སྤོབས་པ་མཐའ་ཡས།
རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་སྲེག་ངོ་རྒོལ་བར་ལ་འབྲེལ་བ་ཡོད་མེད་ཀྱི་གནད་དོན་འདི་ནི་རང་རེའི་མི་མང་པོ་ཞིག་ལ་མཚོན་ན་ཚོར་བ་ཆེས་རྣོ་སའི་གླེང་གཞི་ཞིག་རེད། གནད་དོན་འདིའི་སྐོར་གླེང་སྐབས་སུ་འགལ་བ་ལྟག་སྤྲོད་ཀྱི་གླེང་ཕྱོགས་གཉིས་འབྱུང་བཞིན་ཡོད། དེ་ནི་རྒྱ་དམར་གཞུང་འབྲེལ་གྱི་ཁྱབ་བསྒྲགས་སོགས་ཕྱོགས་གཅིག་ནས་རང་སྲེག་ངོ་རྒོལ་འདི་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཀྱིས་སྐུལ་མ་དང་ཇུས་འགོད་བྱས་ནས་བྱུང་བ་ཡིན་ཚུལ་དང་། ཕྱོགས་གཞན་ཞིག་ནི་རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་གཏན་ནས་མེད་ཅེས་པའི་གླེང་ཕྱོགས་འདི་གཉིས་རེད། རང་སྲེག་ངོ་རྒོལ་གྱི་ལས་འགུལ་གནད་དོན་འདི་ནི་མིའི་ཚེ་སྲོག་ལ་ཐུག་པའི་གནད་དོན་ཚབ་ཆེན་ཞིག་ཡིན་པས་ཆབ་སྲིད་པའི་རྩེད་ཆས་ཙམ་དུ་མི་འགྱུར་བར་བྱ་རྒྱུ་དེ་ནི་ཚང་མའི་ལས་འགན་ཡིན། དེར་བརྟེན། རྩོམ་ཡིག་འདིའི་ནང་དུ་རང་སྲེག་ངོ་རྒོལ་གྱི་ལས་འགུལ་དང་རྒྱལ་བ་རིན་པོ་ཆེའི་བར་དུ་འབྲེལ་བ་ཡོད་མེད་སྐོར་རགས་ཙམ་གླེང་རྒྱུ་ཡིན།
རང་སྲེག་ངོ་རྒོལ་གྱི་ལས་འགུལ་འདི་རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་ཡོད་མེད་ཀྱི་གནད་དོན་དེ་ནི་དེ་ཙམ་གྱི་གླེང་མི་ཕོད་པ་ཞིག་དང་ཐག་གཅོད་དཀའ་བ་ཞིག་གང་ཡང་མ་རེད། རང་སྲེག་ལས་འགུལ་ལ་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་མེད་རིགས་གཉིས་ཡོད། གལ་སྲིད་མི་ཞིག་གིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པའི་ཆེད་དུ་རང་སྲེག་ལས་འགུལ་སྤེལ་ན་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད། མི་ཞིག་གིས་དམིགས་ཡུལ་གཞན་གྱི་ཆེད་དུ་རང་སྲེག་བྱས་ན་དེ་ནི་རྒྱལ་བ་རིན་པོ་ཆེ་སྒེར་དང་འབྲེལ་བ་མེད། རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་པའི་ཆེད་དུ་རང་སྲེག་བྱས་པ་དེ་དག་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཚོས་སྐུལ་མ་དང་ཇུས་འགོད་བྱས་་པའི་དཔང་རྟགས་སྣེ་གཅིག་ཀྱང་བསྟན་ཏུ་མེད་མོད་དེ་ཙམ་གྱིས་འབྲེལ་བ་གཏན་ནས་མེད་ཅེས་བརྗོད་མི་ནུས།
རྒྱལ་བ་རིན་པོ་ཆེ་དང་རང་སྲེག་ལས་འགུལ་བར་ན་འབྲེལ་བ་གཏན་ནས་མེད་པར་འདོད་པ་དེ་ནི་རྒྱུ་མཚན་ལྡན་པའི་བསམ་གཞིག་བྱེད་སྟངས་གཏན་ནས་མིན། རྒྱུ་མཚན་ནི་རང་སྲེག་ལས་འགུལ་བ་མང་པོ་འཆི་ཁར་སྐད་འབོད་དངོས་སུ་བྱས་པ་དང་། ཤི་རྗེས་སུ་ཁ་ཆེམས་ཐོན་པ་དག་ལས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཆེད་དུ་རང་སྲེག་ལས་འགུལ་སྤེལ་ཚུལ་དངོས་སུ་མཐོང་ཐོས་སུ་གྱུར་དང་འགྱུར་བཞིན་པ་རེད། རང་སྲེག་གི་དམིགས་ཡུལ་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཆེད་ཡིན་ན་ད་དུང་རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་མེད་ཅེས་ཨུ་ཚུགས་རྒྱག་ཐབས་ག་ལ་ཡོད།
