འབའ་སྲས།
སྙིགས་མ་ལྔ་བདོ་དུས་ཀྱི་གྲྭ་བ་ཞེས།།
གོས་བཟང་ངུར་སྨྲིག་ཅན་ལ་འཕྱ་མ་བྱེད།།
སྟོན་པའི་དུས་ཀྱི་དགེ་སློང་སྒུར་བ་སོགས།།
ཉན་ཐོས་འགའ་ཡི་ལོ་རྒྱུས་ཞིབ་ཏུ་ཀློགས།།
འདོད་པའི་དོན་དུ་ཆུང་མ་སྤངས་པ་དང་།།
ཆགས་པའི་དོན་དུ་རང་སྲོག་ཤོར་བ་ནི།།
སྐྱ་བོ་ཕོ་མོའི་སྡེ་ནས་བྱུང་བ་ལས།།
གྲྭ་བའི་ནང་ནས་བྱུང་བ་སུ་ཡིས་ཐོས།།
ལོག་གཡེམ་ཕྲ་མ་ཚིག་རྩུབ་མི་དགེ་བ།།
སྐྱ་སེར་གཉིས་ཀར་བསྟན་པའི་མདོ་ཡིན་པས།།
སྐྱ་བོས་ཆོག་དང་གྲྭ་བས་མི་ཆོག་ཅེས།།
བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་ཡོད་དམ།།
སྐྱ་བོས་ལོག་གཡེམ་བརྒྱ་བྱས་ཉེས་མེད་དང་།།
གྲྭ་བས་འཛག་བཤད་གཅིག་བྱས་མི་འདག་པའི།།
སྡིག་ཆེན་བསགས་ཞེས་ལུང་དུ་སྟོན་པ་པོ།།
ཕྱི་རོལ་སྟོན་པ་ཚོས་ཀྱང་མ་གསུངས་ལོ།།
རབ་ཏུ་བྱུང་བས་འཁོར་ལས་གྲོལ་བ་མིན།།
གྲྭ་ཆོས་གྱོན་པས་ཆགས་དང་བྲལ་བ་མིན།།
དགོན་པར་བསྡད་པས་འཇིག་རྟེན་སྤངས་པ་མིན།།
སོ་སོ་སྐྱེ་བོ་སྐྱ་སེར་གཉིས་ཀ་ཡིན།།
གྲྭ་བ་དེ་ཡིས་ཅིག་ཅིག་མུག་མུག་དང་།།
གྲྭ་བ་འདི་ཡིས་ཉིག་ཉིག་ལུང་བ་གང་།།
ང་དང་ཁྱོད་ཀྱིས་བཤད་པ་སླ་ན་ཡང་།།
སྟོན་པའི་ན་བཟའ་གྱོན་ཙམ་ཤིན་ཏུ་དཀའ།།
བུད་མེད་གོས་མེད་གཅེར་བུ་འགྲོ་བ་དང་།།
རྒད་པོ་དག་གིས་ཆུང་མ་ལྔ་ལེན་དུས།།
བུ་མོ་ཞིག་གི་མཚན་མ་མ་མཐོང་བར།།
གཅིག་པུ་བཞུགས་འདི་ཅིས་ཀྱང་བསྔགས་པར་འོས།།
གྲྭ་བས་ཁ་གཙོག་བཤད་ན་ཅི་ལ་སྐྱོན།།
བུད་མེད་འཛུམ་མདངས་བསྟན་ན་གང་ལ་གནོད།།
སྐྱ་སེར་ཁ་དང་གདོང་ལ་ཁྱད་ཡོད་ཅེས།།
སྟོན་པས་མ་གསུངས་མཁས་པས་མ་བཞེད་དོ།།
