སྤོབས་པ་མཐའ་ཡས།
རང་སྲེག་ངོ་རྒོལ་ལ་ལྟ་བ།
ཉེ་བའི་དུས་སུ་བོད་ཀྱི་སྤྱི་ཚོགས་སྤྱི་དང་ལྷག་པར་བོད་ནང་དུ་རང་ལུས་ལ་མེ་སྦར་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འབྱུང་བཞིན་ཡོད། རང་སྲེག་གི་ལས་འགུལ་དེའི་འབྱུང་རྐྱེན་དང་། དམིགས་ཡུལ། དེ་ཉིད་མཚམས་མ་ཆད་པའི་རྒྱབ་ལྗོངས་བཅས་གསལ་པོ་ཞིག་ཤེས་དགོས་པ་གལ་ཆེན་པོ་རེད། ངས་རྩོམ་ཡིག་འདིའི་ནང་དུ་རང་སྲེག་གི་ལས་འགུལ་ལ་བོད་མི་མང་གིས་ལྟ་སྟངས་ག་འདྲ་ཞིག་འཛིན་དགོས་སྐོར་རགས་ཙམ་གླེང་རྒྱུ་ཡིན།
རང་སྲེག་ལས་འགུལ་ལ་ད་བར་དུ་བོད་མི་རྣམས་ཀྱིས་ལྟ་སྟངས་གཅིག་གྱུར་ཞིག་བྱུང་མེད། ལ་ལས་ནི་རང་སྲེག་འདི་དགོས་པ་ལས་དགག་བྱ་ཆེ་བས་མཚམས་འཇོག་པའི་འབོད་སྐུལ་བྱ་དགོས་པར་འདོད་པ་དང་། ལ་ལས་ནི་འདི་སྤྱི་ཚོགས་ཀྱི་ཕན་བདེའི་ཆེད་དུ་བསྒྲུབས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པས་བཏང་སྙོམས་སུ་འཇོག་དགོས་པར་འདོད་པ། ལ་ལས་ནི་སྲོག་གི་འགྲོ་གྲོན་མ་བཏང་ན་གསོན་པའི་ཐབས་ལམ་མེད་པས་ག་ཚོད་འཆི་ཐུབ་ན་དེ་ཙམ་གྱིས་སྤྱི་ཚོགས་ལ་ཁེ་ཕན་གྱི་གྲུབ་འབྲས་ཐོབ་པར་འདོད་པ་སོགས་བྱུང་ཡོད། རྒྱ་དམར་གྱི་ཕྱོགས་ནས་བོད་མིའི་ལྟ་སྟངས་གཅིག་མཚུངས་མེད་པའི་གོ་སྐབས་དེ་བཟུང་ནས་རང་སྲེག་གི་གནད་དོན་འབྱུང་རྐྱེན་ཏཱ་ལའི་རུ་ཚོགས་ཀྱི་སྟེང་དུ་འགེལ་བ་དང་། བོད་མིའི་ཕྱོགས་ནས་ཀྱང་རྒྱ་དམར་ལ་རྒྱབ་འགལ་གྱི་འཁོན་ལན་སློག་ཆེད་དུ་རང་སྲེག་ངོ་རྒོལ་འབྱུང་རྩ་རྒྱ་དམར་གཞུང་ཐུག་ཡོད་ཚུལ་གྱི་རྩོད་གླེང་། ཆབ་སྲིད་ཀྱི་རྒྱན་རྩེད་དེའི་ཁྲོད་དུ་ལྷུང་ཡོད་སྟབས་བོད་མི་ནང་ཁུལ་ལ་རང་སྲེག་གི་གནད་དོན་འདིའི་ཐད་ལ་ཞིབ་ལྟ་དང་ནང་གཏམ་གྱི་གོ་སྐབས་མང་པོ་ཞིག་ཤོར་ཡོད།
ཡིན་ན་ཡང་། ད་བར་དུ་རང་སྲེག་བྱེད་མཁན་ཚོར་བོད་མི་མང་གིས་སྤྱི་ཚོགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོར་བརྩིས་ནས་བསྟོད་གླུ་ལེན་པ་དང་། རྗེས་དྲན་ཞུ་བ། ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་ཅི་ཐུབ་བྱེད་པ་ནི་ཕལ་ཆེར་རྒྱུན་ལྡན་ཡིན། ཡིན་ན་ཡང་། དོན་དངོས་ཡོད་ལ་བོད་མི་མང་གི་བྱེད་སྟངས་འདིས་བོད་མི་མང་ལ་ཁེ་ཕན་ཞིག་ཁྱེར་ཡོང་ངམ་གྱོང་རྒུད་ཅིག་ཁྱེར་ཡོད་བའི་དྲི་བ་འདོན་མཁན་བྱུང་མེད། ཡང་སྙིང་རང་སྲེག་བྱེད་མཁན་འདི་དག་དོན་དག་ངོ་མ་ཅི་ཞིག་གི་དོན་ལ་རང་ཤི་བྱས་པ་ཡིན་མིན་ལ་ཡང་དྲི་བ་འདོན་མཁན་མང་པོ་བྱུང་མེད།
རང་སྲེག་བྱེད་མཁན་གྱི་མི་མང་པོའི་ཁ་ཆེམས་བཞག་པ་དང་སྐད་འབོད་བྱས་པར་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པ་དེ་ཧ་ཅང་མང་པོ་ཡོད་ཚུལ་འདུག གཅིག་བྱས་ན། བོད་ནང་གི་མིས་རྒྱལ་བ་རིན་པོ་ཆེས་ཆོས་སྲིད་ཀྱི་དབུ་ཁྲིད་ལས་འགན་ལས་དགོངས་པ་ཞུས་ཚར་བ་མ་ཤེས་པར་ད་དུང་ཡང་རྒྱལ་བ་རིན་པོ་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་ཡིན་པར་འཁྲུལ་ཡོད་པ་ཡིན་ནམ། ཡང་མིན་ན། མི་འདི་དག་ལ་བོད་མི་མང་གི་རང་དབང་སླར་གསོའི་རེ་འདུན་ཡོད་པ་མིན་པར་རྒྱལ་བ་རིན་པོ་ཆེ་ལ་དད་ཞེན་ཞིག་གིས་ཀུན་ནས་བསླངས་ཏེ་རང་སྲེག་བྱེད་བཞིན་པ་ཡིན་ནམ། གང་ལྟར་ཡང་། རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་པའི་དགོས་འདུན་ཙམ་གྱི་ཆེད་དུ་འདི་ལྟ་བུའི་ལས་འགུལ་ཚབ་ཆེན་སྤེལ་བ་དེ་ནི་བོད་མི་མང་ལ་ཁེ་ཕན་ཡོད་པ་ཞིག་མིན།
རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་སྲིད་གཞུང་ནུས་མེད་དུ་གྱུར་ཟིན་པས་རྒྱལ་བ་རིན་པོ་ཆེ་ཡང་བོད་ཀྱི་སྤྱི་འབངས་ཕལ་ཞིག་ཏུ་གྱུར་ཟིན་སྟབས་བོད་ཕྱི་ནང་གང་དུ་ཡོད་ཀྱང་དེས་བོད་ཀྱི་རང་དབང་ལ་འཕོ་འགྱུར་དང་འབྲེལ་བའི་གནད་འགག་སྔར་བཞིན་མེད། དེར་བརྟེན་བོད་ནང་གི་མི་མང་གིས་ཀྱང་དེ་ལུགས་གསལ་པོར་ཤེས་དགོས་པ་གལ་ཆེན་ཡིན་པ་དང་། བོད་ཀྱི་རང་དབང་སླར་གསོའི་ཆེད་དུ་རང་སྲོག་བློས་བཏང་གི་ལས་འགུལ་སྤེལ་སྐབས་རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་མ་བཏང་ན་ལེགས། དེ་ནི་དགྲ་ཕྱོགས་ཀྱིས་ཆེད་དུ་གཟས་ནས་བོད་སྤྱིའི་ལས་དབང་ལ་འབྲེལ་བ་མེད་པར་སྐྱེ་བོ་སྒེར་བ་ཞིག་གི་ཁ་རྗེ་དབང་ཐང་དང་འབྲེལ་བའི་ལས་འགུལ་དུ་སྒྱུར་བའི་ཉེན་ཁ་ཆེ་བས་སྤངས་བྱ་ལས་བླངས་བྱ་མིན།
དེ་བཞིན་དུ། བོད་མི་མང་བྱིངས་ཀྱིས་ཀྱང་ད་ནས་བཟུང་སྟེ་རང་སྲེག་བྱེད་པའི་མི་རྣམས་ལ་བསྟོད་གླུ་ལེན་པ་དང་། རྗེས་དྲན་ཞུ་བ། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བའི་སྐབས་སུ་ཡང་ཡོད་ཚད་གདན་གྲལ་གཅིག་ཏུ་མི་འཇོག་པར་མི་དེས་དམིགས་ཡུལ་གང་ཞིག་གིས་རང་ལུས་མེར་བསྲེགས་ཚུལ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པར་འདོད། དཔེར་ན། རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་པའི་ཆེད་དུ་མི་ཞིག་གིས་རང་སྲེག་བྱས་ན་དེ་ནི་དགའ་ལྡན་ཕོ་བྲང་ཚང་གི་རྐང་དམག་ངར་མ་ཞིག་ཡིན་པ་མ་གཏོགས་བོད་སྤྱིའི་ལས་དབང་ལ་འབྲེལ་བ་ཆེར་མེད། བོད་མི་མང་གི་རང་དབང་སླར་གསོའི་ཆེད་དུ་རང་སྲེག་ལས་འགུལ་སྤེལ་ན་དེ་ནི་བོད་སྤྱི་ཚོགས་ཀྱི་དཔའ་བོ་ཡིན་སྟབས་དེའི་ཚོད་ཀྱི་ཆེ་བསྟོད་བྱ་བར་འོས།
མཇུག་བསྡུ། དེ་ལྟར་བོད་མིའི་རང་སྲེག་ལས་འགུལ་ལ་ལྟ་སྟངས་མི་མཐུན་པར་གྱུར་པ་ཙམ་དུ་མ་ཟད་རང་སྲེག་བྱེད་མཁན་གྱི་དམིགས་ཡུལ་དང་དགོས་འདུན་ཡང་རབ་རིབ་ཅིག་ཏུ་གྱུར་པ་དེ་ནི་བོད་མི་མང་གི་རང་དབང་སླར་གསོའི་རྩ་དོན་ལ་གྱོང་རྒུད་ཅིག་ཡིན། ང་ཚོས་ད་ནས་བཟུང་རང་སྲེག་བྱེད་མཁན་ཚོའི་དམིགས་ཡུལ་ངོ་མ་ཅི་ཡིན་གསལ་པོར་རྟོགས་དགོས་པ་དང་། རྗེས་དྲན་ཞུ་བ་དང་། བསྟོད་གླུ་ལེན་པ། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བའི་སྐབས་གང་ཡིན་ཡང་མི་རེ་ངོ་རེ་ནས་མི་དེས་རང་སྲེག་བྱས་པའི་དམིགས་ཡུལ་དང་། རྒྱབ་ལྗོངས། ཁ་ཆེམས།་སྐད་འབོད་སོགས་ཅི་བྱས་ལ་གཞིག་ནས་དེའི་ཚོད་ཀྱི་རྔ་ལ་དཔག་པའི་འཆམས་རྒྱག་དགོས་པ་གལ་ཆེན་རེད། དེ་ནི་དོན་དངོས་ཡོད་ལ་སྤྱི་ཚོགས་ཀྱི་དཔའ་བོ་ངོ་མ་དེ་སུ་ཡིན་ངོ་ཤེས་པའི་ཆེད་དུ་ཡིན།