རྒྱལ་བ་རིན་པོ་ཆེ་བོད་ཀྱི་སྤྱི་འབངས་ཤིག་ཡིན་པའི་ཆ་ནས་སྤྱི་འབངས་གཞན་ཞིག་གིས་རྒྱལ་བ་རིན་པོ་ཆེའི་ཆེད་དུ་རང་ལུས་མེར་སྲེག་ན་དེ་ལ་སྒེར་ངོས་ནས་རང་སྲེག་གྱིས་ཟེར་བའི་ཐོབ་ཐང་མེད་མོད་མ་བྱེད་ཟེར་བའི་རེ་སྐུལ་ཞུ་འབོད་བྱེད་པའི་དབང་ཚད་ཆ་ཚང་ཡོད། ཡིན་ན་ཡང་། བོད་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲེག་ལས་འགུལ་སྤེལ་ན་རྒྱལ་བ་རིན་པོ་ཆེ་ཡིན་ཡང་སྤྱི་འབངས་སྒེར་ཞིག་ཡིན་པའི་ཆ་ནས་འདི་གྱིས་དང་དེ་མ་བྱེད་གསུང་ཆོག་པའི་དབང་ཚད་མེད་པས་འདི་གཉིས་ཀྱི་ཁྱད་པར་གསལ་པོ་རེད། དེར་བརྟེན། བོད་མི་མང་སྤྱི་འཐུས་ལྟ་བུ་ཡིན་ན་དེ་ཉིད་འདེམས་བསྐོས་བྱེད་མཁན་གྱི་མི་མང་གི་བསམ་འཆར་བསྡུས་ནས་དེ་བསྟུན་གྱི་རེ་སྐུལ་དང་། ལམ་སྟོན། ཞུ་འབོད། སྲིད་ཇུས་ལངས་ཕྱོགས་བཟོ་བའི་དབང་ཚད་ཡོད་པ་ཡང་ཤེས་དགོས།
རང་སྲེག་ལས་འགུལ་འདི་ལ་རྒྱལ་བ་རིན་པོ་ཆེས་བར་གནས་ཀྱི་རྣམ་འགྱུར་བསྟན་ནས་བཞུགས་ཐབས་མེད། མི་གསོན་པོའི་ལུས་ལ་མེ་སྦར་བའི་ལས་འགུལ་འདིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པར་ནུས་པ་ཐོན་དང་མི་ཐོན། གལ་སྲིད་ལས་འགུལ་འདིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་པར་ནུས་པ་ཐོན་པའི་དབང་དུ་བཏང་ཡང་གྲུབ་འབྲས་དེ་ཙམ་གྱི་ཆེད་དུ་མི་གྲངས་དེ་ཙམ་གྱི་ལུས་ལ་མེ་སྦར་བའི་འོས་བབ་ཡོད་དང་མེད། རང་སྲེག་ལས་འགུལ་སྤེལ་མཁན་ཚོའི་ངོས་ནས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པ་ཙམ་གྱི་ཆེད་དུ་བློས་བཏང་འདི་བྱེད་པ་ཡིན་ནམ་ཁོང་བོད་དུ་ཕེབས་ན་བོད་ཀྱི་དཀའ་རྙོགས་སེལ་ནུས་པའི་རེ་བ་རྒྱག་བཞིན་པ་ཡིན། གལ་སྲིད་ཁོང་བོད་དུ་ལོག་ཐུབ་ན་བོད་ཀྱི་དཀའ་རྙོགས་སེལ་དང་མི་སེལ། གལ་སྲིད་ཁོང་བོད་དུ་ཕེབས་པ་ཙམ་གྱིས་བོད་ཀྱི་དཀའ་རྙོགས་སེལ་བའི་གདེངས་ཚོད་མེད་ན་ཁོང་བོད་དུ་ལོག་ཐུབ་ཆེད་དུ་མི་དེ་ཙམ་མང་པོས་རང་ལུས་ལ་མེ་སྦར་ན་མི་ཆོས་ཡ་རབ་ལུགས་དང་ལྷ་ཆོས་རྒྱུ་འབྲས་ཀྱི་ལམ་དང་མཐུན་དང་མི་མཐུན། དེ་དང་དེ་ལྟ་བུའི་དྲི་རྟགས་ཆེན་པོ་འདི་དག་རྒྱལ་བ་རིན་པོ་ཆེའི་སྤྱན་ལམ་དུ་བཤམས་ནས་ལོ་ཤས་འགོར་ཡོད།
མཇུག་བསྡུ། བོད་མིའི་རང་སྲེག་ངོ་རྒོལ་གྱི་ལས་འགུལ་འདི་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་མེད་ཀྱི་གླེང་ཕྱོགས་མི་འདྲ་བ་འབྱུང་བཞིན་ཡོད་མོད་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཆེད་དུ་བོད་མིའི་རང་སྲེག་བྱས་ན་དེ་ནི་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་པར་བསྙོན་དུ་མེད། གནད་དོན་ཚབ་ཆེན་འདི་འདྲ་ཞིག་གི་སྐབས་སུ་རྒྱལ་བ་རིན་པོ་ཆེ་ལ་ཡང་ཐུགས་ཁྲལ་ཚད་མེད་ཡོད་པར་ངེས་ཤིང་། ཁོང་དང་ཁོང་གི་ཕྱོགས་གཏོགས་ཚོར་འགན་འཁུར་ལྗིད་པོ་ཞིག་ཀྱང་ཡོད། དེར་བརྟེན་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཚང་མས་གནད་དོན་འདིའི་ཐད་ལ་འགན་ཁུར་ཡོད་པའི་བསམ་གཞིག་དང་། ཁ་ཞེ་གཉིས་མེད་ཀྱི་ལམ་སྟོན། རྣམ་འགྱུར་གསལ་པོ་ཞིག་སྟོན་དགོས་པའི་དུས་སུ་བབ་ཡོད།
‚‚ནད་དོན་འདིའི་སྐོར་གླེང་སྐབས་སུ་འགལ་བ་ལྟག་སྤྲོད་ཀྱི་གླེང་ཕྱོགས་གཉིས་འབྱུང་བཞིན་ཡོད། དེ་ནི་རྒྱ་དམར་གཞུང་འབྲེལ་གྱི་ཁྱབ་བསྒྲགས་སོགས་ཕྱོགས་གཅིག་ནས་རང་སྲེག་ངོ་རྒོལ་འདི་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཀྱིས་སྐུལ་མ་དང་ཇུས་འགོད་བྱས་ནས་བྱུང་བ་ཡིན་ཚུལ་དང་། ཕྱོགས་གཞན་ཞིག་ནི་རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་གཏན་ནས་མེད་ཅེས་པའི་གླེང་ཕྱོགས་འདི་གཉིས་རེད།‚‚སྤོབས་པ་ལགས། ཁྱེད་དེ་གཉིས་གང་རུང་ཞིག་ཡིན་ནམ། ཡང་ན་ཕུང་གསུམ་པ་ཞིག་ཡིན།
