ་བ་རྣམས་་་་་གནམ་གྲུའི་ཚོན་མདངས་མི་འདྲ་བ་ལས་གནས་སླེབས་པ་སོགས་དོན་ལ་མི་འདྲ་བ་མེད་རབས་བཤད་པ་ལ་གཞིགས་ན། ཕྱག་རྫོགས་དབུ་གསུམ་དོན་གཅིག་ཏུ་འདོད་གི་ཡོད་པ་འདྲ། འོན་ཀྱང་ཁས་མཛེས་མཛེས་ཙམ་བཤད་པ་ལས། ཕྱག་རྫོགས་དབུ་གསུམ་གྱི་མཁས་པ་མང་པོས་གཅིག་གིས་གཅིག་ལ་དགག་བཞག་རྩོད་སྤོང་གླང་པོ་ཆེ་ཡིས་མི་འཁྱོགས་པའི་བརྩམས་ཆོས་ཡོད་པས་དེ་ཚོར་དགོངས་པ་བཞེས་ན་གང་འདྲ་འདུག
# 58 སྨན་མོ་མཚོ།་ལགས་ཀྱིས་མཆན་བཏབ་པ།: འདི་ལ་གནས་སྐབས་ཅིག་ལ་ལན་མེད།
རྩ་བ་གསུམ་ལྡན་གྱི་དབང་ལུང་ཁྲིད་གསུམ་ཚད་དང་ལྡན་པའི་རྫོགས་ཆེན་ཅིག་ཡིན་ན། སྔགས་བླ་མེད་ཀྱི་རྫོགས་རིམ་དང་ཕལ་ཆེར་གཅིག་པ་ཡིན་པར་མོས་ནས་བསྡད་ཡོད། ད་དུང་ཡང་། གསལ་ཁ་སྟོན་དགོས་པ་མང་ངོ་།།
འབྲི་སྟངས་ གསར་པར་ ཕན་ན་ བྲིས། །
ཕན་མེད་ དངོས་པོ་ ཁ་ཡི་ སོ་ཡང་ ཕུད། །
ཡང་།
# 80 བན་དེ་བ།་ལགས་ཀྱིས་མཆན་བཏབ་པ།: ཀརྡོ་ལགས་ བོད་ཡིག་ འབྲི་ཚུལ་ དེ་འདྲ་ གསར་གཏོད་ མ་གནང་རོགས་ ཀློག་ བདེ་བོ་ མེད་པ་དང་ དོན་དག་ཀྱང་ འཆུགས་ འགྲོ་བཞིན་ འདུག ཞེས། གསུངས་པ། འདི་ནི། དྲང་བདེན་དང་། ཁུངས་ལུང་། གང་ཡང་། མཐོང་། མ་སོང་བས་་་་་་་་་ ད་དུང་ཡང་། སོམས་ཤིག