སེར་ཤུལ་རིན་ཆེན་དོན་གྲུབ།
ཏང་དང་དོལ་ཚོགས།
འདོད་རྔམ་རང་ལུགས་ཀྱི་གཡའ་རྩི་མ་དག་པའི་དེང་གི་སྤྱི་ཚོགས་སུ་རང་ཉིད་དང་རང་གི་ཁེ་ཕན་གྱི་ཆེད་དུ་ཅི་ཡང་བྱེད་སྲིད་པ་ནི་རྒྱུན་ལྡན་ལྟར་སྣང་ལ། བྱེད་བཞིན་པའང་མང་དུ་མཐོང་། དེ་དག་ལས་གཅིག་ནི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་ཕྱི་སྡོད་བོད་པ་ཉུང་ཤས་ཤིག་དང་། དེའི་འབྲེལ་ཡོད་ཀྱི་ཕྱི་རྒྱལ་བ་ཁག་ཅིག་གི་བྱེད་སྟངས་མངོན་གསལ་བ་དག་རེད། ཁོང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་ཏང་གི་བཀའ་གསུང་དང་ལེན་གྱིས་རང་གི་འཚོ་ཐབས་ཡར་རྒྱས་གཏོང་བཞིན་པ་དང་། ཏང་གི་ཁོང་ཚོར་སྤྲད་པའི་ལས་འགན་ཉག་ཅིག་ནི་༸གོང་ས་མཆོག་དང་ཁོང་གི་མཛད་འཕྲིན་ལ་དམའ་འབེབ་དང་། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་བྱེད་རྒྱུ་དེ་རེད།
ཁོང་ཚོ་ཏང་དང་འབྲེལ་བ་ཡོད་པ་ནི་ཁོང་ཚོས་ཚོགས་འདུའི་སྐབས་སུ་དོལ་རྒྱལ་ཚོགས་མི་བསྟན་འཛིན་རྒྱ་མཚོ་ཟེར་བས་“ང་ཚོས་ཀྲུང་གོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་བཤད་པ་དེ་ཉན་དགོས་རེད”ཅེས་སྐད་གསང་མཐོན་པོས་བསྒྲགས་པ་མཐོང་ཆོས་སུ་ཡོད་པ་འདི་དང་། དོལ་རྒྱལ་ཚོགས་མི་གང་མང་ཞིག་རྒྱ་ནག་ཏུ་སོང་ནས་རྒྱ་མིའི་པཎ་ཆེན་དང་མཇལ་འཕྲད་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས། ཐ་ན་དོལ་ཚོགས་ཀྱི་མི་དཀྱུས་མ་ཞིག་ཡིན་ཀྱང་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་ཁོང་ཚོར་དམིགས་བསལ་ལམ་ཡིག་ཞུ་སྟངས་ཡོད་པ་ཁོ་བོས་དངོས་སུ་མཐོང་ཞིང་། ད་དུང་ཁོང་ཚོས་ང་ཚོའི་རྒྱབ་ལ་སྟོབས་ཆེན་རྒྱལ་ཁབ་ཡོད་ཅེས་རྫིག་རྫིག་བྱེད་པ་རྒྱུན་ལྡན་ལྟར་གྱུར་ཡོད་པ་སོགས་ལས་ཀྱང་ཤེས་ཐུབ་པ་ཞིག་རེད།
ཁོང་ཚོས་༸གོང་ས་མཆོག་གིས་ཆོས་དད་རང་དབང་འགོག་ཚུལ་དང་། སྐྱག་རྫུན་བཤད་རབས་སོགས་བརྗོད་དེ་༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་གདན་ཞུས་ཀྱིས་ཆེད་ཕེབས་བྱེད་སྐབས། མི་ཉུང་ཤས་རེ་སྒྲིག་འཛུགས་བྱས་ནས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་གྱི་ཡོད།
དོན་དངོས་ཐོག་ཁོང་ཚོས་བརྗོད་བཞིན་པ་དག་གཞི་མེད་དང་རྫུན་བཟོ་ཁོ་ན་ཡིན་པ་ནི། ལོ་རྒྱུས་དང་བདེན་དོན་གྱིས་དཔང་པོ་བྱས་ཡོད་ལ། ཉེ་ཆར་སྤེལ་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་ལན་འདེབས་དང་། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་སུ་སྤྱི་འཐུས་རྣམ་པས་གནང་བའི་གསལ་བཤད། ཚོགས་དུས་དེའི་ཐོག་ཏུ་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གི་དོལ་རྒྱལ་བའི་སྐོར་གྱི་གསལ་བཤད། སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་གནང་བའི་ཡིག་ཆ་ཁག་ལས་ཀྱང་གསལ་བོར་བསྟན་ཡོད། (ཡིག་ཆ་འདི་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་རུ་གསལ) དེ་ལས་ཀྱང་དཔང་རྟགས་གསལ་ཤོས་ཤིག་ནི། སྤྱི་ལོ་ ༡༩༩༨ ཟླ་ ༦ ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྟོག་ཞིབ་བརྒྱུད་དོལ་རྒྱལ་ཚོགས་པས་བོད་མིའི་སྒྲིག་འཛུགས་ལ་ཉེས་འགེལ་བྱས་པ་དེ་དག་མ་ཉེས་ཁག་གཡོག་ལས་ཁུངས་སྐྱེལ་དང་། དཔང་རྟགས་གང་ཡང་མེད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། སྤྱི་ལོ་ ༢༠༡༠ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་ཆེ་བས་འཇམ་མགོན་བསྟན་སྲུང་རྡོ་རྗེ་ཤུགས་ལྡན་ལ་མི་ཕྱེད་དད་སྟོབས་ལྷ་མི་སྲུང་སྐྱོབ་ཚོགས་པ། ཟེར་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་གཏུག་བྱས་པ་དེ་གཞི་འཛིན་ས་དང་རྒྱུ་མཚན་གང་མེད་པས་རྩིས་མེད་བཏང་ཡོད་པ་འདི་ཡིན།
དོན་དངོས་སུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཁོ་ཚོར་ཆོས་དད་བཀག་འགོག་དང་བརྙེས་བཅོས་བྱེད་ཀྱི་ཡོད་ན་ཁྲིམས་ཀྱི་མདུན་སར་ཁོང་ཚོ་ཕམ་དགོས་དོན་ཅི་ཡང་མེད། ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་ཚོར་ཕྱི་སྐྱོད་ལག་འཁྱེར་གྱི་རྒྱབ་གཉེར་ཡིག་ཆ་གནང་བ་ལ་བརྟེན་ནས་ཁོང་ཚོ་ཕྱི་རྒྱལ་དུ་འགྲོ་ཐུབ་པ་བྱུང་ཡོད་པ་དང་། ༧གོང་ས་མཆོག་གིས་ནུབ་ཕྱོགས་སུ་སྤེལ་བའི་ནང་ཆོས་འཆད་འཁྲིད་ཀྱི་མཛད་འཕྲིན་ལ་བརྟེན་ནས་ཁོང་ཚོར་ཆོས་ཚོགས་འཛུགས་ཐུབ་བྱུང་བ་དང་། བརྒྱུད་རིམ་འདི་དག་ནས་ཁོང་ཚོར་གཞི་མེད་སྐྱོན་བརྗོད་བྱེད་པའི་གོ་སྐབས་རག་པ་ཡང་མངོན་གསལ་ཡིན།
དོལ་ཞེན་དང་རིགས་ཞེན།
དོལ་རྒྱལ་བ་ཚོ་ལ་དོལ་རྒྱལ་བསྟེན་གསོལ་བྱེད་མི་ཆོག་པའི་བཀའ་ཁྲིམས་ཤིག་༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ནམ་ཡང་གནང་མྱོང་མེད་པར་མ་ཟད་རང་ཉིད་སུ་ཞིག་ལ་སྐྱབས་སུ་འགྲོ་མིན་ནི་རང་ཉིད་ཀྱི་རང་དབང་ཡིན་པར་༸གོང་ས་མཆོག་གིས་སྔ་ཕྱིར་ནན་གསུངས་གནང་ཡོད། ཉེ་ཆར་ཏེ་སྤྱི་ལོ་༢༠༡༤ ཟླ་ ༥ ཚེས་ ༡༠ ཉིན་ནོར་ཝེ་རུ་གནང་བའི་བཀའ་སློབ་ཏུ“ཁ་སེང་ནོར་ཝེ་རུ་དོལ་རྒྱལ་རྗེས་འབྲང་པ་ཚོ་ཧ་ཅང་ངར་པོ་བྱས་ཏེ་བསླེབས་འདུག ངར་སྐྱག་རྫུན་མ་ཤོད། ཅེས་ཟེར་གྱི་འདུག ངོས་ནས་སྐྱག་རྫུན་ཤོད་ཀྱི་མེད། དངོས་གནས་བྱས་ན་ཁོ་ཚོས་སྐྱག་རྫུན་བཤད་པ་མ་གཏོགས་ངོས་ཀྱི་སྐྱག་རྫུན་བཤད་མེད། གང་ལྟར་ལོ་རྒྱུས་རིང་པོ་ཡོད་པའི་རྙོག་གྲ་ཞིག་རེད། དང་པོ་དེར་དོལ་རྒྱལ་བསྟེན་ན་སྐྱོན་ཡོད་པ་དེ་ངོས་རང་གི་ལོ་རྒྱུས་དང་འབྲེལ་ནས་ཤོད་རྒྱུ་འདི་ངོས་ཀྱི་ལས་འགན་རེད། བཤད་ནས་ཉན་མ་ཉན་སོ་སོའི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་ངོས་ཀྱིས་བཤད་པ་དེ་ཉན་དགོས་རེད་ཅེས་བརྗོད་ཀྱི་མེད།”ཅེས་གསུངས་ཡོད་ལ། “་ཉན་དང་མི་ཉན་སོ་སོའི་འདོད་པ་རེད”ཟེར་བའི་གདམ་ག་འདི་ནི་༸གོང་ས་མཆོག་གིས་དོལ་རྒྱལ་སྐོར་ཐོག་མ་བཀའ་གནང་བ་ནས་ད་བར་རྒྱུན་སྐྱོང་གནང་བའི་གདམ་ག་ཞིག་ཡིན།
ད་སྐབས་ཀྱང་རྒྱ་གར་དང་། བལ་ཡུལ། ཡོ་རོབ། ཨ་རི་སོགས་སུ་དོལ་རྒྱལ་བསྟེན་མཁན་གྱི་ཚོགས་པ་དང་། སྐྱ་སེར་མང་པོ་ཡོད་ལ་ཁོང་ཚོར་སུས་ཀྱང་དོལ་རྒྱལ་བསྟེན་མི་ཆོག་པའི་གནོན་ཤུགས་སྤྲོད་ཀྱི་མེད་པར་ལྷོད་དལ་ངང་བསྡད་ཡོད། གནས་སྟངས་འདིའི་ཐོག་ནས་ལྟ་སྐབས་རྙོག་གྲ་འདི་ནི་དོལ་རྒྱལ་བསྟེན་ཆོག་དང་མི་ཆོག་དང་། དོལ་རྒྱལ་བསྟེན་གསོལ་བྱེད་མི་བྱེད་ཀྱི་གནད་དོན་ཞིག་མ་ཡིན་པར་ཁེ་བཟང་རག་དང་མི་རག་དང་ཁེ་བཟང་གང་ནས་རག་མིན་གྱི་གནད་དོན་ཞིག་རེད། ཁོང་ཚོར་དགོས་པའི་ཁེ་བཟང་ནི་སྒོར་མོ་ཡིན་ལ་རྒྱ་ནག་ལ་དགོས་པའི་ཁེ་བཟང་ནི་༸གོང་ས་མཆོག་དང་བོད་མི་རིགས་ལ་གནོད་སྐྱོན་བཟོ་ཐབས་ལ་འབད་རྒྱུ་དེ་རེད།
དགོས་དོན་མ་འདྲ་བ་གཉིས་དང་ཁེ་བཟང་མ་འདྲ་བ་གཉིས་ཀྱི་ཁོང་ཚོ་རྒྱ་ནག་དང་འབྲེལ་བ་ཆགས་ཤིང་། ཆབ་སྲིད་ཀྱི་རྩེད་ཆས་སུ་གྱུར་ཏེ་རིགས་ཞེན་དང་ལ་རྒྱ་དོར་ནས་བོད་དང་བོད་ཀྱི་དབུ་ཁྲིད་དག་ལ་ངོ་ལོག་དང་རྫུན་བཟོས་སྐྱོན་བརྗོད་རེ་ཁུར་ནས་ཁྲོམ་རའི་གར་སྟེགས་སུ་བུད་འོང་གིན་ཡོད། གལ་སྲིད་ཁོང་ཚོ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་ལ་འཁོན་འཛིན་དང་སྡང་སེམས་ཡོད་པའི་དབང་དུ་བཏང་ཡང་། རང་ཉིད་བོད་མི་ཞིག་ཡིན་པ་གཏན་བརྗེད་དང་། གཞིས་བཞུགས་རྒྱ་ཆེའི་བོད་རིགས་མི་མང་གི་ལྷག་བསམ་དང་སྙིང་སྟོབས་སོགས་ལ་ཡི་རང་ཙམ་ཡང་མེད་པར་མཐའ་གཅིག་ཏུ་རྒྱ་ནག་དམར་པོའི་གཞུང་གི་རྒྱབ་ཕྱོགས་སུ་ལངས་ཏེ་མདའ་གྲི་མདུང་གསུམ་གྱི་རྩེ་ཁ་༸གོང་ས་མཆོག་དང་བོད་མི་རིགས་ལ་གཏོད་པ་འདི་ནི་ཧ་ཅང་གི་བྱབ་ཆུང་དང་ངོ་ཚ་མེད་པ་ཞིག་ཅི་ལ་མིན།
གལ་སྲིད་ཁྱེད་ཅག་གིས་༸གོང་ས་མཆོག་དང་བོད་ཀྱི་དབུ་ཁྲིད་ཚོ་དགྲ་ལྟར་མཐོང་བའི་དབང་དུ་བཏང་ཡང་རང་གི་རྩ་ལམ་ན་རྒྱུ་བའི་ཁྲག་དང་། རང་གི་ཕུ་ནུ་མིང་སྲིང་། གཉེན་ཉེ་དུ་སོགས་ཀྱི་ཤ་དང་རུས་པ་བོད་གངས་ཅན་པའི་རྒྱུད་པ་ཡིན་པ་ཇི་ལྟར་བཅོས་ཐུབ་བམ། ཁྱེད་ཅག་གིས་ངེས་པར་དུ་འདི་ལ་བསམ་བློ་ཞིག་གཏོང་རན་རེད་འདུག གལ་སྲིད་གནད་དོན་འདི་དངོས་གནས་དོལ་རྒྱལ་ལ་དད་སྟོབས་ཆེ་དྲགས་པས་ཡིན་པའི་དབང་དུ་བཏང་ན་ཡང་དོལ་ཞེན་དང་རིགས་ཞེན་བརྗེ་བ་མི་རིགས་ཀྱི་ཞབས་འདྲེན་དུ་བརྩི་འོས་པས་དོལ་རྒྱལ་བསྟེན་པ་ལས་བོད་ཀྱི་དབུ་ཁྲིད་དང་བོད་མིར་གཞི་མེད་སྐུར་འདེབས་དང་། ཁྱད་གསོད་སོགས་ནི་ངེས་པར་དུ་མཚམས་འཇོག་རན་པར་འདུག་གོ །
ལོ་རྒྱུས་དང་ཕྱིར་འཐེན།
ད་ལྟའི་དུས་རབས་འདི་ནི་འཁྱུག་ཙམ་ལ་རྫོགས་འགྲོ་ཞིང་། ཡང་བསྐྱར་དུས་རབས་གསར་བ་ཞིག་གིས་བསུ་བ་བྱེད་འོང་ངེས། རེད་དེ། ལོ་རྒྱུས་ནི་ལོ་རྒྱུས་རང་སྟེ་དུས་ནམ་ཡང་ལོ་རྒྱུས་ཡིན་ལ་དུས་རབས་ནས་དུས་རབས་བརྒྱུད་དེ་མི་རྣམས་ཀྱི་རྣ་བ་དང་སེམས་ཁམས་བརྒྱུད་དེ་གནས་ངེས་ཡིན། དེས་ན་དོལ་རྒྱལ་བ་ཚོས་ཀྱང་རང་གི་ཤ་ཁྲག་རུས་གསུམ་བོད་མིར་སྐྱེས་ཟིན་པ་ཁས་ལེན་ངེས་ཤིང་། རང་ཉིད་བོད་མི་ཞིག་ཡིན་པ་མ་ཟད་རང་གི་བུ་རབས་ཚ་རྒྱུད་ཀྱང་བོད་མི་ཞིག་དང་གངས་ཅན་པ་ཞིག་ཡིན་པ་དེར་བསྙོན་དུ་ག་ལ་ཡོད་དེ་ཁས་མ་ལེན་རང་ལེན་རེད།
རང་ཉིད་བོད་པ་ཞིག་ཡིན་པ་ནས་རང་གི་མི་རིགས་དང་། རང་གི་མེས་རྒྱལ། རང་གི་ཆོས་ལུགས། རང་གོམས་སྲོལ་སོགས་ཀྱང་ཡོད་ངེས་ཤིང་། དོན་དངོས་ཐོག་རང་གི་མི་རིགས་དང་དབུ་ཁྲིད་ལ་གནོད་སྐྱོན་ཇི་ཙམ་ཞིག་བྱེད་ཐུབ་ཡོད་མེད་ལ་མ་ལྟོས་པར་རང་ཉིད་སྦྱོར་ངན་དེར་གོམ་པ་སྤོས་པའི་བྱེད་སྟངས་དེ་དག་གིས་རང་རིགས་ཀྱི་མིག་ནང་དུ་རང་གི་མི་རིགས་ཀྱི་ཞབས་འདྲེན་དང་། རྒྱལ་ཚོང་བ། རང་གི་རྩ་བའི་བླ་མར་ངོ་ལོག་མཁན་དང་། རང་གི་མི་རིགས་ཀྱི་དགྲ་བོར་ལག་འབྲེལ་གྱིས་རང་གི་དབུ་ཁྲིད་དང་། རང་གི་མི་རིགས་ལ་དམའ་འབེབ་མཁན་གྱི་མི་སྣ་ཞིག་ཏུ་འགྱུར་བཞིན་ཡོད། འདི་ནི་ཁོང་ཚོས་འདོད་པའི་དགོས་དོན་ཞིག་ག་ལ་ཡིན། ད་དུང་རང་གི་གཉེན་ཉེ་དང་། རང་གི་གྲོགས་པོ་ཕོ་མོ་དང་བཅས་པར་ལོ་རྒྱུས་སུ་ཟིན་ཐོ་ནག་པོ་ཞིག་གི་འགོ་བརྗོད་དུ་འབྲི་བར་ག་ལ་སྤྲོ།
གནད་དོན་འདིར་བསམ་གཞིག་གིས་རང་གི་ད་བར་དུ་གང་ཞིག་བྱས་པ་དང་། གང་བྱ་ངེས་པ། གང་གི་ཆེད་དུ་བྱས་པ། གང་ལ་ཕན་ཐོགས་ཡོད་པ་སོགས་ལ་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱས་ཏེ་རང་གིས་རང་ལ་སྡོམ་ཚིག་ཅིག་འཇོག་རན་ཞིང་། རང་གི་བུ་རབས་ཚ་རྒྱུད་དང་། མ་འོངས་པའི་ལོ་རྒྱུས་ལ་འགན་ཁུར་གྱི་འདུ་ཤེས་ཀྱིས་ཁ་ཕྱིར་ལ་འཁོར་ཞིང་ནག་པོའི་ལམ་བུ་དེ་ལས་ཕྱིར་འཐེན་བྱེད་རན།
ཁེ་ཕན་དང་མཇུག་འབྲས།
དོལ་རྒྱལ་བ་ཚོས་འདི་ལྟར་རྒྱ་ནག་དང་ལག་འབྲེལ་བྱས་ཤིང་། ༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་པ་འདིས་བོད་མི་རིགས་དང་། བོད་ཀྱི་ཆོས་རིག་སྲུང་སྐྱོབ། བོད་ཀྱི་མདུན་ལམ་སོགས་ལ་གནོད་པར་འགྱུར་སྲིད་པ་ལས་ཕན་ཐོགས་གང་ཡང་མེད་པ་མ་ཟད་དོལ་རྒྱལ་བ་རང་ཉིད་ལ་ཡང་གནས་སྐབས་ཀྱི་སྒོར་མོའི་ལག་ཡོང་ཏོག་ཙམ་ལས་ཁེ་ཕན་ཆེན་པོ་གང་ཡང་མེད་ཅིང་། རང་ཉིད་ཀྱི་མ་འོངས་པ་དང་། རང་གི་བུ་རབས་ཚ་རྒྱུད་ལ་ཡང་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་ཡིན།
༸གོང་ས་མཆོག་ནི་དོན་དམ་པའི་འཛམ་གླིང་གི་དབུ་ཁྲིད་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་། ཤེས་ཡོན་དང་སྟོབས་འབྱོར་ལྡན་པའི་ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ཤེས་ཡོན་པ་དང་། སློབ་དཔོན། ཆེས་མཐོའི་གཙོ་འཛིན། མི་སེར་དཀྱུས་མ་སོགས་ཀྱིས་གདེང་འཇོག་དང་དགའ་བསུ་ཆེན་པོ་བྱ་སའི་རླབས་ཆེན་དབུ་ཁྲིད་ཡང་དག་པ་ཞིག་ཡིན་ལ། སྔ་ཕྱིར་འཛམ་གླིང་གི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་ཀྱི་གྲས་སུ་འདེམས་ཐོན་ཐེངས་མང་བྱུང་ཡོད་ལ་འཛམ་གླིང་འདིའི་ཐོག་གི་ཆེས་མཐོའི་གཟེངས་རྟགས་བརྒྱ་ཕྲག་འབུལ་བཞེས་གནང་ཡོད། ཁོང་ནི་བོད་ཙམ་མ་ཟད་འཛམ་གླིང་མི་མང་གིས་གཙུག་ཏུ་བཀུར་བའི་རླབས་ཆེན་སྐྱེས་མཆོག་འདི་ལྟ་བུ་ཞིག་ཡིན་པས་དོལ་རྒྱལ་བ་འགས་སྐུར་འདེབས་དང་སྐད་འབོད་བྱས་པ་དེས་༸གོང་ས་མཆོག་ལ་གནོད་པ་ལས་ལྡོག་སྟེ་རྒྱུས་ཡོད་དང་ཤེས་ལྡན་པ་ཚོས་དོལ་རྒྱལ་བ་དེ་ཚོས་རང་གི་དབུ་ཁྲིད་ཀྱི་ལེགས་མཛད་ཀྱང་ངོས་འཛིན་ཐུབ་མི་འདུག་ཅེས་ཁོང་དགོད་ཤོར་བཞིན་ཡོད་ངེས་ལ། རྒྱ་ནག་གི་ཕྱོགས་ནས་ཀྱང་ཁྱི་ངན་བདག་པོར་འཇུ་བའི་དཔེ་གཟུགས་ལ་མཚར་ལྟ་བྱེད་བཞིན་ཡོད་ངེས།
བོད་མི་རིགས་ལ་མཚོན་ན་རང་གི་དཔྲལ་བའི་མིག་ལྟ་བུའི་༸གོངས་མཆོག་ལ་སྐུར་འདེབས་དང་མཚན་སྨོད་བྱེད་མཁན་དེ་ནི་དུས་ནམ་ཡང་ཐ་ཤལ་བ་དང་། མ་རབས། བོད་མི་རིགས་ཀྱི་ཞབས་འདྲེན་དུ་ལྟ་ངེས་པས་རང་གི་ལས་བྱ་འདི་དག་གིས་མཐར་གཏུགས་ན་རང་ཉིད་དང་རང་གི་བུ་རབས་ཚ་རྒྱུད་གཡང་ས་རུ་འདེད་བཞིན་པའང་དྲན་དགོས་གལ་ཆེ། དོལ་རྒྱལ་བའི་བྱེད་གཏེ་དེ་ཚོའང་མི་ཞིག་ཡིན་པ་མ་ཟད་བོད་མི་ཞིག་ཡིན་པའི་འདུ་ཤེས་ཀྱིས་ངས་དེ་རིང་མི་ཡི་རིན་ཐང་བརྩི་འཇོག་གིས་འདི་ལྟར་བཤད་པ་ཡིན་ལ། དོལ་རྒྱལ་བ་ཚོས་ཀྱང་རང་ཉིད་མི་ཞིག་དང་བོད་པ་ཞིག་ཡིན་པ་མ་བརྗེད་པའི་ཐོག་ནས་བསམ་གཞིག་རེ་བྱེད་པའི་རེ་བ་བྱེད་བཞིན་ཡོད། རྩོམ་ཡིག་འདི་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཀྱི་འགན་ནི་རྩོམ་ཡིག་འདི་འབྲི་བ་བོ་རང་ཉིད་ཀྱིས་ཁུར་ངེས་ཡིན།
༢༠༡༤/༥/༡༥/ ལ་བྲིས།
དོལ་རྒྱལ་བ་ཚོའང་མི་ཡིན།
འདི།
དོལ་རྒྱལ་བ་ཚོའང་མི་རེད།
ཡང་ན།
ང་ཚོ་དོལ་རྒྱལ་བ་ཚོའང་མི་ཡིན། ཞེས་པས། ཡིན་དང་རེད་ཐོབ་ཁུངས་སོས་སོར་ཕྱེ་ཤེས་པ་གྱིས་གུ
གྱིས་གུ
འདི།
གྱིས་ཤིག་གུ །ལ་བཅོས།
༧གོང་ས་མཆོག་གིས་ཧོ་ལན་ཌིའི་ནང་བོད་མི་ཚོར།
་་་་་་་་ མ་འོངས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གཙོ་བོ་ནང་ཆོས་ཀྱི་ཤེས་ཚད་དང་འབྲེལ་བའི་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་ཆགས་ཡོད་སྟབས། མི་རབས་གསར་པ་ཚོས་བོད་ཡིག་གལ་ཆེར་བརྩིས་ཏེ་དོ་སྣང་བྱ་དགོས་་་་་་་
་་་་་་་་་ དོལ་རྒྱལ་གྱི་གནས་ཚུལ་དེ་དུས་རབས་ ༡༧ ནང་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཡོད། ་་་་་་་་
་་་་་་་ ངོས་རང་ནས་ཀྱང་མ་ཤེས་པར་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འགོ་བཙུགས་ནས་ཕྱི་ལོ་ ༡༩༧༠ ལོ་བར་བསྟེན་པ་ཡིན། ཕྱིས་སུ་་་་་་་་