རང་སྲོག་རང་གིས་བཅད་པ་དང་དེ་ལ་བསྐུལ་མ་བྱེད་པ་དེ་དག་ལ་རྗེས་སུ་ཡི་རངས་བྱེད་པ། དེ་ལྟར་མུ་འཐུད་ནས་ཡོང་ཕྱིར་དཔའ་བོ་དཔའ་མོ་ཞེས་རྒྱ་ཁྱབ་ཏུ་བསྒྲགས་པ་སོགས་ནང་པའི་གཞུང་ལུགས་ནས་བཤད་པའི་སེམས་ཅན་ལ་གནོད་ཅིང་འཚེ་བ་ཞེས་པ་དེ་འབྱུང་གི་ཡོད་དམ་མེད། བོན་གྱི་དཔེ་གཞུང་ནས་རང་སྲོག་རང་གིས་བཅད་པའི་ལས་དེ་ཡང་མཚམས་མེད་པའི་ལས་སུ་འགྲོ་བར་གསུངས་འདུག སྤོབས་མཐའ་ཁྱེད་རང་གིས་དེའི་སྐོར་ལ་རང་གིས་ལྟ་སྟངས་ཞིག་གཡས་དཀྲི་གཡོན་དཀྲི་མེད་པར་ཁ་གསལ་གོ་བདེ་ཞིག་གསུང་ན་གང་འདྲ་འདུག་གམ།
དྲི་བ་གནད་འགག་ཅན་རེད། ཕྱི་དྲིལ་བཀའ་བློན་ལགས་ཀྱིས་ལྡི་ལི་ནས་བོད་དོན་ཚོགས་ཆེན་སྟེང་དུ་རང་བསྲེག་ལས་འགུལ་ནི་གོང་ས་མཆོག་བོད་ལ་ཕེབས་པའི་ཆེད་ཡིན་པ་བོད་དོན་རྒྱབ་བསྐྱོར་བ་ཀུན་ལ་བསྒྲགས་སོང་། དེ་ལྟར་གཞུང་འབྲེལ་གྱི་ལམ་ནས་མེར་བསྲེག་ལས་འགུལ་དང་གོང་ས་མཆོག་སྡོང་རྒན་ཆེན་པོ་གཅིག་གི་སྟེང་ལ་ལྷན་དུ་བཀྱིགས་ཟིན་པ་རེད་ལ། སྤོབས་པའི་དྲི་བའང་ཏག་ཏག་རེད།
སྤོབས་སྐྱག་འདྲ་མོས་ཅི་ཟེར་གིན་ཡོད་པ་རེད། ངས་ཁྱོད་ལ་གསལ་བོར་བཤད།
དད་པ་ཅན་གྱིས་རང་གི་རྩ་བའི་བླ་མ་བོད་དུ་སངས་རྒྱས་བསྟན་པའི་བསྟན་དོན་གྱི་ཆེད་དུ་བོད་ལ་ཕེབས་འཇུག་དགོས་བའི་རེ་འདུན་གྱི་ངོ་རྒོལ་དགྱ་ལ་བྱེད་བཞིན་པ་རེད།
རྒྱལ་ཞེན་ཅན་གྱིས་རང་གི་གངས་རི་ར་བའི་བདག་དབང་༧རྒྱལ་བ་རིན་པོ་ཆེ་ཡིས་བདག་སྐྱོང་གནང་དགོས་བའི་རེ་འདུན་གྱི་ངོ་རྒོལ་དགྱ་ལ་བྱེད་བཞིན་པ་རེད།
དེང་དུས་གཞོན་ནུ་ཚོས་བློ་བཟང་སེང་གེ་བོད་ཀྱི་དཔོན་དུ་བཀོད་ནས་རྒྱལ་ཁབ་སླར་གསོ་བྱེད་པར་འདོད་པའི་ངོ་རྒོལ་དགྱ་ལ་བྱེད་བཞིན་པ་རེད།
རིགས་ཞེན་པས་ཕ་ས་ཕ་ཡུལ་ལ་དགྱ་འབུ་བཏབ་ནས་མི་རིགས་ཀྱི་ངོ་བོ་བོར་འགྲོ་བའི་འཇིགས་སྣང་གིས་མ་བཟོད་པར་ང་ལས་བོད་མི་ཡོངས་སྐྱོབས་ཐབས་སུ་དགྱ་ལ་ངོ་རྒོལ་བྱེད་བཞིན་པ་རེད།
འདི་དག་ནི་ཆོས་་དད་པ། རྒྱལ་ཞེན་པ། རིགས་ཞེན་ཅན་གྱི་མྱིག་ལམ་ནས་དགྲ་བོ་དགྱ་དམར་བའི་ནར་གཅོད་འོག་དུ་མི་རིགས་ཞིག་གི་དཀའ་སྡུག་དང་ཆགས་འཇིག་གི་མཐོང་ཐོས་མྱངས་ཆས་གཉའ་བར་ལེན་མ་ཐུབ་པར་བྱུང་བའི་ངོ་རྒོལ་ཞིག་ལས། དེ་མིན་པའི་འགྲེལ་ལོག་ཞིག་ཅི་ལྟར་བཤད་ཤེས་སམ། གོང་གྲན་འདྲ་བའི་ཀླ་ཀློ་གོ་མེད་ཞིག་མིན་ན། དེ་ལྟར་དུད་འགྲོ་བཞིན་འཛམ་གླིང་མྱི་སྔུན་ནས་ཅི་ལྟར་འདུག་ཤེས་སམ། ང་ཚོ་ཀྲོང་ཀོ་ཟེར་ཡ་ལ་ངོ་མི་ཚ་འམ།
༧རྒྱལ་བ་རིན་པོ་ཆེ་ཚང་གིས། ང་དང་ངའི་སྤྲུལ་སྐུས། བོད་བསྟན་པ་ཆབ་སྲིད་ཀྱི་ལུགས་གཉིས་ལ་ཕན་རླབས་ཆེ་བའི་གཞུག་གུ་སྐྱོང་ནི་ཞིག་ཡིན་ལབ་ཡོད་པས།
རྒྱལ་ཁབ་དང་བསྟན་དོན་ལ་གཅེས་སྲོག་ཤོར་བཞིན་རྩོད་པའི་དཔའ་མི་དག་ལ། ཁྱེད་ཅག་མ་འགྲིག་པ་དང་ལྐུག་པ་ཡིན་པ། དགྱ་མའི་ཁ་ལ་མི་ཉན་མཁན་ཡིན་པ་རེད་ཟེར་ཚུལ་ཞིག་གང་ནས་གསུང་ཤེས་སམ། མ་གཞི་བོད་ཟེར་བ་འདི་དང་འདིའི་བདེ་སྡུག་བོད་མི་ཚང་མ་ལ་རེ་རེ་ཡི་འགན་ཞིག་ཡོད་དུས། སུས་སུ་ལ་འདི་བྱས་དང་འདི་མ་བྱེད་ཟེར་རམ།
བོད་དོན་ཞིག་གླེང་ནི་མེད་ན།
ཁྱེད་ཚོའི་རྣ་བདེ་འམ།
བོད་དོན་ཞིག་རྩོད་ནི་མེད་ན།
ཁྱེད་ཚོའི་སེམས་བདེ་འམ།
བོད་པ་ཞིག་རིག་རྒྱུ་མེད་དུས།
ཁྱེད་ཚོའི་འདོད་པ་འགྲུབ་པ་ཡིན་ནམ།
༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་པའི་མིས་ག་རེ་བྱས་ན་ཡང་ནག་ཉེས་རྒྱལ་བ་རིན་པོ་ཆེ་ལ་ཡོད་དམ།