ཁྱིམ་ཚང་སྐྱོང་བའི་དཀའ་སྡུག་གྲྭ་བར་མེད།།
འཚོ་བས་མ་འདང་སེམས་ཁྲེལ་དེ་བས་མེད།།
སྐྱིད་པོའི་ཁ་དང་འཛུམ་པའི་གདོང་བ་གཉིས།།
ནམ་ཡང་གྲྭ་བ་ཚོ་ལ་ཡོད་ཡོད་ཡིན།།
༡༣/༠༤/༡༤ ཕྱི་དྲོར།
འབའ་སྲས་ཁྱོད་ཀྱིས་རིག་གནས་སྦྱངས་པའི་འབྲས། ལེགས་པར་སྨིན་པའི་རྣམ་དཔྱོད་དགེ་བའི་ཆར། དེ་མིན་དྲ་ཐོག་འདི་ན་སྙན་རྩོམ་ཅུང་ཤེས་ཚོས། གཞན་སྐྱོན་ཁོ་ན་བཙལ་པའི་ཚུལ་འདིར་སྐྱོ།།
སྙན་ངག་ཡག་པོ་བྲིས་འདུག ཡིག་ནོར་མང་པོ་བྲིས་འདུག
ལྔ་བདོ་དུས།
གྲྭ་ཆོས།
གཅེར་བུ་འགྲོ་བ།
གཅིག་པུ་བཞུགས་འདི།
གྲྭ་བས་ཁ་གཙོག
སེམས་ཁྲེལ།
ཡིག་ནོར་བཙོང་རྒྱུ་མང་གི་་་་ཡིན་ནའང་དེ་རིང་ཉོ་མཁན་ཡོད་ས་མ་རེད་
འཕྱ་མ་བྱེད། ཟེར་བ་འདི་ཚིག་སྙན་པོ་ཞིག་མ་རེད། གྲོང་ཚིག་ཟེར་བ་དེ་འདི་འདྲ་རེད་བསམས།
ཞིབ་ཏུ་སོམས་དང་ཡིག་ནོར་མེད།། འབྲེལ་སྒྲ་སྔོན་ཡོད་ཕྱི་མ་བསྡུས།། གྲྭ་ཆོས་མ་གོས་ཁ་གཙོག་སོགས།། ཁྱེད་རང་ནོར་ཡོད་ང་ནི་མིན།།
གཙོག་ནི་བཙོག་གི་འབྲི་ཚུལ་གཞན།། བདོ་ནི་དར་དང་རྒྱས་པའི་དོན།། དོན་དང་ཁྱད་པར་ཤེས་པ་ན།། ད་གཟོད་ཡིག་ནོར་སྡེབ་སྦྱོར་ཤེས།།
གྲྭ་ཆོས། གྲྭ་ཆས།
གཅེར་བུ་འགྲོ་བ། གཅིག་པུར་འགྲོ་བ།
གཅིག་པུ་བཞུགས་འདི། གཅིག་པུར་བཞུགས།
གྲྭ་བས་ཁ་གཙོག གྲྭ་པས་ཁ་བཙོག
སེམས་ཁྲེལ། སེམས་ཁྲལ།
གདོང་བ། གདོང་པ།
དཔྱད་པར་འཚལ་ལོ།།
གྲྭ་པར་མཛུམ་མོ་མ་ཀེར་ཅིག །
མཛེས་མར་མིག་བཙུམ་མ་རྒྱོབས་ཅིག །
མཁས་པར་བརྙས་བཅོས་མ་བྱེད་ཅིག །
བླ་མར་མ་དད་མ་བྱེད་ཅིག །
ཡང་ན།
གྲྭ་པར་མཛུམ་མོ་ཀེར་སོགས་མ་བྱེད་ཅིག །
མཛེས་མར་མིག་བཙུམ་བརྒྱབ་སོགས་མ་བྱེད་ཅིག །