་་་་་་་་ ངོས་ཀྱིས་ཆོས་ལུགས་རིས་མེད་ཀྱི་བླ་མ་གྲངས་ ༢༠ བསྟེན་པ་ཡིན། དེ་ཁོངས་ནས་བླ་མ་གཅིག་མ་གཏོགས་གཞན་ཚང་མས་དོལ་རྒྱལ་ལ་མཐའ་གཅིག་ཏུ་འགག་པ་ སྐྱོན་མཁན་ཡིན། ་་་་་་་་་
་་་་་་ ཁོ་པ་ཚོས་ངོས་ལ་ཏཱ་ལའི་བླ་མ་རྫུན་ཤོད་རྒྱུ་མཚམས་འཇོག་དགོས། ཅེས་སྐད་འབོད་བྱེད་བཞིན་ཡོད། ཁོ་ཚོས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་མི་ཤེས། ་་་་་་
་་་་་་་་་་་ ཁོ་པ་ཚོས་ངོས་ཀྱི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་སྐོར་བརྗོད་བཞིན་ཡོད་ པ་དེ་ལྟར་རྩ་བ་ནས་མིན་པ་ནི། རྒྱ་གར་ལྷོ་ཕྱོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགོན་པ་ཚོར་ལྟོས་དང་ཤེས་ རྟོགས་ཐུབ་རྒྱུ་རེད། ཅེས་གསུངས་འདུག ་་་་་་་་་་་་་
ད་རེས་སེར་ཤུལ་ལ་མཐེ་བོང་བསྒྲེང་གི་ཡིན་ད།
གཅིག༽ ཐོག་མའི་མིང་བྱང་དང་རྩོམ་ལུས་ཀྱི་བརྗོད་བྱ་གཉིས་ཤར་དང་ནུབ་རེད། གཉིས་༽ བརྗོད་བྱ་དོན་གྱི་ཆ་ནས་ཀྱང་ཕྱོགས་རིས་ཀྱི་ལྟ་ཚུལ་ཙམ་ལས་ཅི་ཡང་འཆད་ཐུབ་མེད། གསུམ༽ ༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ཀྱི་ངོས་ནས་ད་སྔ་གསུང་ཟིན་པའི་དོན་དག་ལ་ལ་ཞིག་བསྐྱར་ཟློས་ཡང་ཟློས་བྱས་འདུག བཞིི༽ དོན་དག་འདི་འདྲའི་ཐོག་རང་ཉིད་ལ་གཟུར་གནས་ཀྱི་ལྟ་ཚུལ་ཅི་ཡང་མེད་པར་ངོ་དགའ་དང་སྤྲེལ་ལད་འཁྲབ་པ་ཙམ་མོ། ལྔ༽ བློ་ངོར་འཐད་པ་གཅིག་ཡོད་པ་ནི་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ལ་གུས་བརྩིའི་རྣམ་པ་ཡོད་པ་དེའོ།། འདི་ལ་ང་རང་ཡང་ཧ་ཅང་དགའ།
༄།སེར་ཤུལ་ཡག་པོ་བྲིས་གཞག།
རྙོག་འཛིང་སྣ་མང་རང་བཞིན་ཅན་འདི་རྨོངས་དད་ལས་བྱུང་བ་ཞིག་རེད། ཇི་སྲིད་རྨོངས་དད་འདི་མིའི་སེམས་ཁམས་ལས་མ་བྲལ་བ་དེ་སྲིད་དུ་རྙོག་འཛིང་མུ་མཐུད་གནས་ཀྱི་རེད། གལ་ཏེ་དེང་དུས་ཤེས་ཡོན་ཀྱིས་ཕྱུགས་ཅིང་གོ་ལ་ཧྲིལ་པོའི་འགྱུར་འགྲོས་ཤེས་མཁན་གྱི་མི་རབས་གསར་པ་དང་ལྟ་བ་གསར་པ། བསམ་བློ་གསར་པའི་དཔུང་ཁག་རིམ་པས་ཚར་ལོང་འབྱུང་བཞིན་པས་ཁོ་ཚོར་དངོས་ཐོག་བདེན་འཚོལ་གྱི་མིག་ཡོད་པས་རྙོག་འཛིང་འདི་ཚོའི་རིགས་ག་ལེར་ཞི་ཆོག་ཆོག་འདྲ་ཞིག་རེད།
འོན་ཀྱང་རྨོངས་དད་རིང་ལུགས་པ་ཚོས་གོ་ལ་ཧྲིལ་པོའི་ནང་རྙོག་དྲ་སློང་བ་ལྷ་འདྲེ་གདོན་བགེགས་ཚོགས་པ་གཅིག་པུ་མ་རེད། དཔེར་ན་ཁ་ཆེའི་རྨོངས་དད་རིང་ལུགས་ཀྱི་ཐལ་སྐྱོད་པ་བཞིན་ཁོ་ཚོའི་བསམ་བློའི་ནང་དངོས་ཐོག་བདེན་འཚོལ་དང་མི་མུན་པའི་རྨོངས་པའི་དད་ཞེན་སྐམ་པོ་ཞིག་འཁུར་ནས་རང་སྲོག་བློས་གཏོང་བ་ཡང་ཇི་མི་སྙམ་པའི་ལྟ་ཚུལ་ཞིག་ཡོད་པ་ནི། རྨོངས་དད་དེའི་ཆེད་དུ་བྱ་བ་བཟང་ངན་ཇི་བྱས་ཀྱང་ཐམས་ཅད་བདེ་འགྲོར་འགྱུར་ཚུལ་གྱི་བསམ་བློའི་འཁྱེར་བཟོ་དང་ལྟ་ཚུལ་འདིས་རང་གཞན་གཉིས་ཀ་གཡང་ལ་འབུད་ཀྱི་ཡོད་པ་རེད། འོ་ན་བསམ་བློའི་འཁྱེར་བཟོ་འདི་དང་ལྟ་ཚུལ་འདིས་ཀླད་པ་བཀྲུས་ཟིན་པའི་མི་རབས་ཚོའི་སེམས་ཁམས་བཅོས་བསྒྱུར་ཇི་ལྟར་བྱེད་དགོས་སམ། གནད་དོན་འདིའི་ཐོག་བགྲོ་གླེང་དང་སྦྱངས་བཤད་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུགས་རེད།
གཞི་རྩའི་ལྷ་འདྲེ་གདོན་བགེགས་ཚོགས་པས་རྨོངས་པའི་དད་ཞེན་སྐམ་པོ་ཞིག་འཁུར་ནས་མི་རིགས་ཀྱི་འཐབ་རྩོད་ཟུར་ལ་བཞག་ཏེས་ཀྲུང་གོ་དང་ཁྱི་སྤྱང་ངན་འབྲེལ་གྱིས་ཀྲུང་གོའི་ལས་དོན་བསྒྲུབས་དང་བསྒྲུབ་བཞིན་པ་ནི་མངོན་བསལ་དོད་པོ་འདུག་ལ། ལྷག་པར་དུ་དོལ་རྒྱལ་བསྟེན་སྲོལ་གྱི་འཐབ་རྩོད་པ་ཞིག་མིན་པར་ཀྲུང་གོའི་ཆབ་སྲིད་ལག་ཆར་གྱུར་ནས་ནང་ཁུལ་ལ་མདུང་རྩེ་གཏད་སྟངས་འདི་ཡག་པོ་ཞིག་ཁྱོན་ནས་མ་རེད། དཔེར་ན་ཀྲུང་གོའི་རྒྱ་རིགས་ཚོ་ནང་ཁུལ་རྙོག་དྲ་ཚ་པོ་རེད་འདུག་ཀྱང་ཁ་ཕྱི་ལ་སློག་ཡོང་དུས་རྡོག་རྡོག་གཅིག་རེད་ལ་ལྷག་པར་དུ་ནུབ་ཕྱོགས་དང་ཨ་རིར་ལྟ་སྟངས་དེ་བས་གཅིག་པ་གཅིག་ཀྱང་རེད། འདི་མི་རིགས་ཀྱི་ལྟ་བའམ་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་དེ་ཤུགས་ཆེ་བས་རེད་འདོད།
་་་་་་་་་ གཞི་རྩའི་ལྷ་འདྲེ་གདོན་བགེགས་ཚོགས་པས་རྨོངས་པའི་དད་ཞེན་སྐམ་པོ་ཞིག་འཁུར་ནས་མི་རིགས་ཀྱི་འཐབ་རྩོད་ཟུར་ལ་བཞག་ཏེས་ཀྲུང་གོ་དང་ཁྱི་སྤྱང་ངན་འབྲེལ་གྱིས་ཀྲུང་གོའི་ལས་དོན་བསྒྲུབས་དང་བསྒྲུབ་བཞིན་པ་ནི་མངོན་བསལ་དོད་པོ་འདུག་ལ། ལྷག་པར་དུ་དོལ་རྒྱལ་བསྟེན་སྲོལ་གྱི་འཐབ་རྩོད་པ་ཞིག་མིན་པར་ཀྲུང་གོའི་ཆབ་སྲིད་ལག་ཆར་གྱུར་ནས་ནང་ཁུལ་ལ་མདུང་རྩེ་གཏད་སྟངས་འདི་ཡག་པོ་ཞིག་ཁྱོན་ནས་མ་རེད། ་་་་་་་་
ཏང་དང་དོལ་ཚོགས་ནི་བོད་མི་མ་རེད་བཤད་ཐུབ་དགོས། དེ་མིན་སྤྲེལ་ལེད་རེད། འདི་དགེ་ལུགས་པའི་གྱོང་ཡིན་པར་ཤེས་དགོས། ཆོས་ལུགས་གཞན་བོན་དང་བཅས་པས་ཇུས་དོགས་བྱས་ན་དགེ་འདུན་ནང་དཀྲུག་ལས་གཞན་དུ་མ་མཐོང་ངོ་།
དྲ་གྲོགས་གསེར་ས་ལེ་སྦྲམ་ལ་ལན། ༡༽ ཁ་བྱང་༼དོལ་རྒྱ་བ་ཚོའང་མི་ཡིན༽ཟེར་བ་འདིར་གོ་རྒྱུ་གཉིས་ཡོད། གཅིག་དོལ་རྒྱལ་བའང་མི་ཡིན་པས་ཁོང་ཚོར་མིའི་ཐོབ་ཐང་དགོས་ཟེར་བ་ཞིག་དང་། ༢༽ ཁོང་ཚོ་འང་མི་ཡིན་པས་མིའི་བྱེད་སྟངས་བྱེད་དགོས་ཟེར་བའི་གོ་བ་གཉིས་ལ་ཕྱི་མ་ལྟར་བྲིས་ཡོད་པས་བརྗོད་བྱ་དང་། ཁ་ཡིག་བར་ལ་ཧེ་བག་གང་ཡང་མེད། ཁ་ཡིག་འདི་ལ་བལྟས་ནས་ཀློག་པ་པོར་རྩོམ་འདི་ཀློག་འདོད་ཀྱི་འདོད་པ་སླེབས་པའི་ཁྱད་ཆོས་ཤིག་ཀྱང་ཐོན་ཆེད་འདི་ལྟར་བཏགས་པ་ཡིན།
༢༽ ཕྱོགས་རིས་ཀྱི་ལྟ་ཚུལ་གང་ཡང་བཟུང་མེད་པར་དྲང་པོ་དྲང་བཞག་དང་། དོན་དངོས་གསལ་བཤད་ཀྱི་སྒོ་ནས་ཁོང་ཚོའི་བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའི་ཁེ་ཕན་དང་། ལོ་རྒྱུས་ལ་བསམ་བློ་བཏང་ནས་བཤད་ཡོད་པས་བཤད་སྟངས་འདི་གསར་བ་གསར་རྐྱང་ཞིག་ཡིན།
༣༽ སྤྲེལ་ལད་གང་ཡང་འཁྲབ་མེད་ལ་དེ་ལྟར་དགོས་དོན་ཡང་མེད།
༤༽ ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་དགའ་ཞེན་ཡོད་པ་དངོས་གནས་ཡིན། འོན་ཀྱང་དགའ་ཞེན་དེས་གནས་ལུགས་དང་རྒྱུ་འབྲས་ལ་ནམ་ཡང་རྩིས་མེད་བྱེད་མི་སྲིད།
སྔོན་མ་ནས་བཤད་བསྡད་པ་ཞིག་ཡང་བཤད་བསྐྱར་བཤད་བྱས་པས་ཕན་ཐོག་ཅི་ཡང་མེད། ཁོང་ཚོས་དོལ་རྒྱལ་བསྟེན་པ་ཙམ་གྱིས་བོད་ཀྱི་རྩ་ཁྲིམས་དང་འགལ་འགྲོ་རྒྱུ་ཞིག་མེད་ལ་བོད་ཀྱི་ཡུལ་མིའི་ཐོབ་ཐང་འཕྲོག་འགྲོ་རྒྱུའང་མེད། ཁོ་རང་ཚོས་རང་ཉིད་ཀྱི་འདོད་དོན་བསྒྲུབ་ཀྱིན་ཡོད་པ་རེད། ང་ཚོས་དེར་གདོང་ལེན་དང་དགྲ་རུ་བཟུང་བས་དགོས་པ་མེད། སྤྱིར་ན་བླ་བྲང་གོང་འོག་གཉིས་ཀྱི་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་དེ་ཇེ་ཆེ་ནས་ཇེ་ཆེར་སོང་བ་ཞིག་ཡིན་མོད། འུར་ཞོགས་དང་རྨོངས་མཆོང་ལ་དགའ་བ་མང་པོ་ཞིག་གཡུལ་འཁྲུག་དེའི་ནང་དུ་ཞུགས་ནས་དགེ་ལུགས་པའི་ནང་འཁྲུག་ཏུ་བསྒྱུར། ད་ཡང་བོད་སྤྱི་བའི་རྙོགས་གླེང་ཞིག་ཏུ་བསྒྱུར་ཨེ་ཐུབ་བལྟ་བཞིན་པ་འདི་འདྲ་ནི་ངེད་ཚོེ་ཤི་བའི་ཐོག་ཏུ་རྡོག་བརྫི་རེད། དེ་བས་དོལ་རྒྱལ་བསྟེན་མཁན་ཚོས་ཅི་བྱེད་ན་བྱེད་དུ་ཆུག ང་ཚོ་མ་མཐའ་ཡང་ཤ་ཁྲག་གཅིག་པའི་སྤུན་ཟླ་རེད། རྒྱ་གུང་ཁྲང་ཏང་གི་དབང་འོག་ཏུ་འགྲོ་རྒྱུ་ཡིན་ཟེར་ནས་བོད་མིའི་སྒྲིག་འཛུགས་དང་བཅས་པའི་ས་བསྒྲག་གནམ་བསྒྲག་བྱས་སོང་། དེའི་དབང་འོག་ཏུ་འགྲོ་རྒྱུ་ཡིན་ཟེར་བ་དེའི་ཤུགས་ལ་དེའི་བཀའ་ལ་ཉན་རྒྱུ་ཡིན་ཟེར་བ་དེ་ཡོད་ཡོད་པ་རེད། འདི་དོལ་ཚོགས་ཀྱི་ཁ་བཏོན་པ་ཙམ་གྱིས་སྡུག་ཏུ་འགྲོ་རྒྱུ་ཞིག་གང་ན་ཡོད། ང་ཚཽའི་སྤྱི་ཚོགས་འདིའི་ནང་དུ་རྒྱ་མིའི་དབང་འོག་ཏུ་འགྲོ་རྒྱུ་མིན། རང་བཙན་གཙང་མ་དགོས་ཀྱི་ཡོད་ཟེར་མཁན་ཚོར་ངན་རབས་དང་སྡུག་རབས་ལུང་པ་གང་བཤད་ཀྱི་མི་འདུག་གམ། ད་བཤད་བཤད་དུས་སྐད་ཆ་གང་ཡིན་རུང་སྐད་ཆའི་ཁྱད་པར་མ་ཡིན་པར་བཤད་མཁན་གྱི་ཁྱད་པར་ཡིན་སོང་བ་མངོན་གསལ་རེད།
རྩོམ་པ་པོ་ལགས། གོང་ས་མཆོག་ལ་མ་དགའ་ན་ཡང་འགྲིགས། བོད་མིའི་སྒྲིག་འཛུགས་ལ་མ་དུང་ན་ཡང་ཆོག དེ་གཉིས་ནི་ཚོགས་པ་སྒྲིག་འཛུགས་ཤིག་དང་སྐྱེས་བུ་སྒེར་ཞིག་རེད། དགོས་རྒྱུ་མཁོ་རྒྱུ་ངོ་མ་དེ་ནི་བོད་མི་མང་ལ་དགའ་ཞེན་དང་དུང་བ་ཡོད་དགོས། དེ་ནི་རང་ཉིད་སྤྱི་ཚོགས་གང་དུ་གཏོགས་པ་དེའི་ལས་འགན་ཡིན། གོང་ས་མཆོག་གིས་དོལ་རྒྱལ་མ་བརྟེན་པ་དེ་ནི་ཆོས་སྲིད་གཉིས་ཕྱོགས་ནས་ཁོང་གི་མཛད་པ་རླབས་ཆེན་ཞིག་ཡིན་པར་ཐེ་ཚོམ་མེད། ཁོང་རང་ཉིད་ཀྱིས་ཆེ་མཐོ་གཟི་བརྗིད་ལ་བརྟེན་ནས་དོལ་རྒྱལ་ལས་རྣམ་པར་རྒྱལ་ཐུབ་དགོས། བོད་མི་སྒེར་ངོས་ནས་རྒྱུ་མཚན་གསལ་བཤད་ཀྱིས་ཕན་ཚུན་བར་གྱི་གནས་སྟངས་དོག་སེལ་བྱས་ན་སྐྱོན་མེད་མོད། བོད་མི་མང་གིས་བདམས་པའི་བོད་མིའི་སྒྲིག་འཛུགས་རྒྱལ་བ་རིན་པོ་ཆེའི་ཕྱོགས་ཁོ་ནར་ལངས་ནས་དོལ་ཚོགས་ལ་རྒོལ་རྡུང་གི་ལས་འགུལ་སྤེལ་དགོས་པའི་་ལངས་ཕྱོགས་འཛིན་མི་རུང་། བོད་གཞུང་ནི་བོད་སྤྱིའི་གཞུང་ཡིན་པ་ལས་གོང་ས་མཆོག་གི་སྒེར་གཞུང་མིན། ལྷག་པར་ཡང་བོད་མིའི་གསར་འགྱུར་བརྒྱུད་ལམ་ཚོས་དོལ་ཚོགས་དང་ཏཱ་ལའི་བླ་མ་གཉིས་ཆར་གྱི་ཕྱོགས་ཀྱི་བསམ་ཚུལ་བཅར་འདྲིའི་ལམ་ནས་ཕན་ཚུན་གྱི་རེ་དོག་རྣམས་བོད་མི་མང་ལ་གསལ་པོར་ཤེས་སུ་འཇུག་དགོས། འདི་ནི་དེང་རབས་སྤྱི་ཚོགས་ཀྱིས་སྤྱི་ཚོགས་བར་གྱི་འགལ་བ་སེལ་བའི་སྔོན་འགྲོ་ཡོད་ན་མེད་ན་ཞིག་ཡིན།
ཕུར་བ་སྐྱབས་དང་སྤོབས་པ་གཉིས་ཀྱིས་གསུངས་པ་དོན་དང་མཐུན་པ་ཞིག་རེད། གསར་ལམ་ཁག་གིས་ཕན་ཚུན་གཉིས་ལ་སྐད་ཆ་དྲིས་མང་བོ་སྤེལ་ཐུབ་ན། རྙོག་དྲ་སེལ་ཐབས་བརྙེད་ངེས་ཡིན།
སེར་ཤུལ་རིན་ཆེན་དོན་འགྲུབ་ལགས་ཀྱིས་རྩོམ་ཡིག་ཤིན་ལེགས་པོ་བྲིས་འདུག་གོ། །
རྨོངས་དད་ཀྱིས་བོད་ཕུང་སོང་ཟེར་བའི་སྐད་ཆའི་གནད་འགག་འདི་འདྲ་ལ་ཐུག་ཡོད་པ་རེད། ལྷ་འདྲེའི་རྩོད་རྙོག་འདི་བོད་སྤྱི་པའི་རྩོད་རྙོག་ཞིག་ལ་སྒྱུར་ཐབས་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་དོལ་རྒྱལ་ཚོགས་པའི་ཁ་གཏད་བཅག་དགོས་པའི་ལངས་ཕྱོགས་འཛིན་སྟངས་འདི་དག་ཡག་པོ་རྩ་བ་ནས་མེད།
སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་ལྟར་བོད་ཀྱི་གསར་ལམ་ཁག་གིས་ཏྭ་ལའི་བླ་མ་དང་དོལ་ཚོགས་གཉིས་ལ་བཅར་འདྲི་བྱེད་ན་དོགས་པ་རྣམ་རྟོག་མང་པོ་ཞིག་སེལ་ཐུབ་ངེས་རེད་འདོད། རྒྱབ་སྐྱོར་ཡོད། བོད་མི་རིགས་ལ་སེམས་པ་དཀར་བའི་བོད་མི་ཚོས་རྨོངས་དད་ཀྱི་ཞྭ་མོ་མར་གཡུགས་ནས་ཐུགས་བསམ་བཞེས་དགོས་པ་གནད་འགག་རེད།
ཏྭ་ལའི་བླ་མའི་རྗེས་འབྲངས་པ་ཚོས་ཏྭ་ལའི་བླ་མ་སྤྱན་རས་གཟིགས་རེད་བསམས་པ་དང་དོལ་རྒྱལ་རྗེས་འབྲངས་པ་ཚོས་དོལ་རྒྱལ་ལྷ་རེད་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་བལྟས་ན་གནད་ལུགས་ངོ་མ་དེར་རྩ་བ་ནས་མཐོང་མི་སྲིད། འདི་དག་ལ་རྨོངས་དད་ཅན་ཟེར་བ་རེད། ཁོ་ཚོས་རྨོངས་དད་ཡིན་པ་ཙམ་ཡང་ཁས་ལེན་གྱི་མ་རེད།
ཨོ་རེད་་་ད་དུང་དོལ་རྒྱལ་ཚོགས་པས་རང་གི་རྒྱལ་ཁ་འཐོབ་ཆེད་དུ་དགྲ་བོ་རྒྱ་དམར་དང་ལག་འབྲེལ་བྱེད་བཞིནའདུག་ཟེར་བའི་སྐད་ཆ་འདི་དག་བདེན་ཤས་ཆེ། གནའ་ནས་ད་ལྟའི་བར་དུ་རང་སོ་སོའི་ཆོས་ལུགས་ཆོས་རྒྱུད་ཀྱི་རྒྱལ་ཁ་ཐོབ་ཆེད་དུ་སོག་དམག་དང་རྒྱ་དམག ཀོར་དམག་བཅས་དང་ལག་འབྲེལ་བྱས་ནས་བོད་མི་དམར་གསོད་བཏང་བ་གྲངས་ཀྱི་ག་ལ་ཆོད།
དོལ་རྒྱལ་ཟེར་བའི་སྲུང་མ་དེར་མིས་སྲུང་དགོས་པའི་སྲུང་མ་དང་ཏྭ་ལའི་བླ་མ་ཟེར་བའི་སྤྱན་རས་གཟིགས་དེར་མིས་སྲུང་དགོས་པའི་སངས་རྒྱས་ཤིག་ཡིན་པ་རེད། སངས་རྒྱས་དང་སྲུང་མ་གཉིས་ལ་ཁ་ཐབས་འདི་ལས་མེད་དུས་བོད་མི་རིགས་ཀྱིས་རེ་བ་བྱེད་ན་སྟོང་པ་རེད།
སྤོབས་པ་མཐའ་ཡས་ལགས། ངས་ནི་༧གོང་ས་མཆོག་གི་རྒྱབ་སྐྱོར་མེད་ལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་སུའང་ཞེན་མེད། ད་དུང་དོལ་རྒྱལ་བསྟེན་མི་ཆོག་པ་དང་མ་འགྲིག་པའི་སྐོར་ཡང་བཤད་མེད། དོན་དངོས་ཐོག་ཁོང་ཚོའི་བྱེད་སྟངས་འདིས་རང་གི་མི་དང་རང་ཉིད་ལ་ཕན་ཐོགས་ཡོད་མེད་སྐོར་ནས་བཤད་ཡོད་པས་ཁྱེད་ཀྱིས་བཤད་པ་དང་འགལ་བ་གང་ཡང་མ་མཐོང་།
རང་གི་མི་རིགས། བཅོས།
དོལ་རྒྱལ་བསྟེན་ནའང་འདྲ་༧རྒྱལ་བ་རིན་པོ་ཆེར་མ་དད་ནའང་ཆོག། འདི་ནི་གང་ཟག་སྒེར་གྱི་རང་དབང་གཙང་མ་རེད། འོན་ཀྱང་ཀྲུང་གོའི་ཆབ་སྲིད་ཀྱི་ལག་ཆར་གྱུར་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་བཀག་རྡོ་ཆེ་ཤོས་དེ་རེད། དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་ལས་འགུལ་དེ་བསྒྲུབ་ཀྱིན་པ་ནི་ནང་ཁུལ་གྱི་འགལ་ཟླ་ཆེ་ཆེར་སློང་མཁན་དེ་ཚོའི་སྤུ་མདོག་ཇེ་གསལ་ཇེ་གསལ་རེད། གཞི་རྩའི་༧ཏཱ་ལའི་བླ་མ་ལོ་རྒྱུས་རང་བཞིན་གྱི་མི་སྣ་གལ་ཆེན་ཞིག་རེད། འདི་བོད་མི་རིགས་ཀྱི་སེམས་ཁམས་ན་ཁྲ་ལྷེམ་ལྷེམ་ཡོད་ངེས་རེད། ཆབ་སྲིད་རང་བཞིན་གྱི་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་ལོ་རྒྱུས་རང་བཞིན་གྱི་མི་སྣ་དང་གནད་ཡོད་མི་སྣ་དེ་ཚོར་གུས་བརྩི་བྱེད་རྒྱུ་དེ་ཡང་དད་ཞེན་གྱི་སྐད་ཆ་གང་ཡང་མ་རེད། འདི་ནི་དེང་དུས་དམངས་གཙོ་དང་རང་དབང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་ལ་ཡོད་པ་རེད་ལ་འདྲ་མཉམ་ལྟ་ཚུལ་གྱི་རྒྱ་ལས་བརྒལ་མེད་ལ་ཡ་རབས་ཀྱི་སྤྱོད་པ་ཞིག་རེད། དཔེར་ན་ནུབ་ཕྱོགས་དམངས་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་ཕན་ཚུན་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་ངན་སྨྲས་དང་བཀྱལ་ཀའི་ཚིག་རྩུབ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་རེད། དཔེར་ན་སྔོན་མ་ཨ་རིའི་ནང་བུད་མེད་གཅིག་ལ་ཁྱོ་བོ་ཞིག་གིས་སྨད་ཚོང་མ་ཞེས་ལབ་པ་རེད། རྗེས་ལ་བུད་མེད་དེས་ཁོ་ཁྲིམས་རྭར་སྦྱར་ནས་ཨ་སྒོར་ས་ཡ་བརྒལ་བའི་གྱོང་བཏང་བ་རེད། འདི་ཚོ་དམངས་གཙོའི་ཁྲིམས་ལུགས་ནང་ཡོད་པ་ཡང་ཤེས་དགོས་པའི་གནད་དོན་ཞིག་རེད། བོད་དང་བོད་མི་རིགས་འདི་དམངས་གཙོ་དང་རང་དབང་གི་ཁྲིམས་ལུགས་རང་བཞིན་བསྐྱོང་བའི་སྤྱི་ཚོགས་འོག་འཚོ་འདོད་ཡོད་ན་འདི་ཚོ་ཤེས་རྒྱུ་ཡང་གལ་ཆེན་རེད་འདོད།
དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འཆར་གཞི་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རང་བཙན་འཐབ་རྩོད་པ་རྣམས་ཙི་ཙི་གསང་ལམ་ནང་དུ་རྒྱུགས་པ་ལྟ་བུ་བཟོས་སོང་དྲན། བོད་ཀྱི་སྤྱི་ཚོགས་འདི་དུམ་བུ་ཁ་བྲལ་དང་ནུས་མེད་བཟོ་མཁན་བསྡད་མཁན་སུ་ཡིན་གསལ་པོ་ཆགས་ཡོད་བསམས་ཀྱི་ཡོད། བོད་མི་རྣམས་ཀྱིས་ཤེས་དགོས་ངེས་ཡང་ཡིན།
་་་་་་་ # 20 ཞོལ་གཡག་འབྲོང་རྒྱུད།་ལགས་ཀྱིས་མཆན་བཏབ་པ།:
May 15th, 2014 at 8:55 AM
དོལ་རྒྱལ་བསྟེན་ནའང་འདྲ་༧རྒྱལ་བ་རིན་པོ་ཆེར་མ་དད་ནའང་ཆོག། འདི་ནི་གང་ཟག་སྒེར་གྱི་རང་དབང་གཙང་མ་རེད། འོན་ཀྱང་ཀྲུང་གོའི་ཆབ་སྲིད་ཀྱི་ལག་ཆར་གྱུར་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་བཀག་རྡོ་ཆེ་ཤོས་དེ་རེད། ་་་་་་་་་་་་་་་
ང་འདིར་ཤུགས་ལྡན་ཚོགས་པ་དང་འདུམ་སྒྲིག་བྱེད་པར་འདོད་པ་ཚོར་འདྲི་བ་ཞིག་ཡོད། སྤོབས་པ་དང་གནམ་ཡག་ལ་སོགས་ཀྱིས་དབུས་པས་ངེས་པར་དུ་ལན་ཞིག་སྤྲོད་རོགས།
ཤུགས་ལྡན་བསྟེན་མཁན་གྱི་འགོ་པ་ཚོ་དང་ཤུགས་ལྡན་གྱི་རྗེས་བྲངས་ཚོས། དགེ་ལུགས་པའི་ནང་པའི་བླ་མ་རྗེ་ཕ་བོང་ཁ་པའི་རྒྱུད་པའི་ལྟ་བ་དེ་ལྟ་བ་ཡང་དག་དང་སངས་རྒྱས་ཀྱི་བཀའ་དང་མཐུན་ཡོད་པ། དེ་བཞིན་བོད་ཀྱི་གྲུབ་མཐའ་གཞན་ཏེ། གཙོ་བོ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱའི་ཁོངས་གཏོགས་ཀྱི་གཞན་སྟོང་དང་། དེ་བཞིན་དགེ་ལུགས་ནང་ཁུལ་གྱི་རིས་མེད་བླ་མ་ཚོའི་ལྟ་བ་དེ་ལོག་ལྟ་ཡིན་ཞེས་ཁྱབ་སྤེལ་བྱས་ནས། ཤུགས་ལྡན་དགག་དགོས་པ་དེ་བྱུང་བ་རེད། རྒྱལ་བ་ལྔ་པ་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཕྱོགས་གཏོགས་མི་འགྲིགས་པའི་རྒྱུ་གཙོ་བོ་རྒྱལ་བ་ལྔ་པ་དགེ་ལུགས་པའི་བླ་མ་ཞིག་གིས་རྙིང་མའི་ཆོས་ཉམས་ལེན་བྱས་པར་གྲགས་པ་རྒྱལ་མཚན་གྱི་ཕྱོགས་གཏོགས་ཚོས་རྙོག་ཁྲ་ཤོད་འགོ་བཙུགས་ཡོད།
ཤུགས་ལྡན་པ་ཚོས་ལྟ་བ་འདི་འདྲ་ཞིག་ཁྱེར་ཡོང་ན། ང་ཚོ་རྙིང་ཆོས་དང་ཆོས་ལུགས་གཞན་ལ་དད་པ་ཡོད་པ་ཚོའི་རང་དབང་སུས་འགན་ལེན་བྱེད་ཐུབ་བམ།
འདི་ལ་བསམ་བློ་གཏོང་རོགས། ང་ཚོ་གསང་སྔགས་རྙིང་མ་བ་ལ་དད་པ་ཡོད་མཁན་ཚོའི་རང་དབང་ག་པར་ཕྱིན་པ་རས།
ཤུགས་ལྡན་བ་ཚོས་ལོ་ཤས་གོང་ལ་དགེ་ལུགས་བླ་མ་བཟོད་པ་རིན་པོ་ཆེས་སྦྱིན་བདག་བྱས་ནས་བཞེངས་པའི་གུ་རུའི་སྐུ་ཆེན་པོ་དེ་རྒྱ་གཞུང་ལ་ཁོག་པ་བརྒྱངས་ནས་བཤིག་སོང་། ང་ཚོའི་རང་དབང་ལ་རྩིས་མེད་བྱེད་པ་འདི་སུས་དྲང་པོ་བྱེད་དམ།
དེར་བརྟེན་ཤུགས་ལྡན་པ་ཚོའི་འདོད་པ་དང་བོད་མི་དམངས་ཀྱི་འདོད་པ་མཉམ་གནས་ཐུབ་ས་རེད་པས།
་་་་་་་་་་་་་་ ཤུགས་ལྡན་བ་ཚོས་ལོ་ཤས་གོང་ལ་དགེ་ལུགས་བླ་མ་བཟོད་པ་རིན་པོ་ཆེས་སྦྱིན་བདག་བྱས་ནས་བཞེངས་པའི་གུ་རུའི་སྐུ་ཆེན་པོ་དེ་རྒྱ་གཞུང་ལ་ཁོག་པ་བརྒྱངས་ནས་བཤིག་སོང་། ་་་་་་་་་་་་་
གོང་གསལ་ཁ་བརྡ་དེ་དག་དོན་དངོས་ལ་ཤར་རྒྱུག་བྱེད་འདུག་བསམ། རེད་ཡ་དོལ་རྒྱལ་གདམ་ན་ཆོག་ན་གོང་ས་མཆོག་གདམ་ན་ཆོག དེ་ནི་རང་དབང་དང་མང་གཙོའི་ཁེ་དབང་ཞིག་རེད་སྙམ། འབབ་ས་གཅིག་ལ་འབབ་དགོས་པ་དེ་ང་ཚོ་རང་ཡུལ་ཤོར་བའི་ཡུལ་གྱར་བ་གཅིག་མཚུངས་ཡིན་སྟབས་ང་ཚོའི་འཐབ་རྩོད་ལ་གནོད་པའི་ལས་ངན་དེ་འདྲ་སྤེལ་བ་ཕ་ཚ་བུ་རབ་ལ་དག་མི་ཐུབ་པའི་ཉེས་པ་རེད་སྙམ། ང་ལྟ་བུ་ཞིག་ཡིན་ན་དོལ་རྒྱལ་ཟེར་བ་དང་གནས་ཆུང་དེ་མིན་ཁ་ཤས་ཡོད་སྐད་དེ་དག་ནི་དོན་དངོས་ཐོག་ང་ཚོ་ཉམས་རྒུད་ལ་གཏོང་མཁན་དོལ་རྒྱལ་ཁྱུ་ཅིག་ཏུ་སེམས། གང་ལ་ཟེར་ན་དེ་དག་གིས་ང་ཚོ་ལ་ཨ་ན་མ་ནའི་མདུན་ལམ་གང་ཡང་སྟོན་མྱོང་མེད་པ་དོན་དངོས་ལས་གསལ། ང་རང་ཚོ་གོང་ས་མཆོག་ལ་དད་པ་ཡོད་ན་ཆོག་ན་མེ་ན་ཆོག་མོད་གོང་མཆོག་གི་མཚན་གྲགས་དང་བོད་པའི་འཐབ་རྩོད་ཀྱི་འགྲེལ་བ་དང་ལྷག་དོན་ང་དང་ཁྱོད་ཁོང་ཚོ་ཚང་མ་རང་དབང་ལུང་པའི་ནང་མགོ་དགྱེ་དགྱེ་དང་སྐད་སང་སང་བྱེད་འགྲོ་སྡོད་ཆོག་པ་དེ་ཡང་ཁོང་གི་མཚན་སྙན་དང་འགྲེལ་བ་མེད་སུ་ཡིས་མཁས་ལེན་ཐུབ། མ་མཐར་ཁྱེད་རང་ཕྱི་ཕོ་མོ་གང་རུང་ཞིག་དང་གཉེན་སྒྲིག་ནས་ཡོང་བ་ཡིན་ཟེར་ཡང་དེ་བས་འགྲེལ་བ་ཡོད་པ་སྨོས་མེད་ཡིན། གང་ལ་ཟེར་ན་གོང་ས་མཆོག་གི་མཚན་གྲགས་ལས་བོད་མི་རིགས་ལ་དུང་བ་དགའ་ཞེན་ཆགས་ནས་ཁྱོད་ལ་གོ་སྐབས་དེ་འདྲ་རག་པ་འདོད། ང་ཡང་དེ་འདྲ་ཞི་ག་ཡིན། མི་སུ་ཡིན་ཡང་གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ན་འགྲིག་མོད་ལས་རྒྱུ་འབྲས་མེད་ངོ་རྒོལ་དེ་དག་ལ་སེམས་གཏིང་ནས་ངོ་རྒོལ་བྱ་ཆོག གོང་ས་མཆོག་གི་བྱུང་རབ་ནང་ཟ་རེ་ཟི་རེས་གནས་དོན་ཆེ་ཁག་ཁ་ཤས་ལ་འཐུས་ཤོར་ཕྱིན་མངོན་གསལ་ཡིན་ལ་དེ་མཚུངས་ཀྱི་བཀའ་དྲིན་བསྐྱངས་ཡོད་པ་མྱོང་མུས་ཡིན་སྟབས། དོལ་ཚོགས་པའི་གཞི་མེད་སྙོན་འཛུགས་དེ་དང་གུ་ཁྲན་ཏང་གི་ནམ་རྒྱུན་གྱི་སྨྱོ་གཏམ་དེ་དག་ཡང་བཟློས་བྱེད་བཞིན་ཡོད། ཨ་ཁ་དོལ་ཚོགས་པ་ཁྱོད་ཚོ་ལ་ཡང་བུ་རབ་ཚ་བརྒྱུད་ལོས་ཡོད་ཁོང་ཚོ་ལ་ཡང་ཁྱོད་ཉེས་གྲིབ་གཡོག་ནས་བཞག་ན་སེམས་ཀྱིས་ཨེ་བཟོད།
ཡག་པོ་བྲིས་འདུག
སེར་ཤུལ་རིན་ཆེན་དོན་འགྲུབ་ལགས་ཀྱིས་རྩོམ་ཡིག་ཤིན་ཏུ་ལེགས་པོ་ཞིག་བྲིས་འདུག་གོ །
རྒྱབ་སྐྱོར་ཡོད།
སེར་ཤུལ་རིན་ཆེན་དོན་འགྲུབ་ཀྱིས་བྲིས་པ་དེ་ཡག་པོ་འདུག རྗེས་སུ་ཡི་རང་ཡོད། །
གལ་ཏེ་ཁྱོད་ལ་རྣམ་དཔྱོད་དང་ལྡན་པའི་མིག་ཅིག་ཡོད་ན་དོལ་ཚོགས་འདི་ཧ་ཅང་ཐལ་དྲག་ཡོད་པ་གསལ་པོ་རེད། དེར་འགྲེལ་བཤད་མང་བོ་རྒྱབ་ན་དུས་ཚོད་ཆུད་ཟོས་རེད། མི་སུ་འདྲ་ཞིག་ཡིན་ཀྱང་དྲང་བོ་སྒོ་ནས་ཕྱག་ལས་གནང་ན་རྒྱབ་སྐྱོར་བྱེད་རྒྱུ་དང་། གཡོ་རྒྱུས་ངང་ནས་ཕྱག་ལས་གནང་ན་ཤེས་ལྡན་སུ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱིན་མ་རེད། དོལ་ཚོགས་འདི་ཧ་ཅང་ཐལ་དྲག་ཡོད་པ་ཤིན་ཏུ་ནས་གསལ་པོ་རེད། དེ་མིན་བསྟེན་མཁན་ཚོས་སོ་སོས་འཇམ་ཐང་ངེར་བསྟེན་ན་དེར་དགག་པ་བྱེད་དགོས་དོན་མི་འདུག །
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རང་བཙན་འཐབ་རྩོད་པ་ཚོ་མ་གཞི་བྱས་ན་འབྲོང་དང་སྟག་གི་སྙིང་དེ་འདྲ་དགོས་ངེས་ཀྱང་ཁོ་ཚོར་ཙི་ཙིའི་སྙིང་ལས་མེད་ཙང་བྱང་ཐང་ལ་མ་རྒྱུགས་པར་སྲང་ལམ་ནང་རྒྱུགས་བསྡད་པ་རེད། ཡིད་མི་ཆེས་ན་མཚན་སྨོད་དང་འབྲེལ་བའི་སྐད་ཆའི་ཟུར་ཙམ་ཐོས་མ་ཐག་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་ཕར་ཟད་ཏོག་ཙམ་མིན་ན་ནང་ཁུལ་ཁ་འཐོར་དགུ་འཐོར་འགྲོ་གྲབས་བྱས་པ་རེད། ལར་ནས་འདི་ཚོར་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཞིག་ཁྱོན་ནས་ཡོད་པ་མ་རེད། འོན་ཀྱང་ཆབ་སྲིད་རང་བཞིན་གྱིས་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་དོལ་ཚོགས་ལྟ་བུའི་ཀྲུང་གོའི་རྐུབ་གཡོག་རྒྱུགས་ཀྱི་མི་འདུག་ལ་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་མདུན་གྲལ་དུ་ཐོན་མཁན་གྲས་རེད། བྱས་ཙང་གནས་དོན་འདིའི་ཐད་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་ལས་འགུལ་གྱི་ཆ་ཤས་ནང་ཚུད་ཡོད་པའི་སྒྲུབ་བྱེད་ཡང་དག་ཞིག་ཁྱོན་ནས་མཐོང་རྒྱུ་མི་འདུག།
སེར་ཤུལ་གྱི་རྩོམ་ཡིག་འདི་ཆུ་ངོགས་གཏམ་རྒྱུད་ནང་གི་སུང་ཅང་དང་གཅིག་པ་རེད་འདུག
འོས་བསྡུ་དེ་ཁྲིམས་ལུཊ་དང་ཡོངས་སུ་འགལ་ཡོད།
འདོན་སྤེལ། ༢༠༡༤/༠༥/༡༥
ཟླ་སྔོན་མའི་ཚེས་ ༢༡ ཉིན། བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས་མདོ་སྨད་སྤྱི་འཐུས་གཅིག་གི་དངོས་གཞིའི་འོས་མི་གསུམ་གྱི་མིང་ཐོ་གསལ་བསྒྲཊ་བསྐྱངས་ཡོད་པ་དང་། སྔོན་འགྲོའི་འོས་བསྡུའི་ནང་ཨང་གཉིས་པ་ཐོབ་མཁན་ཀླུ་མཁར་བྱམས་ལགས་ཀྱིས་དགོངས་པ་ཞུས་ཡོད་པ་བཅས་ལ་བརྟེན་ཏེ། འདི་གའི་གསར་འགོད་པས་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། ཁྱེད་རང་ཐེངས་འདིའི་མདོ་སྨད་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མིའི་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ག་འདྲ་རེད།
ལན། ཀིརྟི་སྒྲོལ་དཀར་ལྷ་མོ་རྩ་དགོངས་ཞུས་པར་བརྟེན། ཚབ་ལ་སྤྱི་འཐུས་ཤིག་ཁ་སྐོང་བྱ་དགོས་དུས་འོས་བསྡུ་སྒྲིག་གཞི་སྔོན་མའི་དགོངས་དོན་བཞིན་བརྒྱ་ཆ་ ༣༣ ལོན་པའི་སྒུག་ཐོ་མདོ་སྨད་ལ་མེད་སོང་བ་རེད། འོན་ཀྱང་། བརྒྱ་ཆ་ལོངས་མི་དགོས་པའི་ཁྲིམས་སྒྲིག་གསར་བ་བཟོས་ཚར་བར་བརྟེན། སྒྲིག་གཞི་གསར་བ་དེའི་ནང་བར་མའི་འོས་བསྡུའི་ཆ་རྐྱེན་མེད་པར་མང་རིམ་རྩེ་བཏོག་གིས་བསྐོ་བཞག་དགོས་པ་འཁོད་འདུག མང་རིམ་རྩེ་བཏོག་གིས་སྤྱི་འཐུས་ལ་བསྐོས་པ་ཡིན་ན། ད་ལྟའི་སྐབས་འདིར་མང་རིམ་རྩེ་བཏོག་གི་སྒུག་ཐོ་དང་པོ་དེ་ང་རེད། ཡིན་ནའང་། དབུས་འོས་བསྡུ་ལས་ཁུངས་ཀྱིས་ཁྲིམས་སྒྲིག་དེ་ཚུལ་བཞིན་ལག་བསྟར་མ་ཐུབ་པར་བར་མའི་འོས་བསྡུ་འདི་བྱས་པ་རེད། སོང་ཙང་། ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ང་རང་དབུས་འོས་བསྡུ་ལས་ཁང་ལ་དངོས་སུ་བཅར་ནས། “གལ་སྲིད་ངའི་ཤུགས་རྐྱེན་དབང་གིས་ལྷན་རྒྱས་ཀྱིས་ཁྲིམས་སྒྲིག་ལག་བསྟར་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཚེ། ད་ཡོད་ཀྱི་སྒུག་ཐོའི་ནང་ངས་རྩ་དགོངས་ཞུས་ཆོག་ལ། ངའི་རྗེས་ན་ཡོད་པའི་མི་དེ་ཡར་བསྐོ་རོགས་ཞེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད། དེར་འོས་བསྡུ་ལས་ཁུངས་ནས་ང་ལ་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང་། ཁྱེད་རང་བརྒྱ་ཆ་ ༣༣ ལོངས་པའི་སྒུག་ཐོའི་ནང་མེད་སྟབས། བར་མའི་འོས་བསྡུ་དང་འབྲེལ་བ་མི་འདུག་ཅེས་དང་། ཡང་འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་གཏན་འབེབས་གནང་བ་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་དངོས་སུ་མཚན་རྟགས་བཀོད་པ་དེ་ལག་བསྟར་བྱེད་དགོས་སྟབས། ད་ལམ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་ཁྲིམས་སྒྲིག་དགོངས་དོན་ལྟར་ལག་བསྟར་བྱེད་དགོས་པ་ཆགས་ཡོད་སྐོར་འཁོད་འདུག དེ་འདྲ་ཡིན་ན། སྒྲིག་གཞི་རྙིང་པ་དེ་ནུས་མེད་དུ་གྱུར་ཟིན་པ་དང་། སྒྲིག་གཞི་གསར་པ་དེ་ལག་བསྟར་བྱེད་དགོས་པ་དེ་གསལ་པོ་ཆགས་འདུག དེ་ན་འོས་བསྡུའི་སྒྲིག་གཞི་གསར་པ་དེའི་དོན་ཚན་ང་གཅིག་པའི་ནང་གསེས་གཉིས་པའི་ནང་། “སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་ཞེས་ཐག་བཅད་ཡོད་སྟབས། ད་ལྟའི་བར་མའི་འོས་བསྡུ་དེ་ཁྲིམས་སྒྲིག་གི་གཞི་འཛིན་ས་གང་ཡང་མེད་པ་མ་ཟད། གོང་གསལ་བཞིན་བར་མའི་འོས་བསྡུ་མ་དགོས་པར་ཞེས་ཁ་གསལ་གྱིས་འཁོད་ཡོད་སྟབས། ད་ལྟ་འགྲོ་བཞིན་པའི་འོས་བསྡུ་དེ་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཞིག་ཏུ་གྱུར་ཡོད། དེ་འདྲ་ཞིག་ཡིན་དུས་ངས་གོ་རིམ་ཤེས་བཞིན་དུ། རང་ཉིད་ལ་གོ་སྐབས་ཤིག་འདུག་བསམས་ནས་མིག་ལྡན་གཡང་མཆོངས་ཀྱི་དཔེ་ལྟར་འོས་ཁོངས་ནས་བསྡད་ན་འགྲིག་ཐབས་མེད་པས་དགོངས་པ་ཞུས་པ་ཡིན།
དྲི་བ། བར་མའི་འོས་བསྡུའི་སྔོན་དེར་ཁྱེད་ཀྱིས་ཡིག་ཐོག་ནས་དོགས་འདྲི་དྲུག་དང་། དགོས་འདུན་བཞི་འཁོད་པའི་གསལ་བསྒྲགས་ཤིག་སྤེལ་བ་ནུས་པ་གང་ཡང་མ་ཐོན་པ་རེད་དམ།
ལན། ལགས་རེད། གསལ་བསྒྲགས་དེའི་ནང་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་གསར་བའི་ལག་བསྟར་དུས་ཡུན་སོགས་ཀྱི་ཐད་དོགས་གཅོད་མཐིལ་ཕྱིན་ཞིག་བྱུང་རག་བར་དུ། བར་མའི་འོས་བསྡུ་ཕྱིར་འགྱངས་གཏོང་རྒྱུར་རེ་སྐུལ་ཡང་ཞུས་ཡོད་མོད། གྲོས་ཚོགས་མ་ཚོགས་གོང་ནས་བར་མའི་འོས་བསྡུ་མགོ་བཙུགས་གནང་སོང་། དེ་རྗེས་འོས་བསྡུ་ལས་ཁང་གིས་ང་ལ་ཡིག་ཐོག་ནས་ལན་ཞིག་བཏང་འདུག་པ་གོང་གི་དེ་དང་། ཁ་ཉིན་སྐབས་ ༡༥ བའི་ཚོགས་དུས་ ༧ ཐོག བར་མའི་འོས་བསྡུ་འདི་དང་འབྲེལ་ནས་སྐད་ཆ་རོབ་ཙམ་ཞིག་བསླེབས་པ་ཚང་མ་འབྲེལ་མེད་དོན་གཞན་རང་རེད། འོས་བསྡུ་ལས་ཁང་གིས་ང་ལ་བཏང་བ་དེའི་ནང་ག་རེ་བྲིས་འདུག་ཟེར་ན་༼ཁྱེད་རང་བརྒྱ་ཆ་ ༣༣ ལོངས་པའི་སྒུག་ཐོ་མ་རེད༽ ཟེར་བ་དེ་ཙམ་ཞིག་རེད། ངས་ང་བརྒྱ་ཆ་ལོངས་བའི་སྒུག་ཐོ་ཡིན་སྐོར་བཤད་མྱོང་མེད། ངས་ག་རེ་ཞུས་ཡོད་ཟེར་ན། ཁྱེད་ཚོའི་བརྒྱ་ཆ་མི་དགོས་པའི་སྒྲིག་གཞི་བཟོས་ཚར་བ་དང་། གོང་ནས་བཤད་པ་ལྟར། འོས་བསྡུའི་སྒྲིག་གཞི་གསར་པ་དེའི་ནང་བར་མའི་འོས་བསྡུ་མ་དགོས་པ་ཐག་བཅད་ཡོད་སྟབས། སྒྲིག་གཞི་དེ་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་དགོས་པ་བཤད་ཡོད། བར་མའི་འོས་བསྡུ་དགོས་མིན་ཐད་མང་ཚོགས་དཀྱིལ་མའི་ནང་གསལ་བོ་ཆགས་ཀྱི་མེད་པ་ཕར་ཞོག མཐའ་ན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱང་མགོ་འཐོམ་སྟེ། ཚོགས་གཙོ་གཞོན་བའི་སར་ནང་མོལ་ཞུ་བར་ཕྱིན་པའི་སྒྲུང་དེ་གསར་འགྱུར་ནང་བཀོད་ཡོད་པ་དེ་རེད། སྐབས་དེར་ཁོང་གིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། དེར་བརྟེན་སྤྱི་འཐུས་ལ་ཐོབ་མེད་ནའང་སྒུག་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་༼སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་ཚོགས་གཞོན་ལ་བཀའ་འདྲི་ཞུས་ཡིན་༽དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན། བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་ཅེས་ལན་འདེབས་གནང་འདུག་པ་དེ་རེད། ཁོ་ཚོས་གསལ་བོ་བཟོ་དགོས་པ་ནི་མང་རིམ་རྩེ་བཏོག་གམ། མང་རིམ་ཀྱི་གྲངས་ཐོ་ལྟར་བསྐོ་བཞག་བྱས་ན་འགྲིག་གི་མི་འདུག་ཟེར་བ་དེར་འགྲེལ་བཤད་རྒྱག་དགོས་པ་དང་། གང་ནས་ཇི་ལྟར་མ་འགྲིག་པའི་ཁྲིམས་སྒྲིག་གི་ཚད་འཛིན་ས་གསལ་བཤད་ཐུབ་དགོས་པ་དེ་རེད། དེ་ལ་དབུས་འོས་བསྡུ་ལས་ཁུངས་ནས་གསལ་བཤད་རྐང་གཅིག་མེད་ཁར། ཁ་ཉིན་གྲོས་ཚོགས་ནང་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་ཆེ་བས་གནད་དོན་དེར་ཐུག་དུས་ཁ་གྲགས་མ་དགོས་པར་གཙོ་འདོན་དང་། ཁ་ཤས་ཀྱིས་གནད་དོན་བཞག་སྟེ་གང་ཟག་ལ་དམིགས་ནས་ཉ་ཉོག་ལུང་པ་གང་བཤད་སོང་། དེར་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་དེ་རང་གི་ཐོག འོས་བསྡུ་ལས་ཁུངས་ཀྱིས་གསལ་བཤད་ཅིག་ཡིག་ཐོག་ནས་སྤེལ་པའི་ནང་། གོང་དུ་སྤྱི་འཐུས་ཁག་ཅིག་ནས་དབུས་འོས་བསྡུ་ལས་ཁང་གི་ལས་དོན་ཐོག་དགོངས་འཆར་གནང་བ་ཁ་ཤས་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞིར་ཐུགས་ཞིབ་གཟབ་ནན་མ་གནང་བའི་ཐོག་ནས་ཡོང་འདུག་པ་སླད་ནས་བཅའ་ཁྲིམས་ཀྱིས་གཙོས་འོས་བསྡུའི་སྒྲིག་གཞིར་ཐུགས་སྣང་དགོས་པའི་འབོད་སྐུལ་ཡིན་ཞེས། ལན་ཚ་ཐག་ཆོད་ཅིག་བརྒྱབས་འདུག དེ་མ་གཏོགས་བར་མའི་འོས་བསྡུ་དང་འབྲེལ་བའི་གནད་དོན་ངོ་མའི་ཐོག་བབ་དུས། འོས་བསྡུ་ལས་ཁུངས་དང་གྲོས་ཚོགས་གཉིས་ཀ་ཁ་མཐུན་གྱིས་གཅིག་གིས་གཅིག་གི་ངན་མཚང་འགེབས་རོགས་བྱས་ནས་ཁ་དྲང་མོར་གྲགས་མཁན་ཞིག་བྱུང་མ་སོང་།