བོད་མི་རིགས་ཀྱི་ཆེད་དུ་ཡར་ལང་ངོ་རྒོལ་བྱ་མཁན་ལ་བོད་མི་ཚོས་མ་དགའ་བའི་ངོ་རྒོལ་བྱེད་དམ།
རིགས་ཞེན་གྱིས་རང་གི་བོད་རིགས་འདི་འཛམ་གླེང་འདིའི་ནང་ལ་གནས་ཐུབ་པའི་ཐབས་བརྒྱ་འཐེན་ན་ངོ་རྒོལ་ཡོད་དམ།
རང་སྲེག་བྱེད་མ་དགོས་བའི་སྲིད་ཇུས་གུ་ཡངས་དང་ཆོས་དད་ངོས་ཡོད་ཀྱི་རང་དབང་ཞིག་ཁྱེད་ཚོའི་ལག་ལ་སྤྲད་ནི་ཞིག་དང་རག་ནི་ཞིག་ཡོད་དམ།
དགྱ་དམར་གྱིས་བོད་རང་བང་འཕྲོག་པ་རེད། འཕྲོག་མཁན་ལ་འཁོན་ནམ་ཤོར་མཁན་ལ་འཁོན།
དགྱ་དམར་གྱིས་ཆོལ་གསུམ་ཡོངས་ནས་སད་པ་རེད། གསོན་མཁན་ལ་འཁོན་ནམ་གསོད་ས་ཚང་ལ་འཁོན།
དགྱ་དམར་གྱིས་མྱི་ལོ་དྲུག་ཅུ་ལྷག་ལ་རྒྱང་ཕུད་བཏང་བ་རེད། རྒྱང་ཕུད་གཏོང་མཁན་ལ་འཁོན་ནམ་རྒྱང་ལ་གྲོས་མཁན་ལ་འཁོན།
དགྱ་དམར་གྱིས་བརྫུན་གཏམ་གང་སར་བསྒྲགས་ནས་ཕྱིན་པ་རེད། བརྫུན་གཏམ་བཤད་མཁན་ལ་འཁོན་ནམ་ནག་མེད་ཉམས་ཆུང་ལ་འཁོན་ནམ།
གོང་གི་འདི་ཚོ་ལ་ལན་ཞིག་མེད་ན། སྐད་ཆ་དགྱ་སྐྱག་འདྲ་མོ་འདི་འདྲ་བཤད་པ་ལས། གཡུག་བཞག་ན་ཡག་གི་ཨ།
དེ་རིང་སྤོབས་པ་འདི་ར་བཟི་ནས་བསྡད་ཡོད་པ་འདྲ
སྤོབས་པ་མཐའ་ཡས། ཕྱོགས་གཉིས་ནས་རྒྱ་མིས་ཁྱབས་བསྒྲགས་བྱེད་སའི་དེ་སྒང་ལ་ལྷུང་ཡོད་ས་རེད། གཅིག་བྱས་ན་ཡིན་ཀྱི་མ་རེད་བཤད་སྟངས་ཏོག་ཙམ་ནོར་སོང་བ་ཡིན་གྱི་རེད།
སྤོབས་པའི་རྩོམ་ཡིག་དེ་ཚར་གསུམ་བཀླགས། དེ་ནས་ལག་པ་སྙིང་ཁར་བཞག་ནས་བསམ་བློ་ཞིག་བཏང་། དེ་རྗེས་གཞི་ནས་སྤོབས་པའི་རྩོམ་ཡིག་ལ་དབྱེ་ཞིབ་བྱེད་པའི་དབང་ཆ་ཡོད་ཀི་བསམས།
སྤོབས་མཐའ་XXXX གལ་སྲིད་མི་ཞིག་གིས་སངས་རྒྱས་ཀྱི་གོ་འཕངས་འཐོབ་ཆེད་སྒྲུབ་སྦྱོང་བྱས་ནས་གྲོང་པ་ཡིན་ན་སངས་རྒྱས་དང་མི་དེ་ལ་འབྲེལ་བ་ཇི་ལྟར་ཡོད་རེད། སངས་རྒྱས་ལ་ནག་ཉེས་ཅི་ཡོད་རེད། དཔེར་ན། ཁྱོད་རང་རང་གི་ཨ་མའི་དྲིན་ལན་གསོད་ཕྱིར་དགེ་སྒྲུབ་བྱས་ནས་ཤི་སོང་ན་གན་ཡོད་ཚད་ཨ་མའི་མགོར་འཕེན་གྱི་ཡིན་ནམ། རྒྱ་ནག་དམར་ཕྱོགས་པའི་སྐད་ཆ་དེའི་རིགས་དབོས་ཤུགས་གང་ནས་ཀྱང་མ་བཤད་རོགས།
སྤོབས་མཐའ། XXXXཡིན་ན་ཁ་གསལ་བོ་བྱས་ནས་རང་མདོག་དེ་སྟོན་ཤོག
རང་བསྲེགས་གཏོང་མཁན་མང་ཆེ་བས་༧གོང་ས་མཆོག་གི་ཆེད་དུ་བཏང་བ་ཡིན་སྲིད་ཀྱང་། དེ་ཡིན་པ་ཙམ་གྱིས་༧གོང་ས་མཆོག་དང་འབྲེལ་བ་ཡོད་ཅེས་བརྗོད་ན་མི་འཐད་དོ། འོན་ཀྱང་༧གོང་ས་མཆོག་གིས་རང་བསྲེག་མ་བྱེད་ཅེས་བསླབ་བྱ་གནང་རྒྱུ་དེའི་ལས་མགན་ཡོད་པ་རེད་སྙམ། རང་བསྲེགས་ལས་འགུལ་འདི་༧གོང་ས་མཆོག་དང་བོད་གཞུང་གི་ལས་བྱེད་སུས་ཀྱང་སྐུལ་སློང་བྱས་མེད་པ་གསལ་པོ་རེད། རང་བསྲེགས་མ་བྱེད་ཅེས་བཙན་བཀའ་བཏང་རྒྱུའི་དབང་ཚད་ཀྱང་མེད་པ་གསལ་པོ་རེད། འོན་ཀྱང་རང་བསྲེག་མ་བྱེད་རོགས་གནང་ཞེས་འབོད་སྐུལ་ངེས་པར་དུ་དགོས་པ་རེད། ཁྱད་པར་དུ་༧གོང་ས་མཆོག་གི་བཀའ་སློབ་ཅིག་ངེས་པར་དུ་གནང་རྒྱུ་ཅིས་ཀྱང་གལ་ཆེན་རེད་སྙམ།།
བན་དེ་བས་མཚམས་མེད་པའི་ལས་ཡིན་པར་བཤད་ཡིད་ན། ང་ཚོས་དེ་ལ་བོད་དོན་ནམ་སྤྱི་དོན་ལ་ཡིན་ན་དཔའ་བོ་ཡིན་པར་འབོད་ཀི་ཡོད། ཚེ་ཕྱི་མར་གདུགས་དཀར་པོའི་འོག་གམ་སྤྱན་རིས་གཟིགས་ཀྱི་ཞིང་དུ་ཕེབས་ཆོག་པར་འདོད་ཀི་ཡོད། གནོད་བྱེད་ཀྱི་ལུང་རིགས་འདྲ་རིགས་པ་ཡོད་དམ། བཙན་བྱོལ་ཆོས་ལུགས་སྨྲ་བ་ས་དགེ་བཀའ་རྙིང་ཁ་ཆེ་བོན་དང་བཅས་པའི་དབུ་འདྲེན་རྣམ་པས་འདོད་ཀི་མི་འདུག་གམ།
དུས་བབས་གསར་འགྱུར་ལས
ཐའེ་ཝན་དུ་བོད་དོན་བགྲོ་གླེང་།
འདོན་སྤེལ། ༢༠༡༤/༠༥/༠༥
ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཁུན་མེང་དོན་རྐྱེན་དང་བོད་མིའི་རང་སྲེག་ནས་རྒྱ་ནག་མི་རིགས་གནད་དོན་ལ་བལྟ་བ་ཞེས་པའི་བགྲོ་གླེང་ཞིག་ཚོགས་འདུག
ཟླ་འདིའི་ཚེས་ ༣ ཉིན་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་དང་། ཐའེ་ཝན་བོད་རིགས་ཚོགས་པ། ཐའེ་ཝན་བོད་རྒྱ་མཛའ་འབྲེལ་ཚོགས་པ། ཐའེ་ཝན་སློབ་ཆེན་སྤྱི་ཚོགས་ཚན་རིག་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག ཐའེ་ཝན་སློབ་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཚོགས་ཁང་དུ་༼ཁོན་མེན་དང་བོད་མིའི་རང་སྲེག་དོན་རྐྱེན་ནས་རྒྱ་ནག་གི་མི་རིགས་གནད་དོན་ལ་བལྟ་བ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་འདུག དེར་ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས། ཐའེ་སྡོད་བོད་མིའི་བདེ་རྩ་ཚོགས་པའི་དབུ་འཛིན་དགེ་བཤེས་བྱམས་པ་རྒྱལ་མཚན། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱིས་ལས་བྱེད་ཡེ་ཤེས་བསྟན་འཛིན་བཅས་དང་། ཐའེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་<ཁྲན་ཅེ་རུ། ཐའེ་ཝན་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དབུ་འཛིན་ཆུའུ་རུང་ཅུས། ཐའེ་ཝན་ཕུ་ཡིང་ཚན་རྩལ་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐུ་ཞབས་སུའུ་ཅ་ཧུང་།
ཐའེ་ཝན་རྒྱལ་འཛུགས་ཆབ་སྲིད་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དབུ་འཛིན་ལི་ཡུ་ཐང་། མང་གཙོ་ཡར་རྒྱས་མནའ་མཐུན་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཆན་ཏ། ཐའེ་ཝན་དུ་རྟེན་གཞི་བྱས་པའི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་མནའ་མཐུན་ཚོགས་པའི་ཚོགས་གཙོ་ཡང་ཤན་ཧུང་། ཐའེ་ཝན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའུ་ཏེ་རུང་། ཀྲུང་ཧྭ་སློབ་ཆེན་འཛིན་སྐྱོང་དོ་དམ་ཚན་ཁག་གི་དབུ་འཛིན་གཞོན་པ་ཙིང་ཅེན་ཡུན། རྒྱ་ནག་མང་གཙོ་འཐབ་ཕྱོགས་ཚོགས་པའི་གཙོ་འཛིན་ལྕམ་ཧྲེང་ཤོད ཚའེ་དབྱིང་ཝོན་སློབ་གསོ་ཐེབས་རྩ་ཚོགས་པའི་སྤྱི་ཚོགས་འཕེལ་རྒྱས་བསྟི་གནས་ཁང་ གི་གཙོ་འཛིན་ཡང་ཁྲང་ཀྲིང་། ཐེ་ཝན་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཚན་ཁག་གི་རབ་འབྱམས་པ་ལིའུ་ཝོན་ཞོན་བཅས་ཚོགས་ཞུགས་ཀྱིས་གསུང་བཤད་འདུག
ཚོཊ་ཐོག་ཏུ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་འབྲེལ། བོད་ནང་ད་ལྟའི་བར་བོད་མི་ ༡༣༠ རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང་། བོད་མི་ ༡༡༢ འདས་གྲོངས་སུ་ཕྱིན་ཡོད་པའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་ཡོད་པར་མ་ཟད། དེང་སྐབས་རྒྱལ་སྤྱིའི་གནད་དོན་ཏུ་གྱུར་ཟིན་པའི་བོད་ཀྱི་གནད་དོན་འདིར་ཐག་གཅོད་མ་བྱས་བར་ཡོལ་ས་གཏན་ནས་ཡོང་མི་སྲིད་པ་དང་། བོད་ཀྱི་གནད་དོན་ཇི་ཙམ་གྱིས་ནར་འགྱངས་བྱས་པ་ཡིན་ན་དེའི་ཚོད་ཀྱིས་ཕྱོགས་གཉིས་ཀར་འཐུས་ཤོར་དང་གྱོང་གུད་ལས་ཅི་མེད་པ་དང་། རྒྱ་ནག་སྟོབས་ཆེན་ཇི་ཙམ་ཆགས་རུང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་སྟབས། བོད་པ་རང་ངོས་ནས་འཐབ་རྩོད་འདི་རྒྱུན་བསྐྱང་ཐུབ་སྐོར་སོགས་བརྗོད་ཡོད་འདུག