མཁས་པར་ཚིག་རྩུབ་བརྙས་བཅོས་མ་བྱེད་ཅིག །
བླ་མར་མ་དད་ལོག་ལྟ་མ་བྱེད་ཅིག །
དྲ་གྲོགས་ཚོ་འདི་ཡིག་སྐད་ལ་ཕོབ་རོགས།
ཁ་སང་སྙན་ཤང་ང་བུད་མེད་ཞིག་དང་ཁ་བརྡ་བྱེད་དུས་མོ་ན་རེ།
“ཁྱོད་ཀྱ་ཨོག་ནས་ཡེར་དུས་དལ་མོ་དལ་མོ་གིས་ན་སྐྱིད་ཉག་སྣང་། མིན་ན་སྡུག་ཤུས་མུ་ཤུས་སྐབས་ལ་ཚ་བ་ལ་རྒྱོ་ཁོ་ཀྱང་བྲོ་བ་ཅི་མེད་སྣང་། ཟེར།
གཉེ་ཤངས་ཡུལ་སྐད་དུ་གྲངས་ཀ་བཅུ་ནི།
ཧྲི།
ཉི།
སེན།
ཕི་ལི།
ལྔ།
དྲུག
གཉི།
བརྒྱད།
དགུ
བཙུ།
བཙུག་རིག
བཙུ་ཉི། སོགས་ཡིན་པ་ད་ལྟ་ཡང་དྲན།
ཀརྡོ་ལགས། དགག་སྒྲའི་སྐབས་སྐུལ་ཚིགས་བཀོལ་སྟངས་གསུངས་རོགས།
དཔེར་ན་ཁ་རྩོད་མ་རྒྱོབས་ཤིག ཡང་ན་ཁ་རྩ྄ོད་མ་རྒྱག་ཅིག
དགོན་པའི་ནང་ཆང་མ་ཐུངས་ཤིག ཡང་ན་ མ་འཐུང་ཞིག
བླ་མར་ལོག་ལྟ་མ་བྱོས་ཤིག མ་བྱེད་ཅིག
ཚེ་རིང་སྐྱིད་ལ་ཡི་གེ་མ་ཐོངས་ཤིག མ་གཏོང་ཞིག
ཅ་མ་སིང་བ་ལ་་་་རྒྱོབས་ཟེར་བའི་ཡི་གེ་ད་ལྟའི་བར་དུ་མ་མཐོང། ད་ཐོན་མི་གསར་པ་མང་དུ་མང་དུ་སླེབ་ཡོང་གི་འདུག་ག
བན་དེ་ཁྱོད་ལ་ལན་ཁ་མེད། བོན་གསར་ནང་ལ་ད་ལྟ་སླེབས་མེད། ཡིན་ནའང་ལོ་ལྔ་བཅུའི་རྗེས་ལ་འཐོན། ཏོག་ཙམ་སྒུགས་ཨང་།
གནས་སྐབས་ཨ་ཁུ་བསམ་གཏན་གྱི་དག་གསར་ལ་ལྟོས་དང་མིག་དབྱེ་འོང་།
ཡིག་སྐད་དུ།
ཁ་རྩོད་མ་རྒྱོབས།
ཁ་རྩོད་མ་རྒྱོབས་ཤིག
ཁ་སྐད་དུ།
ཁ་རྩོདམ་རྒྱག
ཁ་རྩོད་མ་རྒྱག་ཅིག
ཁ་རྩོད་མ་བྱེད།
ཡིག་སྐད་དུ།
མ་ཐུངས།
ཆང་མ་ཐུངས་ཤིག
དགོན་པའི་ནང་ལ་ཆང་མ་ཐུངས་ཤིག
ཁ་སྐད་དུ།
མ་ཐུངས།
ཆང་མ་ཐུངས།
ཆང་མ་ཐུངས་ཤིག
དགོན་པའི་ནང་ལ་ཆང་མ་ཐུངས་ཤིག
དགོན་པའི་ནང་ལ་ཐང་མ་ཐུངས་དང་།
ཡིག་སྐད་དུ།