དྲི་བ། དེ་ན་ཁྱེད་ལ་ད་ཐེངས་ཀྱི་བར་མའི་འོས་བསྡུ་འདི་དང་འབྲེལ་ནས་བཙན་བྱོལ་སྤྱི་ཚོཊ་ཀྱི་དམངས་གཙོའི་འཕེལ་རིམ་ཐོག ཁྱོན་ཡོངས་ཀྱི་ལྟ་ཚུལ་དང་རེ་འདུན་འདྲ་ཞུ་རྒྱུ་ཡོད་དམ།
ལན། བར་མའི་འོས་བསྡུ་འདི་ཁྲིམས་དང་བཟང་སྤྱོད་གང་ཐད་ནས་ཉན་བཟོ་ལྟ་བཟོ་མེད་པ་ཞིག་རེད། དེ་སྔོན་ཡང་འདི་འདྲ་བྱུང་ཡོད་ཚོད་འདུག མི་རེ་ཟུང་གི་བརྒྱུད་སྐུལ་འོག གྲྭ་སའི་ཁམས་ཚན་རེ་གཉིས་དང་། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་ཚོས། ངའི་སྐོར་ནས་དཀྲོགས་གཏམ་བཟོ་ཐུབ་ན། དེ་ཡང་རང་ཉིད་ལ་ཆབ་སྲིད་ཀྱི་མ་རྩ་ཞིག་འཛུགས་ཐུབ་པའི་འཕྲུལ་སྣང་སྐྱེས་པ་རེད། ངས་བསམས་ན་ཁ་ཐུག་འདིར་མི་ཞིག་གིས་སོ་སོའི་འོས་ཤོག་གཅིག་པུའི་སྟེང་དུ་ཀླུ་མཁར་བྱམས་ཟེར་བའི་མིང་འདི་འབྲི་སྐབས། ཧ་ལམ་རང་གི་གཉེན་ཚན་ཞིག་ལ་བསྔོ་ཡིག་འཇོག་པ་ནང་བཞིན་སེམས་ནང་ལྗིད་ཏིག་ཏིག་དང་། ལག་པ་འདར་ལྕིག་ལྕིག་ཡིན་ཤག་བྱས་ཡོད། རྒྱུ་མཚན་མི་ཁ་གཏམ་ངན་གྱི་གནོན་ཤུགས་འདི་ངེད་ཚང་གི་ཤ་ཉེ་རིང་ཚོའི་སྒོ་རྩ་བར་དུ་བསྐྱེལ་འདུག འོན་ཀྱང་། ཕྱིའི་ཁོར་ཡུག་དེ་ལྟར་སྤུག་སོབ་དོག་པོ་ཡོད་མིན་ལ་མ་ལྟོས་པར། ད་ཐེངས་ང་རང་ཁྱོན་ཡོངས་ནས་འོས་གྲངས་ཨང་གཉིས་པ་རེད། དེ་ནི་ངའི་ཐོག་མའི་ཚོད་དཔག་ལས་ཡོངས་སུ་བརྒལ་ཡོད་ལ། གནས་ཚུལ་འདིས་གསལ་བཤད་ཐུབ་པ་ཞིག་ལ། ད་ཆ་དུས་ཀྱི་འགྲོ་སྟངས་ཅུང་ཤེས་མཁན་ཚོས་ཆབ་སྲིད་བཤད་ས་ནས་དྲང་བདེན་ལ་དད་པ་ལས་བརྒལ་བའི་རིན་ཐང་ཡོད་པ་རྟོགས་པའམ། མ་མཐར་ཡང་ང་ཡག་དྲགས་ནས་ཡིན་རྒྱུ་མ་རེད་དེ། ང་ལ་ཁ་གཏད་གཅོད་མཁན་གྱི་མི་འདི་ཚོས་བཅའ་སྟངས་ལས་སྟངས་སྡུག་དྲགས་ནས་ཁོ་བོ་འོས་གྲངས་མཐོ་ཤོས་གྲས་སུ་བསླེབས་པ་ཡིན་ཡང་སྲིད། གང་ལྟར་འཕེལ་རིམ་འདིའི་ཐོག་ནས་ང་ལ་མདོ་སྨད་ཀྱི་མི་རབས་གསར་བའི་མདུན་ལྗོངས་ལ་རེ་བའམ་སྤོབས་པ་ཅུང་ཞིག་སྐྱེས་སུ་བཅུག་སོང་། ཡིན་ནའང་། ད་དུང་ང་ཚོར་ཞན་ཆ་མེད་པ་ག་ནས་ཡིན། དཔེར་ན། བར་མའི་འོས་བསྡུའི་ནང་ལངས་མཁན་གྱི་འོས་མི་ཚོར་མཚོན་ནའང་། རང་ཉིད་ཁྲིམས་འགལ་གྱི་གནས་སྟངས་ཤིག་གི་འོག་འགྲོ་བཞིན་པ་དེ་མ་ཤེས་པ་ཡིན་རྒྱུ་མ་རེད། གཙོ་བོ་སོ་སོའི་མགོ་ལ་མ་བབ་པ་དང་། རང་ཉིད་ལ་འཛུལ་སའི་ཁུངས་ཤིག་འདུག་སེམས་དུས་གང་དུའང་འཛུལ་རྐྱང་ཡིན་པ་འདི་རྫོབ་པོ་ཞེ་དྲག་རེད། བྱུང་ན་ད་ཐེངས་བར་མའི་འོས་བསྡུ་འདིའི་ནང་འོས་འཕེན་མཁན་དང་། འོས་གཞིར་ལངས་མཁན་ཚང་མ་ཕྱིར་འཐེན་བྱས་ནས། ཐོག་མར་འོས་བསྡུའི་གོ་རིམ་འདི་ཁྲིམས་མཐུན་ལུགས་མཐུན་ཤིག་ཡོང་རྒྱུར་མང་ཚོགས་ཀྱིས་ཤུགས་རྒྱག་ཐུབ་ན་དེ་གལ་ཆེན་པོ་རེད་བསམ་གྱི་འདུག གཞན་གང་ཡང་ཞུ་རྒྱུ་མེད།
གསར་འགོད་པ། ལྷ་སྐྱབས་རྒྱལ།
ཤོག་ངོས་འདི་ཐེངས་ ༡༦༨༧ ལ་བཀླགས་འདུག
ཤོག་ངོས་འདི་དཔར་པ། ཤོག་ངོས་འདི་སྐུར་པ།
རིག་པ་འདོན་པ།
གནས་ཚང་།
༢༠༡༤/༠༥/༡༥ ཉིན་འདོན་སྤེལ་བྱས། འོས་བསྡུ་འདི་ཁྲིམས་འགལ་ཡིན་ས་རེད། མདོ་སྨད་མི་མང་གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་བཞིན་པས། ཁྲིམས་འགལ་འོས་བསྡུ་ལ་ཡོ་བསྲང་གནང་ནས་ཆོལ་ཁ་གཞན་ཚོར་མིག་དཔེ་སྟོན་ངེས་རེད།
བོད་ཀྱི་བུ།
༢༠༡༤/༠༥/༡༥ ཉིན་འདོན་སྤེལ་བྱས། ཀླུ་མཁར་བྱམས་ཟེར་བ་འདི་གནད་འགག་ལ་ཐུག་དུས་ཁྲིམས་ལུགས་བརྩི་སྲུང་བྱས་སྟངས་འདི་ངོ་མ་ཡག་ལེ་རེད། དཔའ་བོ་རེད། དེ་ལས་ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་གྱི་འོས་བསྡུ་ལས་ཁང་དང་། ཚོགས་གཙོ། མདོ་སྨད་ཀྱི་མི་ངན་དེ་ཚོར་ཞེན་པ་ལོག་སོང་། ང་ནི་ད་རེས་འོས་བསྡུ་འདི་ལ་ཆ་ཤས་ལེན་གི་མེད།
དེའི་ཕྱོགས་ལའང་དོ་སྣང་དགོས་ཀྱི་འདུག ཀ་ཡེ་དྲ་གྲོགས་ཚོ།
བསམ་ཤེས་ལགས། སྤྱིེར་གནད་དོན་འདི་ཆོས་ལུགས་ཀྱི་ཁྱབ་ཁོངས་ཤིག་དང་། སྒོས་སུ་དགེ་ལུགས་པའི་ནང་ཁུལ་གནད་དོན་ཞིག ཁ་གསལ་བོེར་བཤད་ན་གཟིམས་ཁང་གོང་འོག་བར་གྱི་མི་གསོད་དོན་རྐྱེན་ཞིག་ལས་མཆེད་ཡོང་བ་གསལ་བོ་རེད། དེ་བས། གྲུབ་མཐའ་ཡོངས་དང་བོད་འབངས་སྤྱིའི་ནང་དུ་ཁ་བསྒྱུར་དགོས་དོན་མེད་པའི་ཁར། གཞུང་ལུགས་དང་ལྷ་འདྲེའི་ཁྱབ་ཁོངས་སུ་བསྒྱུར་མཁན་གྱི་ཕྱོགས་ཁག་སུ་ཡིན་ནའང་ཁོང་ཚོའི་དམིགས་ཡུལ་ལ་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས་པར་འདོད། དེ་བས། ཐབས་ལམ་ཡག་ཤོས་ནི་ཤུགས་ལྡན་འགོག་མཁན་དང་བསྟེན་མཁན་གྱི་ཕྱོགས་ཁག་གཉིས་ལ་བཅར་འདྲིའི་ལས་རིམ་ཞིག་བསྒྲིགས། ཕན་ཚུན་གཉིས་ཀྱི་བཤད་སྟངས་ལ་ཚང་མས་བགྲོ་གླེང་བྱས། དེ་ནས་གནད་དོན་ཐག་གཅོད་བྱེད་སྟངས་བཙལ་རྒྱུ་གལ་ཆེན་རེད།
ཤུགས་ལྡན་ཚོགས་ོས་རྒྱ་གཞུང་ལ་ལག་འབྲེལ་བྱས་མ་བྱས་དེ་ད་ལྟ་གནད་དོན་ཞིག་མ་རེད་འདོད། རྒྱུ་མཚན་ནི་རྡ་རམ་ས་ལའང་རྒྱ་དམར་རྩ་་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཞེས་ཡིག་ཐོག་ནས་བསྒྲགས་ཡོད་པས། ལག་འབྲེལ་བྱེད་མ་ཐུབ་པ་ལས་བྱེད་འདུན་མེད་པ་ཞིག་མ་རེད་འདོད།
དེ་མིན་རྒྱ་དམར་གཞུང་གིས་བོད་མིར་གཉའ་གནོན་དང་ཆོས་རིག་ལ་གཏོར་སྐྱོན་བཟོ་བ་ནི་རྒྱུན་ལྡན་ཡིན་པས། གཙོ་བོ་ཁ་གཡར་ས་ཙམ་བཙལ་བཞིན་པ་ལས་བོད་མི་ཚོར་རོགས་བསྐྱོར་བྱེད་འདུན་ཡོད་པ་ཞིག་མ་རེད། མ་འོངས་པར་རྒྱ་གཞུང་གིས་དེང་སྐབས་ཀྱི་རྡ་སའི་བཅའ་སྟངས་ལས་སྟངས་རྒྱུ་མཚན་དུ་བཟུང་ནས་བོད་ལ་བརྡབ་གསིག་མང་བོ་བཟོ་ངེས་རེད།
ལྷ་སྡེ་གནམ་ལོ་ཡག་ལགས། རྡ་སས་རྒྱ་ནག་དང་འབྲེལ་བ་བྱེད་པ་ནི་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་རང་སྐྱོང་ཞིག་གི་ཆ་རྐྱེན་འོག་ནས་གྲོལ་མོལ་བྱེད་ཀྱི་ཡོད་ལ། དེ་ཡང་བོད་མི་རིགས་ཀྱི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་སྟངས་ཤིག་ཡིན། འོན་ཀྱང་དོལ་རྒྱལ་བས་རྒྱ་ནག་ལ་འབྲེལ་བ་བྱེད་སྟངས་ནི་རྒྱ་ནག་གི་དངུལ་དང་། བོད་དང་བོད་ཀྱི་དབུ་ཁྲིད་ལ་མཚན་དམོད་དང་། སྐུར་འདེབས་ཀྱི་ཆེད་དུ་རྒྱ་ནག་གི་རྒྱུགས་ཁྱི་བྱེད་བཞིན་པས་འདི་གཉིས་ག་ལ་མཚུངས། འདི་ནི་རྣམ་དཔྱོད་ཅན་གྱི་བཤད་སྟངས་ཤིག་མ་ཡིན་པར་བླུན་པོ་ཚིག་ལ་འཁྲུལ་བའི་ལབ་བརྡོལ་ལྟ་བུ་ཞིག་འདུག་གོ།
དགེ་བཤེས་སེར་ཤུལ་རིན་དོན་ལགས། ཁྱེད་རང་མི་དངོས་ངོས་འཛིན་རྒྱུ་ཡོད་པས་དགའ་བསུ་ཡོད། དེ་མཚུངས་སུ་རྡ་རམ་ས་ལས་དེང་སྐབས་ཐ་ན་དམངས་གཙོའི་དགོས་འདུན་ཡང་དོར་ཟིན་པར་འགྲེལ་བཤད་ག་རེ་ཡོད་དམ། དེ་ནི་བོད་དོན་རེད་དམ་སྒེར་དོན་རེད།
ཆབ་སྲིད་འཐབ་རྩོད་ཀྱི་གཡུལ་ས་ན་མི་ཡིན་མིན་གྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། མི་ཡིན་པ་ཕྱུགས་ཀྱིས་ཀྱང་ཤེས་པ་རེད། གཙོ་བོ་སྤྱི་དོན་ཐད་ཀྱི་ལངས་ཕྱོགས་འགྲིག་མིན་གྱི་ཐད་ནས་དགྲ་གྲོགས་བར་གསུམ་དུ་གྱེས་པ་དང་། དེའི་ཕྱིར་འོ་སྐོལ་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ལ་གནོད་ན་དགྲ་ཡིན་པ་དང་དེ་སུན་འབྱིན་དགོས་པ་མ་ཟད་ལུས་སེམས་གཉིས་ཀྱི་སྟེང་ནས་རྩ་མེད་དུ་བཟོ་དགོས་པ་རེད། ང་ཚོར་དེ་འདྲའི་ཆོལ་སེམས་ཤིག་མེད་ན་དགྲ་བོས་ང་རྩ་མེད་དུ་བཟོ་སྲིད་ཀྱི་རེད། ༧སྐྱབས་མགོན་རིན་པོ་ཆེས་དོལ་ཚོགས་བགེགས་དུས་འཁེ་ཉེན་འཇིགས་པོ་ཞིག་ལ་ཞལ་གཏད་ནས་ཐག་བཅད་པ་དེས་ང་ཚོ་སྡར་མར་གྱུར་ནས་སྙིང་རྗེ་དང་དམངས་གཙོའི་ཉི་ཚེ་བའི་གོ་དོན་ལ་གཞིགས་ནས་དོལ་ཚོགས་རྒྱ་ཡན་དུ་བཏང་ན་༧རྒྱལ་བའི་ཐུགས་དགོངས་དང་འགལ་བ་མ་ཟད་བོད་སྤྱི་དོན་འཐུས་ཤོར་དང་ཕམ་ཁ་དེ་ལས་ལྷག་པ་རེག་པ་ལས་མ་འདས་སོ། དེའི་ཕྱིར་ཇི་སྲིད་དོལ་ཚོགས་ཀྱིས་ལོག་པའི་ལྟ་སྤྱོད་མ་བཏང་བར་དུ་ང་ཚོས་དེ་ཚོ་རྩ་མེད་དུ་བཟོ་བའི་ལས་སྐད་ཅིག་ཉིད་ལའང་འདོར་མི་རུང་། འདི་ནི་ཆབ་སྲིད་ཀྱི་འཐབ་རྩོད་ཤ་སྟག་ཡིན་པས་ལངས་ཕྱོགས་བརྟན་དགོས།
གནམ་ལོས་བཤད་པ་ལྟར་དམངས་གཙོའི་དགོས་འདུན་དོར་བ་དེས། བོད་དོན་དེ་བཞིན་རབ་རིབ་ནས་རབ་རིབ་ཕྱོགས་སུ་ཕྱིར་འབུད་བྱས་པས་མི་རྣམས་ཧ་ཅང་རྨོངས་གཞིར་གྱུར་ཡོད། དེར་ཆབ་སྲིད་དཔྱད་ཞིབ་རིག་པའི་ངོས་ཐད་ནས་བཤད་ཚེ། ཡུལ་གྱར་བོད་མི་རྣམས་བསྐྱར་དུ་དུས་རབས་ཕྱེད་ཀར་རྒྱབ་བགྲོད་བྱས་པ་རེད་ལ། གནད་དོན་དེས་རྒྱ་ནག་ལ་སྔར་བས་གདེངས་ཚོད་ཆེ་རུ་ཕྱིན་ཡོད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ་ཆབ་སྲིད་ལ་བྱམས་བརྩེ་དང་ཡ་རབས་ཟེར་བའི་ཚིག་དེ་ཚོ་བེད་སྤྱོད་ཡོད་མི་སྲིད་སྟབས། གྲལ་རིམ་འཐབ་རྩོད་ལ་སྙིང་རྗེ་མེད་ཟེར་བ་གྲགས་གཏམ་དུ་གྱུར་བ་རེད།
འཁེ་ཉེན་འཁུས་ཉེན་ལ་བཅོས་རོགས།
དོལ་རྒྱལ་དགག་པ་འདི་ནི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ནས་བཟུང་སྟེ་ལས་འགན་ཡོད་པ་ཞིག་ཡིན་སྟབས་མཛད་པ་རླབས་ཆེན་ཞིག་ཡིན་པར་ཐེ་ཚོམ་མེད། མདོ་རྒྱུད་ན་མི་གསལ་ཞིང་། བླ་མ་གོང་མས་དམ་བཞག་མཛད་པའི་ལོ་རྒྱུས་ཚད་ལྡན་མེད་པའི་ལྷ་འདྲེ་འདི་རིགས་ལ་བློ་གཏད་སྐྱབས་བཅོལ་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་རེད། དེ་རིགས་འགོག་ཐབས་མཛད་པ་ནི་དོལ་རྒྱལ་རྟེན་མཁན་དང་མི་རྟེན་མཁན་སུ་ཡིན་ཡང་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཚང་མར་མཚོན་ན་རྒྱལ་བསྟན་དག་ཐེར་གྱི་བྱ་བ་དགའ་འོས་པ་ཞིག་ཀྱང་རེད།
ལྷག་པར་ཡང་། དོལ་རྒྱལ་མི་བརྟེན་པ་དེ་ནི་རྒྱལ་བ་རིན་པོ་ཆེའི་ཆོས་དད་རང་དབང་གི་ཐོབ་ཐང་ཡིན་པས་དེ་ལ་འཇིགས་སྐུལ་གནོན་ཤུགས་སུས་སྤྲད་ན་ང་ཚོ་ངེས་པར་དུ་ཡང་རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་ལངས་ནས་བདེན་པའི་གཏམ་གྱིས་རྒོལ་ལན་སློག་དགོས་ངེས་རེད།
ཡིན་ན་ཡང་། གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་ངེས་པར་དུ་ཡང་ཕྱོགས་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་བཟུང་དགོས་པ་མ་གཏོགས་རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་འགྲེངས་ནས་དོལ་ཚོགས་ལ་གནོན་ཤུགས་སྤྲོད་ཐབས་བྱས་ན་ཚོགས་པ་དེ་ཕྱོགས་རེ་བར་གྱུར་འགྲོ་བས་ཚོགས་པའི་ཆེ་མཐོང་ཉམས་འགྲོ་བ་རེད།
ལྷག་པར་ཡང་། དོལ་རྒྱལ་གྱི་གནད་དོན་ངོ་མའི་རྒྱབ་ན་མི་སུ་དང་སུ་ཡོད། ཁོ་རང་ཚོའི་ལངས་ཕྱོགས་ངོ་མ་ཅི་ཡིན། ཆོས་ཕྱོགས་ཀྱི་འགྲེལ་བཤད་ཅི་ཡོད། སྲིད་དོན་གྱི་ལྟ་གྲུབ་གང་ཡོད་དེ་ཚོ་བོད་མི་མང་གིས་ངེས་པར་དུ་ཡང་ཤེས་དགོས། དེ་ཤེས་པར་བྱེད་པའི་ནུས་པ་དེ་བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡོད། གསར་འགྱུར་བརྒྱུད་ལམ་ཁག་གིས་དོལ་ཚོགས་ཀྱི་མི་སྣ་གནད་ཡོད་ཚོར་བཅར་འདྲི་ཞུ་དགོས། ལྷག་པར་ཡང་རྒྱལ་བ་རིན་པོ་ཆེ་སྐྱག་རྫུན་མ་ཤོད་ཟེར་བའི་འབོད་ཚིག་ངོ་མ་སུས་བཟོས་སོགས་གསལ་པོ་འདྲི་དགོས། འདི་ནི་གསར་འགོད་བརྒྱུད་ལམ་ཁག་གི་འགན་ཡིན།
དོལ་ཚོགས་འདི་མཚམས་མཚམས་ལ་བལྟས་ན་རྒྱ་དམར་ཡིན་པའི་ཟོལ་ལྟ་བུ། མཚམས་མཚམས་ལ་བལྟས་ན་ནུབ་ཕྱོགས་པ་ཡིན་པའི་ཟོལ་ལྟ་བུ། མཚམས་མཚམས་ལ་བལྟས་ན་བོད་མི་ཡིན་པའི་ཟོལ་ལྟ་བུ། འདི་གསལ་པོར་ཤེས་དགོས་ཀྱི་འདུག གལ་སྲིད་དོལ་ཚོགས་ཀྱི་རྩ་འཛུགས་ཀྱི་རྐང་འཛིན་མཁན་བོད་ནི་ཡིན་ན་ལྷག་པར་ཡང་སྤྱི་ཚོགས་ཤིག་གི་བདེ་རྩའི་འགན་ཁུར་ཁོ་ཚོར་ཡང་ཡོད་པ་ཡིན་པས་ཕན་ཚུན་གྱི་བསམ་ཚུལ་དང་ལངས་ཕྱོགས་ཤེས་དགོས་ཀྱིན་འདུག གལ་སྲིད་ལངས་ཕྱོགས་དང་ལྟ་གྲུབ་དེ་ཡག་པོ་ཞིག་ཤེས་པ་ཡིན་ན། མི་མཐུན་པ་སོར་བཞག་དང་། མཐུན་པ་གུང་བསྒྲིགས་ནས་སྤྱི་ཚོགས་གཅིག་གི་གཟུགས་གཞི་དེ་མ་འཐོར་བ་ཡོང་ཐུབ། ལྟ་གྲུབ་མི་མཐུན་པ་ཡོད་ཆོག་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་པའི་འགན་དེ་ང་ཚོ་ཚང་མར་ཡོད།
དོལ་ཚོགས་སྐོར་ལ། མཁས་དབང་སྤོབས་པ་མཐའ་ཡས་ལགས་ཀྱིས།
་་་་་་་་་་་་་་ གལ་སྲིད་ལངས་ཕྱོགས་དང་ལྟ་གྲུབ་དེ་ཡག་པོ་ཞིག་ཤེས་པ་ཡིན་ན། མི་མཐུན་པ་སོར་བཞག་དང་། མཐུན་པ་གུང་བསྒྲིགས་ནས་སྤྱི་ཚོགས་གཅིག་གི་གཟུགས་གཞི་དེ་མ་འཐོར་བ་ཡོང་ཐུབ། ལྟ་གྲུབ་མི་མཐུན་པ་ཡོད་ཆོག་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་པའི་འགན་དེ་ང་ཚོ་ཚང་མར་ཡོད། ་་་་
སྤོབས་མཐའི་མཆན་ཨང་༤༠ དེར་མོས་མཐུན་ཡོད།
མཆན་ཨང་། ༣༦ ལན། མང་གཙོའི་སྐོར་དེ་ནི་གསར་དུ་རྒྱ་ནག་མི་དགོས་ཞེས་བཤད་པ་ཞིག་མ་ཡིན་པར། བོད་གཞིས་བྱེས་གཉིས་དང་མང་ཚོགས་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་ལྷན་འཛོམས་སྐབས་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་གོམ་པ་སྤོས་པའི་ཉིན་མོ་ནས་ཐག་ཆོད་ཚར་བ་ཞིག་ཡིན་པ་ལོ་རྒྱུས་ལས་གསལ་ཡོད་པས་ལོ་རྒྱུས་ལ་རྒྱུས་ཡོད་ཀྱིས་གཏམ་བཤད་ན་ཡག་སྙམ། ལོ་རྒྱུས་དང་རྒྱུ་མཚན་དེད་ནས་དྲང་པོས་བལྟས་ན་༸གོང་ས་མཆོག་གིས་ད་བར་དུ་བོད་དང་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བ་ལས་སྒེར་དོན་དུ་རྒྱུགས་བཞིན་པ་ཞིག་རྩ་ནས་མ་མཐོང་ལགས།
འདི་ན་མང་བོ་ཞིག་གིས་རྒྱང་བཤད་བྱས་ནས་སྡད་འདུག དོལ་ཚོགས་ནི་རྣམ་པ་བསྒྱུར་བའི་གུང་ཁྲན་གྱི་དམར་དམག་ཤ་སྟག་རེད། ངོ་བོ་གསལ་བའི་ཆོས་ལུགས་ཐལ་སྤྱོད་པ་དང་འདྲེ་ངན་ལྷར་རྟོག་པའི་རྨོངས་རྒན་འབའ་ཞིག་རེད། གསར་འགོད་པས་བཅར་འདྲིའི་བརྒྱུད་ལམ་སོགས་ལ་བརྟེན་ནས་ཐག་གཅོད་པར་འདོད་ན་ནི། རྒྱ་ནག་དང་བོད་ཀྱི་གནས་སྟངས་ཐད་ཀྱི་གྲོས་མོལ་རང་ཆགས་ངེས་རེད།
ཨ་ཁུ་སྤོབས་པས་བཤད་པ་བདེན་པ་རེད། ངས་ཀྱང་སྔོན་མ་འདི་ལྟར་བཤད་མྱོང་ཟམ་གདོང་བཀའ་ཤག་གིས་གཞུང་གྲོན་བཏང་ནས་ལྷ་འདྲེ་གདོན་བགེགས་བཏུལ་བ་དང་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་སྲིད་ཇུས་དེས་རྙོག་འཛིང་སྣ་མང་རང་བཞིན་ཅན་དུ་གྱུར་པ་རེད། དོན་དངོས་བྱས་ན་༧རྒྱལ་བ་རིན་པོ་ཆེས་ལམ་སྟོན་བཀའ་སློབ་ཕེབས་པར་གང་ཟག་སོ་སོས་ལམ་ནོར་ལྡོག་ཤེས་བྱེད་རྒྱུ་ལས་གཞུང་འབྲེལ་གྱི་སྲིད་ཇུས་བཟུངས་བ་དེ་རྦད་དེ་ནོར་བ་རེད། འདི་ཟམ་གདོང་བླར་རྒན་གྱིས་པེ་ཅིང་གི་གཟུགས་ཅན་གྱི་ལྷ་འདྲེ་འདུལ་བའི་སྲིད་ཇུས་ཡང་དག་ཞིག་མེད་ཁར་ནང་ཁུལ་གྱི་གཟུགས་མེད་སྒྲིབ་བཟོའི་ལྷ་འདྲེ་ཞིག་འདུལ་རྒྱུ་ཡོད་མདོག་གིས་དཔའ་རྟགས་བཏོན་ཁུལ་གྱིས་བྱས་རྗེས་འཇོག་འདོད་སྐྱེས་པ་རེད།