ཐའེ་ཝན་མང་གཙོ་ཡར་རྒྱས་མནའ་མཐུན་ཚོགས་པའི་དྲུང་ཆེ་དང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཆན་ཏ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདིར་ད་དུང་ཡང་གོ་སྐབས་དམ་འཛིན་མ་བྱས་པ་ཡིན་ན། ཉིན་ཞིག་ཏཱ་ལའི་བླ་མ་མ་བཞུགས་པ་དང་། བོད་མི་ཚོས་ཡུ་གུར་བ་མཉམ་དུ་དྲག་པོའི་ལམ་དུ་ཞུགས་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཡིན་ན། རྒྱ་ནག་གི་རྙོག་གྲ་ཆུང་ཆུང་ཞིག་རྩ་བ་ནས་མིན་པ་དང་། རྒྱ་ནག་གིས་ཏཱ་ལའི་ཕྱིར་བོད་ནང་ཕེབས་བཅུག་གི་མེད་པ་དེ་ནི་རྒྱ་ནག་དབང་འཛིན་པ་ཚོས་དབང་ཆ་གཅིག་སྡུད་བྱེད་བཞིན་ཡོད་པས་ཡིན་པ་དང་། གུང་ཁྲན་ཏང་གིས་མ་འོངས་ལོ་ལྔའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕྱིར་བོད་ནང་ཕེབས་རྒྱུ་དང་། ༢༠༡༧ ལོར་ཧོང་ཀོང་མི་མང་ལ་འོས་འདེམས་ཀྱི་ཐོབ་ཐང་མ་སྤྲད་ཚེ། ཐེའེ་ཝན་མི་དམངས་ཀྱིས་རྒྱ་ནག་ལ་ཡིད་ཆེས་མེད་པའི་ཐོག་རང་བཙན་གཙང་མར་རྩོད་ལེན་བྱེད་ངེས་སྐོར་སོགས་བརྗོད་འདུག་ལ། ད་དུང་ཚོགས་འདུའི་ཐོག་རྒྱ་རིགས་ཚོས་རྒྱ་ནག་གི་ད་ལྟའི་གནས་སྟངས་དང་བོད་མིའི་ཆབ་སྲིད་ཀྱི་གནས་བབ་སོགས་ཀྱི་ཐོག་གཏམ་བཤད་གནང་ཡོད་འདུག
གསར་འགོད་པ། དོན་གོ
དྲ་ཁང་དུ་ཆུ་ཚོད་གཏོང་གི་མེད་ཀྱང་། སྐབས་རེ་དྲང་གཏམ་རེ་འགའ་མི་བཤད་ཀ་མེད་བཟོ་གི་འདུག དཔེར་ན་བོད་ནང་རང་ལུས་དམར་མཆོད་བྱེད་མཁན་ཚོས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཆེད་ཁོ་ན་ཙམ་མ་རེད། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཟེར་བའི་ཚིག་འདི་བོད་མི་རིགས་ཀྱིས་དགྲ་དམར་གཞུང་ལ་ཞུ་འབོད་བྱེད་བཞིན་པའི་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་དང་དཀའ་སྡུག་སོགས། མདོར་ན་འབོད་ཚིག་འདི་ནི་བོད་མི་རིགས་ཀྱི་འབོད་ཚིག་དང་སྨོན་འདུན་སོགས་མི་རིགས་ཀྱི་དགོས་འདུན་ཡོངས་རྫོགས་ཀྱི་ངོ་ཚབ་ལྟ་བུའི་ཚིག་ནང་དོན་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པ་ལས། ཁོང་བོད་ལ་ཕེབས་དགོས་ཟེར་བའི་དོན་དག་ཙམ་མ་རེད། དེ་ནི་བོད་ཀྱི་རྒྱལ་དར་མཁའ་དབྱངས་སུ་བསྒྲེངས་པ་དང་གཅིག་པ་རེད། བོད་ཀྱི་རྒྱལ་དར་བསྒྲེངས་པ་ཡིན་ན། དེ་ནི་རྒྱལ་དར་རམ་རས་ཁྲ་དེ་བསྒྲེང་དུ་འཇུག་དགོས་ཟེར་བའི་ནང་དོན་ཙམ་མ་ཡིནཔར། རྒྱལ་དར་བསྒྲེངས་པ་ནི་མི་རིགས་དེའི་རང་དབང་དང་ཐབ་ཐོང་གླེང་གི་ཡོད་པ་རེད། བྱས་ཙང་རང་བསྲེགས་ཀྱི་དོན་རྐྱེན་དེ་རྒྱལ་བ་རིན་ཆེ་དང་སྐུ་སྒེར་གྱི་འབྲེལ་བ་ཆེན་པོ་ཡོད་མ་རེད་སྙམ།
གཉིས་པ་༧རྒྱལ་བ་རིན་པོ་ཆེའི་བཞེངས་ཕྱོགས་གསལ་བོ་རེད། ཁོང་གིས་རང་བསྲེགས་ཀྱི་་རྒྱུ་རྐྱེན་རྩ་བ་གང་ཡིན་བརྟག་དཔྱད་ཡག་པོ་གནང་རོགས་ཞེས་དགྲ་དམར་གཞུང་ལ་ཐུགས་རེ་དང་གནོན་ཤུགས་གང་ཡོང་གནང་གི་ཡོད་རེད། འདི་ཁོང་གིས་འདས་པོ་ཚོའི་རེ་སྨོན་ལ་བདག་པོ་བརྒྱག་ཡང་དག་པ་དེ་རེད་འདོད། ཕྱོགས་གཅིག་ནས་རང་བསྲེགས་ཀྱི་གནས་ཚུལ་སྐྱོ་བོ་འདི་འབྱུང་རྩ་རྒྱ་དམར་ཡིན་པས་་དེའི་སེལ་ཐབས་ཀྱང་རྒྱ་དམར་གྱིས་བཙལ་དགོས་པའི་ཉེས་འགན་གསལ་བཤད་གནང་གི་ཡོད་པ་རེད།
འབྲི་མང་ཡང་སྙིང་པོ་མ་མཐོང་བས་ཕྱོགས་ཙམ་ལམ་སྟོན་ཡིན།
རྙོག་དྲ་རྒྱ་མིས་བཟོས། སེལ་ཐབས་༧རྒྱལ་བ་རིན་པོ་ཆེས་བཙལ་དགོས་པ་གནས་ལུགས་དང་མི་མཐུན་བཙན་གཏམ་ཞིག་མ་རེད་དམ།