མ་བྱོས་སམ། མ་གྱིས། མི་བྱ།
བླ་མར་ལོག་ལྟ་མ་བྱོས།
ཁ་སྐད་དུ།
མ་བྱེད།
ལོ་ལྟ་མ་བྱེད།
བླ་མར་ལོག་ལྟ་མ་བྱེད།
བླ་མར་ལོག་ལྟ་མ་བྱེད་དང་།
ཡིག་སྐད་དུ།
ཚེ་རིང་སྐྱིད་ལ་ཡི་གེ་མ་ཐོངས།
ཚེ་རིང་སྐྱིད་ལ་ཡི་གེ་མ་ཐོངས་ཤིག
ཚེ་རིང་སྐྱིད་ལ་ཡི་གེ་གཏོང་མི་བྱ།
ཁ་སྐད་དུ།
མ་གཏོང་།
ཡེ་གེ་མ་གཏོང་།
ཚེ་རིང་སྐྱིད་ལ་ཡི་གེ་མ་ཐོངས།
ཚེ་རིང་སྐྱིད་ལ་ཡི་གེ་མ་ཐོངས་དང་།
ཚེ་རིང་སྐྱིད་ལ་ཡི་གེ་མ་ཐོངས་ཤིག
ཚེ་རིང་སྐྱིད་ལ་ཡི་གེ་གཏོང་རྒྱ་ཡོད་མ་རེད།
གོང་གསལ་ཚང་མ་སྐུལ་ཚིག་གསར་རྙིང་གཉིས་སུ་ཕྱེ་ནས་འཐད་པར་མཐོང་ངོ་། ཞེ་ན། ཅི་ནོར་རམ། ལགས།
དཔེར་ན། མ་བྱོས་ཤིག འདི། འོ་མ་མ་བྱོས་ཤིག གོ་བ་ལས། ལས་ངན་འདི་མ་བྱོས་སམ། མ་བྱེད་ལ། མི་དགོས་བས་དཔྱད་དགོས་པ་མང་པོ་ལྷག་འདུག་གོ།
མ་བྱེད་དང་། བྱོས་དང་མི་འདྲ་བ།
ཡང་། ཁ་སྐད་དུ།
འདི་འདྲ་མ་ལབ། ཞེས་པའི་སྐུལ་ཚིག
འདི།
འདི་འདྲ་མ་ལོབས། ཞེས་ཨུ་བཙུགས་ཀྱིས། ཁ་ལ་འདྲིས་པར་བྱ་ཐུབ་པ་ཡང་མཐོང་ལགས།
ཡིག་ནོར་ཁོལ་དུ་ཕྱུངས་པ་ན།།
མི་དགའི་རྡུལ་སློང་འདི་ཀོ་ཅི།།
དྲུག་སྒྲ་བསྡུས་དང་མ་བསྡུས་པའི།།
འགྲེལ་བཤད་དེ་ཡང་དོན་གྱིས་ནོར།།
སྙན་པའི་ཉམས་ལྡན་སྙན་ངག་ཅིག།
ཡིག་ནོར་ནད་ཀྱིས་བཟུང་མཐོང་ནས།།
དགོས་མེད་ཐེར་འདོན་ཞུས་པ་འདིས།།
དགོངས་ཕོག་བཟོས་པ་མཐོལ་ལོ་བཤགས།།
གྲྭ་བའི་སེམས་ཁམས་ཞིབ་ཏུ་འབྲི་ནུས་པ།།
སྔོན་ཆད་གྲ་བ་ཡིན་པའི་རྟགས་སུ་ངེས།།
ཉིན་མོའི་ལྷ་དང་མཚན་འདྲེ་བྱེད་རྒྱུ་ལས།།
འདི་ལྟར་ལྷང་ལ་བུད་ན་ཡག་གམ་སྙམ།།
བཀུར་འོས་འབའ་སྲས་ལགས་ལ།