སེར་ཤུལ་རིན་ཆེན་དོན་གྲུབ། ནི་དྲྭ་གྲོགས་གཞན་པ་དང་མི་འདྲ་བར་མི་རང་ཉིད་ཕྱི་ལ་ཐོན་ནས་སྐུ་ངོས་ནས་ཕྱི་གསལ་ནང་གསལ་གྱི་རྩོམ་ཡིག་ཡག་པོ་བྲིས་འདུག མིང་རྫུན་པ་དང་སྐད་ཆ་རྫུན་པ་བཤད་མཁན་ཚོས་ཁོངས་ཆོད་ཡ་ཡོད་མ་རེད།
དཔེར་ན་Tenlay Norbu་ལགས་ ལྟ་བུའི་མི།
སོགས་མི་འདི་ཚོས་ལྐོག་ལྐོག་སིལ་སིལ་གྱིས་འདྲ་མིན་བཤད་ཀྱི་ཡོད་རེད། ཁོ་ཚོས་ལྐོག་ནས་དཀྲུགས་ཤིང་བརྒྱག་ཡ་མ་གཏོགས་ཤེས་ཀྱི་ཡོད་མ་རེད། སོ་སོ་བཤད་འདོད་པ་དེ་མིང་དང་ས་གནས་སོགས་གསལ་བོ་ཡོད་པའི་སྟངས་ནས་སྐད་ཆ་བཤད་པ་དང་རྩོམ་ཡིག་འབྲི་ཐུབ་ན་ཕོ་ཁྱོ་ག་རེད། དེ་མིན་རྒྱབ་ནས་མི་གཞན་ལ་སོ་བརྒྱབ་པ་ཡིན་ན་རྒྱ་ཁྱི་དང་དོལ་ཕྲུག་ཚོའི་ལས་ཀ་རང་རེད་བསམ་ཡོད་ལགས
བླ་རང་གོང་འོག་གི་རྩོད་གཞི་བོད་དོན་དུ་སྙེད་པ་ནས་རིག་པ་ཡང་དག་མེད་པའི་གནས་ལུགས་ཀྱིས་མཐར་འདིར་བསྐྱལ་བ་རེད། གཟུགས་མེད་དོལ་རྒྱལ་ཙམ་མ་ཡིན་པ་གཟུགས་ཅན་ཨ་ཐར་དང་ཀརྨ་པ། གུང་ཐང་ཚུལ་ཁྲིམས། པན་ཆེན། ཨ་ལོ་ཆོས་མཛད། འབའ་བ་རྒན་ཡེ་ཤེས། བྲ་སྒོམ། བསྡུད་འཇོམ། མདོ་སྨད་པ་ཡོན་ཏན་རྒྱ་མཚོ། ཟླ་བ་ནོར་བུ། ད་ལྟ་གསོན་བཞིན་པའི་ཀླུ་ཁར་བྱམས། འཇམ་ནོར། ཀརྨ་ཆོས་འཕེལ། ལྷག་བསམ་ཚེ་རིང་། ཆུ་སྒང་གི་མི་རྒན་ཁག ད་དུང་གློ་དམག་གི་རྙོགས་གླེང་། ཚོགས་ཁག་བཅུ་གསུམ། ཆུ་བཞི་སྒང་དྲུག སྦེལ་ཀབ་ཀེམ་བཞི་པ། ཀ་ལ་མོན་གྲུ། རེ་རེ་ནས་བསམ་ན་སེམས་སུ་ཉར་མི་ཐུབ་པའི་ལོ་རྒྱུས་ཁོ་ན་རེད།
བོད་དོན་ནི་དཔྱིད་ཀའི་གནམ་ཤིས་བཞིན་འགྱུར་སླ་ལ་སྒྲུབ་བྱ་མེད་པའི་ལྟ་སྣང་ནི་འཇའ་མཚོན་བཞིན་བཟུང་རྒྱུ་མེད་པར་ཡལ་ཟིན་ཀྱང་། དཔོན་མིང་ཡ་མ་ཟུང་གི་སྐབ་དོན་གྱི་ཁྱིམས་གཞིས་སྐྱངས་སླད་ཚོང་རྫས་སུ་གྱུར་ཟིན། ད་དུང་རིག་གནས་དང་སྐད་རིག མཐོང་ཐོས་ཆེ་བའི་སྐྱེ་བོ་དག དེང་དུས་ཀྱི་གློག་བརྙན་ཁྲབ་སྟོན་བཞིན་མིང་གནས་དང་། རྒྱལ་སྤྱི་འགྲོ་འོང་ཆེད་རང་ལྟ་དོར་ཟིན་པས་རང་ཉིད་ཀྱིས་རང་ཉིད་ངོས་མི་ཟིན་པ་གྱུར་ཟིན་འདུག ཐ་ན་བཙན་བྱོལ་ནས་ཀྱང་རང་བཙན་ཞེས་པའི་འབོད་སྒྲ་སྒྲགས་ན་སུ་ཞིག་ལ་གནོད་མིནཐེ་ཚོམརེད། མགོ་བོ་སྔས་སུ་བཞག་ནས་གནོ་བསམ་ལེགས་པར་ཞིག་གཏང་དང་ཅི་ཞིག་གི་ཆེད་དུ་བཙན་བྱོལ་དུ་ཡོང་མིན་དང་། རང་ཉིད་གང་ཞིག་གི་མི་རིགས་ཤིག་ཡིན་མིན་དང་། ཁྱོད་ལ་དྲང་བདེན་དང་ལེགས་ཉེས་འགྱེད་པའི་རྣམ་དཔྱོད་འདུག་གམ། འདུག་ན་ལག་ལྟར་བྱེད་པའི་སྤོབས་པ་དང་བློ་ཁོག་འདུག་གམ། ཕལ་ཆེར་ཡོད་མཁན་ཤིན་ཏུ་དཀོན་པར་སྣང་། འདི་མུར་མི་རིགས་ཀྱི་ལས་དོན་ལ་འབད་ཚུལ་ནི་ངུ་བྲོ་བ་དང་སྤྱུག་བྲོ་བ་ཞིག་མ་རེད་དམ། ཐ་ན་བཙན་བྱོལ་ནང་གི་གཞིས་ཆགས་སྐྱོ་བོ་ཁག་དང་གསར་འབྱོར་སྐྱོ་བོ་ཁག་རེ་རེ་ལ་འཚོ་གནས་བབས་ལྷག་བསམ་གྱི་འབད་མཁན་འདུག་གམ། བལ་ཡུལ་གློ་སྒྲིགས་ནས་ཁ་ཐོར་བའི་གཞིས་ཆགས་ཁག་མཐོང་སོང་ངམ། ད་དུང་རྒྱ་གར་ནང་གི་གཞིས་ཆགས་ཉམ་ཆུང་དེ་ཚོ་མཐོང་ངམ། གལ་སྲིད་མཐོང་ན་ཁྱེད་ཀྱི་་སེམས་ལ་ཚོར་སྣང་གར་འདྲ་བྱུང་ངམ། འོ་ན་སྡ་སའི་སྐུ་དྲག་ཁག་གི་ཁྱིམ་གཞིས་རེ་རེ་ནས་་ལྟ་ཞིབས་བྱེད་མྱོང་ངམ་བྱེད་པའི་སྤོབས་དང་བློ་ཁོག་སེམས་ཤུགས་སུ་ལ་ཡང་ཡོད་དམ། མི་ངོ་གདོང་ཐུག་བྱེད་ནས་གནས་ལུགས་བཤད་ས་་ཞིག་ཡོད་དམ། ཡོད་ན་ཐེ་ཚོམ་མེད་པར་གང་ཁག་རྙོགས་གཞི་ཁག་གི་མི་སྣ་མང་པོ་ད་ལྟ་མ་ཤི་པ་བསྡད་འདུག་པས་བྱེད་རིན་རེད། གཞན་ངོ་དེབ་ལ་བྲིས་ཐུབ་ཙམ་གྱིས་་གལ་འགྲིག
ཁ་ཐུག་ཟེར་མཁན་ཁྱོད་ཉོན་ཨང་བོད་མི་ཚོས་སངས་རྒྱས་ལ་རེ་བ་གཅོལ་བ་དངོས་ཡོད་རེད་ལ་ང་ཚོའི་འདོད་པ་དང་རང་དབང་རེད་འོན་ཀྱང་དོལ་རྒྱལ་ལྷ་མ་རེད་ལ་སྲུང་མ་ཡང་མ་རེད་ བསྟན་དང་འགྲོ་ལ་གནོད་འཚེ་བྱེད་མཁན་ཞིག་རེད་ འདི་ལ་སྐྱབས་སུ་བསྟེན་ན་ཁྱོད་རང་གི་འདོད་པ་རེད་ལ་རང་དབང་རེད་ ཁྱོད་ཀྱི་ཁོག་པའི་ནང་གི་ན་ཟུག་དེ་ང་ཚོས་མཐོང་གི་འདུག་
ཁ་ཐུག་ཟེར་བ་ཁྱོད་ཀྱི་མཆན་མང་པོ་མཐོང་སོང་སྐད་ཆ་གང་ཡོད་ཀྱང་ཁ་ཐུག་བཤད་ན་འགྲིག་གི་རེད་ལ་སངས་རྒྱས་སྐྱབས་སུ་བསྟེན་དང་དྲེག་པ་སྐྱབས་སུ་བསྟེན་རང་དབང་རེད་
སྐུ་ཞབས་བསམ་ཤེས་ལགས། ཁྱོད་ལ་ལན་ཐུང་ཞིག་འབྲི་ཡིན། ཁྱོད་ཀྱིས་འདི་ལྟར་གསུངས་འདུག
ཤུགས་ལྡན་བསྟེན་མཁན་གྱི་འགོ་པ་ཚོ་དང་ཤུགས་ལྡན་གྱི་རྗེས་བྲངས་ཚོས། དགེ་ལུགས་པའི་ནང་པའི་བླ་མ་རྗེ་ཕ་བོང་ཁ་པའི་རྒྱུད་པའི་ལྟ་བ་དེ་ལྟ་བ་ཡང་དག་དང་སངས་རྒྱས་ཀྱི་བཀའ་དང་མཐུན་ཡོད་པ། དེ་བཞིན་བོད་ཀྱི་གྲུབ་མཐའ་གཞན་ཏེ། གཙོ་བོ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱའི་ཁོངས་གཏོགས་ཀྱི་གཞན་སྟོང་དང་། དེ་བཞིན་དགེ་ལུགས་ནང་ཁུལ་གྱི་རིས་མེད་བླ་མ་ཚོའི་ལྟ་བ་དེ་ལོག་ལྟ་ཡིན་ཞེས་ཁྱབ་སྤེལ་བྱས་ནས། ཤུགས་ལྡན་དགག་དགོས་པ་དེ་བྱུང་བ་རེད། རྒྱལ་བ་ལྔ་པ་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ཕྱོགས་གཏོགས་མི་འགྲིགས་པའི་རྒྱུ་གཙོ་བོ་རྒྱལ་བ་ལྔ་པ་དགེ་ལུགས་པའི་བླ་མ་ཞིག་གིས་རྙིང་མའི་ཆོས་ཉམས་ལེན་བྱས་པར་གྲགས་པ་རྒྱལ་མཚན་གྱི་ཕྱོགས་གཏོགས་ཚོས་རྙོག་ཁྲ་ཤོད་འགོ་བཙུགས་ཡོད།ཅེས་གསུངས་འདུག
ལན། ཡོངས་འཛིན་ཁྲི་བྱང་དངསྐྱབས་རྗེ་ཕ་བོང་ཁ་སོགས་ཀྱི་རྗེས་འབྲངས་སློམ་མ་ཚོས་རང་གི་བླ་མའི་གསུངས་དེར་ཚད་མ་དང་སླུ་བ་མེད་པ། ཡང་དག་པ་ཞིག་ངོས་འཛིན་གནང་གི་ཡོད་པ་ལ་ཁས་ལེན་ཡོད། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སུ་ཡིན་ནའང་རང་སོ་སོའི་རྩ་བ་བླ་མའི་ལྟ་བ་དེ་ཉིད་ཡང་དག་དང་སླུ་བ་མེད་པ་ཞིག་ལ་བརྩི་གི་ཡོད་པ་ནི་སྤྱིའི་འགྲོ་སྟངས་འདྲ་ཞིག་རེད་འདོད། དོལ་ཚོགས་གཅིག་པོས་རང་གིོ་རྩ་བའི་བླ་མའི་བཀའ་ཚད་མ་དང་ཡང་དག་པ་བརྩིས་པ་ཙམ་མ་རེད། ཚང་མ་གཅིག་མཚུངས་རེད།
༡་་་ཁྱོད་ཀྱིས་་་༼གཙོ་བོ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱའི་ཁོངས་གཏོགས་ཀྱི་གཞན་སྟོང་དང་། དེ་བཞིན་དགེ་ལུགས་ནང་ཁུལ་གྱི་རིས་མེད་བླ་མ་ཚོའི་ལྟ་བ་དེ་ལོག་ལྟ་ཡིན་ཞེས་ཁྱབ་སྤེལ་བྱས་ནས། ཤུགས་ལྡན་དགག་དགོས་པ་དེ་བྱུང་བ་རེད།༽ཅེས་པའི་སྐད་ཆ་འདི་ལ་ངོས་ལེན་མེད།
དོལ་རྒྱལ་བཀག་དགོས་པའི་གནད་དོན་གཞན་སྟོང་གྱི་ལྟ་བ་འདོད་མིན་གྱིས་སྐད་ཆ་ཡིན་པར་མི་བདེན། དེ་འདྲ་ཡིན་ན་ཐེག་ཆེན་པ་ཡིན་ཟེར་མཁན་ཚོས་ཐེག་དམན་པ་ཚང་མ་བསད་ཚར་ཡོད་དགོས་ཀྱི་རེད་འདོད། ལྟ་བ་དང་སྤྱོད་པ་གཉིས་ཀ་མི་མཐུན་པའི་ཕྱིར།
༢་་་རྙིང་མ་པ་དང་བཀའ་རྒྱུད་པ། ཇོ་ནང་པ་སོགས་ལ་དགྲ་བྱས་ཡོད་པའི་རྒྱུ་མཚན་གྱིས་དོལ་རྒྱལ་བཀག་དགོས་ཐུག་པ་རེད་ཟེར་ན་དེ་ཡང་ཁྱབ་མེད་པའི་སྐད་ཆ་ཞིག་རེད། ཆོས་དེ་དག་གི་ལོ་རྒྱུས་ཀྱི་དགྲ་བོ་ངོ་མ་ཕ་བོང་ཁ་དང་ཁྲི་བྱང་སོགས་ཡིན་པར་བདེན་པ་ཡིན་གྱི་རེད། ཆོས་རྒྱུད་དེ་དག་ལ་བཙན་གནོན་དང་དམར་གསོད། དགོན་སྡེ་མང་པོ་དགེ་ལུགས་ལ་བསྒྱུར་མཁན་དངོས་ཡོད་ཀྱི་མྱི་ཡིན་པ་ལས་དངོས་མེད་ཀྱི་དོལ་འདྲེ་ཡིན་མདོག་མེད། ཆོས་ལུགས་ཆོས་རྒྱུད་ཀྱི་མཐུན་ལམ་ཡོང་ཆེད་དུ་སྔོན་བྱས་ཀྱི་ནག་ཉེས་བརྩིས་བརྒྱབས་ཀྱི་ཡོད་ན་དགའ་ལྡན་ཕོ་བྲང་ནི་ཆོས་རྒྱུད་འདི་དག་གི་དགྲ་བོ་ཡོད་ན་མེད་ན་དེ་ཡིན།
དགའ་ལྡན་ཕོ་བྲང་གིས་ཀརྨ་བསྟན་སྐྱོང་དབང་པོའི་རྩ་ནས་སྲིད་དབང་ཕྲོགས་དུས་བཀའ་རྒྱུད་པའི་གྲྭ་པ་དང་ཇོ་ནང་པ་ག་ཚོད་བསད་ཡོད། དགོན་སྡེ་ག་ཚོད་དགེ་ལུགས་པ་ལ་བསྒྱུར་ཡོད། དགའ་ལྡན་ཕོ་བྲང་གིས་སྲིད་དབང་འཛིན་པའི་དུས་ཡུན་ནང་དུ་རྙིང་མ་པའི་དགོན་སྡེ་ག་ཚོད་དགེ་ལུགས་པ་བསྒྱུར་ཡོད། འདི་དག་ཐམས་ཅད་དངོས་ཡོད་དགའ་ལྡན་ཕོ་བྲང་ཚང་གིས་བཟོས་པ་མ་གཏོགས་དངོས་མེད་དོལ་འདྲེ་ཡིས་བཟོས་པ་མ་རེད་འདོད། རྙིང་མ་པ་དང་བཀའ་རྒྱུད་ཇོ་ནང་སོགས་ཀྱིས་ཀྱང་ཁས་ལེན་གྱི་མ་རེད། རྙིང་མའི་སྤྲུལ་སྐུ་ཨོ་རྒྱུན་ཉི་མས་ཀྱང་ཁ་བརྡའི་དྲ་ཐོག་ཏུ་ཁ་གསལ་པོ་བྱས་ནས་དགའ་ལྡན་ཕོ་བྲང་ལ་དགའ་གི་མེད་ཅེས་གསུངས་སོང་། རྒྱུ་མཚན་ཡོད་ཀྱི་རེད་བ།
ཁ་ཏྭས་མི་གཙང་ཟས་པའི་མཆུ་གཙང་ས་གཞན་དུ་འགྲོ་ནས་ཕྱེ་ཞེས་པ་ལྟར་༧རྒྱལ་བ་ལྔ་པ་དང་ཕོ་བོང་ཁ་སོགས་ཀྱིས་ལས་ཉེས་བསགས་པ་དེ་དག་དོལ་རྒྱལ་གྱི་ཐོག་ཏུ་ངན་ཁག་བཀལ་ན་དོན་མཐུན་མ་རེད་འདོད།
དེ་ནས་ཁྱོད་ཀྱིས་་་་་ཤུགས་ལྡན་པ་ཚོས་ལྟ་བ་འདི་འདྲ་ཞིག་ཁྱེར་ཡོང་ན། ང་ཚོ་རྙིང་ཆོས་དང་ཆོས་ལུགས་གཞན་ལ་དད་པ་ཡོད་པ་ཚོའི་རང་དབང་སུས་འགན་ལེན་བྱེད་ཐུབ་བམ། ཅེས་གསུངས་འདུག
ལན་་་་དོལ་རྒྱལ་ཚོགས་པས་ཆོས་ལུགས་ཆོས་རྒྱུད་གཞན་ལ་མཐོང་ཆུང་དང་ཁྱད་གསོད། བཙན་གནོན་དང་བཙན་འཕྲོག་བྱེད་ཀྱི་ཡིན་ཟེར་ན་ངོ་རྒོལ་ཡོད། ཡོང་ཐབས་མེད་པའི་བྱ་བ་ཡིན། དེང་སང་གིས་དོལ་རྒྱལ་ཚོགས་པས་དེ་འདྲ་བྱེད་ཀྱི་ཡོད་པར་གོ་ཐོས་མི་འདུག
རྙིང་མ་པ་ལ་བརྙས་ཇུས་བྱེད་ནའང་མི་འགྲིག ཆོས་རྒྱུད་སུ་ལ་ཡང་བརྙས་ཇུས་བྱེད་མི་རུང་། ལྷག་པ་ཏུ་བོན་པོ་ལྟ་བུ་ཡིན་ན་མི་ལོ་བརྒྱ་ཕྲག་མང་པོའི་རིང་དུ་བརྙས་ཇུས་མྱངས་ནས་བསླེབས་པའི་བོད་རང་གི་ཆོས་རྒྱུད་ཤིག་རེད། དོལ་ཚོགས་ཀྱིས་རྙིང་མ་པ་དང་ཆོས་རྒྱུད་གཞན་ལ་གནོན་པ་མི་བྱེད་པའི་འགན་ལེན་དོལ་རྒྱལ་ཚོགས་པ་དང་ཚོགས་པ་དེའི་གནད་ཡོད་མི་སྣ་ཚོས་འགན་ཁུར་དགོས། གྲོས་མོལ་བྱེད་དགོས་ཟེར་བའི་རྒྱུ་མཚན་ཡང་དོགས་པ་རྣམ་རྟོག་སེལ་ནས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་པའི་འགན་གཙང་མ་ཞིག་ཁུར་ཐུབ་ཆེད་དུ་ཡིན།
ཡང་ཁྱོད་་ཀྱིས་་་་༼འདི་ལ་བསམ་བློ་གཏོང་རོགས། ང་ཚོ་གསང་སྔགས་རྙིང་མ་བ་ལ་དད་པ་ཡོད་མཁན་ཚོའི་རང་དབང་ག་པར་ཕྱིན་པ་རས།
ཤུགས་ལྡན་བ་ཚོས་ལོ་ཤས་གོང་ལ་དགེ་ལུགས་བླ་མ་བཟོད་པ་རིན་པོ་ཆེས་སྦྱིན་བདག་བྱས་ནས་བཞེངས་པའི་གུ་རུའི་སྐུ་ཆེན་པོ་དེ་རྒྱ་གཞུང་ལ་ཁོག་པ་བརྒྱངས་ནས་བཤིག་སོང་། ང་ཚོའི་རང་དབང་ལ་རྩིས་མེད་བྱེད་པ་འདི་སུས་དྲང་པོ་བྱེད་དམ།༽ཞེས་གསུངས་འདུག
ལན་་་་དོལ་རྒྱལ་པ་ཚོས་རྒྱ་གཞུང་གི་ཁོག་པ་བརྒྱངས་ནས་གུ་རུའི་སྐུ་གཤིག་སོང་ཟེར་བའི་སྐད་ཆ་འདིར་ངོ་ལེན་དཀའ་མོ་རེད། ཁྱོད་ཀྱིས་དོལ་རྒྱལ་ཚོགས་པས་རྒྱ་གཞུང་གི་ཁོག་པ་བརྒྱངས་པ་ཇི་ལྟར་ཤེས་བྱུང་ངམ། རྒྱ་གཞུང་གི་ལས་བྱེད་པ་ཚོས་ཁྱོད་ལ་བཤད་བྱུང་ངམ། ཡང་ན་དོལ་རྒྱལ་ཚོགས་པས་ཁྱོད་ལ་བཤད་བྱུང་། ཁྱོད་ལ་རྣམ་མཁྱེན་ཡོད་པ་དང་ཡིན་གྱི་མ་རེད་བ་ཧཧཧཧ འདྲ་མི་འདྲ་བཤད་ཡོང་ཨ།
སྐྱབས་རྗེ་ཕ་བོང་ཁ་དང་ཡོངས་འཛིན་ཁྲི་བྱང་སོགས་ཀྱིས་ཆོས་རྒྱུད་གཞན་ལ་དགྲ་བྱས་ཡོད་པའི་རྒྱུ་མཚན་གྱིས་སློབ་མ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོས་དགག་པ་དང་ངོ་རྒོལ་བྱེད་ཀྱི་ཡོད་ན་ནི་ཡག་པོ་རེད། སྔོན་མ་ནས་བཙན་བྱོལ་ལ་མ་ཕེབས་ན་མའོ་ཞལ་བཞུགས་དུས་རིག་གནས་གསར་བརྗེའི་སྐབས་སུ་དགེ་ཕྲུག་གིས་དགེ་རྒན་བརྡུངས་པ་དང་ཕྲུ་གུ་ཡིས་ཕ་མར་བརྡུངས་པའི་དེང་རབས་ནང་དུ་གསར་བརྗེ་སྔོན་ཐོན་པའི་མི་རྣམས་ལ་གོ་གནས་དང་བྱ་དགའ་ཆེན་རེག་མྱངས་བ་རེད།
དམ་པ་དགེ་ཆོས་ཀྱིས་རང་གི་དགེ་རྒན་ལ་མི་བརྩི་བ་དང་། ཏྭ་ལའི་བླ་མ་བསྟན་འཛིན་རྒྱལ་རྒྱ་མཚོས་རང་གི་ཡོངས་འཛིན་ལ་མི་བརྩི་བ་འདི་དག་གཅིག་པ་འདྲ་པོ་རེད། གསར་བརྗེ་བ་རེད། ཡག་པོ་རེད། དགའ་བསུ་ཡོད།
ཨོ་ཡ་་་དེ་ཙམ་ཡིན་་་དུས་ཚོད་ཀྱིས་རྐྱེན་པས་གོ་རིམ་ཡོད་པའི་ལན་ཞིག་བྱུང་མ་སོང་ཀྱང་། མུ་མཐུད་ནས་གསལ་བཤད་བྱ་ཆོག ཐུགས་རྗེ་གཟིགས། བོད་མི་རིགས་ཆིག་སྒྲིལ་ཡོང་ཐབས་ཤིག
སྤེན་ཚེ་ལགས། ངས་དོལ་རྒྱལ་ལ་སྐྱབས་སུ་བརྟེན་པ་ཕར་ཞོག འཛམ་གླིང་འདིའི་ཐོག་ཏུ་རང་ཉིད་རང་གི་མགོན་ཡིན་པ་ལས་གཞན་ལ་རེ་བ་དང་གཞན་ལ་སྐྱབས་སུ་འགྲོ་མཁན་ཞིག་མིན། རྨོངས་དད་མགོ་ཞིག་མིན།་་ཧཧཧ སུ་གང་ལ་སྐྱབས་སུ་མ་བརྟེན་ན་ཡང་རང་དབང་རེད་ད།
རོང་པོ་འཇོ་ན་ལགས་ཁྱོད་རང་མདང་ད་ནང་སྐྱེས་པའི་རྭ་ཅོ་ཞིག་མིན་པ་སྔོན་ནས་སྐྱེས་པའི་རྣ་ཅོག་ཞིག་རེད་འདུག བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་ཉམས་མྱོང་ཡོད་པའི་མི་ཞིག་རེད་འདུག ཁྱོད་ཀྱི་བཤད་པ་བདེན
# 47 རོང་པོ་འཇོ་ན་ནས་ལགས་ཀྱིས་མཆན་བཏབ་པ།:
May 16th, 2014 at 5:44 AM
བླ་རང་གོང་འོག་གི་རྩོད་གཞི་བོད་དོན་དུ་སྙེད་པ་ནས་རིག་པ་ཡང་དག་མེད་པའི་གནས་ལུགས་ཀྱིས་མཐར་འདིར་བསྐྱལ་བ་རེད། གཟུགས་མེད་དོལ་རྒྱལ་ཙམ་མ་ཡིན་པ་གཟུགས་ཅན་ཨ་ཐར་དང་ཀརྨ་པ། གུང་ཐང་ཚུལ་ཁྲིམས། པན་ཆེན། ཨ་ལོ་ཆོས་མཛད། འབའ་བ་རྒན་ཡེ་ཤེས། བྲ་སྒོམ། བསྡུད་འཇོམ། མདོ་སྨད་པ་ཡོན་ཏན་རྒྱ་མཚོ། ཟླ་བ་ནོར་བུ། ད་ལྟ་གསོན་བཞིན་པའི་ཀླུ་ཁར་བྱམས། འཇམ་ནོར། ཀརྨ་ཆོས་འཕེལ། ལྷག་བསམ་ཚེ་རིང་། ཆུ་སྒང་གི་མི་རྒན་ཁག ད་དུང་གློ་དམག་གི་རྙོགས་གླེང་། ཚོགས་ཁག་བཅུ་གསུམ། ཆུ་བཞི་སྒང་དྲུག སྦེལ་ཀབ་ཀེམ་བཞི་པ། ཀ་ལ་མོན་གྲུ། རེ་རེ་ནས་བསམ་ན་སེམས་སུ་ཉར་མི་ཐུབ་པའི་ལོ་རྒྱུས་ཁོ་ན་རེད།
ཟེར་་ཟེར།
སེར་ཤུལ་རིན་ཆེན་དོན་འགྲུབ་ལགས།
ཁྱོད་ཀྱི་ཞེ་འདོད་ལྟར་རྩོམ་ཡིག་འདིའི་ཁ་བྱང་ལ་གོ་དོན་གཉིས་དང་གསུམ། དེས་མི་ཚད་བཞི་དང་ལྔ་ཡོད་ནའང་འགྲིག་གི་རེད། ཡིན་ཡང་། ཕ་རོལ་ཀློག་པ་བོ་ལ་ཐད་ཀར་གོ་བ་གང་ཞིག་སྟེར་ཐུབ་མིན་དེ་གནད་འགག་གཙོ་བོ་རེད། གལ་སྲིད་ཀློག་པ་བོ་ལ་དོན་ཇི་ལྟ་བ་བཞིན་བརྡ་མ་འཕྲོད་ཚེ་ཚིག་ལ་ནོར་འཁྲུལ་ཡོད་པ་དབང་བཙན་པས་ངེས་པར་དུ་རང་སྐྱོན་ངོས་ལེན་ཞུ་རྒྱུ་ནི་རྩོམ་པ་བོ་ཞིག་གི་མི་གཤིས་དང་མཐུན། དེ་མིན་གཞུང་ཆེན་ཁག་དང་མི་འདྲ་བའི་སྤྱིར་བཏང་གི་ཚིག་གྲུབ་འདི་ཙམ་ལའང་། ཡང་འགྲེལ་དང་བསྐྱར་འགྲེལ། དཀའ་འགྲེལ་དང་འབྲུ་འགྲེལ་སོགས་རྩོམ་དགོས་ན་རང་གཞན་གཉིས་ཀའི་ཆུ་ཚོད་འཕྲོ་བརླག་མ་རེད་དམ། ཡང་གཅིག་བཤད་ན་ཁྱོད་ཀྱིས་རང་གི་བླ་མ་ལྷ་ཡིན་པར་བསམ་ནས་༼ ཁོ་བོའི་བླ་མ་འདི་མི་མ་རེད༽ཞེས་བརྗོད་ན་ཁྱོད་ཀྱི་ཞེ་འདོད་ཇི་ལྟར་ཡང་། སྤྱི་ཚོགས་ནང་ཁྱོད་ལ་ལྟ་སྟངས་ག་འདྲ་ཞིག་ཡོང་མིན་ཉིད་ཀྱིས་ཀྱང་ཚོད་དཔག་ཐུབ་ངེས། དེས་ན་ཁྱོད་ཀྱིས་བསམ་གཟས་ནས་རྩོམ་ཡིག་འདི་ལ་ཁ་བྱང་འདི་འདྲ་ཞིག་འདོགས་དོན་ཅི་ཡིན།?