རྒྱ་བ་རིན་པོ་ཆེ་རང་བསྲེག་བཏང་བ་ལ་འདོད་པ་མེད་ན་རང་སྲོག་མ་བཅད་རོགས་ཟེར་འབོད་སྐུལ་ཞུ་མི་ཆོགས་དོན་གང་རེད།
ངོ་རྒོལ་མེར་བསྲེག་ལས་འགུལ་གྱི་ཆ་ནས་བཤད་ན། རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་འཇུག་དགོས་ཟེར་བའི་འབོད་ཚིག་དེ་སྟག་སྨྱོན་གྱིས་གོང་དུ་བཤད་ཟིན་པ་ལྟར་རེད་ལ། ད་དུང་ཁག་ཅིག་གིས་རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་ཚེ་དཔལ་འབྱོར་ཐད་ནས་ཀྱང་རང་འགྲུབ་ཅིག་ཡོང་ས་རེད་འདོད་ཀྱི་འདུག འོན་ཀྱང་། མེར་བསྲེག་ལས་འགུལ་བྱུང་བ་ནས་རྡ་རམ་སཱ་ལས་ཐད་ཀར་མེར་བསྲེག་ལས་འགུལ་ནི་རྒྱལ་བ་རིན་པོ་ཆེ་ཡི་ཆེད་དུ་ཡིན་པ་ལྟ་བུ་ཞིག་ལ་བསྒྱུར་གང་ཐུབ་གནང་ཡོད་པས། རྒྱ་དམར་གཞུང་གིས་ཀྱང་གོ་སྐབས་དེ་བཟུང་ནས་ཆོས་ལུགས་ཐལ་ཆེའི་རིང་ལུགས་རྒྱབ་ཏུ་ཡིབ་པའི་དྲག་སྤྱོད་ལས་འགུལ་ཞིག་ལ་ངོས་འཛིན་བྱས་འདུག དེ་བས། དྲི་བ་འདིའང་འཕྱིས་མེད་ན་སྔ་མེད་པའི་དྲི་བ་ཞིག་ཏུ་འདོད།
བསྟན་པའི་དོན་དུ་ཡིན་ཟེར་ནས་འཚེ་བའི་ལས་སྤྱོད་བྱས་ཏེ་རང་སྲོག་བཅད་ཚེ་ཚེ་ཕྱི་མར་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེ་བར་བཤད་ཚུལ་འདི་དང་ཁ་ཆེའི་དྲག་སྤྱོད་པས་ལོ་གཞོན་མང་པོ་ཞིག་ལ་དེ་ལྟར་བྱས་ན་ཨ་ལ་ཡིས་འདྲེན་པར་བཤད་ཚུལ་གཉིས་ཏག་ཏག་འགྲིག་སོང། དེ་ལྟར་མི་མོ་ཁྱོད་རང་དེ་ལྟར་གྱིས་དང་བསྟན་པའི་ཁ་འཛིན་གཙོ་བོ་ཞིག་ཡིན་པས་དེ་ལ་ཤ་ཞེན་ནི་ཡོད། སྤྱན་རས་གཟིགས་ཀྱི་ཞིང་དུ་སྐྱེ་མི་འདོད་མཁན་སུ་ཞིག་ཡོད་དམ། མྱུར་བར་གཤེགས་རོགས་དགའ་བསུ་ཡོད།
བན་དེ་བ་ལགས། དོན་དག་མགོ་མི་ཚོས་ན་འོལ་ཚོད་ཀྱིས་རང་བཟོ་མ་བྱེད་རོགས། བོད་སྤྱི་བ་ལ་གནོད་ཀི་རེད། བོད་མིའི་འཐད་རྩོད་ལ་ཡང་གནོད་ཀི་རེད།
༼གཅིག༽ བོད་མིའི་བདེན་དོན་གྱི་ཆེད་དུ་རང་ལུས་མེར་བསྲེག་གནང་བ་འདི་འཚེ་བའི་བྱ་སྤྱོད་ཅིག་གཏན་ནས་མིན། ད་སྔ་འཛམ་གླིང་སྟེང་རང་ལུས་མེར་བསྲེག་གཏོང་མཁན་འགའ་ཤས་བྱུང་ཡོད། འཛམ་གླིང་མི་མང་ཚང་མས་དེ་དག་འཚེ་མེད་ཀྱི་ལས་འགུལ་ཞིག་ཏུ་ངེས་འཛིན་གནང་བ་མ་གཏོགས་འཚེ་བའི་བྱ་སྤྱོད་ཅིག་ལ་གཏན་ནས་ངེས་འཛིན་བྱས་མེད། བོད་མིའི་རང་བསྲེག་ལས་འགུལ་ཡང་དེ་དང་གཅིག་མཚུངས་ཡིན།
དེར་མ་ཟད་འཚེ་བ་ཟེར་བ་ནི་གཞན་གྱི་ལུས་སྲོག་ལ་གནོད་པ་བྱེད་པའི་བྱ་སྤྱོད་ཅིག་ལ་ཟེར། བོད་མིའི་རང་བསྲེག་འདིས་གཞན་སུ་ཞིག་གི་ལུས་སྲོག་ལ་གནོད་པ་བྱས་སོང་ངམ། གསལ་སྟོན་བྱོས། རང་བསྲེག་འདི་འཚེ་བའི་ལས་རེད་ཟེར་མཁན་གཅིག་ཡོད་པ་ནི་རྒྱ་དམར་གུང་ཁྲན་རེད། གཡོ་སྒྱུ་ཁྲམ་གསུམ་གྱིས་གཞན་བསླུ་བྲིད་གཏོང་ཕྱིར་དེ་ལྟར་འཆད་ཀྱིན་ཡོད་པ་རེད། ཁྱོད་ཀྱིས་ཁོང་ཚོས་བཤད་པ་ལྟར་བདེན་པ་རེད་བསམ་གྱི་འདུག་གམ། གལ་སྲིད་རྒྱ་དམར་གུང་ཁྲན་གྱི་ཆེད་དུ་མི་ཞིག་གིས་ལུས་ཕུང་མེར་བསྲེག་བཏང་ཚེ་ཁོང་ཚོས་ག་རེ་ལབ་སྲིད་དམ། འཚེ་བའི་ལས་རེད། འཇིགས་སྐུལ་གྱི་བྱ་སྤྱོད་རེད་ཅེས་ལབ་སྲིད་དམ། དེ་ལས་ལྡོག་སྟེ་རྒྱལ་ཁབ་ཀྱི་དཔའ་བོ་དང་། མི་འི་རིགས་ཀྱི་དཔའ་བོ། རྒྱལ་ཁབ་དང་ཏང་ལ་བློ་དཀར་བ་སོགས་ཀྱི་ཆོ་ལོ་མང་བོ་ཞིག་སྤྲོད་པ་སྨོས་མེད་ཡིན། དེས་ན་འདི་གཉིས་ལ་བར་ཁྱད་དེ་འདྲ་ཞིག་་འབྱུང་དགོས་པ་གང་ལ་ཐུག་པ་རེད། བསམ་བློ་ཞིབ་ཏུ་ཐོངས།
