ཚེ་རིང་།
མཚན་མོའི་མིག་ཀོང་ལ
ཟླ་འོད་ཀྱི་བརླན་ཤ་འབབ་ཅིང
མུན་པའི་ཀློང་ནས་འདར་སིག་སིག་གི་སྐར་མ་དེ་ཚོ་མཐོང་དུས
ངའི་སེམས་ལའང་རང་དབང་མེད་པར་སྔངས་འདར་ཞིག་སླེབས་བྱུང
ཟླ་སྐར་གྱི་ཚོགས་རྣམས
མུན་ཁྲོད་ནས་མི་ཡུལ་དུ་ཕེབས་ཤིང
མི་ཚོགས་འདི་རང་རང་གི་རྨི་ལམ་གྱི་ཁུགས་ལ་ལྷུང་དུས་སུ
ཁོང་ཚོས་ད་གཟོད་རང་ཉིད་ཀྱི་བྱམས་བརྩེ་ཕྱི་རུ་མངོན་ཏེ
མི་ཡུལ་ལ་བརྩེ་བས་རྒྱང་གཟིགས་མཛད
འོད་ཐིག་རབ་རིབ་དེ
རེ་བཞིན་པའི་ལག་ཟུང་དེ་དང་འདྲ་བར
ངའི་ཕྱོགས་སུ་ཁུ་སིམ་སིམ་གྱིས་རྐྱང་འོང
དལ་ལྷོད་ལྷོད་ཀྱིས་བཞུར་བྱུང
མུན་ནག་གི་ཐག་རིང་དེ་རུ
ད་དུང་བགྲོད་ལམ་ཞིག་འཐེན་འདུག
བགྲོད་ལམ་སྟེང་གི་ཞབས་རྗེས་མག་མོག་དེ
ཕལ་ཆེར་ངས་འཚོལ་གྱིན་པའི་མི་དེའི་ཞབས་རྗེས་དང་འདྲ
ཁྱོད ངའི་སེམས་ཀྱི་དག་ཞིང་དེའི་ལྷ་དབང་ཡིན་ལ
ཁྱོད ང་འགྲོ་སའི་གནས་མལ་གྱི་བདག་པོའང་ཡིན
ང་ཅིས་ཀྱང་དེ་རུ་འགྲོ་དགོས་ལ
ངས་ཅིས་ཀྱང་ཁྱོད་ཉིད་འཚོལ་དགོས་ཨང— —
2014/5/8