ཀ་སྐྱེས་འཇིགས་མེད་རང་གྲོལ།
དབྱར་ཁ་སང་ཐོན་ནོ་རྫུན་མ་རེད།།
དྲོད་ད་འབབ་ཡིན་ནོ་ཁ་ཤོམ་རེད།།
ཟླ་བཞི་བའི་ཁངས་སྐྱ་བསམ་ནག་འདིས།།
བྱ་མི་སྐྱིད་ཞེ་རྩ་ཇེ་འཁྱག་རེད།།
དབྱར་མིང་ཆེན་མ་བོའི་དོན་ན།།
བྱ་བྱང་ལམ་བརྒྱུད་ནས་ཡོང་ནི།།
ཁངས་འདི་ཤེ་འབབ་རྒྱོ་ཤེས་ན།།
བྱ་མ་ཡོང་དང་ན་ཡིན་ཟིག།
བྱ་ནགས་ལ་དགའ་ནོ་བདེན་ཀྲ།།
ནགས་གཡུ་ལོའི་དབྱར་ལྗོངས་ཟེར་ནོ།།
དགུན་བོད་ལོ་འདྲ་ཟིག་རེད་ནི།།
བྱ་ཁུ་ལོའི་ཁ་སེམས་གྲང་གི།
ཐག་རིང་ཐག་རིང་ཞིག་ནས།།
ཁྱེད་དང་ཁུ་བྱུག་སྔོན་མོ།།
མཉམ་ཆས་ཡིན་ན་བསམ་བྱུང་།།
མཉམ་ཐོན་ཡིན་ན་བསམ་བྱུང་།།
དབྱར་ཕ་མ་འདྲ་བོ་དྲན་ནས།།
བྱ་ཁུ་ལོ་ནགས་ལ་ཐོན་དུས།།
ནགས་ལྗང་ལོའི་རྩེ་རྒྱན་ཁངས་རེད།།
བྱ་སྡུག་གི་དོན་པོ་དུ་ཡིན།།