རྐང་དམག་གམ། དཔའ་རྒོད་ཨེ།
བསྟན་སྲིད་མི་རིགས་ཤེས་རིག་དོན། །
རང་སྲོག་གཅོད་སོགས་བྱས་པ་ནི། །
རང་དང་གཞན་ལ་ཕན་གནོད་གཉིས། །
ལྕི་ཡང་སྤྱད་ནས་སྤྱད་པར་བྱ། །
རྩོམ་འདི་སྐད་འཕྲིན་ནང་དུ་གང་ཐུབ་ཀྱིས་གཏོང་འོས་པར་མཐོང་། ཚང་མས་གཞོགས་འདེགས་གནང་རོགས། སོ་སོའི་སོ་སོར་མགོ་བསྐོར་གཏོང་དུས་ཤིག་ཡེ་ནས་མ་རེད།
ཨ་ཁུ་སྤོབས་པ་ལགས། འདི་ལྟར་ལས་སླ་པོའི་སྡོམ་ཚིག་རྒྱགས་ཆོག་ཆོག་ཞིག་ཨེ་ཡིན། རང་སྲེག་པ་ཚོས་ཞལ་ནས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་ཟེར་ཞོར་རང་དབང་ཞེས་པའི་འབོད་ཚིག་འདི་དང་བྲལ་མྱོང་ཨེ་ཡོད། དེས་ན་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཞབས་སོར་འཁོད་ཐུབ་ན་རང་དབང་ཐམས་ཅད་འབྱུང་རེ་ཡི་ཀུན་སློང་དེར་ཞིབ་འཇུག་བྱེད་དགོས་པར་འདོད། གཅིག་བྱས་ན་རང་སྲེག་པ་ཚོས་༧རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་དགའ་ལྡན་ཕོ་བྲང་སྲིད་གཞུང་ནུས་མེད་དུ་གྱུར་ཟིན་པ་མི་མཁྱེན་པ་ཡང་ཡིན་སྲིད།
ལར་ནས་རང་སྲེག་གི་ལས་འགུལ་ལ་ལྟ་སྟངས་མི་མཐུན་པར་གྱུར་པ་ཙམ་དུ་མ་ཟད་རང་སྲེག་གནང་མཁན་ཚོའི་དམིགས་ཡུལ་དང་དགོས་འདུན་ཡང་རབ་རིབ་ཅིག་ཏུ་གྱུར་མཁན་བཙན་བྱོལ་གྱི་སྲིད་དོན་པ་ཚོ་ཡིན་ཚོད་ཡིན། ཁོ་ཚོས་རང་སྲེག་གི་འབོད་སྒྲ་རང་དབུ་གཉིིས་ཀྱི་ལྟ་གྲུབ་ལ་སྦྱར་ནས་ཡར་འཐེན་མར་འཐེན་བྱས་སོང་ལ། སྲིད་དོན་གྱི་ཚོང་པ་ཁ་ཤས་ཀྱིས་ལས་འགུལ་འདི་འཚེ་བ་ཡིན་རབས་ཀྱི་རྩོམ་ཉོག་ཡང་གང་ཙམ་སྤེལ་སོང་། དེ་རྗེས་བོད་ཀྱི་མག་པ་རྒྱར་རྒན་ཝང་ལིང་ཞུང་ཁོས་འཚེ་བ་འི་ལས་ཆེན་པོ་ཞིག་རེད་ཅེས་བརྗོད་སོང་། བཤད་སྟངས་འདིར་རྒྱ་གཞུང་གི་འདོད་ཐོག་ཏུ་རྟ་རྒྱུགས་སོང་ལ་རྒོལ་བརྡུང་གཏོང་རྒྱུའི་སྲིད་ཇུས་རབ་དང་རིམ་པ་སྤེལ་མུས་རེད།
དེས་ན་ང་ཚོས་རྒྱལ་སྤྱི་དང་ལྷག་པར་དུ་བོད་དོན་རྒྱབ་སྐྱོར་བ་ཚོར་འགྲེལ་བཤད་ཇི་ལྟར་བརྒྱག་དགོས་སམ།
སྤོབས་མཐའ་ཅན་དང་གནམ་ལོ་ཅན་ཞེས་མི་གཅིག་གིས་བཏགས་མིང་དུ་བཟུང་བ་ཡིན་རུང་ཡིན་རུང་། ཁྱེད་རྣམ་པའི་བསམ་འཆར་གསལ་པོར་མཐོང་ཐུབ་པ་རེད། ༸གོང་ས་མཆོག་དང་བོད་མི་མང་གི་དོན་ཁག་ཁག་ཡིན་དགོས་པ་དང་། བོད་ནང་དཔའ་བོ་དག་གིས་༸གོང་ས་མཆོག་གི་ཆེད་དུ་མེར་སྲེག་གནང་བ་བློ་ཡུལ་གཤོང་མི་ཐུབ་པ་དེ་རེད། དེ་བས་ཁྱེད་རྣམ་པའི་བློ་ཡུལ་དུ་མི་གཤོང་བ་ནི་༸བོད་ཀྱི་ཆེད་དུ་ཡིན་པ་༸གོང་ས་མཆོག་གི་ཆེད་དུ་ཡིན་པ་གཉིས་མི་འགལ་ཟུང་དུ་འཇུག་པ་དེ་རེད། ཡིན་ནའང་ང་ཚོས་ནི་དུས་ནམ་ཡང་བོད་དོན་ནི་༸གོང་ས་མཆོག་ཡིན་ལ། ༸གོང་ས་མཆོག་ནི་བོད་དོན་ཡིན་ཞེས་པ་འདིའོ། །ངོས་ནས་གསལ་པོ་ཤེས་པ་ནི་ཁྱེད་ཚོས་༸གོང་ས་མཆོག་གི་གཟི་བྱིན་མར་གཅོག་ཨེ་ཐུབ་བལྟས་པ་དེའོ། །
ངོས་ནས་ཁ་སང་མཚུར་ཕུ་ཀརྨ་པའི་མིང་བྲིས་དོན་ནི། གནམ་ལོ་ནས་རྒྱ་མི་མ་གཏོགས་དེ་ལྟར་བྲིས་ཀྱིན་མ་རེད་ཟེར་བར་གསལ་བཤད་བྱེད་པ། ཀརྨ་བརྒྱད་པས་རྗེ་རིན་པོ་ཆེར་དགག་པཡོད་ཙང་གོ་མྱོང་བ་ཡོད་པ་ལས་གཞན་འབྲེལ་བ་མེད་པ་དང་། ཡིན་ནའང་རང་སྲེག་སྐོར་འཚམ་འཇོག་དགོས་པའི་བསྐུལ་མ་བྱེད་པ་དེ་ལ་ངོས་རང་ངས་ལེན་རྩ་བ་ནས་མེད། གནང་ནའ་ནུས་པ་གང་ཡང་མ་ཐོན་པ་རེད།
གོང་ས་མཆོག་ནི་བོད་མི་རིགས་ཀྱི་བླ་སྲོག་དངོས་དེ་ཡིན་་་
རྒྱལ་བ་རིན་པོ་ཆེ་ཚང་བོད་དོན་ལ་འབྲེལ་བ་མེད་ཨེ་་་སྤོབས་པས་བཤད་འདུག
འཛམ་གླིང་ཧྲིལ་པོ་འཐོར་ནས་སྟོང་པའང་སྲིད་། །
ནམ་མཁའ་སྔོན་པོ་ས་ལ་ཟགས་པའང་སྲིད། །
ཆུ་ཡི་གཏེར་ཆེན་རྒྱ་མཚོ་བསྐམས་པའང་སྲིད། །
༸གོང་ས་ནོར་བུ་སེམས་ནང་ཡལ་མི་སྲིད། །
སྤོབས་པས་ཡག་པོ་བྲིས་འདུག
བཙན་བྱོལ་ནང་གི་ཆབ་སྲིད་ཚོང་པའོ་ཤོས་ཁག་གིས་རང་ལུས་མེར་སྲེག་བཏང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཁ་ཆེམས་དང་རེ་འདུན་ལ་ལོག་འགྲེལ་བརྒྱབས་ནས་ད་ལྟའི་མཇུག་འབྲས་འདི་ཡོང་གི་ཡོད། བོད་རང་བཙན་འདི་རང་དབང་ལ་ལོག་འགྲེལ་བྱས། ༧རྒྱལ་བ་རིན་པོ་ཆེན་ཁྲི་ལ་འཁོད་དགོས་ཟེར་བ་འདི་༧རྒྱལ་བ་རིན་པོ་ཆེན་གདན་འདྲེན་ཞུ་དགོས་ཟེར་བ་ལ་འོག་འགྲེལ་བརྒྱབས་པ་རེད།།
རང་ལུས་མེར་འདི་༧རྒྱལ་བ་རིན་པོ་ཆེན་གྱི་ཆེད་དུ་རེད་ཟེར་ནས་བསྒྲགས་མཁན་རྡ་སའི་བཙན་བྱོལ་སྒྲིག་འཛུགས་རེད། བོད་རང་བཙན་གྱི་ཆེད་དུ་རང་སྲེག་བྱས་པ་རེད་ཅེས་རྩ་བ་ནས་བསྒྲགས་ཀྱི་མེད། སྐུང་གང་ཐུབ་བྱས་སོང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཁ་ཆེམས་དང་རེ་འདུན་ལ་བརྩིས་མེད་དང་ལོག་འགྲེལ་བརྒྱབས་ནས་མཇུག་འབྲས་ངན་པ་འདི་འཁོར་ཡོང་གི་ཡོད་རེད།
རང་ལུས་མེ་སྲེག་པ་མང་ཆེ་བས་ནི། གཅིག་ནས་རྒྱལ་བ་རིན་པོ་ཆེ་ལ་དད་ཞེན་ཆེ་དྲགས་པ་དང་། གཉིས་ནས་ཁོང་ཚོའི་སེམས་ལ་རྒྱལ་བ་རིན་པོ་ཆེ་ནི་དུས་ནམ་ཡང་བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་ཡིན་པས་ཁོང་བོད་ལ་ཕེབས་པའི་ཉིན་དེ་ནས་གློ་བུར་དུ་རང་དབང་འཐོབ་པའི་ཡིད་ཆེས་བརྟན་པོ་བཞག་པ་དང་། གསུམ་ནས་འདི་འདྲའི་དུས་ཞིག་ཤར་ཚེ་བོད་ཁམས་ཡོངས་ལ་བདེ་སྐྱིད་ཅིག་ཤར་དུ་རེ་བ་ལོས་ཡིན། འོན་ཀྱང་འདི་འདྲའི་བསམ་བློ་ཞིག་གི་འོག་ནས་རང་གི་ཚེ་སྲོག་བློས་བཏང་བ་ནི་ཡིད་རེ་སྐྱོ། ཕྱོགས་གཅིག་ནས་ཁོང་ཚོའི་རང་གི་ཚེ་སྲོག་གི་རིན་ཐང་ངོ་མ་དེ་མ་ཤེས་པར་བླ་མ་ལ་སྐྱབས་སུ་སོང་བ་ཙམ་གྱིས་རང་ཉིད་སངས་རྒྱས་ཐོབ་པར་འདོད་པའི་བསམ་བློ་ཡང་ཡོད་སྲིད། གལ་སྲིད་འདི་འདྲ་ཡིན་ན་བློ་རེ་ཕམ། བོད་ཀྱི་རྩ་དོན་ནི་རྒྱལ་དབང་མཆོག་གཅིག་བུས་བསལ་ཐུབ་པ་ཞིག་གཏན་ནས་མིན་སྟབས། དེ་བས་ཁོང་ཚོས་མི་ཚེའི་རིན་ཐང་གཅེས་པར་བཟུང་ནས་ཤེས་ཡོན་གྱི་གོ་སྐབས་བཟང་པོ་འཕྲོག་བརླགས་སུ་མ་སོང་བར་བོད་མི་རིགས་ཀྱི་གནས་སྟངས་འདི་ལ་ཤེས་རིག་གི་ལམ་ནས་དངོས་དོན་བདེན་སྨྲས་ཐོག་གོམ་ཁ་རེ་བཟུང་ན་བོད་མི་རིགས་ལ་དེ་ལས་ཞབས་ཕྱི་གང་ན་ཡོད།