༼གཉིས༽ རང་བསྲེག་བྱས་ན་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ནས་སྐྱེས་ཞེས་ངན་བསྐུལ་བྱེད་མཁན་ད་སྔ་ཕན་ཆད་གཅིག་ཀྱང་བྱུང་མྱོང་མེད། ཁྱོད་ལ་སྟོན་རྒྱུ་ཡོད་ན་མིང་བཟུང་དོན་བཟུང་བྱེད་རོགས། ད་རུང་བོད་མས་བདེན་དོན་གྱི་ལས་འགུལ་སྤེལ་སྟངས་དང་ཁ་ཆེ་དྲག་སྤྱོད་པས་བྱ་འགུལ་སྤེལ་སྟངས་གཉིས་གཅིག་པ་རེད་ཟེར་མཁན་གཟུར་གནས་ཕྱི་རྒྱའི་མཁས་པ་སུ་ཡང་བྱུང་མྱོང་མེད། ཁྱོད་དངོས་གནས་མགོ་རྨོངས་སོང་བ་ཡིན་ནམ། མ་ཤི་ན་རིག་རྒྱུ་མང་ཟེར་བ་ལྟར་བོད་མི་ཞིག་གིས་ཀྱང་འདི་ལྟར་བཤད་ཕོད་པ་ནི་དངོས་གནས་ཡ་མཚན་དགོས་པ་རང་རེད། རང་བསྲེག་ལས་འགུལ་སྤེལ་ནས་འདས་གྲོངས་སུ་ཕྱིན་པ་རྣམས་དག་ཞིང་ནས་སྐྱེ་བར་ཤོག་ཞེས་སྨོན་ལམ་འདེབས་པ་ནི་ཆོས་ལྡན་བོད་མི་ཚོས་གཤིན་པོར་འདས་མཆོད་སྒྲུབ་སྟངས་ཤིག་ཡིན། ཁྱོད་ཀྱིས་འདི་ཡང་ངན་བསྐུལ་གྱི་ཚིག་རེད་བསམ་གྱི་ཡོད་དམ།
ས་ལེ་སྦྲམ་ལགས།
ཚེ་ཕྱི་མར་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེ་བར་བཤད་པ་་་་་་ཨ་ཕྱིའི་མཆན་༡༡ པར་གཟིགས་དེ་ངས་བཤད་པ་མ་རེད།
རང་སྲོག་རང་གིས་བཅད་པ་དེ་འཚེ་བའི་ལས་ཡིན་མིན་ངས་གོང་དུ་དྲི་རྟགས་བཀོད་ཡོད་དེར་གཟིགས། འཚེ་བ་ཡིན་མིན་བོན་གཞུང་ནས་མཚམས་མེད་ཀྱི་ལས་ཡིན་པར་གསུངས་འདུག དེ་ངས་བྱས་པ་མ་རེད།
བན་དེ་བ་ལགས་ལ། གོ་ནོར་ཐེབས་སོང་བར་དགོངས་སེལ་ཞུ།
ཨ་ཁ་ཁ། བན་དེ་བ་ཟེར་བ་འདི་རླུང་གི་རྗེས་སུ་འགྲོ་བའི་རྩྭ་ཀུ་ཤུ་དང་གཅིག་པ་རེད་བཞག ངས་ཁྱོད་ལ་ཅོ་འདྲི་བྱས་པ་ཡིན་ནོ། ནང་ཆོས་སུ་རང་སྲོག་གཅོད་པས་ཞིང་ཁམས་སུ་སྐྱེ་བར་འདོད་པར་གཞུང་ལུགས་གཅིག་ཀྱང་མེད་བཞིན་ཅི་འདྲའི་རྣམ་དཔྱོད་དང་དབང་རྩ་མ་ཚང་མི་དང་མིའུ་ཐ་ཆད་པ་ལ། ཡིན་ན་ཡང་བཙན་བྱོལ་བོད་མིའི་དབུ་འཛིན་དང་ཆོས་ལུགས་འཛིན་པ་ཚོས་བོད་དོན་ལ་ཕན་ཐོག་གི་ནུས་པ་ཞིག་མི་ཐོན་པར་ཕར་བལྟས་ཚུལ་ལ་ཤར་བཞིན་དུ་སྐྱུག་བྲོ་བའི་བསྔགས་བརྗོད་ཅིག་མ་ཡིན་ནམ།
དེང་སང་སྤོབས་པ་མཐའ་ཡས་དང་གནམ་ལོ་ཡག་ཟེར་བ་འདི་ཚོ་ལས་མེད་ཆགས་ཡོད་པ་ཐག་ཅོད་རེད། ཉིན་རྟག་པར་བོད་མི་ནང་སྐྱོན་འཚང་འདྲ་ག་རེ་དྲུད་རགྱུ་ཡོད་ན་བསམས་ནས་བསྡད་འདུག རང་སྲེག་མི་ངེས་པར་དགོས་ལ། ༸གོང་ས་མཆོག་ནས་མེར་སྲེག་མཚམས་འཇོག་དགོས་པར་རྗེས་སུ་ནམ་ཡང་གསུངས་མི་སྲིད། གང་ཡིན་ཞེ་ན། ༸གོང་ས་མཆོག་ནི་ཆབ་སྲིད་ལ་མངའ་རྙེད་པ་ཡིན་པས་བློས་གཏོང་མེད་ན་འབྲས་བུ་མེད་པ་མཁཨཡེན་གྱིན་ཡོད། རྒྱ་གུང་ཁྲན་ནས་སྲོག་གི་འགྲོ་སོང་བཏང་ནས་བོད་བཙན་བཟུང་བྱས་་པ་རེད། ང་ཚོས་ཀྱང་སྲོག་གི་འགྲོ་སོང་བཏང་ནས་བོད་ཚུར་འཕྲོག་དགོས།
སྤོབས་པ་ལགས་ཁྱོད་ལ་དྲི་བ་ཞིག་ཡོད་ཁྱོད་ཀྱིས་གནས་དོན་འདི་འདྲ་ཞིག་ཁ་བརྡའི་ནང་འཁྱེར་ཡོང་ནས་དགག་བྱ་དགོས་པ་དམིགས་ཡུལ་གང་ཡིན། སྐུ་ཉིན་ཤིན་ཧ་དྲ་བའི་གསར་འགོད་པ་བྱ་འདོད་ཡོད་པ་མིན་ནམ།
ཡར་མར་ཀུན་ལ་མ་ཕྱོགས་པར་བསམ་བློ་དྲང་བོར་བཏང་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ན་ཕན་ག་ཚོད་ཞིག་ཡོང་རྒྱུ་ཡོད་པ་དེ་རེད། མི་ཐོག་སྔ་མ་དེ་ཚོས་དགའ་ལྡན་ཕོ་བྲང་གི་མེ་རོ་ལྷར་གསོ་ལ་རེ་བ་བྱས་རེད། དགའ་ཕོ་ནི་མེད་པར་གྱུར་ཚར་བ་མ་རེད་དམ།
༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ཚུལ་དེ་ཡང་། རྒྱལ་བ་རིན་པོ་ཆེའི་ཆེད་དུ་མིན་པར། བོད་དང་བོད་མིའི་ཆེད་དུ་མེར་སྲེག་བཏང་ནས། ༸ཁོང་བོད་དུ་འབོད་པ་ལས། རྒྱལ་བ་རིན་པོ་ཆེ། ༸ཁོང་རང་ཉིད་སྐྱིད་དུ་འོངས་བའི་ཆེད་དུ་མིན་པ་དེ་ཡང་ཤེས་དགོས་པ་གལ་ཆེའོ།།