ཡར་རྒྱས་ཀྱི་རྣམ་པ་ཇེ་གསལ་ལ་འགྲོ་བཞིན་འདུག ད་དུང་ཡིག་ནོར་དང་དོན་སྐྱོན། སྡེབ་སྦྱོར་བཅས་ལ་གཟབ་ནན་དང་། འབད་བརྩོན་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེའོ། སྙན་ངག་ཟེར་བ་འདི་འགྲོ་ཞོར་འདུག་ཞོར་དང་། བྱ་བ་ཙག་ཙིག་གི་ཞོར་ལ་འབྲི་ཐུབ་རྒྱུ་ཞིག་གཏན་ནས་མ་རེད། བརྒྱ་ལ་དེ་ལྟར་འབྲི་ཐུབ་པར་རློམ་མཁན་ཞིག་ཡིན་ན་དེ་ནི་ནམ་ཡང་སྙན་ངག་པར་འགྱུར་མི་སྲིད་ལ། དེས་བྲིས་པ་ཡོད་ཚད་ཀྱང་སྙན་ངག་ཏུ་འགྱུར་མི་སྲིད། དེའི་ཕྱིར་སྙན་ངག་ཏུ་ཁས་འཆེ་བ་ཙམ་གྱིས་སྙན་ངག་ཡིན་མི་དགོས་པའི་བདེན་ལུགས་ལ་ངེས་ཤེས་བསྐྱེད་དེ། ཉིན་ནས་མཚན་དང་། ཟླ་ནས་ལོ་མཐུད་དེ་བསམ་བློ་བཙོ་སྦྱང་མང་དུ་བྱས་པའི་འབྲས་བུ་ལ་ད་གཟོད་སྙན་ངག་ཟེར་བ་གཅིག་རེ་གཉིས་རེ་འོང་སྲིད།
ཆུང་དུས་རང་དབང་མེད་པར་ཕ་མའི་འོག་ལ་ཤོར་སོང་།
ལོན་དུས་རང་དབང་མེད་པར་དགེ་རྒན་འོག་ལ་ཤོར་སོང་།
དར་དུས་རང་དབང་མེད་པར་སྡོམ་པའི་འོག་ལ་ཤོར་སོང་།
གསོན་དུས་རང་དབང་བྲལ་བའི་གྲྭ་པ་ཉམས་ཆུང་ང་ཚོ།
སྐྱེ་དུས་ཚོར་བ་མེད་པ་གཅིན་པའི་མཆུ་ཏོ་དམར་པོ།
ལོན་དུས་བེད་སྤྱོད་མ་ནུས་ངོ་ཚའི་རྒྱུག་པ་མཁྲེགས་པོ།
དར་དུས་བཏང་འཛིན་མི་ཐུབ་ལག་པའི་བདེ་སྦྱིན་དབང་པོ།
སྟུ་དང་གཤིབ་མྱོང་མེད་པའི་གྲྭ་པའི་རླིག་པ་སྙིང་རྗེ།
སྐྱེ་དུས་ཆུང་དྲིས་མེད་པའི་ཕོ་རོག་དམར་ཆུང་ང་ཚོ།
རྒས་དུས་སྐྱོ་རོགས་མེད་པའི་བླ་རྒན་ཡུད་གདུང་ང་ཚོ།
ཤི་དུས་ཤུལ་ལུས་མེད་པའི་བྱ་རྗེས་སྟོང་པ་ང་ཚོ།
མི་ལུས་ནག་ནོག་མེད་པའི་དཀར་པོ་ཤོག་བུ་ང་ཚོ།