བོད་དུ་རང་སྲེག་ནི། ཕྱི་རྒྱལ་གྱི་མཁས་དབང་མང་པོས་ཕན་ཐུབ་མེད་པར་འདོད་མཁན་ཧ་ཅང་མང་། བདག་ཀྱང་དེ་ལྟར་འདོད་མཁན་གྱི་གྲས་སུ་གཏོགས། གོང་ས་མཆོག་ནི། བོད་མི་དམངས་ལ་ཤིན་ཏུ་སྐུ་དྲིན་ཅན་དང་། རླབས་ཆེན་གྱི་དབུ་ཁྲིད་ཞིག་ཡིན་པ་སྨྲ་ཅི་དགོས། ང་ཚོར་བོད་མི་ལ་ངོམ་རན་ཆོག་པ་གཅིག་རང་ཡོད་པ་དེ་ནི་གོང་ས་མཆོག་ཡིན། ཁོང་གི་མཚན་སྙན་དང་གཟི་བརྗིད་ཀྱིས། རྒྱལ་ཁབ་གང་སར་ཡོད་པའི་བོད་མི་རྣམས། སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་སྤོབས་པ་མཐོ་པོའི་ངང་བདེ་གནས་སུ་ཡོད་པ་ནི་ཁོང་གི་སྐུ་དྲིན་ཉག་གཅིག་ལས་མ་འདས། ཁོང་ནི་ནམ་ཡང་བོད་མིའི་སེམས་ཁོངས་སུ་ཡལ་ཐབས་མེད། འོན་ཀྱང་བོད་མི་ས་ཡ་དྲུག་དང་། གོང་ས་མཆོག་གཉིས་ནི། ངས་ནམ་ཡང་བོད་མི་ས་ཡ་དྲུག་གལ་ཆེར་མཐོང་། བོད་སྲིད་པ་ཆགས་ནས་བཟུང་ཇི་སྲིད་མ་སྟོང་བར་དུ། དུས་གསུམ་ཀུན་ཏུ་བོད་ཀྱི་ཆབ་དཔལ་རིག་གསུམ་གཙོས་པའི་ཆོལ་གསུམ་གྱི་ས་ཁུལ་དེ་རྣམས་བོད་མི་ས་ཡ་དྲུག་གིས་འཛིན་དགོས་པ་ལས། གོང་ས་མཆོག་ནི་གང་ཟག་ཁེར་རྐྱང་ཅན་དང་། སྐབས་རེ་ཞལ་བཞུགས་པ་དང་། སྐབས་རེ་མ་བཞུགས་པ་ཡང་སྲིད། གལ་སྲིད་ཞལ་མ་བཞུགས་པ་ཞིག་སྲིད་ན་རང་ཅག་ཅི་བྱ་བསམ་མནོ་སྔོན་ནས་མཐོང་དགོས། མ་འོངས་པར་ཡང་སྲིད་ཅིག་ཕེབ་ཀྱང་། ད་ལྟ་གོོང་ས་མཆོག་ལྟར་མཚན་དང་། སྙན་གྲགས། སྐུ་ཡོན། སྤྱོད་ལམ། གཟི་མདངས། མི་མཐོ་དམན་ཀུན་ལ་ཡིད་ངོར་དུ་འགྲོ་བ་སོགས་ནི་ནམ་ཡང་ཡོང་ཐབས་མེད་པ་ཤེས་གསལ་རེད། རྨོངས་དད་ཁོ་ནའི་ལམ་དུ་མ་ཕྱིན་པར། དྲང་བདེན་གྱིས་སྒོ་ནས་དབྱེ་ཞིབ་གནང་རོགས།
༡༽ (བོད་མི་མང་གི་རང་དབང་སླར་གསོའི་རྩ་དོན)་ཁོ་ན་རང་གི་ཆེད་དུ་ཡིན་ན། སྤོབས་སྐྱག་ཁྱོས་འཆམ་ག་འདྲ་ཞིག་རྒྱག་ཡ་ཡིན།
༢༽ ནུས་བ་སིལ་བུར་གཏོར་བ་ནི་(རྒྱལ་ཁབ)རྡོག་རྩ་་སིལ་བུར་འཐོར་བར་ངོན་ཀློག་གི་སྐུལ་མ་ཡིན་པས། དད་ཕྱག་གཅིག་མི་གཅིག་དང་ཆོལ་ཁ་གཅིག་མི་གཅིག་སོགས། ཡོད་ཚད་དཀྲུགས་ནས་སིལ་བུར་སིལ་བུར་གཏོར་འདོད་འདི་སུ་ཞིག་གི་བཀའ་བཀོད་ཡིན།
༣༽ (གདན་གྲལ་གཅིག་ཏུ་མི་འཇོག་པར་མི་དེས་དམིགས་ཡུལ་གང་ཞིག་གིས་རང་ལུས་མེར་བསྲེགས་ཚུལ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་) དགྲ་བོ་དགྱ་དམར་ཚང་གིས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཚར་རེད། བཟའ་འཁོན་ཅན། སེམས་ཁ་མི་བདེ་བ་ཅན། སྨྱོན་པ། ཀླད་མེད། དོམ་པ་སོགས་རིམ་པ་མང་པོ་དབྱེ་ཡོད་པ་རེད། དབྱེ་ཐོ་དེ་ཚོ་ཁྱེད་རང་གི་ལག་པར་ཡོད་པ་འདྲ།
༤༽ (བོད་ཀྱི་རང་དབང་ལ་འཕོ་འགྱུར་དང་འབྲེལ་བའི་གནད་འགག་སྔར་བཞིན་མེད།) འདི་ནི་བཙན་བྱོལ་ཚང་གི་ད་ལྟའི་གནས་བབས་ཀྱི་སྐད་ཆ་ཞིག་ཡན་ནམ། བོད་ནང་གི་བོད་རྒྱ་ཆེ་མི་མང་གི་དངོས་ཡོད་དགོས་འདུན་གྱི་བསམ་གཞིགས་ཞིག་ཡིན། སྐབས་དེར་མང་གཙོ་གང་ལ་གཡུག་རྒྱུ་ཡིན་ནམ།
༥༽ ཁ་ནང་ལ་འཁོར་ནས་བླ་ཆེན་མྱི་ཆེན་ལ་བདོ་བ་ལས། ཁ་ཕྱི་ལ་འཁོར་ནས་དགྲ་ཆེན་འཇིགས་ཆེན་ལ་ཕྱག་རེ་འཚལ་ན་མི་བཟང་ངམ། ཁྱོའི་མྱིག་ན་དེ་འདྲ་ཞིག་མ་གཏོགས་ཡོད་ཚོད་མི་འདུག།
མཆན་སྒོ་ཕྱེ་འདོད་ཡོད་ན། གོང་གི་འདི་སྤོབས་སྐྱག་ལ་བསྐུར་རོ། བདེ་མོ་བྱོས།
ཁྱི་དཔོན་ཅན་ལགས། ངོས་ཞེས་བྲིས་པ་སྔར་གྱི་བོད་ཀྱི་ཐམ་ཀ་རྙིང་པ་ཕབ་པའི་བཀའ་ཡིག་མཐའ་དག་དེ་ལྟར་ཡིན། མཐོང་རྒྱ་མེད་པ་ལ་ཧམ་ཤེད་ཚ་ཚད་བྱུང་། ཧཧཧ གང་ལྟར་ངས་གོང་དུ་བཤད་པ་ལྟར་༸གོང་ས་མཆོག་ཁྲི་ལས་ཕབ་ཨེ་ཐུབ་ལྟ་རྒྱུ་ཁྱེད་ཚོ་དམིགས་ཡུལ་ཡིན་པ་ལས་གཞན་གང་ཡང་མ་མཐོང་། སྲིད་དབང་གཅིག་བསྡུས་ཀྱི་དོན་གང་ཡིན་ནམ། དངོས་གནས་བྱས་ན་མང་གཙོའི་རྩ་ཁྲིམས་གཏན་འབེབས་གནང་བའི་རྗེས་༸གོང་ས་མཆོག་རྒྱལ་ཁབ་ཅིག་གི་སྲིད་འཛིན་གྱི་ངོ་བོར་བཞུགས་པ་རྒྱུས་ཡོོད་མཐའ་དག་གིས་ཤེས་གསལ་རེད། ད་ཁྱེད་རྣམ་ཚོའི་དམིགས་ཡུལ་ཇི་གསལ་ཇི་གསལ་རེད། མཚུར་ཕུ་ཀརྨ་ཞེས་མིང་འབོད་སྟངས་ཙམ་གྱིས་སྤྱི་ཚོགས་ནང་དཀྲུགས་བཤིག་རྒྱག་པའི་འཆར་གཞི་འདུག་ཟེར་བ་དང་། རང་ཉིད་ཀྱིས་༸གོང་ས་མཆོག་གིས་དབུ་ཁྲིད་གནང་བ་དེར་སྲིད་དབང་གཅིག་བསྡུས་རེད་ཅེས་ཟེར་ནས་དངོས་སུ་སྨྲོས་བ་དེ་སྤྱི་ཚོགས་དཀྲུགས་བཤིག་མིན་པར་སྟོན་པ་དེ་དངོས་གནས་གད་མོ་ཤོར་རྒྱུ་རང་རེད། ཀརྨ་པ་ལ་མཚུར་ཕུ་ཀརྨ་ཟེར་ན་སྤྱི་ཚོགས་དཀྲུགས་པ་དང་དགའ་ལྡན་ཕོ་བྲང་པའི་སྲིད་དབང་ལ་སྲིད་དབང་གཅིག་བསྡུས་ཟེར་ན་སྤྱི་ཚོགས་མི་དཀྲུག་པ་དངོས་གནས་གྲོག་ཁོག་ནང་གང་ཡོད་ཕྱི་ལ་མཐོང་ཐུབ་བོ། །མཚུར་ཕུ་ཀརྨ་པ་ཟེར་དངོས་གནས་བྱས་ན་དེ་སྔ་བོད་ཀྱི་བླ་མའི་རྣམ་ཐར་ཁག་ནང་ག་ཚོད་དགོས་དགོས་མཐོང་རྒྱུ་འདུག མཐའ་ན་བཀའ་བརྒྱུད་པ་རང་གི་ནང་མཚུར་ཕུ་ཀརྨ་ཞེས་ལབ་རྐྱང་བྱེད་པ་གསལ་པོ་རེད།
ད་དུང་ཧམ་དེ་ཡན་མེད་པ་ཞིག་ལ་སེ་ར་ལ་ཁ་པར་བཏང་ནས་དོན་འགྲུབ་བཀྲ་ཤིས་ཟེར་བ་མི་འདུག་ཅེས་ཟེར། ང་ཚོ་ཏྲེ་ཧོར་ཁང་ཚན་ནང་དགེ་འདུན་པ་གཅིག་སྟོང་ལྷག་ཡོད། གལ་སྲིད་ང་འཚོལ་འདོད་ན་ངའི་ཁང་ལེན་༢༠༧ ཡིན་པས་དེ་ནང་ཤོག
དོན་བཀྲས་གསུངས་པ་དངོས་གནས་རེད། བཀའ་བརྒྱུད་ནང་འབྲུག་པ་བཀའ་བརྒྱུད་དང་། འབྲི་གུང། འབྲུག་དག་གིས་མཚུར་ཕུ་ཀརྨ་ལ་མཐོང་གང་ཡང་བཞག་གིན་མི་འདུག་གོ །ཞཱ་དམར་བཤད་ཅི་དགོས། དངོས་གནས་ཁྱི་དཔོན་ཟེརབར་་ངོ་ཚ རྒྱུ་མི་འདུག མཚུར་ཕུ་ཀརྨ་ཟེར་ན་སྤྱི་ཚོགས་དཀྲུག་པར་འགྱུར་བ་དང་། དགའ་ལྡན་ཕོ་བྲང་པར་སྲིད་དབང་གཅིག་བསྡུས་ཟེར་ན་སྤྱི་ཚོགས་དཀྲུག་པར་མི་འགྱུར་བ་ཞེན་ཁོག་མེ་འབར་མཁན་ཞིག་ཡིན་གསལ་པོ་རེད། མཚུར་ཕུ་ཀརྨ་ལ་དགའ་ལྡན་ཕོ་བྲང་པའི་དབང་གི་ཟུར་གཅིག་ཙམ་ཡང་མེད་ཀྱང་མཚུར་ཀརྨ་ལ་སྨོས་ན་སྤྱི་ཚོགས་དཀྲུག། དགའ་ལྡན་ཕོ་བྲང་ལ་སྨོས་ན་མི་དཀྲུག ད་ཡིན་ན་ལྟད་མོ་འདུག དོན་བཀྲ་ཁྱེད་རང་རྒྱབ་སྐྱོར་ཡོད། དྲྭ་འབུ་འདི་ཐལ་རྟུལ་ལྟར་གཏོང་ཤོག་ཨ།
དོན་གྲུབ་བཀྲ་ཤིས་ཟེར་བ་འདི་ཁྱི་དཔོན་ལགས་ཀྱིས་གསུངས་པ་ལྟར་ཤར་ཕྱོགས་ཁུག་རྟ་ཟེར་མཁན་དེ་ཡིན་མིན་ལས་སླ་བོར་ཤེས་ཐུབ། ད་རེས་སེར་རའི་དགེ་བཤེས་ཤིག་གི་མིང་ཁུར་ནས་རྩོད་པར་ཞུགས་ཡོད་པས། ཞེན་ཁོག་སྐམ་པོ་ཞིག་མ་གཏོགས་རིགས་ལམ་སོགས་མི་འདུག དོན་བཀྲ་ངོ་མི་ཚ་ན་སེ་ར་ངོ་ཚ་ཤག་ཡིན།
དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་གོང་ས་མཆོག་མ་བཞུགས་པའི་ཕྱི་ཉིན་བོད་ནང་ཤུགས་རྐྱེན་ཆེ་ཤོས་དེ་ཆགས་ཡོད། པན་ཆེན་ལ་ཡང་སྲིད་གཉིས་ཡོད་པ་ལྟར། གོང་སའང་ཡང་སྲིད་གཉིས་བྱུང་གི་རེད། སྤྲུལ་སྐུའི་ཤུགས་རྐྱེན་རིམ་པས་ཡལ་འགྲོ་ངེས་ཡིན། ཡིན་ནའི། རྒྱལ་བ་ཀརྨ་པས་བོད་ཀྱི་མ་འོངས་པར་ཕན་རླབས་བསྐྲུན་ངེས་རེད།
༧རྒྱལ་བ་རིན་ཆེན་ཁྲི་ལས་ཕབ་ཆེད་དུ་རེད་ཟེར་ན་ག་རེ་ཟེར་གྱི་ཡོད་མེད་ཤེས་མ་སོང་། བོད་རྒྱལ་ཁབ་ཀྱི་སྲིད་ཁྲི་ནས་ཁོང་རང་རང་མོས་ཀྱིས་ཐོག་ནས་བབ་ཟིན་པ་རེད། གཞན་པའི་༧རྒྱལ་བ་རིན་པོ་ཆེན་ལ་ཆོས་སྲིད་ཀྱི་ཁྲི་ག་འདྲ་ཞིག་ཡོད་པ་རེད་དམ། ང ཚོས་ཕབ་འདོད་བྱེད་སའི་ཁྲི་དེ་གང་རེད་དམ།་་་་ཧཧཧ ཁྱབ་མེད་པའི་སྐད་ཆ་རང་རེད།
ཁྱོད་ལ་དྲི་བ་ལྔ་བཏང་ཡོད་ཀྱང་ལན་བསླེབས་མ་བྱུང་། ཏྲེ་ཧོར་ཁམས་པའི་བུ་འདྲ་པོ་མི་འདུག་ག
ཕྱོགས་གཅིག་ནས་༧རྒྱལ་བ་རིན་པོ་ཆེན་ལ་དགའ་མདོག་དང་དད་མདོག་བྱས། ཕྱོགས་གཞན་ནས་༧རྒྱལ་རིན་པོ་ཆེན་གྱིས་ངོས་འཛིན་གནང་བའི་ཀརྨ་པ་ལ་དགག་མདོག་དང་ངོས་ལེན་མེད་མདོག་བྱས་པ་འདི་དག་ག་རེ་རེད་ཨ། ནང་འགལ་རེད་དམ་མ་རེད། འུག་པའི་སྐད་ཆ་འདྲ་པོ་མ་རེད་པེ།
ངས་བརྗོད་ཟིན་པ་དང་བརྗོད་འདོད་པ་ཚང་མ་སྤོབས་པ་མཐའ་ཡས་ལགས་ཀྱིས་བརྗོད་ཚར་འདུག བཀའ་དྲིན་ཆེ། ཟླ་གཅིག་གི་སྔོན་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གིས་ང་ལ་རང་སྲེག་ལས་འགུལ་འདིའི་སྐོར་ནས་བཅར་འདྲི་ཞིག་བྱེད་ཀི་ཡིན་ཟེར་བར། རང་སྲེག་ལས་འགུལ་འདིའི་ལྡོག་ཕྱོགས་ཀྱི་ནུས་པས་བོད་མི་སྤྱི་དང་བྱེ་བྲག་རང་སྲེག་པའི་ཁྱིམ་མིའི་ནང་ལ་དཀའ་སྡུག་ཅི་ཙམ་ཁྱེར་ཡོང་བའི་སྐོར་དེ་གསལ་བོ་ཞིག་བརྗོད་བསམས་མོད། རང་སྲོག་རྟ་རྔ་འདྲ་བོ་འདི་བོད་པ་ཆབ་སྲིད་ཐལ་སྐྱོད་པ་ཚོའི་ལག་ནས་བཅད་ན་ཕངས་པར་སྙམ་ཏེ་ཁོ་ཚོའི་བཅར་འདྲི་དང་ལེན་མ་བྱས།
བོད་སྤྱི་བའི་རྩ་དོན་ཞིག་བཤད་དུས་དྲ་འབུ་འདི་ཚོས་ནམ་ཡིན་ཡང་ལུང་ཚན་གྱི་ཕྱོགས་རིས་ཤིག་དང་དེ་བས་ཀྱང་ཆོས་རྒྱུད་ཀྱི་འཐེན་ཁྱེར་དེ་ཁྱེར་ཡོང་གི གང་ལྟར་མདུང་ཁ་ནང་ལ་སྐོར་རྒྱུའི་གོ་སྐབས་འཚོལ་བ་ལས་སྤྱི་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་ངོ ལྐོག་མེད་པའི་ལྟ་ཚུལ་ལྷུག་པོར་བརྗོད་མཁན་ཉུང་གི སྤོབས་མཐའ་སོགས་མི་བུ་འགའ་ལ་ཡི་རང་ཡོད། མུ་མཐུད་བསམ་འཆར་ལྷུག་པར་གནང་བའི་རེ་སྐུལ་ཞུ
ཡག་པོ་བྲིས་འདུག
སྐུ་ཞབས་སྤོབས་པ་མཐའ་ཡས་ཀྱི་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་བཤད་འདུག རྗེས་སུ་ཡི་རང་ཡོད།
བོད་མི་རིགས་ཀྱི་ཆེས་མཐོ་བའི་ངོ་ཚབ་མཚོན་ཐུབ་མཁན་དེ་ཁོང་གཅིག་པུ་ཙམ་དུ་མ་ཟད། ཁོང་གང་དུ་ཕེབས་བསྐྱོད་ཆོག་ས་དེ་རང་དབང་ཅན་གྱི་ཡུལ་གྲུ་ཞིག་ཡིན་པ་ཙམ་ཡང་མ་ཤེས་པར། “རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་པའི་ཆེད་དུ་མི་ཞིག་གིས་རང་སྲེག་བྱས་ན་དེ་ནི་དགའ་ལྡན་ཕོ་བྲང་ཚང་གི་རྐང་དམག་ངར་མ་ཞིག་ཡིན་པ་མ་གཏོགས་བོད་སྤྱིའི་ལས་དབང་ལ་འབྲེལ་བ་ཆེར་མེད།” ཅེས་གླེན་བཤད་ཅིག་བརྒྱབས་འདུག
ནམ་ཞིག་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་པའི་ཉིན་མོ་དེ་ནི་བོད་ལ་རང་དབང་ཐོབ་པའི་ཉིན་མོ་ཡིན་པ་ཤེས་ནས་རང་ལུས་མེར་སྲེག་བཏང་བ་ཡིན་ཡང་། “རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་པའི་དགོས་འདུན་ཙམ་གྱི་ཆེད་དུ་འདི་ལྟ་བུའི་ལས་འགུལ་ཚབ་ཆེན་སྤེལ་བ་དེ་ནི་བོད་མི་མང་ལ་ཁེ་ཕན་ཡོད་པ་ཞིག་མིན།” ཞེས་གླེན་བཤད་ཅིག་བརྒྱབས་འདུག
རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲད་པའི་གནས་ཚུལ་མ་གོ་མ་ཐོས་པ་མིན་ཡང་། ཏཱ་ལའི་བླ་མ་ད་དུང་རང་ཡུལ་ལ་ཕེབས་མི་ཆོག་པ་འདིར། གལ་སྲིད་ཏཱ་ལའི་བླ་མ་བོད་ལ་ཕེབས་བཅུག་ན་བོད་ལུང་པ་དེ་ཅི་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཤེས་པས་ཡིན་ཡང་། “རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་སྲིད་གཞུང་ནུས་མེད་དུ་གྱུར་ཟིན་པས་རྒྱལ་བ་རིན་པོ་ཆེ་ཡང་བོད་ཀྱི་སྤྱི་འབངས་ཕལ་ཞིག་ཏུ་གྱུར་ཟིན་སྟབས་བོད་ཕྱི་ནང་གང་དུ་ཡོད་ཀྱང་དེས་བོད་ཀྱི་རང་དབང་ལ་འཕོ་འགྱུར་དང་འབྲེལ་བའི་གནད་འགག་སྔར་བཞིན་མེད།” ཅེས་གླེན་བཤད་ཅིག་བརྒྱབས་འདུག
དྲྭ་གྲོགས་མང་པོ་ཞིག་གིས་མགོ་འཚོས་པའི་ཉོག་བཤད་མང་པོ་རྒྱག་གི་འདུག ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་གཙང་མ་མི་མང་ལ་རྩིས་སྤྲད་ཟིན། རྩིས་སྤྲད་པའི་ཉིན་མོ་དེ་ནས་བོད་མི་མང་རང་གི་འཇོན་ཐང་ངོམ་དགོས་པ་ལས་སྔར་བཞིན་༧གོང་ས་མཆོག་ལ་རྒྱབ་བསྙེས་རྒྱུ་མེད་པ་ཧ་ཅང་གསལ་བོ་བཟོས་ཟིན་པ་རེད། དེ་ལ་བོད་ཀྱི་གཏམ་དཔེར། རྟ་ཕོ་རྒྱུག་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད། ཟེར་བ་ལྟར། ཆབ་སྲིད་ཀྱི་འགན་དབང་མི་མང་ལ་རྩིས་སྤྲད་པའི་ཉིན་མོ་དེ་ནས་མི་མང་དང་མིའུ་སོ་སོའི་ངོས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ལས་དོན་འགན་ལེན་བྱས་ཏེ་ནུས་པ་འདོན་དགོས་པ་ལས། ད་དུང་༧གོང་ས་མཆོག་གིས་འགྲིག་མ་སོང་བ་ལྟ་བུའི་འཆལ་གཏམ་བཤད་རྒྱུ་མེད་པ་དེ་ཤེས་ཡོད་ལས་ཆེ། ད་དུང་མང་པོ་ཞིག་འཐོམ་བསྡད་པའམ་ཤེས་བཞིན་དུ་གླེན་བཤད་རྒྱག་གི་ཡོད་པ་གང་རུང་ཞིག་རེད་འདུག་གོ།