“ཁྱོད་ཀྱ་ཨོག་ནས་ཡེར་དུས་དལ་མོ་དལ་མོ་གིས་ན་སྐྱིད་ཉག་སྣང་། མིན་ན་སྡུག་ཤུས་མུ་ཤུས་སྐབས་ལ་ཚ་བ་ལ་རྒྱོ་ཁོ་ཀྱང་བྲོ་བ་ཅི་མེད་སྣང་།
འདི་འོལ་ཚོད་ཙམ་བྱས་ན།།
ཁྱོད་ཐོག་འོག་ལ། ཡོད་དུས་རྒྱོ་དལ་པོ་དལ་པོ་བྱས་རྒྱོ་བརྒྱབ་ན་སྐྱིད་སྣང་ཅིག་འདུག དེ་མིན་ན་ཧ་རེ་ཧུ་རེ་སྐབས་ལ་ལུས་ཀྱང་ཚ་ལ། རྒྱོ་དེ་ཡང་བྲོ་བ་ཅི་ཡང་མི་འདུག
འདི་ལྟ་བུ་ཅིག་མིན་ནམ། སུས་ཀྱང་ཁ་ཡ་མ་བྱས་ཙང་། ཀློག་ཆུང་གི་ཆེ་དུ་བྱས་པས། ད་དུང་ཡང་དཔྱད་པར་འཚལ།
དྲག་པོའི་དམག་དང་དམངས་ཀྱི་དཔུང་རྩལ་བསྡུར་བ་ཨ།།
སྤྲུལ་བའི་སྐུ་དང་ཇག་པའི་སྙིང་རྗེ་བསྡུར་བ་ཨི།།
དགེ་བའི་བཤེས་དང་སློབ་མའི་ཤེས་ཚད་བསྡུར་བ་ཨུ།།
ཕྱུག་པོའི་ཚོང་དང་དབུལ་བོའི་ལྟོ་གོས་བསྡུར་བ་ཨེ།།
ཁྱིམ་པ་བ་དང་གྲྭ་པའི་གཡེམ་སྤྱོད་བསྡུར་བ་ཨོ།།
ཨ་ཨི་ཨུ་ཨེ་དགོད་གཏམ་འདི་གོ་ཨོ་ཨོ་ཨོ།།
རིག་པ་འཁྱལ་འཆོལ་སྐྱུག་ལ་བག་མེད་པའི།།
གྲྭ་བ་མར་ལོག་འབའ་སྲས་རྒན་པོ་ཀྱེ།།
འོ་ན་ཁྱོད་ཀྱིས་རང་དང་བུ་གཉིས་བསྡུར།།
བུ་བཞིན་ཆུང་མ་ཨ་མར་བསྟེན།།
ཚད་ཐིག་གཅིག་ན་མེད་པའི་སྡེ།།
ཚད་ཤིག་གཅིག་གིས་འཇལ་བ་ནི།།
ཚད་ལས་བརྒལ་བའི་བླུན་སྤྱོད་དེ།།
ཚད་མའི་གཏམ་དུ་ག་ལ་ངེས།།
དྲང་པོའི་ལམ་ནས་རིག་པས་དཔྱད་འདོད་ན།།
ཆོས་ལུགས་སོ་སོའི་གྲྭ་བ་ཕན་ཚུན་བསྡུར།།
ལྷག་པར་རྒྱལ་ཁབ་སོ་སོའི་ནང་བའི་གྲྭ་བ་བསྡུར།།
སུ་ཞིག་རྒྱུ་རྔམས་འདོད་སེམས་ཆེ་བ་རྟོགས།།
ས་ཆེན་ཟླུམ་པོ་འདི་ཡི་རིམ་ཁོང་ན།།
རིག་པའི་ལྟ་གྲུབ་བགྲང་ལ་གྲངས་མེད་ཡིན།།
ཀུན་སྤྱོད་ཚད་གཞི་རབས་འབྲིང་བཅོ་བརྒྱད་ཡོད།།
མགོ་ཕུགས་རིམ་ནས་རུལ་རྒྱང་ལྟ་བྱོས།།