ཀརྨ་བློ་གསལ་ངས་ཁྱོད་ལ་གཅིག་འདྲི། རང་གི་དགོན་པ་ཡང་རང་ལ་དབང་བར་བྱེད་ཐུབ་པའི་ཀརྨ་པས་”བོད་ཀྱི་མ་འོངས་པར་ཕན་རླབས་”ཇི་ལྟར་བསྐྲུན་ཐུབ་བམ། མ་གཞི་ནས་ཀརྨ་པ་ཟེར་བ་དེ་ལ་ཡང་བོད་མི་རིགས་ལ་ཕན་མི་ཐོགས་པའི་ཡང་སྲིད་གཉིས་ཡོད་སེམས་ནས་མ་བརྗེད་ཨ།
ཀརྨ་པ་ནི་ཀརྨ་བཀའ་བརྒྱུད་ཀྱི་འགོ་གཙོ་ཙམ་ལས་བཀའ་བརྒྱུད་ཆ་ཚང་གི་དབུ་ཁྲིད་ནམ་ཡང་ཆགས་མི་སྲིད།
དེ་སྔ་བོད་ལ་བལ་ཡུལ་གོར་ཁཱའི་དམག་དྲངས་ཡོང་མཁན་ཡང་ཀརྨ་པ་ཚང་རེད་དོ།།
རྡ་རམ་སཱ་ལས་དེང་གི་བར་མེར་བསྲེག་ལས་འགུལ་ནི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཆེད་རེད་ཅེས་ཐ་གཅིག་ཏུ་ཨུ་ཚུགས་བརྒྱབ་པའི་མཇུག་འབྲས་འདི་རེད། གསལ་བོ་བཟོ་དགོས་པའི་དུས་ལ་བབས་ཡོད་པར་མ་ཟད། བོད་ནང་ལའང་ངོ་འཕྲོད་དགོས་པ་གལ་ཆེན་ཡིན་པས། བགྲོ་གླེང་འདི་རིགས་བརྒྱུད་ནས་ངོ་འཕྲོད་ཡོང་བར་ཕན་ཐོགས་ཡོད་ངེས་ཡིན།
སྤོབས་པ་མཐའ་ཡས་ཀྱི་རྩོམ་ཡིག་དེ་ཁོ་རང་གི་བསམ་ཚུལ་གཞིར་བཞག་འབྲི་འདུག་རུང་། དྲ་གྲོགས་འགའ་རེས་དེ་ནི་ངེས་པར་དུ་ཚར་དགོས་པ་ལྟ་བུའི་མཆན་བུ་བཀོད་པ་དེ་ཡག་པོ་མ་རེད། རང་བསྲེགས་ཀྱི་གནས་ཚུལ་དེ་ཆུང་ཆུང་རྩ་བ་ཞིག་ནས་མིན་རུང་། དགོས་ངེས་ཀྱི་གྲུབ་འབྲས་དེ་ཙམ་བྱུང་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱི་ཕྱོགས་ནས་རང་བསྲེགས་ཀྱི་དམིགས་ཡུལ་དང་སྐད་འབོད་ལ་འགྲེལ་བཤད་སྣ་མིན་སྣ་ཚོགས་བརྒྱབ་དྲགས་པ་དེས་ལས་འགུལ་གྱི་འགུལ་ཤུགས་ཨ་མ་མངོན་གསལ་མེད་པར་བཅོས་ཏེ་ཡན་ལག་ལ་བརྒྱ་བཤད་སྟོང་བཤད་བྱེད་རྒྱུར་བསྐུལ་འདེད་བཏང་བ་རེད། དེ་ནི་ཕྱོགས་གཞན་ཞིག་ནས་རྒྱ་མིའི་གཡོ་བྱུས་ཀྱི་བྱེད་ཐབས་དང་ཡང་འབྲེལ་བ་ཡོད་མི་སྲིད་པ་མིན།
ཚར་གཅོད་དགོས་པ་ལ་བཅོས་རོགས།
སྤྱིར་བཏང་གནད་དོན་གང་ཡིན་རུང་དོགས་སློང་མེད་ན་དོན་ངོ་མ་རྟོགས་མི་ཐུབ་ཟེར་བས་བགྲོ་གླེང་དེ་ལྟ་བུ་བྱེད་པ་ནི་དགའ་འོས་པ་ཞིག་རེད། འདི་ནི་དམངས་གཙོའི་ཁྱད་ཆོས་དང་རིན་ཐང་རེད། འོན་ཀྱང་སྤོབས་མཐའ་དང་གནམ་ཡག་མིང་ཅན་གཉིས་ཀྱིས་དུས་རྟག་ཏུ་གོང་ས་མཆོག་དང་བཙན་བྱོལ་གཞུང་འགྲིག་མེད་རབས་ཤ་སྟག་གི་སྐྱོན་བརྗོད་ལུ་གུ་རྒྱུད་ནས་བྲིས་པ་ནི་དོན་ངོ་མར་རྒྱའི་ལག་ཆ་ཞིག་དང་རྒྱབ་སྐྱོར་དུ་སོང་བས་ཀུན་གྱིས་གཟབ་དགོས་པ་ཡིན། ཁྱེད་གཉིས་ཀྱིས་དོན་གྲུབ་བཀྲ་ཤིས་ཀྱི་རྩོམ་དེར་དགག་ལན་བྲིས་སྐབས། དང་པོ་ཁོ་དབུས་གཙང་རེད་ཟེར་ནས་ཆོལ་ཁ་མིང་འོག་གབ་ནས་རྒྱབ་སྐྱོར་རག་ཐབས་བཙལ། དེ་ཁུངས་མ་འཁྱོལ་སྐབས་དགའ་ལྡན་ཕོ་བྲང་གི་རྐང་དམག་ཟེར་ནས་ཆོས་ལུགས་མིང་འཁྱེར་བ་ལ་ལྟོས་ན་ཁྱེད་གཉིས་ཀྱི་མི་གཤིས་གང་འདྲ་ཡིན་པ་གསལ་རྟོགས་ཐུབ་སོང་། ཡང་ཁྱི་དཔོན་ཟེར་བ་ཞིག་གིས་དོལ་རྒྱལ་ལ་རྒྱབ་སྐྱོར་ཁུལ་དུ་ཉ་ཉུག་འདྲེ་མ་རྩོམ་སྤེལ་བ་ལ་ལྟོས་ན་དྲ་འབུ་ངོ་མ་ཁྱེད་ཚོ་གསུམ་རེད་འདུག
སྐུ་ཞབས་བཀྲ་ཤིས་དོན་གྲུབ་མཆོག་གིས་ངས་རྒྱལ་བ་རིན་པོ་ཆེའི་མཚན་མཐོང་གཅོག་ཐབས་བྱེད་ཀྱིན་ཡོད་རེད་ཅེས་པ་དེ་ནི་སྐད་ཆ་ཁྱད་མཚར་རེད། ངས་འདིར་བོད་མིའི་རང་སྲེག་ངོ་རྒོལ་ལ་དམིགས་ནས་བོད་སྤྱི་ཚོགས་ཀྱི་ཁེ་ཕན་དང་། མདུན་ལམ། ལྷག་པར་ཡང་རང་དབང་སླར་གསོའི་འབད་བརྩོན་བྱེད་ཕྱོགས་སྐོར་བཤད་ཀྱིན་ཡོད་པ་མ་གཏོགས་རྒྱལ་བ་རིན་པོ་ཆེའི་སྐོར་གཙོ་བོར་གླེང་གིན་མེད། འོན་ཀྱང་། བོད་སྤྱི་ཚོགས་དང་རྒྱལ་བ་རིན་པོ་ཆེ་ནི་སྤྱི་དང་བྱེ་བྲག་གི་རང་བཞིན་དུ་གནས་ཡོད་སྟབས་རང་སྲེག་བྱེད་མཁན་ཚོ་ཡིན་ན་ཡང་རེད། བོད་མི་མང་བྱིངས་ཡིན་ན་ཡང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ན་ཡང་རེད། ཁ་གཏད་རྒྱ་དམར་གཞུང་ཡིན་ན་ཡང་རེད། ཡང་སྙིང་བོད་མི་ཕོ་རྒོད་དེ་ཚོས་དམིགས་ཡུལ་དང་དགོས་འདུན་ཅི་ཞིག་གི་ཆེད་དུ་རང་སྲེག་བྱེད་ཀྱིན་ཡོད་མེད་གསལ་པོར་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་ངའི་རྩོམ་ཡིག་ནང་དུ་བཤད་ཡོད་པ་དེ་ཡིན།
རྒྱལ་བ་རིན་པོ་ཆེ་ནི་བོད་ལ་ཆུ་ཁའི་བྱེ་མ་དང་ཤིང་མགོའི་ལོ་མ་བཞིན་མང་བའི་བླ་མ་སྤྲུལ་སྐུར་འབོད་པའི་ཆེན་པོ་གཉན་པོ་དེ་ཚོའི་ཡ་གྱལ་ཞིག་ལས་ལྷག་པ་གང་ཡང་མ་རེད། ཁོང་གི་ཁ་རྗེ་དབང་ཐང་དར་ན་སྤྱི་འགྲོ་བ་མི་ཞིག་དང་ལྷག་པར་རིགས་མཐུན་བོད་མི་ཞིག་ཡིན་པས་དགའ་བ་སྒོམ་པར་འོས། དེ་ཙམ་མ་གཏོགས། ཁོང་རླུང་རྟ་དར་ནས་བོད་ལ་རང་དབང་ཐོབ་ཡོང་བ་ཞིག་དང་ཁོང་གི་མཚན་སྙན་ཆག་ནས་བོད་མི་རིགས་ལ་གྱོང་རྒུད་ཐེབས་ཡོང་རྒྱུ་ཅི་ཡང་མེད་པ་ངས་མཁས་པ་བརྒྱ་ཡི་མདུན་ནས་བཤད་དགོས་ཀྱང་ལུང་དང་རིག་པས་བསྒྲུབ་ཆོག
ངའི་ངོས་ནས། རྒྱལ་བ་རིན་པོ་ཆེ་ཡང་བོད་མི་ས་ཡ་དྲུག་གི་ཡ་གྱལ་སྤྱི་འབངས་ཤིག་ཡིན་པའི་འདུ་ཤེས་ཙམ་ལས་དམིགས་བསལ་དགའ་མི་དགའ་གང་ཡང་མེད། ང་ཚོའི་མཐོང་སྣང་ལ་བོད་མི་ཕལ་གཞན་དང་མ་འདྲ་ས་ཞིག་ཡོད་པ་དེ་ཡོང་སྒོ་ཆེན་པོ་དང་། ཕེབས་བཞུད་མང་པོ། མཚན་སྙན་ཆེན་པོ། འཁོར་ཚོགས་རྗེས་འབྲངས་བ་མང་པོ་ཡོད་པ་ཙམ་རེད། ཁོང་རང་གི་ཁ་རྗེ་དབང་ཐང་ལ་རྗེས་སུ་ཡི་རང་ཞུ་འོས་པ་མ་གཏོགས་ང་ཚོ་བོད་འབངས་ཕལ་བ་ཚོར་ཕན་གནོད་ཀྱི་འབྲེལ་བ་དེ་ཙམ་ཡོད་སྣང་མི་ཤར། གོ་ཚོད་ལ་རྒྱལ་བ་རིན་པོ་ཆེས་བོད་མིའི་སྒྲིག་འཛུགས་ལ་ལོ་རེ་བཞིན་དུ་དངུལ་ཏོག་ཙམ་རེ་གནང་གིན་ཡོད་རེད་ཟེར། དེའི་ཚོད་ཀྱིས་ཕར་ཡང་ཁོང་སྲུང་སྐྱོབ་དང་། ཞབས་རིམ་བསྒྲུབས་པ་སོགས་ལ་ཡང་རྒྱུ་ཚེགས་ཀྱི་འགྲོ་གྲོན་ཆེན་པོ་གཏོང་གིན་ཡོད། ད་ལོའི་སྔོན་རྩིས་ཁོ་ནའི་ནང་གསལ་ལ་ཧིན་སྒོར་ས་ཡ་བཞི་བཅུ་ཡས་མས་ཤིག་རྒྱལ་བ་རིན་པོ་ཆེའི་ཆེད་དུ་གཏང་རྒྱུ་ཡིན་ཚུལ་འདུག་བསམ་སོང་། སྐད་ཆ་དྲང་པོ་ཡིན། ད་དུང་ཡང་། ང་ཚོས་བགྲོ་གླེང་ཞིབ་པར་བཤད།
ངོས་རང་མཚར་ཕུ་ཀརྨ་པ་ལ་དད་གུས་ཡོད། མཚུར་ཕུ་ཀརྨ་ཞེས་བྲིས་པ་ཙམ་གྱིས་མི་འདོད་པ་བྱེད་པ་ནི་བློ་རྒྱ་ཆུང་བའི་སྐྱོན་རེད། བཀའ་བརྒྱུད་པའི་ཡི་གེ་དུ་མར་དེ་ལྟར་བྲིས་ཡོད། ད་དུང་ཀརྨ་ཞྭ་ནག་པ་ཞེས་ཀྱང་བྲིས་ཡོད། མ་འོངས་པར་བོད་ལ་ཕན་ཐོགས་ཇི་ཙམ་བྱེད་ཐུབ་མིན་ནི་ཁོང་རང་གི་འཇོན་ཐང་ལ་རག་ལས་སོ། །།རང་ལུས་མེར་སྲེག་འཚམ་འཇོག་གི་འབོད་བསྐུལ་བྱས་པ་ནི་ངིས་ལེན་བྱེད་ཐབས་བྲལ་བར་མ་ཟད། མ་འོངས་པར་བྱ་བ་རླབས་ཆེན་ཇི་ཙམ་སྒྲུབ་ཐུབ་མིན་ལ་ངོས་རང་དོགས་པ་ཞིག་ཀྱང་བྱུང་། བྱ་བ་རླབས་ཆེན་སྒྲུབ་པར་བློས་གཏོང་བྱེད་དགོས་སར་བྱེད་ཐུབ་པ་དགོས་པ་ལས་སྙིང་རྗེ་ཟེར་ནས་བུད་མེད་ལྟར་བྱས་ནས་བསྡད་ན་མི་འགྲིག། སྙིང་རྗེས་ཟིན་པའི་ཐོག་ནས་བྱ་བ་མང་པོ་སྒྲུབ་རྒྱུ་ཡོད་པ་མདོ་ཕལ་ཆེན་ལ་གཟིགས་ཤིག། བྱང་ཆུབ་སེམས་དཔས་མི་གསོད་དགོས་པའང་ཡོད་པ་སྟོན་པའི་རྣམ་ཐར་ལྟར་རོ།་།
རང་སྲེག་ལས་འགུལ།
བསྟན་སྲིད་མི་རིགས་ཤེས་རིག་དོན། །
རང་སྲོག་གཅོད་སོགས་བྱས་པ་ནི། །
རང་དང་གཞན་ལ་ཕན་གནོད་གཉིས། །
ཡང་ལྕི་དཔྱད་ནས་སྤྱད་པར་བྱ། །
ཡང་ལྕི་དཔྱད་ནས་་་་་
ཀརྨ་འཕྲིན་ལས་རྡོ་རྗེ་མཆོག་གཟི་བརྗིད་དང་གསུང་ཉམས་དོད་པོ་འདུག། བསྔགས་བརྗོད་ཡོད། འོན་ཀྱང་བཀའ་བརྒྱུད་ནང་ཕན་ཚུན་དམ་ཚིག་གཙང་མ་མེད་དུས། བྱིན་རླབས་ཀྱི་དྲོད་གང་འདྲ་ཨི་ཡོད་ཐེ་ཚོམ་ཡིན། དེ་ཡིན་དུས་སྐྱེ་འགྲོ་རྣམས་ཐར་པའི་ས་བོན་བསྐྲུན་ཡག་དཀའ་ལས་ཁག་སེ་ཡིན་འགྲོ ཡིན་ནའང་བོད་སྤྱི་པ་རྣམས་ཆབ་སྲྀད་དང་། རིག་གཞུང་ཤེས་ཡོན་བཀའ་སློབ་ཞུས་ཐུབ་ན་དགེ་ཚན་ཆེ། ང་རང་ཞུ་འདོད་ཡོད། སྐུ་ཚེ་ཞབས་པད་བརྟན་པར་ཤོག།
ང་རང་ལ་དམིགས་ནས་དྲི་བ་ཁ་ཤས་འདུག གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐོར་ནས་རེད། ད་ཡིན་ན་སྐད་ཆ་དྲང་པོ་ལབ་དགོས་པ་ནི་གཙོ་བོ་ཡིན་ཤག་རེད། དེང་སྐབས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་རྒུད་འགོ་ཚུགས་ཟིན་པའམ། རྒུད་ཀྱིན་པའི་སྒང་རེད། ཁ་སང་ཞུས་པ་བཞིན་གོང་ས་མཆོག་མ་བཞུགས་པའི་ཕྱི་ཉིན་དཔལ་རྒྱལ་བ་ཀརྨ་པ་ནི་བོད་ནང་ཤུགས་རྐྱེན་ཆེ་ཤོས་ཀྱི་བླ་མ་མཐའ་མ་དེ་ཆགས་སྲིད་པ་རེད། གཙོ་བོ་བླ་མ་རེ་སྤྲུལ་སྐུ་གཉིས་རེའམ། གསུམ་རེ་བཟོ་བཞིན་པས་རེད་མོད། ཀརྨ་པ་མཆོག་ལ་བོད་ནང་སྤྲུལ་སྐུ་གཅིག་ལས་མེད་པར་མ་ཟད། བཙན་བྱོལ་ལ་ཕེབས་པ་ནས་བོད་ཆོལ་ཁ་གསུམ་ནང་ངོས་ལེན་ཡོང་ཡོད་པ་རེད།
ཟླ་ཤས་གོང་དུ་ཞ྄་དམར་མཐའ་ཡས་རྡོ་རྗེ་ཡིས་བོད་ནང་གི་མེར་བསྲེག་ལས་འགུལ་ནི་ནང་ཆོས་ལ་རྒྱབ་གཏད་ཡིན་ཚུལ་ལབ་ནས་རྒྱ་གཞུང་ལ་རྒྱབ་བཅོལ་ཡོད་པས། ཞ་དམར་མཐའ་ཡས་ཀྱིས་རང་གི་ལམ་ཁ་རང་གིས་བཀག་ཚར་ཡོད།
ད་དུང་ཀོར་དམག་གི་དྲི་བ་གཅིག་སླེབས་འདུག དེའང་ཞ་དམར་གྱི་ལ་ཐུག་ཡོད་པ་ལས་ཀརྨ་པར་འབྲེལ་བ་མེད། སྐབས་དེར་ཞ་དམར་དང་པན་ཆེན་སྐུ་མཆེད་ཡིན་པས། པན་ཆེན་བཀྲོངས་རྗེས་ཞ་དམར་ཁོང་གི་རྒྱུ་དངོས་ལ་ཧམ་པ་ལངས་ནས་བཀྲིས་དགོན་ལ་དམག་བརྒྱབ་པ་དང་། ཀོར་དམག་ཁྲིད་ཡོང་བ་རེད། ད་རེས་ཀྱང་ཞ་དམར་འདི་དཔལ་རྒྱལ་བ་ཀརྨ་པའི་རྒྱུ་དངོས་ཧམ་པ་ལངས་ནས་མཐའ་ཡས་རྡོ་རྗེ་ཁྲིད་ཡོང་བ་རེད། དེ་བས། ཞ་དམར་ནི་རྒྱུ་དངོས་ལ་ཁ་འབྲལ་མི་ཐུབ་པའི་ཡི་དགས་ཤིག་ཡིན་པ་བོད་ནང་ཤེས་ཀྱི་ཡོད་པ་རེད།
དཔལ་རྒྱལ་བ་ཀརྨ་པའི་ཤུགས་རྐྱེན་བོད་ལ་ཕན་གྱི་རེད་ལ། བོད་མིའི་ངོས་ནས་ཀྱང་དང་ལེན་བྱེད་ངེས་རེད། ད་དྲི་བ་ཡོད་དམ།
་་་་་་ ཟླ་ཤས་གོང་དུ་ཞ྄་དམར་མཐའ་ཡས་རྡོ་རྗེ་ཡིས་བོད་ནང་གི་མེར་བསྲེག་ལས་འགུལ་ནི་ནང་ཆོས་ལ་རྒྱབ་གཏད་ཡིན་ཚུལ་ལབ་ནས་རྒྱ་གཞུང་ལ་རྒྱབ་བཅོལ་ཡོད་པས། ཞ་དམར་མཐའ་ཡས་ཀྱིས་རང་གི་ལམ་ཁ་རང་གིས་བཀག་ཚར་ཡོད། ་་་་་་་
འདིའི་ཁུངས་གང་དུ་ཡོད་དམ། མིང་གྲོགས་ཀརྨ་བློ་གསལ་ལགས།
སྤོབས་པ་འདི་རྒྱལ་བ་རིན་པོ་ཆེ་མིག་ནང་རྩ་བ་ནས་མ་འགྲོ་མཁན་ཞིག་ཡིན་པའི་རྣམ་པ་ཞར་དང་ཞོར་ལ་བཏོན་སོང་། དེས་ང་ལ་ཁོང་རྒྱ་གཞུང་གོ་གསོལ་ཕོགས་ཏོག་ཙམ་ཏོག་ཙམ་ཞུ་མཁན་གྲས་མིན་འགྲོ་སྙམ་པའི་དོགས་པ་འདུག གཟིགས་དང་། སྤོབས་པས་འདི་འདྲ་བཤད་ཀྱི་འདུག
“གོ་ཚོད་ལ་རྒྱལ་བ་རིན་པོ་ཆེས་བོད་མིའི་སྒྲིག་འཛུགས་ལ་ལོ་རེ་བཞིན་དུ་དངུལ་ཏོག་ཙམ་རེ་གནང་གིན་ཡོད་རེད་ཟེར། དེའི་ཚོད་ཀྱིས་ཕར་ཡང་ཁོང་སྲུང་སྐྱོབ་དང་། ཞབས་རིམ་བསྒྲུབས་པ་སོགས་ལ་ཡང་རྒྱུ་ཚེགས་ཀྱི་འགྲོ་གྲོན་ཆེན་པོ་གཏོང་གིན་ཡོད།”
དགེ་བཤེས་ཀརྡོ། གསང་ཉུལ་བ་ཀརྡོ། སྡོམ་ཤོར་ཀརྡོ་གང་ཡིན་ད་དུང་ཧ་གོ་མ་སོང་། ཡིན་ནའི། BBCགསར་ཁང་གིས་འདི་ལྟར་བཀོད་ཡོད་ཟེར། རྒྱ་ཡིག་ཤེས་མཁན་ཞིག་ལ་ནང་དོན་འདྲི་རོགས།
http://www.bbc.co.uk/zhongwen/trad/mobile/world/2012/12/121211_tibet_karmapalama.shtml
噶瑪巴活佛譴責藏人自焚抗議做法
Facebook
2012年12月11日 23:16
西藏僧侶
第17世噶瑪巴活佛泰耶多吉譴責藏人抗議中國統治自焚的做法說,這不符合佛教的非暴力原則。་་་་་་
# 41 ལྷ་སྡེ་གནམ་ལོ་ཡག་ལགས།
ང་དགེ་བཤེས་ཀརྡོ་མིན། གཞུང་ཆེན་སློབ་གཉེར་བ་ཀརྡོ་ཡིན། ང་གསང་ཉུལ་བ་ཀརྡོ་མིན་པར། སྤྱི་དོན་དུ་དཔྱད་ཞིབ་གང་གཟབ་བྱེད་མཁན་ཅིག་ཡིན། ང་སྡོམ་ཤོར་ཀརྡོ་མིན་པར། སྡོམ་ཕུལ་རིས་མེད་དགེ་བསྙེན་རྡོ་རྗེ་འཛིན་པས། ཁྱེད་ཀྱི་སེམས་བཟང་རྒྱ་ཡིག་འདི་ངས་ནི་ཀློག་མི་ཤེས་པས་་་་་་་ ད་དུང་ཨིན་སྐད་དུ་ཡོད་ན་ཐུགས་རྗེས་གཟིགས།
རྒྱལ་དབང་དྲུག་པ་རྫུན་མ་ཡེ་ཤེས་རྡོ་རྗེ། ཀརྨ་པ་རྫུན་མ་མཐའ་ཡས་རྡོ་རྗེ། པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུ། ད་དུང་་་་་་་་ རྫུན་མ་་་་་་་