དྲག་པོའི་དམག་དང་དམངས་ཀྱི་དཔུང་རྩལ་བསྡུར་བ་ཨ།།
སྤྲུལ་བའི་སྐུ་དང་ཇག་པའི་སྙིང་རྗེ་བསྡུར་བ་ཨི།།
དགེ་བའི་བཤེས་དང་སློབ་མའི་ཤེས་ཚད་བསྡུར་བ་ཨུ།།
ཕྱུག་པོའི་ཚོང་དང་དབུལ་བོའི་ལྟོ་གོས་བསྡུར་བ་ཨེ།།
ཁྱིམ་པ་བ་དང་གྲྭ་པའི་གཡེམ་སྤྱོད་བསྡུར་བ་ཨོ།།
ཨ་ཨི་ཨུ་ཨེ་དགོད་གཏམ་འདི་གོ་ཨོ་ཨོ་ཨོ།།
རིག་པ་འཁྱལ་འཆོལ་སྐྱུག་ལ་བག་མེད་པའི།།
གྲྭ་པ་མར་ལོག་འབའ་སྲས་རྒན་པོ་ཀྱེ།།
འོ་ན་ཁྱོད་ཀྱིས་རང་དང་བུ་གཉིས་བསྡུར།།
བུ་བཞིན་ཆུང་མ་རང་གི་ཨ་མར་བསྟེན།།
ཚད་ཐིག་གཅིག་ན་མེད་པའི་སྡེ།།
ཚད་ཤིང་གཅིག་གིས་འཇལ་བ་ནི།།
ཚད་ལས་བརྒལ་བའི་བླུན་སྤྱོད་དེ།།
ཚད་མའི་གཏམ་དུ་ག་ལ་ངེས།།
དྲང་པོའི་ལམ་ནས་རིག་པས་དཔྱད་འདོད་ན།།
ཆོས་ལུགས་སོ་སོའི་གྲྭ་པ་ཕན་ཚུན་བསྡུར།།
རྒྱལ་ཁབ་སོ་སོའི་ནང་བའི་གྲྭ་པ་བསྡུར།།
སུ་ཞིག་རྒྱུ་རྔམས་འདོད་སེམས་ཆེ་ལ་དཔྱོད།།
ས་ཆེན་ཟླུམ་པོ་འདི་ཡི་རིམ་ཁོང་ན།།
རིག་པའི་ལྟ་གྲུབ་བགྲང་ལ་གྲངས་མེད་ཡིན།།
ཀུན་སྤྱོད་ཚད་གཞི་རབས་འབྲིང་བཅོ་བརྒྱད་ཡོད།།
མགོ་ཕུགས་རིམ་ནས་མ་རུལ་རྒྱང་ལྟ་བྱོས།།
ཆུང་དུས་ང་ལ་བཙུན་ཆུང་ཟེར། །
དར་དུས་ང་ལ་གྲྭ་པ་ཟེར། །
ཐོན་དུས་ང་ལ་མཁན་པོ་ཟེར། །
འཆི་ཟིན་ང་ལ་མཁན་སྤྲུལ་ཟེར། །
གསེར་ལགས། སྙན་ངག་པ་ཞིག་ཡིན་དགོས་ན་མི་ཚེ་སྙན་ངག་ལ་སྐྱེལ་དགོས་སམ། དེ་ནི་ཧ་ཅང་ཐལ་དྲག་མི་འདུག་གམ། སྔོན་བྱོན་གྱི་མཁས་དབང་དམ་པ་ཚོས་གཞུང་ཆེན་མོར་སྦྱངས་པའི་ཞོར་དུ་སྙན་ངག་ལ་གཞོལ་བ་ལས། སྙན་ངག་གཙོ་བོ་བྱས་པ་ཞིག་ཨེ་ཡོད་ན་སྙམ།།
རྟ་བདུན་དབང་བོ་ལགས།