དགེ་སློང་ཀརྡོ་ལགས། དེ་ན་དགོངས་དག་ཡིན། དོགས་དཔྱོད་ཀྱི་ཆེད་ཡིན་ན། ད་ལྟ་དགེ་བཤེས་མ་ཡིན་རུང་མ་འོངས་པར་དགེ་བཤེས་གང་རུང་ཞིག་ངེས་པར་དུ་ཡིན་ངེས་པས། དགའ་བསུ་དང་རེ་བ་གཉིས་ཀ་ཡོད། དབྱིན་ཡིག་གི་གསར་འགྱུར་ཧ་ལམ་འདི་རུ་ཡོད་ཚོད་ཡིན། གཟིགས་གནང་ཡོད་པ་ཞུ།
http://www.hindustantimes.com/india-news/newdelhi/i-strongly-wish-self-immolations-would-stop-soon/article1-971493.aspx
# 44 ལྷ་སྡེ་གནམ་ལོ་ཡག་ལགས།
ད་ལྟ་རང་བཀླགས་པ་ཡིན། དགེ་བསྙེན་རྡོ་རྗེས། ཐུགས་རྗེ་ཆེ་ཞེས་ཞུའོ།།
སྤོབས་མཐའི་བསམ་ཚུལ་ཐད་བརྗོད་ཀྱི་ཆ་ལ་མོས་མཐུན་དགའ་རབ་ཅིག་ཡོད་མོད་ཀྱང་། བསམ་ཚུལ་དང་ལྷན་དུ་བོད་མི་མང་གི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་༧གོང་ས་མཆོག་ལ་མཐོང་ཆུང་གི་ཚིག་རིས་སྤྱོད་པ་དེར་གཏན་ནས་མོས་མཐུན་བྱ་མི་འདོད། སྤྱིར་བཏང་སྤོབས་མཐས་རྩོམ་དང་མཆན་བུ་སྤེལ་བ་མང་དག་ཅིག་ན་བློ་སྐྱེད་འབྱུང་རྒྱུ་དང་མིག་དཔེར་རུང་བའི་ཁྱད་ཆོས་མི་ཉུང་བ་རེ་ཡོད་ཅིང་། དེ་འབྲེལ་མཆན་གྲོགས་སུ་ཞིག་ལ་ཡང་སྤོབས་མཐས་དོན་མེད་འབྲེལ་མེད་ཀྱི་ཚིག་མཚོན་དང་དམའ་འབེབས། ཁྱད་གསོད་སོགས་གཏན་ནས་མི་བྱེད། དེ་ནི་སྤོབས་མཐའི་ཁྱད་ཆོས་ཀྱི་ནང་ནས་ང་རང་དགའ་ས་གཙོ་བོ་དེ་ཡིན། དོན་དངོས་སུ་ཡང་བསམ་ཚུལ་མ་མཐུན་པ་ཙམ་ལ་ཞེ་འཁོན་འཛིན་དགོས་དོན་མི་འདུག
དེ་ལྟ་ན་ཡང་ཡ་མཚན་པ་ཞིག་ལ། སྤོབས་མཐས་༧གོང་ས་མཆོག་ལ་མཐོང་ཆུང་གི་བཟོ་ལྟ་འདྲ་ཡང་ཡང་སྟོན་ཐུབ་པ་དེ་ཡིན། མངོན་གསལ་གྱི་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར། རང་སྲེག་གནང་མཁན་ཚོའི་བློས་གཏོང་དེ་ཚོ་བོད་དོན་ཉག་གཅིག་གི་ཆེད་དུ་ཡིན་ལ། ཁོང་ཚོའི་འབོད་སྐུལ་དང་ཁ་གཡང་རྣམས་ཀྱང་བོད་དོན་ཉག་གཅིག་གི་ཆེད་དུ་ཡིན། དེ་བཞིན་ཁོང་ཚོའི་༧གོང་ས་མཆོག་བོད་དུ་ཕེབས་དགོས་པའི་ཁ་ཚེམས་བཞག་པ་ཚུན་ཡང་བོད་དོན་ཉག་གཅིག་གི་ཆེད་དུ་ཡིན་པ་མ་གཏོགས། དེ་ནི་༧གོང་ས་མཆོག་སྐུ་སྒེར་དང་འབྲེལ་བ་གཏན་ནས་མེདཔ་དང་། རང་སྲེག་ལས་འགུལ་བ་ཁོང་ཚོ་སྤོབས་མཐས་བརྗོད་པ་ལྟར་གྱི་”དགའ་ལྡན་ཕོ་བྲང་གི་རྐང་དམག་”ཏུ་དེ་བས་ཀྱང་ནམ་ཡང་འགྱུར་གཞི་མེད། ཁ་དཔེར། “ཁྱི་རྒྱགས་ན་བདག་པོ་སྒོར་འབུད་”ཟེར་བ་ལྟར་གྱི་མ་འོས་པའི་ལས་དེ་འདྲ་གནང་དགོས་དོན་ཡེ་ནས་མི་འདུག་སྙམ།
སྤོབས་རྣམ་སོགས་ཀྱིས་བཤད་པ་དང་འདོད་པར་བདེན་ཆ་མཆིས་སྲིད་ཀྱང་། མ་བརྟགས་མ་དཔྱད་ན་བདེན་བདེན་འདྲ་ཞིག་དང་ཞིབ་ཏུ་བསམ་ཚེ། འཚོལ་ཞིབ་ཀྱི་དམིགས་ཡུལ་གཞན་ཞིག་ལྡན་པའི་ཁར། རྙེད་རྒྱུའི་འབྲས་བུས་གང་ཞིག་ལ་གནོད་པ་དང་གང་ཞིག་ལ་ཕན་སྲིད་པའི་ཕྱོགས་ལ་དོགས་པ་ཟ་མི་དགོས་པའི་ཚོད་དུ་འདུག རེད་དེ། དེ་ལ་དོ་སྣང་བྱེད་དགོས་པ་ཞིག་ཏུ་མ་མཐོང་སྟེ། སྟོབས་ཆེན་ཚོས་སྟོབས་ཆེ་ས་ཆུང་ས་མེད་པར་སྣ་སྣེ་ནས་བཀབ་ཡོང་ནའང་ཡོང་མོད། ཆུང་བ་ཚོས་ཀྱང་ཆུང་ས་ནས་ཆུང་བ་འཐོར་དུ་མ་བཅུག་པར་ནུས་པ་མཉམ་སྤོང་བྱས་པ་ཡིན་ན། མག་པ་ཝང་གི་དབྱེ་དགར་བྱས་པའི་བཤད་ཕྱོགས་ཀྱི་རྗེས་ལ་ནི་སུ་ཞིག་འབྲང་ཡང་མི་སྐྱོན་སྙམ།
ཝང་རྗེས་འབྲང་བའི་དམིགས་ཡུལ་གྱི་ཐོབ་བྱ་ནི། རང་སྲེག་ལས་འགུལ་ཀྱི་ངོ་བོར་དབྱེ་བ་ཕྱེས་པ་བརྒྱུད་དེ་སིལ་བུར་གཏོར་རྒྱུ་དེ་རེད། དམིགས་ཡུལ་འདི་འགྲུབ་པའི་ཕྱིར་དུ། མཐིལ་ཕྱིན་ཞིབ་འཇུག་གིས་ཐག་གཅོད་བརྒྱུད་དགོས་པའི་༼རང་སྲེག༽ལས་འགུལ་ཞིག་ཏུ་བསྒྱུར་ཅིང་སྤེལ་གང་ཐུབ་བྱེད་ཀྱིན་ཡོད། གལ་ཏེ་ནམ་ཞིག་གི་དུས་ན་གོང་ས་མཆོག་སྐུ་སྒེར་རྐྱང་བ་བོད་དུ་ཕེབས་པའི་དོན་དུ་རང་སྲེག་བྱས་པའི་དན་རྟགས་ཞིག་རྙེད་པ་ཡིན་ན། མཐིལ་ཕྱིན་ཞིབ་འཇུག་གཉིས་པའི་འགོ་རྩོམ་བར་ངེས་པ་སྟེ། བོད་མི་བཙན་བྱོལ་བ་རྣམས་རྒྱས་བཙན་གནོན་ལ་བྱོལ་བ་ཡིན་མིན་ཐད་ལ་འབབ་རྒྱུ་དེ་ལྷག་པས་སོ།། དེ་ཡང་རིགས་འགའ་ཤས་ཀྱི་བཤད་སྟངས་སྤྱོད་སྟངས་ཀྱི་ཟ་ཟུར་བཟུང་སྟེ། དགའ་ལྡན་ཕོ་བྲང་བའི་རྐང་དམག་གམ། ཡང་ན། བར་རྡོ་བ། དེ་མིན་ན། བཙན་བྱོལ་བའི་མིང་འོག་ནས་དོན་དམ་གྱི་མི་གཞན་ཞིག་བསྐྲུན་རྒྱུ་དེ་རེད། དེ་ལྟར་བྱས་པའི་མཐའ་མའི་ཐོབ་བྱ་ནི་རང་སྲེག་ངོ་རྒོལ་གྱིས་མཚོན་པའི་ལས་འགུལ་ཡོངས་རྫོགས་ཕྱོགས་གཅིག་ཏུ་ཕྱོགས་པ་དེ། གཡས་དགར་གཡོན་གསེས་བྱས་ཏེ་སིལ་འཐོར་ནས་མིང་ཙམ་ཏུ་བསྒྱུར་འདོད་པ་དེ་རེད་འདུག
སྤོབས་པས། (ངས་འདིར་བོད་མིའི་རང་སྲེག་ངོ་རྒོལ་ལ་དམིགས་ནས་བོད་སྤྱི་ཚོགས་ཀྱི་ཁེ་ཕན་དང་། མདུན་ལམ། ལྷག་པར་ཡང་རང་དབང་སླར་གསོའི་འབད་བརྩོན་བྱེད་ཕྱོགས་སྐོར་བཤད་ཀྱིན་ཡོད་པ་མ་གཏོགས་རྒྱལ་བ་རིན་པོ་ཆེའི་སྐོར་གཙོ་བོར་གླེང་གིན་མེད། འོན་ཀྱང་། བོད་སྤྱི་ཚོགས་དང་རྒྱལ་བ་རིན་པོ་ཆེ་ནི་སྤྱི་དང་བྱེ་བྲག་གི་རང་བཞིན་དུ་གནས་ཡོད་སྟབས་རང་སྲེག་བྱེད་མཁན་ཚོ་ཡིན་ན་ཡང་རེད། བོད་མི་མང་བྱིངས་ཡིན་ན་ཡང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཡིན་ན་ཡང་རེད། ཁ་གཏད་རྒྱ་དམར་གཞུང་ཡིན་ན་ཡང་རེད། ཡང་སྙིང་བོད་མི་ཕོ་རྒོད་དེ་ཚོས་དམིགས་ཡུལ་དང་དགོས་འདུན་ཅི་ཞིག་གི་ཆེད་དུ་རང་སྲེག་བྱེད་ཀྱིན་ཡོད་མེད་གསལ་པོར་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་ངའི་རྩོམ་ཡིག་ནང་དུ་བཤད་ཡོད་པ་དེ་ཡིན།) ཟེར། བོད་མི་བྱིངས་དང་རྒྱལ་སྤྱིའི་སྤྱི་ཚོགས། རྒྱ་དམར་སོགས་ཡོད་ཚད་ཀྱིས་དཔའ་རྒོད་ཚོས་གང་ཞིག་གི་ཆེད་དུ་རང་སྲེག་གནང་བའི་དགོས་མདུན་གསལ་བོར་ཤེས་མེད་པར། ཉིད་ཀྱི་རྒྱལ་རིན་པོ་ཆེའི་ཁོ་ན་ཕྱིར་བོད་དུ་ཕེབས་འཇུག་དགོས་པའི་དོན་དུ་མ་ཡིན་པ་ཤེས་པ་ཧ་ཅང་བཟང་གི རང་སྲེག་གནང་མཁན་ཕལ་ཆེར་གྱི་ཞལ་འཆེམ་དུ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་ཕྱིར་ཕེབས་དགོས་པ་གཉིས་ཀ་གསལ་ལ། ལྷག་པར་དུ་ཁོང་ཚོས་རང་སྲོག་བློས་གཏོང་གནང་བཞིན་པའི་སྐབས་སུ། རྒྱལ་བ་རིན་པོ་ཆེའི་མཚན་སྨོས་པ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བདག་དབང་ཐད་ལྟ་བུ་མ་ཡིན་པར། བོད་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་གནང་གིན་ཡོད་པ་དང་། གཤེགས་ཁར་རང་གི་རྣམ་ཤེས་འདྲེན་པའི་སྐྱབས་སུ་གསོལ་བ་བཏབ་པ་ཞིག་རེད། གོང་དུ་མཆན་འདེབས་མཁན་ཁ་ཤས་ཀྱི་བསམ་ཚུལ་ལྟར་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་ཞེས་པའི་ཚིག་ཙམ་ལ་འཇུ་ནའང་། དེ་ལ་རྒྱུ་མཚན་ལྡན་པའི་གསལ་བྱེད་གནང་བ་བཞིན་རྒྱུ་མཚན་ཡོད་པ་དང་མེད་པའི་འདོད་ཕྱོགས་གཉིས་བྱུང་ནས། དེར་བསམ་ཚུལ་བརྗེ་ལེན་རབ་རིམ་གང་འཚམས་ཕྱིན་ཟིན་པ་རེད། དེ་ཡང་གཙོ་བོ་ཕྱི་གླིང་བའི་བསམ་ཚུལ་འཁྱེར་ཡོང་བ་རེད་མ་གཏོགས། བོད་མི་ཡིན་ནོ་ཅོག་ལ་རྣམ་རྟོག་དེ་འདྲ་སྐྱེས་པའི་གཞི་ཤིན་ཏུ་ཕྲ་བར་བསམ། གང་ཡིན་ཟེར་ན། རྒྱལ་བ་རིན་པོ་ཆེའི་སྐུ་དབང་མི་མང་ལ་བསྩལ་གནང་མཛད་ཟིན་ནའང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ནི་རྩོད་མེད་ཡིན་པས། དེའི་ཆ་ནས་ཀྱང་སྐུ་རྐྱང་ཙམ་ལ་དམིགས་པ་ཡིན་མིན་དོགས་པ་མེད་པ་ཞིག་རེད།
རྒྱལ་བ་རིན་པོ་ཆེས་བོད་ལ་རང་དབང་གནང་བའི་ནུས་པ་མེད་ནས་ཁོང་གིས་ཆབ་སྲིད་སྟེགས་བུ་ལས་དགོངས་པ་ཞུས་པ་རེད། རྒྱལ་བ་རིན་པོ་ཆེས་བོད་ལ་རང་དབང་གནང་ཐུབ་ན་ཁོང་གིས་དགོངས་པ་ཞུ་དོན་མི་འདུག རྒྱལ་བ་རིན་པོ་ཆེ་བོད་ཕྱི་ནང་གང་ན་ཡོད་ཀྱང་བཀའ་ཆོས་དང་གསོལ་རས་ཞུ་བ་འདྲ་མ་གཏོགས་བོད་ཀྱི་རང་དབང་སླར་གསོའི་གནད་དོན་འདིའི་སྟེང་ནས་བལྟས་ན་བྱེ་མ་བཙིར་བས་མར་མི་འབྱུང་བ་གསལ་གསལ་ཐིངས་ཐིངས་རེད། དེར་བརྟེན། བོད་མི་མང་གི་སྤྱི་དོན་དང་། བོད་ཀྱི་རང་དབང་སླར་གསོའི་དོན་ལ་ཤི་མཁན་གསོན་མཁན་སུ་ཡིན་རུང་རྩ་བའི་རྩ་དོན་དེ་བོད་མི་མང་གི་མངོན་འདོད་ངོ་མ་རང་ཁྱིམ་རང་བདག་དང་རང་དབང་སླར་གསོའི་སྐད་སྒྲ་མཐོན་པོ་དང་། ཚིག་འབྲུ་གསལ་པོ། ལངས་ཕྱོགས་བརྟན་པོ་དགོས་པ་གལ་ཆེན་རེད་ཟེར་གི་ཡོད།
གངས་ཅན་བོད་ཀྱི་དཔའ་པོ་དཔའ་མོ་རྣམས་པ་ཚོའི་༸གོང་ས་མཆོག་བོད་ལ་ཞབས་གསོལ་ཁོད་ཐུབ་རྒྱུ་དང་ བོད་རང་དབང་སླར་གསོའི་ཆེད་དུ་རང་ཉིད་ཀྱི་གཅེས་པར་འོས་པའི་ལུས་སྲོག་མེར་སྲེག་གནང་བ་དེ་ནི་ད་ལྟའི་བར་དུ་༸གོང་ས་མཆོག་གིས་རླབས་ཆེན་གྱིས་མཛད་པ་འཕྲིན་ལས་དང་ དེར་འཛམ་གླིང་མི་མང་གིས་ཁོང་ལ་འདེང་འཇོག་ཆེན་པོ་ཐོབ་ཡོད་པ་བཅས་ལ་བརྟེན་ནས་ བོད་ནང་གི་བོད་མི་སྤྱི་དང་ལྷག་པར་དུ་རང་སྲེག་དཔའ་བོ་དཔའ་མོ་རྣམས་ཀྱིས་ངོས་ཤེས་གསལ་པོ་ཐུབ་པས་ལྷག་བསམ་གཡོལ་མེད་ཀྱིས་མཛད་རྗེས་འདི་འདྲ་ཞིག་ཞག་བཞིན་པ་རེད་ ཡིན་ཀྱང་སྤོབས་པ་ཁྱོད་རང་འདྲ་བའི་མི་འདི་ཚོས་མི་ཤེས་པའི་རྒྱུ་མཚན་ནི་ཁྱོད་རང་ཚོར་འདི་འདྲའི་ལྷག་བསམ་ཞིག་མེད་པ་དང་ མ་ཟད་ཆབ་སྲིད་ཀྱི་ཤེས་ཚད་གཏིང་ཟབ་ཞིག་མེད་པས་རེད་ དེར་ང་འདྲ་བའི་བོད་མི་ཞིག་གི་བློ་ཕམ་དགོས་དོན་མེད་ ཡིན་ན་ཡང་ཁྱོད་རང་ཚོའི་བྱེད་ཐབས་དེ་ཧ་ཅང་གི་སྐྱོ་བོ་རེད་ མ་ཟད་བོད་ཡིག་གི་སྙན་རྩོམ་བྲི་ཤེས་པ་དང་ དབྱིན་ཡིག་ཤེས་པ་ཙམ་གྱི་ཁ་གང་བདེ་ཤད་པ་དང་ ལག་པ་གང་འགྲོ་བྱས་ནས་བྲིས་ཆོག་ཆོག་ཞིག་ག་བར་ཡོད་ དེར་རྣོ་བསམ་ཡག་པོ་ཞིག་བཞེས་ན་ འཇམ་ནོར་སོགས་ཀྱི་ལམ་ལ་གྱར་མི་སྲིད་ ལྟ་གྲུབ་ག་རེ་འཛིན་ཀྱང་ཆོག་གི་
རང་བསྲེགས་དཔའ་བོས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་དགོས་ཅེས་འབོད་པ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་དྲག་གསར་པ་ཚོས་༼ཁམས་གསུམ་གྱི་རྒྱལ་པོ་༽ དང་ ༼འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཆོག་༽ ཞེས་སོགས་བསྟོད་དེ་རྐང་འཐམས་ལག་འཐམས་བྱེད་པ་འདི་ཚོ་རྩ་བའི་ཐོག་ནས་བོད་གྱེལ་ས་ནས་ལངས་ཐུབ་པའི་ལྟ་གྲུབ་ཁ་གསལ་ཞིག་མེད་པར་ཐུག་ཡོད་
བོད་ཀྱི་དམག་གི་སྟོབས་ཤུགས་རྒྱས་པའི་སྐབས་སྐལ་བཟང་གི་དུས་ཞིག་ལ་ཆོས་ཡང་དར་བ་རེད་ བསྟོད་འོས་པ་ཞིག་རེད་ ཆོས་རྩ་ཆེན་པོ་རེད་ བཙན་པོས་བྱིན་བརླབས་རེད་ འོན་ཀྱང་དམག་འཐབ་ཉམས་དམས་ཇེ་ཞན་དུ་འགྲོ་བ་དེ་སྲིད་དུ་བོད་ཀྱི་སྲིད་སྐྱོང་མཁན་ཆོས་པ་ཚོས་ཚོར་མེད་ ནུས་མེད་དུ་བསྡད་པ་དེ་ནོར་འདུག་ རྒྱལ་བ་རིན་པོ་ཆེ་བོད་ཀྱི་རྟགས་མཚན་དུ་འགྱུར་ཡོད་པ་ཤེས་པར་གྱིས་ རང་བསྲེགས་པ་ཚོས་རྒྱལ་བ་རིན་པོ་ཆེ་འབོད་པ་དེ་བོད་ལ་གོ་དགོས་པ་ཤེས་པར་གྱིས་ བཙན་བྱོལ་སྐུ་ངོས་རྒྱལ་བ་རིན་པོ་ཆེ་འབོད་པ་དེ་ཆབ་སྲིད་ཡིན་པ་ཤེས་པར་གྱིས་ རྒྱལ་བ་རིན་པོ་ཆེས་ཁོང་གི་ཆོས་སྲིད་དབུ་འཁྲིད་གནང་བ་དེ་འཐབ་རྩོད་ལ་འགལ་རྐྱེན་བཟོ་གི་ཡོད་པ་མཁྱེན་ཏེ་ཆབ་སྲིད་བསྐྱུར་བ་རེད་ རྒྱ་དམར་གྱིས་བོད་རྒྱལ་བ་རིན་པོ་ཆེ་དང་གོ་དོན་གཅིག་ཏུ་བཟོ་བ་དེ་བོད་མི་རིགས་རིང་ལུགས་ལ་ཁ་གཏད་གཅོག་ཆེད་དུ་བཟོས་པ་རེད་
བོད་མི་རིགས་རིང་ལུགས་དར་བཞིན་ཡོད་པ་དང་ བོད་རང་བཙན་ནི་ཡོང་མིན་གྱི་དྲི་བ་མིན་པར་ དུས་ཚོད་ཀྱི་དྲི་བ་ཞིག་ཏུ་གྱུར་ཡོད་
རྩོམ་དང་། མཆན་བུ་གང་ཡིན་ན་ཡང་། རང་ཤེད་འཆར་སྣང་གིས་དབང་དུ་མ་ཤོར་བར། སྨྲ་བརྗོད་རང་དབང་བེད་སྤྱད་པས་ཞོར་དུ། རང་ཉིད་བོད་པ་རིགས་ཅིག་ཡིན་པ་དང་། དེའི་ལས་འགན་ཡང་འཁུར་ནས་གསུངས་ཐུབ་ན། སྤྱི་སྒེ་གཉིས་ཀར་ཕན་བགྱིད་རེད། དེ་མིན་རང་རྩོམ་གྱིས་རང་དང་། སྤྱི་པ་གཉིས་ཀར་གནོད་མི་སྲིད་པ་མ་རེད་པས། དེ་དོན་དྲྭ་གྲོགས་ཚོས། ཐུགས་ལ་འཇོག་གནང་ཡོང་བར་མཁྱེེན།། །།
དྲྭ་འབུ་རྒན་པོ་སྤོབ་མཐའ་་་་སྐྱག་འབུ་་་་མ་ཤེས་ན་ཁ་ཁར་འདུག་ན་མཛེས་པ་རེད་་་་་
མཆན་ཨང་༥༠འདོད་བློ་ཚིམ་པ་ཞིག་བྲིས་གནང་འདུག སྤོབས་པ་མཐའ་ཡས་པ་་་་་་་་་་་་་་་་་