ངས་སྙན་ངག་པར་འགྱུར་ན་མི་ཚེ་སྙན་ངག་ལ་བསྐྱེལ་དགོས་ཞེས་བཤད་རྒྱུ་མ་བྱུང་། ཉིད་ཀྱིས་གོ་ནོར་ཐེབས་པ་འདྲ། ཁྱེད་ལའང་ཁག་ཡེ་ནས་མེད་དེ། དེང་སང་སྐད་ཆ་གང་བཤད་པ་ཐད་ཀར་དུ་མི་གོ་བར་ལྡོག་ནས་གོ་མཁན་མང་བོ་འདུག དེའི་རྐྱེན་གྱིས་ཁྱེད་ལའང་ཁོང་ཚོའི་ཤུགས་རྐྱེན་ཐེབས་ཡོད་པ་འདྲ། ངས་གོང་དུ་སྙན་ངག་ཟེར་ནི་བསམ་བློ་བཙོ་སྦྱང་བྱས་པའི་འབྲས་བུ་ཡིན་ཞེས་བཤད་ཡོད། ད་དུང་དེ་ཡང་ཉིན་ནས་མཚན་དང་ཟླ་ནས་ལོ་མཐུད་དེ་བསམ་བློ་བཙོ་སྦྱང་མང་དུ་བྱེད་དགོས་ཞེས་བཤད་ཡོད།
ཡང་གཅིག་བཤད་ན། སྙན་ངག་པ་རབ་ཅིག་ཡིན་ན་མི་ཚེ་སྙན་ངག་ལ་བསྐྱེལ་ཐུབ་ན་བཟང་། དེ་མ་བྱུང་ནའང་དུས་ཡུན་ངེས་ཅན་ཞིག་ལ་དཀའ་སྤྱད་དྲག་ཏུ་བསྟེན་ཏེ་གྲུབ་འབྲས་མི་དམན་པ་ལེན་ཐུབ་པ་ཞིག་དགོས། ཡིན་ཡང་། གང་ཟག་གི་ཁམས་དང་མོས་པ་སྣ་ཚོགས་ཡོད་པས། ཐམས་ཅད་གཅིག་ཏུ་འདི་ལྟར་ཡིན་དགོས་ཞེས་ཁ་ཚོན་གཅོད་པ་མིན་མོད། སྤྱིའི་ཆ་ནས་འདི་འདྲ་ཞིག་རེད་ཅེས་ལབ་ན་སྐྱོན་དུ་འགྱུར་མི་སྲིད།
༼བཅད་པ༽བཅོས
ལགས་སོ། ངས་དེ་ལྟར་གོ་བའི་རྒྱུ་མཚན་ནི། མཆོག་ནས། སྙན་ངག་ཟེར་བ་འདི་འགྲོ་ཞོར་འདུག་ཞོར་དང་། བྱ་བ་ཙག་ཙིག་གི་ཞོར་ལ་འབྲི་ཐུབ་རྒྱུ་ཞིག་གཏན་ནས་མ་རེད་ཅེས་དང་། ཉིན་ནས་མཚན་དང་། ཟླ་ནས་ལོ་མཐུད་དེ་བསམ་བློ་བཙོ་སྦྱང་མང་དུ་བྱས་པའི་འབྲས་བུ་ལ་ད་གཟོད་སྙན་ངག་ཟེར་བ་གཅིག་རེ་གཉིས་རེ་འོང་སྲིད། གསུངས་པ་དེ་སྙན་ངག་ལ་མི་ཚེ་སྐྱེལ་དགོས་པ་ལྟ་བུར་གོ་སོང་། །
འབའ་སྲས་བན་ལོག་ཡིན་མིན་ཅང་མི་ཤེས།།
སྙན་ངག་མཁས་པ་ཡིན་མིན་ཅང་མི་ཐོས།།
སེམས་ནས་བརྡོལ་བའི་ཚོར་བའི་རི་མོ་དག།
ལམ་ཙམ་མཐོང་བས་ཡིད་ལ་ངལ་གསོ་སྟེར།།