དྲྭ་གྲོགས་ཚོ། ༼དོལ་རྒྱལ་བ་ཚོའང་མི་ཡིན༽ཞེས་པའི་ཁ་བྱང་འདི་བཀླགས་མ་ཐག ཀློག་པ་བོ་དག་ལ་ཚོར་སྣང་ཡ་མཚན་ཞིག་སྤྱིན་འོང་། དེ་ནི། ང་ཚོ་དོལ་རྒྱལ་བ་ཚོའང་མི་ཡིན་པས་ངེས་པར་དུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཆ་ཚང་དགོས་ཀྱི་ཡོད་ཅེས་༧གོང་ས་མཆོག་ལ་ངོ་རྒོལ་ཤུགས་ཆེར་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྟེར་ཡོང་བ་འདི་ཡིན། ཞོལ་ནས་རྩོམ་ལུས་ལ་བབས་ཡོང་དུས་རྒྱལ་བ་རིན་པོ་ཆེ་ནི་རླབས་ཆེན་གྱི་སྐྱེས་བུ་དང་། ཡང་དག་པའི་དབུ་ཁྲིད། འཛམ་གླིང་གིས་བརྩི་བཀུར་ཞུ་བཞིན་པའི་མི་སྣ་གྲགས་ཆེན་ཡིན་ཚུལ་སོགས་བོད་མི་ཚོའི་རྣ་ལམ་ལ་བྱང་ཞིང་། ཡིད་ངོར་འཇགས་ནས་ཡོད་པའི་ཐ་སྙད་གང་ཡག་རྣམས་བང་བསྒྲིགས་ཏེ་གོང་གི་ཁ་བྱང་གི་ནང་དོན་ལས་ལྡོག་སྟེ་གཟུ་བོར་མི་གནས་པའི་རྙོག་གཏམ་མང་དག་ཅིག་བཤད་ཡོད། ད་དུང་རྩོམ་གྱི་ཁ་བྱང་དང་རྩོམ་ལུས་གཉིས་ནི་ཁྱི་མགོ་ལུག་ལ་སྤྲད་པའི་དཔེ་རུ་གྱུར་འདུག་པས། ཡང་སྙིང་རྩོམ་པ་བོ་ཁོང་གིས་ཅི་ཞིག་བཤད་འདོད་ཡོད་མེད་འུ་ཚོ་ཚང་མར་ཤིན་ཏུ་ལྐོག་གྱུར་གྱི་གནས་ཡིན། འདི་ལྟར་ཁ་གཅིག་གི་ནང་ནས་སྐད་ཆ་གཉིས་བཤད་མཁན་དག་ནི་ནམ་རྒྱུན་སྤྱི་ཚོགས་ནང་མགོ་བདེ་བོ་དང་རྙོག་དྲའི་གཏེ་བོ་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད་ལ། མདའ་གཅིག་གིས་ཤྭ་བ་གཉིས་གསོད་པ་ནི་ཧ་ཅང་སྤྱང་གྲུང་འཛོམས་པ་དག་གི་ལས་ཁོ་ནའོ།
བོད་མི་སེམས་ཡོད་ཅིག་ཡིན་ཕྱིན། དོལ་ཚོགས་ཀྱི་རྙོག་དྲ་འདི་གཙང་སེལ་བྱུང་ན་མི་སེམས་མཁན་གཅིག་ཀྱང་མེད་ལ། ལྷག་པར་དུ་དོལ་ཚོགས་ཀྱི་རྩོད་རྙོག་འདི་བོད་མི་ནང་ཁུལ་གྱི་རྙོག་འཛིང་ཞིག་ཡིན་པས་ངེས་པར་དུ་བོད་མི་རང་ཉིད་ཀྱིས་བསམ་ཤེས་བྱས་ཏེ་ཐག་གཅོད་བྱས་ན་འོས་པར་ཡང་འདོད། དེ་ཡང་གཅིག་རྒྱལ་གཅིག་ཕམ་གྱི་འདུ་ཤེས་དོར་ཏེ་ལྷིང་འཇགས་མཉམ་གནས་ཀྱི་ཁ་ཕྱོགས་ཤིག་ལ་ཅིས་ཀྱང་བསྐྱོད་དགོས། ཛ་དྲག་གི་གནས་བབས་འདི་འདྲ་ནི། རྣམ་གཞག་རྒྱུན་དུ་གཟུར་གནས་དང་དྲང་བདེན། གནས་ལུགས་དང་བདེན་པ། རང་དབང་དང་མང་གཙོ་སོགས་ཁ་ནས་མ་ཎི་བཞིན་བགྲང་མཁན་དག་ལ་དོན་དམ་ལག་ལེན་ཁྲོད་ཉམས་ལེན་ཅི་ཙམ་ཡོད་མེད་ཀྱི་ལྕི་ཡང་ཐེངས་ཤིག་འཇལ་བའི་གོ་སྐབས་ཤིག་ཏུ་སེམས་ཆོག་ལ། ཕྱི་རབས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་རང་མིང་དཀར་ནག་གང་ཞིག་འབྲི་མིན་གྱི་འདམ་གའི་འགག་མདོ་ཞིག་ཀྱང་ཡིན། དེའི་ཕྱིར་སྔ་རབས་ལོ་རྒྱུས་དག་ན་གསལ་བའི་ནོར་འཕྱུག་ཅན་གྱི་རྩོད་རྙོག་དང་། ངོ་ཚ་ཁ་སྐྱེངས་དགོས་པའི་འཐུས་ཤོར་གྱི་རིགས་ལ་ཕྱིར་དྲན་དང་། འདས་པའི་ཉམས་མྱོང་གིས་མ་འོངས་པའི་ལམ་ཁ་མ་ནོར་བ་ཞིག་ལ་སྐྱོད་རྒྱུ་ཁ་ཚ་དགོས་གཏུགས་ཡིན། རང་ཉིད་བོད་མི་ཞིག་ཡིན་པ་དང་། དེའི་ནང་ནས་ཀྱང་རྩོམ་པ་བོ་ཞིག་ཡིན་ཕྱིན་རྩོད་རྙོག་འདིའི་དྲང་ཐད་དུ་ལངས་རྒྱུ་གལ་ཆེ་ཞིང་། དགོས་མེད་ཀྱི་ཅ་ཅོ་དང་འུར་སྒྲོག་མི་བྱེད་རྒྱུ་དེ་བས་ཀྱང་གལ་ཆེ། ལྷག་པར་དུ་བོད་ཀྱི་རྩ་དོན་དང་བོད་མིར་སྙིང་ནས་ཤ་ཚ་མཁན་ཞིག་ཡིན་ན་ཕྱོགས་གཉིས་ཀར་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཞི་འགྲིག་གི་ཐབས་ལམ་འཚོལ་རྒྱུ་ལས། ཕྱོགས་གཅིག་གི་གནས་ཚུལ་ཁོ་ན་བརྗོད་དེ་ཕྱོགས་གཞན་ལ་དམའ་འབེབ་དང་སྡིགས་ར་གཏོང་རྐྱང་བྱེད་པ་འདི་བོད་ལ་ཤ་ཚ་མཁན་ཞིག་གིས་སྒྲུབ་འོས་པའི་བྱ་བ་ཞིག་མ་རེད། དེར་མ་ཟད་འདིའི་རིགས་ཀྱིས་ཆིག་སྒྲིལ་ལ་གཏོར་བརླག་གཏོང་བ་ལས་ཕན་ཅི་ཡང་མི་ཐོགས། ཕན་ཐོགས་ཅི་ཡང་མེད་པའི་ལས་ལ་བརྩོན་པ་ནི་ཀླད་མེད་ཅོལ་ཆུང་དག་གི་རང་མཚང་འབའ་ཞིག་ལས་མ་འདས། ལ་ཤས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་གཉིས་ལ་གུས་ཞབས་ཡོད་མདོག་དང་རྒྱབ་སྐྱོར་ཆེ་མདོག་གིས་དགོས་མེད་ཀྱི་སྐད་ཆ་མང་བོ་འུར་སྒྲོག་བྱེད་བཞིན་པ་ནི་རང་གཞན་ཚང་མས་ཉམས་འཇོག་བྱེད་དགོས་ས་གཅིག་རེད་སྙམ། རྩོད་རྙོག་འདི་ཞི་འཇགས་སུ་གཏོང་བ་ལ་ངེས་པར་དུ་མ་མཐའ་ཡང་ཕྱོགས་གཉིས་ཀ་འགྲོ་བ་མི་ཞིག་ཡིན་པ་དང་། གཉིས་ཀར་བདེ་སྡུག་ཡོད་པ། མངོན་འདོད་ཡོད་པ་བཅས་ཀྱི་འདུ་ཤེས་ཀྱི་རྨང་གཞིའི་སྟེང་ནས་ད་གཟོད་ཞི་འགྲིག་གི་ཐབས་ལམ་ཡང་དག་པ་ཞིག་རྙེད་ཐུབ་སྙམ།
གོང་ས་མཆོག་ཐོག་མར་བཙན་བྱོལ་ལ་ཕེབས་རྗེས། རྒྱ་གཞུང་གིས་ཀླུ་ཁང་པ་དང་ཁྲི་བྱང་སོགས་ངོ་ལོག་ཕྱོགས་ཁག་གིས་བཙན་ཁྲིད་བྱས་པ་རེད་ཅེས་ལབ་འདུག ཕྱི་ལོ ༡༩༩༦ལོ་ནས་དོལ་རྒྱལ་འགོག་དོན་ཡང་རྒྱ་གཞུང་ལ་གོང་ས་མཆོག་བཙན་ཁྲིད་བྱས་པ་ཡིན་ཚུལ་སྒྲུབ་འདུན་གྱི་དམིགས་ཡུལ་ཡོད་དམ། དྲི་བ་ཆེན་པོ་ཡིན་ད།
གསེར་ས་ལེ་སྦྲམ་གྱིས་བཀའ་མོས་གསེར་འདྲ་པོ་ཞིག་གནང་བྱུང་། རྒྱབ་སྐྱོར་ཡོད།
ཀརྨ་བློ་གསལ་ལགས། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་བརྩམས་མཁན་ཡང་ཁྲི་བྱང་རིན་པོ་ཆེན་ཡིན་པ་དང་། ༧གོང་ས་མཆོག་རྒྱ་གར་ལ་གདན་འདྲེན་ཞུ་མཁན་གྱི་བསྟན་སྲུང་དྭང་བླང་དམག་གི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཨ་འབྲུག་མགོན་པོ་བཀྲ་ཤིས་ལགས་ཀྱིས་ཀྱང་ཤུགས་བརྟེན་གྱི་ཡོད་པ་རེད་འདུག་ལ་རྩ་བ་ཆེན་པོ་བརྩི་མཁན་ཞིག་ཡིན་པ་རེད་འདུག ཁྱོད་ཀྱི་དྲི་བ་ལ་ལན་གནང་མཁན་རེ་ཡོད་ན་ཉན་འདོད་ཆེན་པོ་ཡོད།
གསེར་ས་ལེ་སྦྲམ་གྱི་མཆན་ཨང་༥༤ དེ་ཡི་བསམ་ཚུལ་ང་ལའང་དེ་ག་ནང་བཞིན་བྱུང། རྩོམ་གྱི་མགོ་བརྗོད་དང་རྩོམ་གྱི་དངོས་གཞི་གཉིས་དངོས་གནས་འབྲེལ་མེད་ལྟ་བུ་ཞིག་ཏུ་མཐོང། ངས་ཐོག་མར་རྩོམ་གྱི་མགོ་བརྗོད་དེ་མཐོང་དུ་་་འོ་ལྟ་དོལ་རྒྱལ་བ་ལ་རང་དབང་མི་འདུག རང་མོས་མི་འདུག མི་གྲལ་ལ་མི་འདུག་ཅེས་བཤད་ཡོད་ས་རེད་བསམ་ནས་མར་མཐར་གྱིས་བཀླགས་པ་ཡིན། འོན་ཀྱང་འཇུག་བར་བཀླགས་ཟིན་དུས་་་་འོ་འདི་ནི་རྩོམ་གྱི་མགོ་བརྗོད་དུ་བྲིས་པ་ལྟར་མིན་པར་འདི་ནི་དོལ་རྒྱལ་ལ་དགག་ཡིག་རེད་འདུག་བསམ་ནས། རྩོམ་མིང་དང་རྩོམ་ལུས་གཉིས་ལ་འབྲེལ་བ་མེད་པ་ཞིག་ཏུ་མཐོང་བྱུང། འདི་ནི་ངས་རྩོམ་འདི་བཀླགས་པའི་བལྟ་ཚུལ་རང་ཡིན།
དོལ་རྒྱལ་བ་ཚོས་ལུས་ནི་མི་ལུས་ཡིན་པར་དོགས་པ་མེད།
སེམས་ནི་མི་སེམས་ཡིན་མིན་ཐག་གཅོད་བྱེད་རྒྱུ་དཀའ་མོ་རེད།
ཚོའི
དྲ་གྲོགས་གསེར་ས་ལེ་སྦྲམ་དང་བན་དེ་བ་གཉིས་ལ། ༼དོལ་རྒྱལ་བ་ཚོའང་མི་ཡིན༽ཞེ་པའི་ཁ་བྱང་འདིའི་གོ་དོན་དང་འོག་གི་རྩོམ་ལུས་ལ་འབྲེལ་ཚུལ་གོང་དུ་བཤད་ཟིན་པ་དེ་ག་རང་ཡིན། ཀློག་པ་པོ་སུ་རུང་གིས་རྩོམ་མིང་འདི་མཐོང་སྐབས་ཁྱེད་གཉིས་ནང་བཞིན་གྱི་ཚོར་བ་ཡོང་སྲིད་ལ་ངའི་ཞེ་འདོད་བཞིན་དོལ་རྒྱལ་བ་ཚོའང་མི་ཡིན་པས་མི་ཡི་བྱེད་སྟངས་བྱེད་དགོས་ཞེས་པ་ལྟ་བུའི་གོ་བ་སྐྱེ་མཁན་ཡང་ཡོད་སྲིད། གང་ལྟར་སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲང་བ་ཡིན་པས་རྗོད་མཁན་གྱི་འདོད་པ་དབང་བཙན་པ་ལས་ཀློག་པ་པོས་རང་དགར་སྒྱུར་ཐུབ་པ་ཞིག་དང་ཆོག་པ་ཞིག་མིན། དེ་བས་གང་འདོད་འཁྱོག་བཤད་དང་ལྡོག་ཕྱོགས་སུ་འཁྲིད་ཐབས་བྱས་ཀྱང་ཕན་ཐོགས་གང་ཡང་མེད་སྙམ།
སྐུ་ཞབས་སྤོབས་པ་མཐའ་ཡས་ཀྱི་མཆན་༤༠་པ་དང་ལྷ་སྡེ་གནམ་ལོ་ཡག་གི་མཆན་༣༤་པ་གཉིས་མོས་མཐུན་ཡོད།
སེར་ཤུལ་རིན་ཆེན་དོན་འགྲུབ་ལགས་ཀྱིས་རྩོམ་ཡིག་དཔེ་མེད་ཀྱི་བྲིས་པར་ཡི་རང་ཞུའོ། །མུ་མཐུད་ནས་གནད་དུ་འཁེལ་བའི་རྩོམ་ཡིག་སྤེལ་རོགས། སྤོབས་མཐའ་དང་གནམ་ཟེར་བ་དག་ལ་རྒྱབ་སྐྱོར་གང་ཡང་མེད། མ་ཟད་ངོས་ནས་ཁ་སྔོན་རང་ཉིད་ངོ་སྤྲོད་བྱེད་ཟིན་པས་ད་སྤོབས་མཐའ་དང་གནམ་ལོ་ཟེར་བ་འདི་གཉིས་ནས་རང་ཉིད་ངོ་སྤྲོད་ཡག་པོ་བྱེད་དགོས། དེ་མིན་དྲྭ་འབུར་རྩིས་རྒྱུ་ལས་གཞན་མེད།
ཁ་ཐུག་གི་མཆན་༥༠པའི་ལན་རྡོག་རྡོག
༡༽ དོལ་རྒྱལ་གྱི་རྗེས་བྲངས་པ་ཚོས་རྙིང་ཆོས་བྱས་ན་དོལ་རྒྱལ་གྱིས་ཚར་གཅོད་ཀྱི་རེད་ཅེས་ཁྱོད་ཚོའི་སྐྱབས་ཡུལ་ཕ་བོང་ཁ་པ་དང་དེའི་རྗེས་བྲངས་ཚོས་ཡིག་ཚོགས་མང་པོ་སྤེལ་འདུག ཞིབ་པར་ཕ་རྒོད་བླ་མའི་ཞལ་ལུང་ལ་གཟིགས་ཤིག རྩོད་པ་མེད།
༢༽རང་གི་ལྟ་བ་དེ་འགྲིགས་ཡོད་པའི་རྒྱུ་མཚན་གཅིག་བཀོད་པ་དང་། གཞན་གྱི་ལྟ་བ་ལག་བསྟར་བྱས་ན་གསོད་ཀྱི་ཡིན་ཟེར་བའི་དབར་གྱི་ཁྱད་པར་འདི་གཉིས་མ་ཤེས་ན། ང་གཉིས་རྩོད་པ་རྒྱག་ཡུལ་མེད། དཔེ་ཆུང་ཆུང་ཞིག་ཕུལ་ན།
༣༽ རྡ་རམ་ས་ལའི་མཚན་ཉིད་གྲྭ་ཚང་གི་སློབ་དགེ་བློ་བཟང་རྒྱ་མཚོ། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཆོས་རྒྱུད་འཛིན་ཁན། ལྟ་བ་རྟེན་འབྱུང་། སྤྱོད་པ་འཚེ་བ་མེད་པ། སྣོད་དགེ་སློང་། ལམ་ཐེག་པ་ཆེན་པོ་ལ་ཞུགས་མཁན། དབུ་མ་ཐལ་གྱུར་གྱི་རྣམ་བདུན་དང་། རྡོ་རྗེ་གཟེགས་མའི་རྟེན་འབྲེལ་གྱི་རྒྱུ་མཚན་ཡང་དག་འགོད་མཁན། གསང་བདེ་འཇིགས་གསུམ་བླ་མེད་ཀྱི་རྣལ་འབྱོར་ཆགས་མེད་སྐྱོང་མཁན། སྔ་དགོངས་སྡོམ་གསུམ་ཡང་དག་པར་གསོ་བར་མཛད་མཁན་བླ་རྒན་དགུང་གྲངས་དྲུག་བཅུར་ཕེབས་པ་ཞིག་དང་ཁོང་གི་ཉེ་འཁོར་དགེ་འདུན་པ་ཤ་སྟག་ལ་གྲི་ཁྱོན་སྡོམ་ལྔ་བཅུ་ལྷག་བཙུགས་ནས་བསད་སོང་།
རྒྱུ་མཚན་ནི་བླ་རྒན་ཁོང་གིས་དོལ་རྒྱལ་གྱི་ཁྱབ་བདག་རྡོ་རྗེ་འཛིན་པ་ཚོའི་ལྟ་བ་ཡང་དག་དེར་འདྲི་བ་གཅིག་ཁོ་ན་བཏོན་པས་ཡིན་སྟབས། བླ་རྒན་ཁོང་གི་ཐོབ་ཐང་ཡང་འཕྲོག་ཚར་སོང་། ད་མཁས་པ་སྙན་པོ་འཁྲབ་ནས་ད་ལྟའི་དོལ་ཚོགས་འདི་ལག་དམར་བ་དེ་ཚོ་དང་འབྲེལ་བ་མེད་མདོག་མདོག་མ་གསུངས་རོགས་ཁ་ཐུག་ལགས།
༤༽ ཁ་ཐུག་མཆོག་འདི་ཙམ་ཁ་ཐུག་གཅིག་ཀྱང་མ་རེད། ངས་འདིར་ཁ་སངས་ནས་དོལ་ཚོགས་ཀྱི་ལྟ་བ་དང་། སྤྱོད་པ། ལས་འགུལ་སོགས་ལ་དངོས་སུ་གདོང་ལེན་བྱས་ནས་བགྲོ་གླེང་བྱེད་ཀྱི་ཡོད། ཁ་ཐུག་ཁྱེད་ཀྱིས་རང་ཉིད་དོལ་ཚོགས་ཀྱི་མི་མིན་ཁུལ་དང་། དོལ་རྒྱལ་བསྟེན་གསོལ་མེད་མཁན་ཞིག་གི་རྣམ་པ་ཞིག་བསྟན་ནས། གང་ཟག་གསུམ་པའི་བག་ཅིག་བཞེས་ནས་ཕེབས་དུས། ང་ལ་དྭོགས་པ་མང་པོ་ཞིག་ཤར་གྱི་འདུག དྭོགས་པ་དང་པོ་དེ་ཨ་དར་ཟེར་བའི་དོལ་ཚོགས་ཀྱི་འགོ་པ་དེ་དང་ཁྱེད་ཀྱི་བོད་ཡིག་འབྲི་སྟངས་དེ་ཤིན་དུ་ནས་འདྲ་པོ་འདུག
༡༽ཁྱེད་གཉིས་ཀྱི་དག་ཆ་ནོར་ས་དེ་ཡང་གཅིག་པ་རེད།
༢༽ཁྱེད་གཉིས་ཀྱི་བརྡ་སྤྲོད་ནོར་ས་དེ་ཡང་གཅིག་པ་རེད།
༣༽ཁྱེད་གཉིས་ཀྱི་དུས་གསུམ་འཁྲུག་ས་དེ་ཡང་གཅིག་པ་རེད།
༤༽ཁྱེད་གཉིས་ཀྱི་སྔ་ཕྱིའི་གོ་རིམ་འཁྲུག་ས་དེ་ཡང་གཅིག་པ་རེད།
༥༽ཁྱེད་གཉིས་ཀྱི་བརྗོད་བྱའི་དཀའ་ངལ་འཕྲད་ས་དེ་ཡང་གཅིག་པ་རེད།
༦༽ཁྱེད་གཉིས་ཀྱི་སྨྱུག་མིང་དེ་ཡང་གཅིག་པ་རེད།
༥༽ཁ་ཐུག་མཆོག་གིས་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱང་དོལ་རྒྱལ་གསོལ་མཁན་རེད་ཟེར་བ་འདི་ཁུངས་ཡོད་པའི་སྐད་ཆ་ཞིག་མ་རེད། སྐད་ཆ་འདི་ཐོག་མ་དོལ་རྒྱལ་གྱི་དམངས་ཁྲོད་ཁ་བརྡའི་ནང་ལ་དཀྲོག་གཏམ་ལྟ་བུར་བཤད་སོང་། བཤད་ཡུལ་གྱི་སྦྲེལ་ཐག་འདི་ཡིན།
https://www.youtube.com/watch?v=x9OJFiwU-8I
ཁ་ཐུག་མཆོག་གིས་འཆལ་གཏམ་འདི་ཁ་བརྡར་ཁྱེར་ནས་གཟུར་གནས་ཀྱི་རྣམ་པ་བཏོན་པ་འདི་ཡང་ཁ་ཐུག་གི་བྱེད་སྟངས་ཅིག་མཐོང་མ་སོང་།
བསམ་ཤེས་ལགས་སྔ་དྲོ་བདེ་ལེགས་ཞུ་བ་དང་ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ ངས་ཀྱང་ཁ་ཐུག་ཟེར་མཁན་དེ་ཆ་རྒྱུད་རྩ་བ་ནས་མེད་འོན་ཀྱང་ཁོའི་མཆན་ལས་རུལ་དྲི་ངན་པ་ཞིག་ཁ་ཡི་འདུག་ ཁོ་རང་གང་ཟག་གསུམ་པའི་བག་ཅིག་མགྱོན་ནས་གཏམ་བརྗོད་འཁྲབ་ཀྱི་འདུག་པས་ངས་གོང་དུ་ཁ་གསལ་ནང་གསལ་གནང་རོག་ཅེས་རེ་སྐུལ་ཞུ་རྒྱུ་བྱུང། ཁྱེད་ཀྱི་གསུང་སྟངས་དང་དྲ་མིང་གཉིས་རན་པོ་མིན་འདུག་དེ་ལས་ཁ་ཐུག་ལས་ཀྱོག་ཀྱོག་ཟེར་ན་འཚམ་པ་མིན་འདུག་གམ་
ཀྱོག་ཀྱོག་ལགས་ ་ཨ་ཙི་ཙིདགོངས་དག་ཁ་ཐུག་ལགས་ཧ ཧ ཧ ལན་གནང་བར་ཐུགས་རྗེ་ཆེ་ལ་ལན་དེ་བཀླག་རྗེས་ང་ཡང་ཅིག་ཞུ་འདོད་བྱུང་ཁྱེད་ཀྱི་གསུངས་པ་ལྟར་དངོས་ནས་སུ་གང་ལ་སྐྱབས་སུ་མ་བརྟེན་ན་ཡང་རང་དབང་རེད་དེ་འདྲའི་རང་དབང་དང་ཁྱེད་ལ་འདོད་པ་ཡོད་ན་སྐྱེ་བ་ཕྱི་མར་མགོན་མེད་ སྐྱབས་མེད་ ཆོས་མེད་ མུན་ནག་ཡུལ་ཞིག་ཏུ་སྐྱེས་པ་ཤོག་བསམ་པའི་རེ་བ བཅངས་ན་འགྲུབ་མ་སྲིད་པ་ཀྱང་མ་རེད་བསམ་གྱི་འདུག་ ཁོ་རང་གང་ལའང་སྐྱབས་སུ་བརྟེན་གྱི་མེད་ཙང་སྨོན་ལམ་འདེབས་དགོས་ཟེར་བའི་ཚབས་སུ་རེ་བ་བཅངས་དགོས་ཞེས་བྲིས་དགོས་བྱུང་དགོངས་པ་མ་ཚོམས་རོག་གནང།
འབྲི་མཁན་འདིས་ཡག་པོ་བྲིས་འདུག
དོལ་རྒྱལ་གྱི་གནད་དོན་འདི་གོང་ས་མཆོག་དང་དོལ་ཚོགས་བར་གྱི་རྙོག་གྲ་ཞིག་ཡིན་པར་བཤད་མཁན་དག་ནི་ལང་ཕྱོགས་བརྟན་པོ་མེད་པའམ། ཡང་ན་དོལ་ཚོགས་ལ་ཕྱོགས་མཁན་ཞིག་ཡིན་ཐག་ཆོད་རེད། གོང་ས་མཆོག་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་དགོས་དོན་ནི་བོད་སྤྱི་དོན་ཡིན་པ་ལས་ཁོང་གི་སྒེར་དོན་མ་རེད། ཁོང་གི་སྒེར་དོན་ཡིན་ན་ཁོང་རང་ཉིད་ཀྱིས་རྟེན་གསོལ་མཚམས་འཇོག་གནང་ནས་ཁུ་སིམ་མེར་བཞུགས་ན་འགྲིག་པ་ལས་སྤྱི་ཚོགས་ནང་ལ་དམ་བསྒྲགས་གནང་དགོས་དོན་མེད་པ་རེད། གོང་ས་མཆོག་གིས་དོལ་རྒྱལ་རྟེན་གསོལ་གྱི་དགེ་སྐྱོན་ཚར་བརྒྱ་ཕྲག་གསུངས་ཟིན་པ་རེད་ལ། འདིས་སྐོར་གྱི་དེབ་ཀྱང་མི་ཉུང་བ་ཞིག་ཐོན་ཟིན་པ་རེད། དེ་བཞིན་དོལ་རྒྱལ་ཚོགས་པའི་ངོས་ནས་ཀྱང་ཡིག་ངག་བརྙན་གསུམ་གྱི་ཐོག་ནས་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་རྒྱུ་ཡོད་ཚད་བྱེད་དང་བྱེད་བཞིན་པ་རེད། དེས་ན་འདིས་ཐོག་ལ་སོ་སོས་དོ་སྣང་བྱེད་མ་བྱེད་ལས་གསལ་པོ་མ་ཆགས་པའི་གནས་ཚུལ་ཅི་ཡང་ལྷག་མེད་པ་རེད། དེས་ན་འདིས་ཐད་ནས་ཕྱོགས་གཉིས་ཀ་ལ་དྲི་བ་དང་བགྲོ་གླེང་བྱེད་དགོས་པར་བཤད་པ་ནི་དོན་མེད་ཀླན་ཀ་བཙལ་བ་ཙམ་ལས་ཅི་ཡང་མེད་པ་རེད། གཉིས་ནས་དོལ་རྒྱལ་ཚོགས་པས་རྒྱ་གཞུང་གི་བཀོད་ཇུས་འོག་ལ་འཛུལ་ནས་བོད་སྤྱི་པའི་ལས་དོན་ལ་གནོད་པའི་ལས་ཀ་བྱེད་བཞིན་པ་གསལ་པོ་ཆགས་ཟིན་རུང་། ད་དུང་བོད་མིའི་སྒྲིག་འཛུགས་གོང་ས་མཆོག་གི་ཕྱོགས་ལ་ལང་ནས་དོལ་ཚོགས་ལ་སྐྱོན་བརྗོད་བྱེད་མི་ཉན་པ་སོགས་བཤད་པ་ནི་མི་ཞིག་གི་བཤད་སྟང་མ་རེད་ལ། བོད་མི་ཞིག་གི་བཤད་སྟང་དེ་བས་ཀྱང་མ་རེད།
དེ་བཞིན་དོལ་རྒྱལ་གྱི་གནད་དོན་འདི་ཆོས་རྒྱུད་བྱེ་བྲག་པའི་རྙོག་གྲ་ཡིན་པ་དང་། ཆོས་ལུགས་ཀྱི་གནད་དོན་ཡིན་པ་ལས་ཆབ་སྲིད་དང་འབྲེལ་བ་མེད་པ་བཤད་མཁན་དེ་ཚོ་ཡང་བསམ་མེད་མིན་ན་བསམ་བཞིན་དུ་ཕྱི
ཅི་ལོག་བཤད་ཀྱི་ཡོད་པ་གསལ་པོ་རེད། དོལ་རྒྱལ་ཁོ་རང་ག་རེ་ཡིན་རུང་མིན་རུང་དོལ་ཚོགས་ཀྱི་བྱ་སྤྱོད་ནི་རྒྱ་གུང་ཕྲན་གྱི་རྐུབ་གཡོག་རྒྱུག་ནས་བོད་སྤྱི་པའི་ལས་དོན་ལ་དོ་ཕོག་གཏོང་གི་ཡོད་པ་ནམ་ལང་ཉི་ཤར་ཡིན་པས། གོང་གོ་སྐད་ཆ་དེ་ལྟ་བུ་བཤད་དག་གིས་སྤྱི་དོན་དང་ཆབ་སྲིད་ཀྱི་གོ་དོན་ཙམ་ཡང་རྟོག་མེད་པ་གསལ་པོ་རེད།
དོལ་ཚོགས་རྒྱ་ཡི་ལག་གཡོག་གྱུར་བ་འདི་བོད་མི་རང་གིས་བཟོས་པ་རེད། དོལ་ཚོགས་ཐོག་མར་ལོང་ཡོང་སྐབས་ནས་རྒྱ་དང་ཁ་འབྲེལ་ལག་འབྲེལ་ཡོད་ཚུལ་གྱིས་དྲིལ་སྒྲགས་ལོང་པ་གང་བྱས་སོང་། ད་རྒྱ་དང་ཁ་ཁོག་འདྲེས་ནས་ཡོང་དུས་སྐད་རྒྱབ་སྡོད་པའི་མི་ཕན། རའི་སྤུའི་བཟོས་པའི་འུར་རྡོ་རའི་དམིག་ཏུ་འཁོར་སོང་བ་རེད། ད་དུང་ཡོང་རྒྱུ་མང་པོ་ཡོད་རྒྱུ་རེད། འདོད་ཕྱོགས་ཀྱིས་ཟློས་གར་འཁྲབ་ཚོད་མ་ཟིན་ན་སྟེན་མོ་ལ་ལྟ་བཟོ་མེད།
སྐད་ཆ་འདི་ལ་གནས་ལུགས་མི་འདུག གོང་ས་མཆོག་གིས་དོལ་རྒྱལ་རྟེན་གསོལ་གྱི་སྐྱོན་ཆ་གསུང་སྟེ་ཚོགས་པ་སྒྲིག་འཛུགས་སོགས་ཀྱིས་རྟེན་གསོལ་ལ་དམ་བསྒྲགས་ཤིག་གནང་བ་ལས་མི་སྒེར་གྱི་རང་དབང་ལ་དོ་ཕག་གང་ཡང་བཏང་མེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དོལ་རྒྱལ་བ་ལ་དམིགས་གསལ་སྤྱི་ཚོགས་ཀྱི་ཐོབ་ཐང་འཕྲོག་པ་སོགས་གང་ཡང་བྱས་མེད། དེ་བཞིན་བོད་མི་མང་ནས་ཀྱང་རང་ཉིད་ཀྱིས་རྟེན་གསོལ་མཚམས་འཇོག་བྱས་པ་ཙམ་ལས། དོལ་རྒྱལ་བས་དོལ་རྒྱལ་རྟེན་པ་ལ་སྡང་པོ་བྱས་བཞག་པ་གང་ཡང་མེད། འོན་ཀྱང་དོལ་རྒྱལ་བས་བོད་པའི་སྤྱི་ཚོགས་ནང་ལ་མི་གསོད་ཁྲག་སྦྱོར་དང་མི་ལ་རྡུང་རྡེག་འཇིགས་སྐུལ་སོགས་བྱ་ངན་མང་དག་བརྩམ་པ་དང་། རྒྱ་གཞུང་གི་ལག་གཡོག་བྱས་ནས་བོད་མིའི་དབུ་ཁྲིད་དང་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུག་བྱེད་པ་སོགས་ལ་མི་མང་གིས་མ་དགའ་བ་བྱེད་ཀྱི་ཡོད་པ་འདི་ནི་གནས་ལུགས་དང་ཡོངས་སུ་མཐུན་པ་ཞིག་རེད།
རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་དམ་བསྒྲགས་གནང་བའམ། དོལ་རྒྱལ་དམ་དྲག་གནང་བ། དོལ་རྒྱག་བཀག་འགོག་གནང་བ་སོགས་རེད་ཟེར་བ་དེ་མི་བདེན། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་དམ་བསྒྲགས་གནང་བ་མེད་ལ། དོལ་རྒྱལ་ལ་དམ་དྲག་གནང་བ་ཡང་མེད། འོ་ན་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་སྐོར་ལ་གང་མཛད་པ་རེད་ཅེ་ན། རྒྱལ་བ་རིན་པོ་ཆེས་ངས་དོལ་རྒྱལ་བརྟེན་གི་མིན། ངའི་རྩ་ནས་ཆོས་ཞུ་མཁན་ཚོས་དོལ་རྒྱལ་མ་བརྟེན་ཅེས་གསུངས་པ་ཙམ་རེད། སུས་དོལ་རྒྱལ་བློས་མི་ཐོངས་ན་དེ་ལུགས་གསལ་པོར་བྱས་ནས་ངའི་རྩར་ཆོས་མ་ཞུས་ན་ང་ཚོ་སྔོན་མ་ནང་བཞིན་གྲོགས་པོ་ཡིན་གསུངས་ཀྱིན་འདུག
ངས་བསམ་བློ་ཅི་ལྟར་བཏང་ན་ཡང་དོལ་རྒྱལ་གནད་དོན་སྐོར་ནས་རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དང་གང་མཛད་པ་ཚང་མ་ཧ་ཅང་གིས་དྲང་པོ་དང་། གཉོམ་ཆུང་ཚུལ་ལྡན། ནང་ཁུལ་གྱི་བཀའ་མོལ་ལྷུག་པོ། ཕྱི་གསལ་ནང་གསལ་ཧ་ལས་པ་ཞིག་ལ་མཐོང་གིན་འདུག
དོལ་རྒྱལ་ཚོགས་པས་དེ་ལས་ལྡོག་སྟེ་མགོ་སྐོར་བཏང་ནས་དགའ་ལྡན་ཁྲི་པའི་གོ་ས་བླངས་པ་དང་། འཇིགས་སྐུལ་གྱི་བྱེད་ཐབས་ཀྱིས་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་གསུངས་སའི་སྒྲིག་ལམ་གཏོར་བ་སོགས་གང་ཐད་ནས་དྲག་རྒོལ་དང་། གཡོ་སྒྱུའི་སྤྱོད་ལམ་མང་པོ་ཞིག་མཐོང་ཡོང་གིན་འདུག
ཡིན་ན་ཡང་། ང་ཚོས་ནམ་ཡིན་ཡང་རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཕྱོགས་གཏོགས་ཀྱི་སྐད་ཆ་མ་གཏོགས་དོལ་རྒྱལ་ཚོགས་པའི་སྐད་ཆ་ངོ་མ་དེ་གོ་མེད། ད་དུང་ཆེ་ས་ནས་དོལ་རྒྱལ་ཚོགས་པ་ངོ་མ་དེ་དུ་ཡིན་ཡང་ཤེས་ཀྱིན་མེད། ད་ནི་བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོལ་རྒྱལ་ཚོགས་པའི་མི་སྣ་ཆེ་ཆུང་ཁ་ཤས་ལ་བཅར་འདྲི་ཞིབ་མོ་རེ་བྱེད་པའི་དུས་ལ་བབ་ཡོད། དོལ་རྒྱལ་ཚོགས་པའི་བསམ་བློ་དང་། ལྟ་གྲུབ། ལངས་ཕྱོགས། འབོད་སྒྲ། ལྷག་པར་ཡང་རྡོ་རྗེ་ཤུགས་ལྡན་ནི་རྒྱ་གར་ནག་གང་དང་ཡང་མ་འབྲེལ་བར་བོད་མིའི་ཆོས་ལུགས་ཀྱི་ཐོན་རྫས་ཤིག་ཡིན་སྟབས་དེའི་འགུལ་སྐྱོད་ཀྱི་ཆ་ཤས་ལེན་མཁན་གཙོ་བོ་བོད་མིར་འབྲེལ་བ་ཞིག་ཡིན་ངེས་པས་ཁོང་ཚོས་བོད་མི་མང་གི་མདུན་ལམ་ལ་འགན་ཁུར་བའི་ལངས་ཕྱོགས་ཅི་ཡིན་སོགས་བཀའ་འདྲི་གནང་རོགས།
ངས་ལྟས་ན་དོལ་རྒྱལ་བའི་ལྟ་བ་ལང་ཕྱོགས་ནི་དམངས་ཁྲིད་ཁ་བརྡ་དང་། གོང་ས་མཆོག་ལ་ངོ་རྒོལ་སྐབས་ཀྱི་འབོད་ཚིག་ནས་གསལ་པོ་རེད། གོང་ས་མཆོག་གིས་ཆོས་དད་རང་དབང་འཕྲོག་སོང་ཞལ་རྫུན་གསུང་གི་འདུག་མདོར་སྡུས་ན་འདི་རེད། གསར་འགོད་པས་བཅར་འདྲི་བྱས་ཀྱང་འདི་པས་ལྷག་པ་ཞིག་གང་ཡང་བཤད་རྒྱུ་མེད་པ་རེད།
སྤོབས་མཐའི་བསམ་ཚུལ་ལས་ང་ཚོས་དོལ་རྒྱལ་བསྟེན་མཁན་ཚོའི་ཁ་ནས་དོལ་རྒྱལ་བརྟེན་དགོས་པའི་རྒྱུ་མཚན་དང་ཁོང་ཚོའི་བསམ་ཚུལ་དང་ལས་ཀ་བྱེད་སྟངས་དེ་ཚོ་ལའང་རྒྱུས་ཡོད་པ་བྱེད་དགོས་དེ་མིན་ཕྱོགས་གཅིག་ཁོ་ནའི་བསམ་ཚུལ་དང་གནས་ཚུལ་ཙམ་གྱིས་ལ་དག་གི་མ་རེད། དེ་དྲང་པོ་འབྱུང་མི་ཐུབ། དོལ་རྒྱལ་ལ་སྡང་ཟུག་བྱེད་མཁན་གྱི་ཆོས་རྒྱུད་ནང་ནས་གཙོ་སུ་ཡིན་མིན་དང་ཐོག་མར་གནས་ཆུང་སོགས་ཀྱིས་དྲེགས་པའི་ལྷ་ནང་ཁུལ་འཁྲུག་དུ་འཇུག་མཁན་བླ་སྤྲུལ་སུ་དང་སུ་ཡིན་མིན། གལ་ཏེ་དྲེགས་པ་ནང་ཁུལ་གྱི་ཕྲག་དོག་རེད་དམ་་་ཡང་ན་མིས་དྲེགས་པ་ནང་ཁུལ་འཁྲུགས་དུ་བཅུག་པ་ཡིན་མིན་གསལ་ཁ་དགོས། མ་གཞི་ནས་དཔལ་ན་ལཎཌའི་ཆོས་རྒྱུད་ཚོས་དྲེགས་པའི་སྐོར་ལ་སྐད་ཆ་ཡོང་དགོས་དོན་མེད། ད་ནི་དཔལ་ཎ་ལཎ་ཌའི་ཆོས་རྒྱུད་ནང་ཁུལ་གྱི་སྙོག་ཁྲ་གཙོ་བོ་ནི་དྲེགས་པ་ཞིག་ལ་ཐུག་འདུག དེ་ཡ་མཚན་རེད།
ལུང་རྟོགས་ལགས་དང་སྤོབས་པ་མཐའ་ཡས་ལགས་གཉིས་ཀྱི་གསུངས་པ་ལ་རྒྱབ་སྐྱོར་ཡོད་ ད་མང་པོ་མ་གསུང་མཆན་འགོད་མཁན་ནང་མི་རེ་ཟུང་འདུག་རྟག་ཏུ་རྒྱུ་མཚན་དང་གནད་ལུགས་གང་ཡང་གསུང་རྒྱུ་མེད་པར་དོལ་ཚོགས་རྣམས་ལ་ཁག་མེད་འདོག་འདོག་དང་ཡང་དེ་ཚོ་༧གོང་ས་མཆོག་དང་བོད་མིའི་བསྒྲིགས་འཛུག་སོགས་ཀྱི་བཙན་པོ་དབང་ཡོད་བཏང་བ་རེད་འདོག་འདོག་བྱེད་མཁན་དེ་ཚོ་ནི་རོང་གི་མི་ལ་ཚ་བའི་གཡའ་ཟེར་བ་དེ་རང་རེད་
རྒྱལ་ཆེན་ཤུགས་ལྡན་འདི་དཔལ་ན་ལན་དྲ་ལ་འབྲེལ་བ་ཅི་ཡང་མེད།་ འདི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་འདྲེ་ཞིག་རེད། དེང་སང་བོད་མི་ལས་ཀྱང་རྒྱ་ནག་དང་ནུབ་ཕྱོགས་པ་ཁ་ཤས་ཤིག་གིས་ཞེན་ཁོག་ཆེན་པོ་བྱེད་འདུག དེ་ལ་ང་ཡ་མཚན་གྱིན་འདུག
བན་དེ་བས། འདི་ཡང་སྐྱར་ཅིག་ཀློགས་དང་།
༧གོང་ས་མཆོག་གིས་ཧོ་ལན་ཌིའི་ནང་བོད་མི་ཚོར།
་་་་་་་་ མ་འོངས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གཙོ་བོ་ནང་ཆོས་ཀྱི་ཤེས་ཚད་དང་འབྲེལ་བའི་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་ཆགས་ཡོད་སྟབས། མི་རབས་གསར་པ་ཚོས་བོད་ཡིག་གལ་ཆེར་བརྩིས་ཏེ་དོ་སྣང་བྱ་དགོས་་་་་་་
་་་་་་་་་ དོལ་རྒྱལ་གྱི་གནས་ཚུལ་དེ་དུས་རབས་ ༡༧ ནང་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཡོད། ་་་་་་་་
་་་་་་་ ངོས་རང་ནས་ཀྱང་མ་ཤེས་པར་ཐོག་མར་ཕྱི་ལོ་ ༡༩༥༡ ལོར་འགོ་བཙུགས་ནས་ཕྱི་ལོ་ ༡༩༧༠ ལོ་བར་བསྟེན་པ་ཡིན། ཕྱིས་སུ་་་་་་་་
་་་་་་་་ ངོས་ཀྱིས་ཆོས་ལུགས་རིས་མེད་ཀྱི་བླ་མ་གྲངས་ ༢༠ བསྟེན་པ་ཡིན། དེ་ཁོངས་ནས་བླ་མ་གཅིག་མ་གཏོགས་གཞན་ཚང་མས་དོལ་རྒྱལ་ལ་མཐའ་གཅིག་ཏུ་འགག་པ་ སྐྱོན་མཁན་ཡིན། ་་་་་་་་་
་་་་་་ ཁོ་པ་ཚོས་ངོས་ལ་ཏཱ་ལའི་བླ་མ་རྫུན་ཤོད་རྒྱུ་མཚམས་འཇོག་དགོས། ཅེས་སྐད་འབོད་བྱེད་བཞིན་ཡོད། ཁོ་ཚོས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་མི་ཤེས། ་་་་་་
་་་་་་་་་་་ ཁོ་པ་ཚོས་ངོས་ཀྱི་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་སྐོར་བརྗོད་བཞིན་ཡོད་ པ་དེ་ལྟར་རྩ་བ་ནས་མིན་པ་ནི། རྒྱ་གར་ལྷོ་ཕྱོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགོན་པ་ཚོར་ལྟོས་དང་ཤེས་ རྟོགས་ཐུབ་རྒྱུ་རེད། ཅེས་གསུངས་འདུག ་་་་་་་་་་་་་
༸གོང་ས་མཆོག་གིས།
་་་་་་་་་ དོལ་རྒྱལ་གྱི་གནས་ཚུལ་དེ་དུས་རབས་ ༡༧ ནང་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཡོད། ་་་་་་་་
ཏཱ་ལས་བླ་མ་སྐྱག་རྫུན་མ་བཤད་ཅེས་པ་དེ་ལ་གོ་ཡོང་རྒྱུ་ཞིག་མི་འདུག སྐྱག་རྫུན་ཅི་བཤད་ནི་གསལ་ཁ་བཏོན་མི་འདུག ཆོས་དད་རང་དབང་སྤྲོད་དགོས་ཟེར་བ་དེ་ལ་ཡང་གོ་རྒྱུ་མི་འདུག ཏཱ་ལའི་བླ་མ་ཁོ་རང་གི་རང་དབང་ཤོར་ཡོད་ནས་གཞན་ཡུལ་ལ་སྐྱབས་བཅོལ་ནས་འདུག་མཁན་ཞིག་གིས་ཁོ་ཚོའི་ཆོས་དད་རང་དབང་འཕྲོག་ཟེར་བ་རྣ་བར་མི་འགྲོ་བ་ཞིག་རེད།
དོལ་ཆུ་བོའི་ཁར། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཁོང་། སྨོན་ལམ་ལོག་ནས། གདོན་འདྲེར་སྐྱེས་པ་ལ། དོལ་རྒྱལ་ཞེས་མིང་ཐོགས་པ་རེད།
མདོར་ན་སྤྲུལ་སྐུ་རྫུན་མ་ཅིག་སྤྲུལ་སྐུར་འཚང་ནས། གདོན་འདྲེར་སྐྱེས་པ་རེད། ད་རྒྱལ་མཚན་ནོར་བུ་ཡང་སྐྱེ་བ་རྫེས་མ་གདོན་འདྲེར་སྐྱེ་རྒྱུ་ངེས་པ་རེད། སྙིང་གཅེས་ཨ།
སྤྲུལ་རྫུན་སྤྲུལ་སྐུར་བཀུར་འགྱུར་ན། །
གདོན་འདྲེར་སྐྱེས་པ་ཐེ་ཚོམས་མེད། །
དེས་ན་་་་་་་
འཇིག་བརྟེན་གྱི་བྱ་བ་གང་དང་གང་ཞིག་གི་འགལ་ཟླ་ཟུང་ལ་དེ་ནི་རྣམ་པ་ཐམས་ཅད་ནས་བདེན་པ་དང་དཀར་པོ། དེ་ནི་རྣམ་པ་ཐམས་ཅད་ནས་མི་བདེན་པ་དང་ནག་པོ་རེད་ཞེས་བཤད་ཡོང་མཁན་མི་བུ་དེ་ཡང་བདེན་པ་དང་དྲང་པོ་མིན་པས་རང་རྟགས་སྟོན་པ་རེད་ལ། བློ་ཟུར་བོར་གནས་པའི་དཔྱོད་བརྗོད་པ་ཞིག་ཀྱང་མ་རེད། དོལ་རྒྱལ་སྐོར་གྱི་གླེང་སྙོག་དེ་ལས་སླ་པོ་ཞིག་དང་སྟབས་བདེ་པོ་ཞིག་གིས་ཡིན་ཐག་དང་མིན་ཐག་བཅོད་ཆོག་ཆོག་ཞིག་མ་རེད། བོད་ཀྱི་ལྷ་དང་བླ་མའི་འབྲེལ་བ་དང་རྒྱུད་རིམས་ཀྱི་འོག་ནས་ཞིབ་རྩོད་བྱེད་ན་མགོ་ཐོམས་རྒྱུ་ལས་ཡོད་མ་རེད།
དོལ་ཚོགས་འདུལ་བའི་བདེན་གཏམ་མཚོན་ཆ་དགུ་རྩིགས།
དམ་ཚིག་མེད་པའི་དོལ་ཚོགས་ཤིག་གིས་དོན་དམ་སྐྱབས་མགོན་སྐུར་འདེབས་བྱས།།
རིགས་ཞེན་མེད་པའི་རུ་ཚོགས་ཤིག་གིས་རུལ་དྲི་ཁ་བའི་བྱ་ངན་བརྩམས།།
ལ་རྒྱ་མེད་པའི་ལས་ཚོགས་ཤིག་གིས་ལ་ལུང་ཀུན་ཏུ་ལས་ངན་བསགས།།
སྤྱི་སེམས་མེད་པའི་སྤྱི་ཚོགས་ཤིག་གིས་སྤྱི་དམངས་སེམས་ལ་རྨ་ཁ་བཟོས།།
རྙིང་མ་པ་ཡི་བསྟན་དགྲ་དེ་ཡིས་བསྟན་འཛིན་སྐྱེས་བུ་སྲོག་ཐོག་བཏང་།།
ས་སྐྱ་པ་ཡི་རྒྱལ་འགོང་དེ་ཡིས་རྒྱལ་དབང་རིམ་བྱོན་གདོང་དུ་ལངས།།
བཀའ་བརྒྱུད་པ་ཡི་གདོན་འདྲེ་དེ་ཡིས་གདོན་བགེགས་སྐྱབས་ཡུལ་ལམ་སྲོལ་གཏོད།།
དགེ་ལུགས་པ་ཡི་དམ་སྲི་དེ་ཡིས་དམ་ཉམས་ཁྲེལ་མེད་ཁྱུ་ཚོགས་བསྐངས།།
གུང་ཁྲན་ཏང་གི་སྲུང་མ་དེ་ཡིས་སྲུང་མ་དམར་ནག་ཐུགས་དགོངས་དཀྲུགས།།
སྨོན་ལམ་ལོག་པའི་རྒྱལ་འགོང་ཞིག་གིས་ཞི་བདེ་བསྐྲུན་པའི་ལམ་བུ་བཀག།
བསྟན་ལ་ཁུ་བའི་དམ་སྲི་ཞིག་གིས་གངས་ཅན་པ་ཡི་ཕུགས་འདུན་བཀག།
འགྲོ་ལ་འཚེ་བའི་གདོན་འདྲེ་ཞིག་གིས་ཁ་བ་རི་པའི་ལས་དོན་བཀག།
དམ་སྲི་གདོན་འདྲེ་དོལ་རྒྱལ་ཚོགས་པ་ས་ཡ་དྲུག་གི་སྤྱི་དགྲར་གྱུར།།
རྒན་ཀ་རྡོ་ལགས། ངས་དེ་ཚོ་སྔ་ས་ནས་བཀླགས་ཟིན། ངས་དྲི་བ་རྩོད་པ་འདི་བཙན་བྱོལ་དུ་འབྱོར་ནས་བཟུང་སྟེ་རྙོག་གྲ་ཆེན་པོ་ཆགས་སོང་དེ་ག་དུས་ནས་བྱུང་བ་རེད་ཟེར་གྱི་ཡོད། གོ་ཐོས་ལ་ཆོས་རྒྱུད་ག་གེ་མོའི་བླ་སྤྲུལ་འགའ་ཞིག་གིས་བསྐུལ་མ་བྱས་པ་དང་མི་འགྲིག་རབས་མང་དུ་གསུངས་པ་ལ་བརྟེན་ནས་བྱུང་བ་རེད་ཅེས་གོ་བདེན་མིན་མི་ཤེས། མ་གཞི་ནས་དོལ་རྒྱལ་འདི་ཆོས་རྒྱུད་ག་གེ་མོ་ལ་དམིགས་བསལ་གྱིས་སྡང་རབས་ཅིག་བཤད་ཡོང་གི་འདུག་དེ་ཡང་རྒྱུ་མཚན་ཤེས་དགོས་པ་འདུག
ལོག་སྨྲས་དོལ་ཚོགས་འདུལ་བའི་ཚིག་སྦྱོར་ཡག་པོ་ཞིག་བརྩམས་འདུག སྙན་པོ་བྱུང། ཡིན་ནའང་། ས་ཡ་དྲུག་གི་ནང་དུ་ཁ་ཆེ་བོད་པ་དང་བོན་པོ་བོད་པ་མེད་པ་འདྲ་ཧཧཧཧ་སྐུ་རྩེད་ཞུས་ཡིན་མི་ཟེར་མཁན་འ
དེ་འདི་འདྲ་རང་རེད། འོ་དེ་ཡིན་ན་ཆོས་ལུགས་ཆོས་རྒྱུད་ཀུན་གྱིས་ཇུས་གཏོགས་མི་དགོས་པ་འདྲ།
བཙན་བྱོལ་དུ་ཐོག་མའི་རྙོག་གླེང་བཟོ་མཁན་དང་པོ་དེ་མཛེ་མེད་རིན་པོ་ཆེའི་ཕ་རྒོད་བླ་མའི་ཞལ་ལུང་དང་། དེའི་རྒྱབ་རྩར་ཟོངས་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ་གསུམ་པོ་རེད། བན་དེ་ལགས།
དེ་ནས་ལོན་ཌོན་གྱི་དགེ་བཤེས་རྫུན་མ་སྐལ་བཟང་ཁོ་དང་། གངས་ཆེན་བླ་མ་སོགས་ནས་སྤེལ་བ་དང་། ད་ཆ་བསྟན་འཛིན་རྒྱ་མཚོ་སོགས་མི་དམངས་ཁ་བརྡ་སོགས་ཀྱིས། རྙོག་དྲ་གང་ཐུབ་བཟོ་བཞིན་ཡོད་པ་འདྲ། ད་དུང་དཔྱད་ཞིབ་དགོས་པ་མང་ངོ་།། །།
མཛེ་མེད་རིན་པོ་ཆེས་ཕ་རྒོད་བླ་མའི་ཞལ་ལུང་འབྲི་དགོས་པའི་རྒྱུ་མཚན་གང་ལ་ཐུག་གམ
དེའི་དུས་ཀྱི་བཙན་བྱོལ་བོད་གཞུང་དང་། དགེ་ལུགས་པ་མང་ཆེ་བས་གུ་རུ་རིན་པོ་ཆེར་གསོལ་བ་འདེབས་ཆེ་བས་ཡིན་པ་རེད། ཡག་པོ་ཅིག་ཤེས་མ་སོང་ངོ་།། །།
དོལ་རྒྱལ་རིང་ལུགས་པས། རྙིང་མའི་སྐུ་གསུང་ཐུགས་རྟེན་གཏོར་བའི་ནག་ཉེས་དང་པོ་བོད་རང་ནས། བསགས་པ་ཟིན་དེའི་རྐྱེན་བྱས་ཡང་སྲིད།
ནག་ཉེས་དང་པོ་བོད་རང་ནས། བསགས་པ་ཟིན་དེའི་རྐྱེན་བྱས་ཡང་སྲིད།
འདི།
ནག་ཉེས་དང་པོ་བོད་རང་ནས། བསགས་ཟིན་པ་དེའི་རྐྱེན་བྱས་པ་ཡང་སྲིད།
དགེ་ལྡན་པ་རིས་མེད་བྱེད་མི་ཐུབ་མཁན་བླ་སྤྲུལ་འགས། རྙིང་ཆོས་ལ་ཕྲག་མདོག་དང་། སྡང་ཤུག་བྱས་པ་དངོས་བདེན་ཡིན་པ་འདྲ།
བན་དེ་བ་ལགས་ཁྱེད་རང་དེའི་ཐོག་གང་ཡང་ཤེས་ཀྱི་མེད་ན་སྔོན་ལ་མཆན་འབྲི་རྒྱུ་ཕར་ཞག་ནས་དེབ་མང་ཙམ་ཀློག་གནང་དང་ཡང་ན་YouTube ནང་ཕེབས་ནས་གསན་གཟིགས་གནང་ན་ཞི་ནས་མགོ་ཏོག་ཙམ་ཚོད་འདོག་ཁ་པོ་རེད་
ཆོས་དད་རང་དབང་ཡོད་མེད་ནི་ཆོས་དང་འབྲེལ་བའི་སྐད་ཆ་ཞིག་རེད། དྲེག་པ་ལ་སྐྱབ་གནས་སུ་བྱས་ན་སྐྱབ་འགྲོའི་བསླབ་བྱ་དང་འགལ་གྱི་ཡོད་དུས་ཆོས་དད་རང་དབང་ཡོད་མེད་ཀྱི་སྐད་ཆ་བཤད་སའི་གཞི་རྩ་ཅི་ཡང་མེད་པ་རེད། འདི་ངོ་མ་བྱས་ན་རྙོག་གྲ་ཆེན་པོ་ཅི་ཡང་མ་རེད། དྲེག་པ་ཞིག་རྟེན་གསོལ་བྱེད་མི་བྱེད་ཀྱི་གནད་དོན་ཙམ་ཞིག་རེད། འོན་ཀྱང་དོལ་ཚོགས་ཀྱི་འདི་གལ་ཆེན་པོར་བརྩི་བཞིན་པའི་རྣམ་པ་ཞིག་ཡོད་པ་འདི་ནི། མཐར་བཏུག་ན་མི་སྒེར་གྱི་ཁེ་ཕན་ལ་ཐུག་ཡོད་པ་རེད།
བླ་མ་དང་སློབ་མའི་འགལ་བ་ཞིག་ལ་ཆོས་དད་ལ་འབྲེལ་བ་མེད་དོན་ག་རེ་རེད། ཁྲི་བྱང་རིན་པོ་ཆེ་དང་གོང་ས་མཆོག་བླ་སློབ་མ་རེད་དམ། ད་ལན་རྒྱོབ་ཤོག
ངོ་མ་རེད་དགོས་དུས་བླ་མ་ཡིན་ཟེར་ནས་སྤྱི་བོའི་གཙུག་ཏུ་བཀུར་མི་དགོས་དུས་ཆོས་འབྲེལ་དབང་ལུང་ཞུས་ཀྱང་བླ་མ་མིན་མདོག་མདོག་དེ་འདྲ་གང་ཡིན་ནམ། སློབ་དཔོན་ལྷ་ཡི་བཀའ་བྱུང། དམྱལ་བར་བཅུགས་ཀྱང་བཟོད་དེ་མཆིས།
དོལ་རྒྱལ་རྙོག་གྲའི་ཤུགས་དང་ལྡན་པས། རྙོག་གྲའི་ཤུགས་ལྡན་དུ་གྲགས་པ་དང་འདྲའོ།། ཧཧཧ།། །།
ཏཱ་ལའི་བླ་མས་བླ་མ་ཉི་ཤུ་བརྟེན་པའི་ནང་ནས་གཅིག་མ་གཏོགས་དོལ་རྒྱལ་བརྟེན་པ་ཕར་ཞོག་དགག་མཁན་རེད། གཅིག་དེས་ཀྱང་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་མི་བརྟེན་པར་མོས་མཐུན་རྒྱབ་སྐྱོར་བྱས་པ་རེད།
བོད་པའི་ཡུལ་ལྷ་ཞི་བདག་ཆང་ང་ཆུང་ངེ་མང་ཆེ་བ་ནི། དོལ་རྒྱལ་དང་འདྲ་བར་ཡི་དྭགས་ཀྱི་རིགས་རྐྱང་རྐྱང་ཡིན་པ་འདྲ་འདུག
གང་མང་བའི་ཁ་ལ་ཉན་དགོས་པ་དེ་གནད་འགག་རེད། དེ་ཡིན་དུས་ཏཱ་ལས་བླ་མས་དྲང་པོ་གནང་འདུག
་་་་་་ཏཱ་ལས་བླ་མས་དྲང་པོ་གནང་འདུག ་་་་་་
སྤོབས་མཐས།
ཏཱ་ལའི་བླ་མས་དྲང་པོ་གནང་འདུག
ཞེས་འབྲི་དགོས། སྤོབས་མཐའ་ལགས།
དོལ་རྒྱལ་དྲེག་པ་ཡིན་པས་བརྟེན་གསོལ་བྱེད་ན་སྐྱབ་འགྲོའི་སློབ་བྱ་དང་འགལ་བ་ཡིན་ན། བླ་ན་མེད་པའི་སྐྱབས་མགོན་གོང་ས་མཆོག་གིས་མི་ལོ་ཉེར་ཤུ་ཡར་མན་ཞིག་ལ་དེ་བརྟེན་གསོལ་བྱས་པས་ཁོང་ཡང་སྐྱབ་འགྲོའི་སློབ་བྱ་དང་འགལ་སོང་ནི་རེད། ཁྲི་བྱང་རིན་པོ་ཆེ་ནི་གོང་ས་མཆོག་གི་དབང་ལུང་ཁྲིད་གསུམ་སོགས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡར་ན་མེད་པའི་སློབ་དཔོན་ཆེ་མོ་དེ་རེད། ཁོང་ལ་མི་འདོད་པའི་བསམ་སྦྱོར་མཁན་རྣམས་ཀྱིས་གོང་ས་མཆོག་ལ་བླ་མ་ཇི་ལྟར་སྐུལ་ཡང་དོན་དུ་ནང་གཞུང་གི་བཤེས་གཉེན་རྟེན་ཚུལ་གྱི་རྣམ་བཞག་མི་ཤེས་པའི་རང་རྟགས་རེད། དེ་ནི་བླ་སློབ་བར་གྱི་དམ་ཚིག་དང་འགལ་བའི་བྱ་སྤྱོད་ཡིན་པས་མདོ་ཕྱོགས་སུ་སྐྱབ་འགྲོའི་སློབ་བྱ་དང་འགལ་བ་དང་། སྔགས་ཕྱོགས་སུ་རྩ་སྟོང་གི་ཉེས་པ་འབྱུར་རྒྱུ་ལས་མེད། དེ་ལྟར་ན། བོད་འདིར་བླ་མ་དམ་ཉམས། སློབ་མ་དམ་ཉམས། རྒྱལ་པོ་དམ་ཉམས། འབང་མི་དམ་ཉམས་སོགས་དམ་ཉམས་ཀྱི་ས་སྟེང་གང་སོང་ནི་རེད། ད་དུང་དོལ་རྒྱལ་དང་འབྲེལ་བའི་དམ་ཉམས་ཀྱི་ལོ་རྒྱུས་བཤད་དགོས་ན་བོད་འདི་ལ་ནང་ཆོས་ཀྱི་དྲི་ཙམ་ཡང་མེད་པའི་མཚམས་སུ་སླེབས་ཡོད། བླ་བྲང་གོང་འོག་གཉིས་ཀྱི་འགལ་འདུ་དེས་འབྲས་སྤུང་ཚང་དང་། དགེ་ལུགས་ཚང་། དགའ་ལྡན་ཕོ་བྲང་ཚང་དང་། ད་ལྟའི་གཞུང་མེད་བོད་མིའི་སྤྱི་ཚོགས་ཡོངས་སུ་དམ་ཉམས་བཟོ་བཞིན་པ་འདི་དག་བླ་སློབ་ཚང་མར་འགན་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་རེད་དོ།
ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་རྟེན་གསོལ་བྱེད་ཀྱི་ཡོད་པ་དངོས་ཡོད་ཡིན་ཡང་གོང་ས་མཆོག་གིས་རྟེན་གསོལ་མཚམས་འཇོག་གནང་སྐབས། བླ་མ་ལ་བཀའ་འདྲི་དགོངས་སྐོར་ཞུས་ནས་བཀའ་ཡོངས་སུ་ཁྲོལ་བ་ཞིག་ཡིན་ཞེས་ཡང་ནས་བསྐྱར་དུ་གསུང་ཡོད། འོན་ཀྱང་དོ་སྣང་མེད་མཁན་ཚོས་མ་ཐོས་ན་ཁག་མེད། དེ་ཡན་ཆད་གནམ་ལོ་དང་བན་དེའི་སྐལ་བ་གྱིས། གོང་ས་མཆོག་གིས་དོལ་རྒྱལ་རྟེན་གནང་སྐབས་དྲེག་པ་དྲེག་པའི་ས་ལ་བཞག་ནས་རྟེན་གནང་བ་ལས་དེང་སང་གི་དོལ་རྒྱལ་བ་ཁག་ཅིག་བཞིན་དུ་སྐྱབ་གནས་ཀུན་འདུས་ལ་བརྩིས་ནས་སྐྱབ་སུ་སོང་མེད། སྐྱབ་འགྲོའི་སླབ་བྱ་དང་འགལ་མི་འགལ་ཡང་འདིས་སྟེང་ནས་དབྱེ་བ་ཕྱེ་དགོས། ཁྲི་བྱང་རིན་པོ་ཆེ་བླ་མ་ཚད་ལྡན་རེད་ལ། ཧེ་རུ་ཀ་ཡབ་བཀའ་ཡུམ་བཀའི་བསྟན་པའི་བདག་པོ་རེད། འོན་ཀྱང་དོལ་རྒྱལ་རྟེན་གསོལ་གནང་བ་དེ་ནོར་འཁྲུལ་བྱུང་བ་རེད་ཅེས་གོང་ས་མཆོག་གིས་གསུངས་ཡོད་ལ། ང་ཚོས་ཡང་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད། ནོར་འཁྲུལ་ནི་མི་སུ་ལ་ཡང་ཡོང་སྲིད་པས་ནོར་འཁྲུལ་ནོར་འཁྲུལ་དུ་ལྟས་པས་དམ་ཚིག་ཉམ་དོན་མེད་པ་རེད།
༧གོང་ས་མཆོག་ལ་མ་དད་ནའང་ཆོག ཡིན་ན་ཡང་། དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་རྣམས་ལ་བསམ་ཚེ། ཕྱོགས་ཞེན་གྱིས་རེད་ཟེར་ནའང་ཆོག དད་ཞེན་གྱིས་རེད་ཟེར་ནའང་ཆོག གང་ལྟར་བོད་མི་ཞིག་ཡིན་པའི་སྟབས་ཀྱིས་བཟོད་སྒོམ་དང་རིས་མེད་ཅིག་ཡིན་ཁུལ་གྱིས་རྫུ་ལྤགས་གྱོན་ཐབས་བྲལ། རྒྱུ་མཚན་ནི། ༧གོང་ས་མཆོག་ནི་བོད་མི་རིགས་འཆི་གསོན་གྱི་མཚམས་ནས་སྐྱོབ་མཁན་གྱི་མི་རིགས་ཀྱི་རླབས་ཆེན་མི་སྣ་ལ་ངོས་ཟིན་ཡང་དག་ཐོབ་པས་ཡིན།
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རང་ཉིད་དོལ་རྒྱལ་བཞག་ནས་ལོ་ངོ་ཉི་ཤུའི་རིང་གཞན་ལ་བསྟེན་མི་འོས་པའི་ལམ་སྟོན་གནང་མེད། རྗེས་སུ་དགའ་ལྡན་ནང་དགེ་འདུན་མང་པོ་གྲོངས་པ་དང་རྡ་སར་གུ་རུའི་འབུམ་ཚོགས་སྐབས་བཙུན་དགོན་ཁག་ནས་འབུམ་ཚོགས་ལ་མ་ཡོང་བར་གནས་དོན་འདྲི་སྐབས་མཛེ་སྨད་རིན་པོ་ཆེས་ནང་དུ་དགེ་ལུགས་པ་ཞིག་གིས་གུ་རུ་འདོན་པ་སོགས་རྙིང་ཆོས་བྱས་ན་ཤུགས་ལྡན་གྱིས་གནོད་རབས་བྲིས་འདུག་ཅེས་པ་དེ་རེད། དེ་ནས་༧གོང་ས་མཆོག་གིས་ལོ་མང་རིང་དོལ་རྒྱལ་བསྟེན་ན་ཉེས་པ་ཇི་ཡོད་གསུངས་པ་ལས་བཀག་འགོག་ནམ་ཡང་གནང་མེད། དཔེར་ན་ཐ་མག་འཐེན་ན་ལུས་ཁམས་ལ་གནོད་པར་བཤད་པ་དེས་ཐ་མག་བཀག་འགོག་བྱས་ཀྱི་མེད་པ་དང་ཆ་རེད། དེའི་བར་ན་དོལ་རྒྱལ་རྗེས་འབྲང་བ་དག་གིས་རྡ་སར་མཚན་ཉིད་དགེ་སློབ་གསུམ་པོར་མི་རེར་གྲི་༡༢ཙམ་རྒྱབ་ནས་དཀྲོངས་པ་དང་། དགའ་བྱང་མཁན་ཟུར་གྱི་གཟིམ་ཤག་མེ་ལ་བུད་པ། དགའ་བྱང་རྩ་ཁང་མེར་བསྲེགས་བཏང་བ། སེར་སྨད་སློབ་དགེ་ལ་མ་ཤི་ཙམ་དུ་རྡུང་བ། ༧རྒྱལ་བའི་སྐུ་ཚབ་གཞིས་འགོ་བཟའ་ཟླ་དང་བཅས་པའང་མ་ཤི་ཙམ་དུ་གཏོར་བ། ཤར་རྩེ་རྡོ་ཁང་ནས་གཞིས་མི་རྣམས་ལ་རྡོ་ཆར་ཕབས་ནས་སྨན་ཁང་དུ་སྐྱེལ་བ། སེར་སྨད་སྤོམ་འབོར་ནས་གྲྭ་པ་ལྔ་བཅུ་ཡས་མས་ཀྱིས་དབྱུག་པ་འཁྱེར་ནས་གཞིས་མི་ཉེས་རྡུང་བཏང་དུ་སོང་བ་ན་གཞིས་འགོ་དང་མཁན་པོས་བཀག་ཐུབ་ལ་མ་ཐུབ་ལ་བཅས་བྱུང་བ་སོགས་ནི་ཁྲིམས་ཐོག་ན་འཁོད་པའི་དོལ་ཚོགས་ཀྱི་ཉེས་པ་དག་ཡིན། མདོར་ན་དོལ་རྒྱལ་རྗེས་འབྲང་བ་ཚོས་ ༢༠༠༨ བར་དུ་སེར་སྨད་དང་ཤར་རྩེ་གྲྭ་ཚང་སོགས་སུ་༧གོང་ས་མཆོག་ལ་དད་མོས་དང་རང་གཞུང་ལ་དགའ་མཁན་ཚོར་མངོན་གསལ་དོད་མ་དོད་ཀྱིས་ཐུབ་ཚོད་དང་ཧམ་བཤད་འཇིགས་སྐུལ་བྱས་པ་བགྲང་གིས་མི་ལང་། ༢༠༠༨ གྲྭ་པ་བྱིངས་རྣམས་འུ་ཐུག་ནས་མཉམ་ལངས་བྱས་ནས་འདུལ་ཁྲིམས་ལྟར་གསོལ་ཤིང་བླངས་ནས་དོལ་རྒྱལ་བསྟེན་མིན་གྱི་འོས་བསྡུ་བྱས་སྐབས་དོལ་རྒྱལ་བ་རྣམས་རྦད་དེ་ཕམ་པ་རེད། དེ་ནས་དགེ་འདུན་བྱིངས་ནས་ང་ཚོ་ཁོང་ཚོ་དང་མཉམ་ཚོགས་བྱས་མི་ཐུབ། ཁོང་ཚོ་ནི་རང་གི་བླ་མ་ལ་སྐུར་འདེབས་ཞུས་མཁན་གྱི་དམ་ཉམས་ཡིན་པས་དམ་གྲིབ་དེ་ང་ཚོ་ལའང་བགོས་ཉེན་ཡོད་ཅེས་བཤད་ནས་སོ་སོར་འབྱེད་པ་རེད། དབྱེ་འབྱེད་སྐབས་སུའང་ཁོང་ཚོ་མི་གྲངས་ལ་དཔག་པའི་ཐོབ་ཐང་ཆ་ཚང་ལེན་པ་མ་གཏོགས་ཆད་ལྷག་དང་གྱོང་ཁ་སྤུ་ཙམ་ཡང་འཁྱེར་མེད། དཔེར་ན་ཤར་རྩེ་གྲྭ་ཚང་ནས་ཐོན་མཁན་གྱི་དོལ་རྒྱལ་བ་ཚོས་མི་དགུ་བརྒྱ་ལྷག་གིས་གྲྭ་ཚང་གི་མ་དངུལ་ནས་མི་རེས་འབུམ་རེ་འཁྱེར། སྣུམ་འཁོར་བཟང་ངན་གཉིས་ལས་བཟང་བ་ཁོང་ཚོས་ཁྱེར། ལྡི་ལིའི་མགྲོན་ཁང་ཁོང་ཚོས་ཁྱེར། ཆོས་ར་རྒྱབ་ཀྱི་ས་ཆ་གཞི་རྒྱ་ཆེན་པོ་ཡོད་པ་བཅས་ཚང་མ་ཁོང་ཚོས་ཁྱེར་བ་རེད། སེར་སྨད་ལ་མཚོན་ན་་གྲྭ་ཚང་་རང་ལ་འདི་ལྟར་བྱས་མེད་ཀྱང་སྤོམ་འབོར་ཁང་ཚན་གྱི་འདུ་ཁང་གསར་པ་དང་གྲྭ་ཤག་གསར་རྙིང་བཅས་པ་ཡོངས་རྫོགས་ཁོང་ཚོས་ཁྱེར་བ་རེད། དེ་ཡང་སྐབས་དེར་སྦེལ་ཀོབ་ཀྱི་ཚོང་པ་ཆེན་པོ་མང་པོ་རྐུབ་རྡིབ་ནས་གྲྭ་ཚང་རང་ལ་བུན་ཤོག་ནུས་མེད་ཤ་སྟག་ལས་དངུལ་མར་དོན་དམ་པ་མེད་པས་རེད།
རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་གསོ་གཏད་ཀྱི་དངོས་གཞི་མཚམས་སུ་བར་དུ་རྟེན་གསོལ་གནང་བ་རེད། དྲེག་པའི་ཚུལ་གྱིས་རྟེན་མིན་དེ་ནས་གསལ། ཁྲི་བྱང་རིན་པོ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་དོལ་རྒྱལ་གྱི་སྐོར་གྲགས་འགུལ་གང་ཡང་མེད་པར་ཁོང་འདས་ནས་ལོ་མང་རྗེས་ནས་ཁྲི་བྱང་རིན་པོ་ཆེས་བཀའ་དགོངས་ཐོབ་ཚུལ་ས་གྲགས་གནམ་གྲགས་གནང་བ་རེད། དེ་ཚོ་ཡང་དཔྱོད་གཞི་ལས་ཤེས་བྱེད་དུ་མི་རིགས།
ཁྲི་བྱང་རིན་པོ་ཆེ་འདས་ཚར་དུས་གསུང་ན་རྫུན་ཡིན་དགོས་པའི་རྒྱུ་མཚན་ཅི་ཡོད། ལར་ནས་གོང་ས་མཆོག་གིས་རྫུན་གསུང་མི་གསུང་འཛམ་གླིང་གི་རྣམ་དཔྱོད་ཅན་གྱི་མི་ཚང་མའི་སེམས་ན་གསལ་ལེར་ཡོད་པ་རེད། ཁོང་གིས་རྫུན་བཤད་ཀྱི་འདུག་ཟེར་མཁན་ནི་གུང་ཕྲན་དང་དོལ་ཚོགས་གཉིས་ལས་སུ་ཡང་མེད། འཛམ་གླིང་སྟེང་གི་ཉི་མ་ལྟ་བུའི་སྐྱེས་བུ་རླབས་ཆེན་འདི་འདྲ་ཞིག་ལ་གཞི་རྩ་མེད་པའི་མཚན་སྨོད་འདི་འདྲ་ཞུས་ན། རང་ཉིད་ཀྱི་སྐྱག་པ་ལྟ་བུའི་མི་གཞི་དེ་ཕྱིར་མངོན་པ་ལས་གཞན་ཅི་ཡོད།
ཁྲི་བྱང་དང་གོང་ས་མཆོག་བླ་སློབ་ཞལ་འཛོམས་སྐབས་སུ་གོང་ས་མཆོག་གིས་དོལ་རྒྱལ་སྐོར་དམ་སྒྲག་མི་བྱེད་དོན་ཅི་ཡིན་ནམ། རྒྱ་དམར་གྱིས་གོང་ས་མཆོག་ནི་རྫུན་གྱི་མཁན་པོར་ངེས་འཛིན་བཞིན་དུ་གོང་ས་མཆོག་གིས་རྒྱ་དམར་དང་མཉམ་དུ་མཐུན་སྦྱོར་གྱི་བློ་རྩེ་ཡོད་དགུ་སྤྱོད་པ་དང་དོལ་ཚོགས་ལ་དེ་འདྲ་མི་བྱེད་དོན་གང་ཡིན་ནམ།
་་་་་་་ ཁོང་གིས་རྫུན་བཤད་ཀྱི་འདུག་ཟེར་མཁན་ནི་གུང་ཕྲན་དང་དོལ་ཚོགས་གཉིས་ལས་སུ་ཡང་མེད། འཛམ་གླིང་སྟེང་གི་ཉི་མ་ལྟ་བུའི་སྐྱེས་བུ་རླབས་ཆེན་འདི་འདྲ་ཞིག་ལ་གཞི་རྩ་མེད་པའི་མཚན་སྨོད་འདི་འདྲ་ཞུས་ན། རང་ཉིད་ཀྱི་སྐྱག་པ་ལྟ་བུའི་མི་གཞི་དེ་ཕྱིར་མངོན་པ་ལས་གཞན་ཅི་ཡོད། ་་་་་་་་
ངས་ཀྱང་འདི་ལྟ་བུ་ཞིག་བསམས་ནས་བསྡད་ཡོད།
རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་མི་བརྟེན་པ་དང་དོལ་རྒྱལ་བརྟེན་མཁན་ལ་ཆོས་འབྲེལ་མི་འཇོག་པ་མ་གཏོགས་དོལ་རྒྱལ་ཚོགས་པ་ལ་མཐུན་འབྲེལ་མི་བྱེད་ཅེས་གསུངས་པ་གོ་མ་མྱོང་། དོལ་རྒྱལ་བརྟེན་མི་བརྟེན་ཁྱོད་རང་ཚོའི་རང་དབང་རེད། དོལ་རྒྱལ་བརྟེན་ན་དེ་ལུགས་ཁ་གསལ་པོ་གྱིས། ངའི་རྩ་ནས་ཆོས་མ་ཞུ་དང་དེ་ནས་ང་ཚོ་མ་མཐུན་པ་མེད་ཅེས་གསུངས་སོང་། དོལ་ཚོགས་ཀྱིས་མགོ་སྐོར་བཏང་། སྐད་འབོད་བྱས། ཐ་ན་གསུངས་ཆོས་ར་བའི་སྒྲིག་ལམ་ཡན་ཆོད་གཏོར་བཤིག་བྱས་བསྡད་པ་མཐོང་སོང་།
http://youtu.be/CJpNUcKmD78
བསྟན་འཛིན་སྟོབས་ལྡན་ནས་གསལ་པོར་འགྲེལ་བརྗོད་གནང་བར་བཀའ་དྲིན་ཆེ། གནས་ཚུལ་དེའི་རིགས་གོ་དགོས་པ་གལ་ཆེན་པོ་རེད། དོལ་རྒྱལ་ཕྱོགས་ཀྱི་གནས་ཚུལ་ཀྱང་གོ་དགོས། དེ་མིན་རྣ་བ་ཡ་གཅིག་བཀག་ཡ་གཅིག་ཕྱེ་བ་ཡིན་ན་གནས་སྟངས་ངོ་མ་དེ་གང་འདྲ་ཡིན་མིན་ད་དུང་ཐེ་ཚོམ་སྐྱེ་མཁན་མང་པོ་ཡོད་སྲིད།
༧གོང་ས་མཆོག་དང་ཁྲི་བྱང་རིན་པོ་ཆེ་གཉིས་ཀྱི་བར་ལ་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཀུན་གྱི་མཁྱེན་གསལ་རེད་འོན་ཀྱང་དེ་རིང་ཡང་རོང་བཙན་ལགས་ཀྱི་བཙན་ཤུགས་སྒོ་ནས་ཁུངས་ལུང་མེད་པ་མང་པོ་ཞིག་གསུངས་ཀྱི་འདུག་ལ་ལྷག་པར་དུ་ཁྲི་བྱང་རིན་པོ་ཆེ་འདས་རྗེས་ས་གྲགས་གནམ་གྲགས་གནང་སོང་ཟེར་བ་སོགས་ལས་ཧ་ལམ་༧གོང་ས་མཆོག་གི་བླ་མ་འདས་རྗེས་ཞལ་རྫུན་གནང་སོང་ཟེར་གྱི་ཡོད་ན་ཁྱེད་རང་ཁྲི་བྱང་རིན་པོ་ཆེར་༧གོང་ས་མཆོག་ལས་ལྷག་པའི་བླ་སློབ་ཀྱི་འབྲེལ་དྲིས་ཡོད་དགོས་པས་དེ་འདྲ་ཡོད་དམ་ཡང་ན་ར་སྤྲོད་བྱེད་ཐུབ་པའི་གནས་ཚུལ་གསུང་རྒྱུ་ཡོད་དམ།
http://youtu.be/xqsrHiSa7Zc
ཁྲི་བྱང་རིན་པོ་ཆེ་བོད་རང་བཙན་གཙང་མའི་ལས་འགུལ་སྤེལ་མཁན་ཡོད་ན་མེད་ན་ཞིག་དང་བོད་རང་བཙན་ཐོབ་དགོས་པའི་ལྟ་བ་བརྟན་པོ་ཡོད་མཁན་ཞིག་རེད། ཐབས་སྐྱོ་བ་ཞིག་ལ་དེང་དུས་སུ་ཁྲི་བྱང་གི་རེ་འདུན་གཙོ་བོ་དེ་བོར་འགྲོ་གི་འདུག ཐ་ན་བོད་ཀྱི་རྒྱལ་གླུ་ཡང་ཁྲི་བྱང་རིན་པོ་ཆེས་བརྩམས་པ་རེད། ཁྲི་བྱང་གི་བཀའ་བསྒྲུབ་དགོས་ཟེར་མཁན་དོལ་རྒྱལ་ཚོགས་པའི་མི་སྣ་དབུས་མའི་གྲས་གངས་རྒྱན་དང་དགའ་ཁྲི་ལུང་རིག་རྣམ་རྒྱལ་ལགས་སོགས་ཀྱིས་ཁྲི་བྱང་གི་བོད་རང་བཙན་ལྟ་བ་ལ་ལྡོག་རོལ་གྱི་རྒྱ་དམར་གྱི་པཎ་ཆེན་ལ་ཆེ་བསྟོད་མཛད་སྒོར་ཞུགས་པ་སོགས་བྱས། ང་བླ་མ་རྒྱ་ནག་ཏུ་སོང་ནས་ཚུར་བལ་ཡུལ་དུ་ཡོང་ནས་བོད་རང་བཙན་ལས་འགུལ་འགོག་དགོས་ཚུལ་གྱི་འབོད་སྐུལ་བྱས་པ་སོགས་ལ་བལྟས་ན་དོལ་རྒྱལ་ཚོགས་པས་ཁྲི་བྱང་གི་རེ་འདུན་དེ་ཚོ་གལ་ཆེན་ཞིག་ལ་བརྩི་གི་མེད་པ་གསལ་པོ་རེད། ངས་ནི་ནམ་ཡིན་ཡང་དོལ་རྒྱལ་མི་བརྟེན་པ་འདི་ཁྲི་བྱང་གི་བཀའ་ལ་འགལ་བ་ཆེན་པོ་ཞིག་ལ་མཐོང་གིན་མེད་མོད་བོད་རང་བཙན་ཀྱི་ལྟ་གྲུབ་ནག་བསུབ་བཏང་ན་ཁྲི་བྱང་གིས་ཤི་དུར་ཁུངས་ནང་ནས་ཞེ་ཁྲེལ་གྱི་རེད་བསམ་གི་འདུག
རྒྱུ་མཚན་གོང་དུ་བཤད་པ་ལྟར། རྒྱལ་བ་རིན་པོ་ཆེ་དང་ཁོང་གི་རྗེས་འཇུག་ཚོ་ཡིན་ན་ཡང་རེད། དོལ་རྒྱལ་ལམ་རྡོ་རྗེ་ཤུགས་ལྡན་བརྟེན་དགོས་ཟེར་མཁན་ཡིན་ན་ཡང་རེད། ཁྱེད་རྣམ་པས་ངོ་མ་ཁྲི་བྱང་རིན་པོ་ཆེའི་བཀའ་བསྒྲུབས་པར་སེམས་ཤུགས་ཡོད་ན་ད་དངོས་གནས་དྲང་གནས། ཁྲི་བྱང་རིན་པོ་ཆེའི་རེ་འདུན་དང་། བཀའ་དགོངས། ཕུགས་བསམ། སེམས་ཤུགས་ཡོད་ན་མེད་ན་དེ་བོད་རང་དབང་རང་བཙན་སླར་གསོ་མཛད་རྒྱུ་དེ་ཡིན་པ་ང་ཚོ་ཚང་མས་མ་གོ་མ་ཐོས་མེད་པ་དེ་རེད། རིན་པོ་ཆེ་ཁོ་རང་གསོན་དུས་སེམས་མི་བདེ་ས་དང་ཤི་དུས་བླ་མ་བདེ་ས་དེ་ཡང་བོད་རང་དབང་རང་བཙན་ཤོར་བ་དེ་རེད། དེ་ཡིན་དུས། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། ཤ་མེད་རུས་ཀོང་དཀར་པོ་ཞིག།ཐོབ་རེ་ཤོར་གྱི་དོག་པ་ཡིས།།ལོ་སྟོང་འདས་པའི་ཁྱི་འཛིངས་དེས།།གཡོན་ཅན་སྙིང་ལ་དགའ་བ་སྟེར།།གསུངས་པ་བཞིན་དུ། ཁྱེད་རྣམ་པ་དགེ་ཕྲུག་ཚོས་ཀྱང་རྟོག་བཏགས་ལྷ་འདྲེའི་རེ་དོག་ཙམ་ལ་རྒྱལ་ཕམ་ཐོབ་ཤོར་བརྩད་ནས་མི་འདུག་པར། ཁྱོད་ཚོའི་ཁྲི་བྱང་རིན་པོ་ཆེ་ཚུད་པའི་བོད་མི་གཤིན་པོ་ཡོད་ཚད་ཀྱི་ཁ་ཆེམས། ང་ཚོ་ཚུད་པའི་བོད་མི་གསོན་པོ་ཡོད་ཚད་ཀྱི་རེ་བ་ངོ་མ་དེ་བོད་རང་དབང་རང་བཙན་སླར་གསོ་འདི་རེད། འདིའི་དོན་ལ་སུས་འབད་བརྩོན་བྱས་ན་དེ་ནི་ཁྲི་བྱང་རྡོར་འཆང་གི་དགེ་ཕྲུག་ཡག་ཤོས་དེར་ངོས་འཛིན་རྒྱུ་ཡིན་ལ་བོད་མི་མང་གིས་ཀྱང་མི་དེར་རྒྱབ་སྐྱོར་ཐོབ་ངེས་རེད།
རོང་བཙན། ཁྱོད་ལ་དུག་མ་འཐུང་ཁྱོད་སྡིག་ཤི་རྒྱག་གི་རེད་ཟེར་ན་ཁྱོད་ཀྱི་རང་དབང་འཕྲོག་པ་འུ་རེད། རོང་བཙན། ཁྱོད་ཀྱིས་ཁ་བརྡ་དྲ་བར་༧གོང་ས་མཆོག་ལ་གཞི་མེད་སྙོན་འཛུགས་བྱས་ནས་ང་ཚོའི་ཆོས་དད་ལ་དམ་དྲག་གཏོང་གི་འདུག ང་ཚོའི་རང་དབང་འཕྲོག་གི་འདུག ང་ཚོའི་འཚོ་གནས་ཀྱི་ཞི་བདེ་འཕྲོག་གི་འདུག ལྷིང་འཇགས་དཀྲོག་གི་འདུག ཁྱོད་ཀྱིས་ང་ཚོར་ཇི་ལྟར་མཐུན་སྦྱོར་བྱེད་ཀྱི་ཡིན།
གང་ལྟར་གོང་ས་མཆོག་གིས་རྫུན་གསུང་བ་རེད་ཟེར་ན་དེ་ཡིན་པའི་གནས་ལུགས་རྒྱུནམཚན་ཡང་དག་ཅིག་དགོས་པ་རེད། དེ མིན་ངས་གོང་དུ་བཤད་པ་དེ་ལས་མ་འདས་པ་རེད། དེ་མིན་ན་གོང་ས་མཆོག་གིས་ཁྲི་བྱང་རིན་པོ་ཆེ་ལ་བཀའ་འདྲི་དགོངས་སྐོར་ཞུས་ནས་གནང་བ་ཐོབ་སྟེ་མཚམས་འཇོག་གནང་བ་ཡིན་ཞེས་གསུངས་ཡོད་པ་ངས་གོང་དུ་ཡང་བཤད་ཡོད། འོན་ཀྱང་དང་པོ་ཁོང་གིས་རང་ཉིད་ཀྱིས་དོལ་རྒྱལ་རྟེན་གསོལ་མཚམས་འཇོག་གནང་བ་ལས། སྤྱི་ཚོགས་ནང་དམ་བསྒྲགས་གནང་རྒྱུའི་ཐུགས་འདུན་མེད་པ་རེད། འོན་ཀྱང་ཛེ་སྨད་རིན་པོའི་ཆེའི་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པའི་དེབ་དེ་ཐོན་པ་དང་། དེའི་རྐྱེན་པས་རྡ་སར་གུ་རུའི་འབུམ་ཚོགས་ཚོགས་སྐབས་དགའ་ལྡན་ཆོས་གླིང་སོགས་ཀྱི་ཨ་ནེ་ཁ་ཤས་ཚོགས་ལ་ཡོང་མ་ནུས་པ་རེད། དེའི་རྐྱེན་པས་དམ་བསྒྲགས་གནང་དགོས་བྱུང་བ་རེད། དེ་བཞིན་ཐོག་མར་དམ་བསྒྲགས་ཤུགས་ཆེན་པོ་གནང་མེད་ཀྱང་དོལ་རྒྱལ་བས་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་བཙུགས་ནས་མི་མང་པོ་ལ་འཇིགས་སྐུལ་དང་རྡུང་རྡེག་བྱས་པ་དང་། ལྷག་པར་རིག་ལམ་སློབ་དགེ་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དམར་གསོད་བཏང་བ་སོགས་ལ་རྟེན་ནས་ཤུགས་ཇེ་ཆེར་བཏང་དགོས་བྱུང་བ་རེད། འདི་ལྟར་ཕྱོགས་ཡོང་ཀྱི་གནས་ཚུལ་དང་དུས་སྐབས་ལ་ལྟས་ན་གསལ་པོ་ཆགས་ཀྱི་རེད། གོང་ས་མཆོག་གིས་དོལ་རྒྱལ་བར་བཏུན་མཁས་མ་གནང་བ་མིན་ཡང་དོལ་རྒྱལ་བས་ནམ་ཡང་གུ་གཤང་བྱེད་མྱོང་མེད་པ་རེད། རྒྱ་ནག་དང་འབྲེལ་མོལ་གནང་བ་ཡང་དེ་ལས་ལྷག་པའི་བོད་སྐྱབ་ཐབས་ཀྱི་ཐབས་ལམ་གཞན་མེད་པས་རེད། ང་ཚོས་རྒྱ་ནག་ལ་འབྲེལ་མོལ་བྱས་བ་གཞན་ཅི་ཞིག་བྱེད་ཐུབ་པ་འདུག བསམ་ཡོད་སུ་ཡིན་ཡང་ལམ་སེང་ཧ་གོ་ཐུབ་པ་ཞིག་རེད། བོད་རང་བཙན་ཟེར་མཁན་ཚོ་ལ་ཡང་ཐབས་ལམ་གཞན་གང་ཡང་སྟོན་རྒྱུ་མེད་པ་གསལ་པོ་རེད།
http://youtu.be/HHQlavwS8Bs རོང་བཙན་ལགས་དོལ་རྒྱལ་དང་འབྲེལ་བའི་བཀའ་སློབ་བརྒྱ་ཁྲག་མང་པོ་བཞག་ནས་ཁྱེད་རང་གོང་གི་འབྲེལ་ཐག་ལས་མ་བརྙེད་ན་འདི་གར་གུས་པས་འབྲེལ་ཞིག་མཐུད་ཡོད་པས་གསན་གཟིགས་གནང་རོག་གནང།
དོལ་རྒྱལ་དང་འབྲེལ་བའི་དགེ་ལུགས་པའི་བླ་རྒན་ཚོས་ཆགས་སྡང་གིས་ལས་སྦྱོར་ཁག་ཅིག་འདི་ན་གསུངས་འདུག། (སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་ཕྱག་ལས་དེ་ནོར་བ་རེད། ཡིན་ནའང་། བླ་མ་བསམ་གྱི་མི་ཁྱབ་པ་ཞིག་རེད། ང་རང་གི་རྒྱུད་པའི་བླ་མ་རེད་ལ། དད་པ་རྩེ་གཅིག་ཏུ་ཡོད།) བཅས་གསུངས་འདུག་འདི་ཚོར་གཟིགས་ནས་དེའི་ཚིག་དོན་ལ་ཡག་པོ་སོམས། ཆགས་སྡང་གི་བྱ་བ་སུ་ཡིས་གནང་གི་འདུག། དྲང་པོ་བཤད་ན། དོལ་རྒྱལ་ཡང་དག་དང་མ་དག་གི་རྣམ་དབྱེ་དང་ཚད་འཛིན་བྱེད་མཁན་དེ་རྒྱལ་བ་ལྔ་པ་མ་རེད། རྒྱུ་མཚན་ནི། གཟིམ་ཁང་གོང་འོག་གཉིས་ཀྱི་བླ་མ་སྤྲུལ་སྐུ་གྲགས་རྒྱལ་དང་གོང་ས་ལྔ་པ་གཉིས་མ་མཐུན་ནས་གྲགས་རྒྱལ་དམར་བསད་བཏང་བ་རེད། དེ་ནས་དོལ་རྒྱལ་ཞེས་པའི་དངོས་མེད་དེ་བྱུང་བ་རེད། གོང་ས་༡༤ མཆོག་གིས་རྒྱལ་བ་ལྔ་པ་དཀར་འདེབས་བྱེད་པ་ནི་རང་ཕྱོགས་ཀྱིས་འདོད་གཏམ་ཙམ་རེད། རྒྱལ་བ་ལྔ་པ་དང་སྤྲུལ་སྐུ་གྲགས་རྒྱལ་གཉིས་དོན་དུ་ཡིན་མིན་ཞུ་ཚད་མི་ཐུབ་ཀྱང་། ཕྱིའི་སྣང་ཚུལ་ལ་ཆགས་སྡང་གིས་མ་མཐུན་ནས་བླ་བྲང་གོང་འོག་འཁྲུགས་པ་རེད།
http://youtu.be/u5lME8I_5q8
ཧཧཧཧཧཧ་ ད་ཀུ་ཅི་༧གོང་ས་ལྔ་པ་ཆེན་པོ་ལས་ཀྱང་མཁྱེན་ཡོན་ཆེ་བ་ཡོད་མདོག་མ་གནང་ན་རན་པ་མེད་འགྲོ་རྒན་རོང་བཙན་ལགས་ ཡང་ག་ལེར་ག་ལེར་ལོ་༤༠༠ཙམ་གྱི་སྔོན་ལ་བྱུང་བའི་གནས་ཚུལ་དེའི་སྐབས་ང་རོངབཙན་ཡང་ཡོད་གསུང་མདོག་ཁ་པོ་འདུག་ཏ་ ད་ཧམ་པ་རི་ཙམ་མ་བཤད་ན་བདེན་པ་གཡག་ཙམ་མི་ཐོབ་ཟེར་བའི་དཔེ་དེ་ཤིན་ཏུ་བདེན།
ནོར། བཅོས།
ཀུ་ཅི། སྐུ་སྐྱིད།
ཀ་རྡོ་ལགས་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ་
སྒྲོ་སྐུར་་ལ་དགའ་བའི་མི་ཚོས་འདི་ལས་ཅི་བཤད། གོང་ས་མཆོག་གིས་ཕ་བོང་ཁ་པས་དོལ་རྒྱལ་རྟེན་པ་དེ་ནོར་འཁྲུལ་ཡིན་པར་གསུངས་པ་ལས། ཕྱག་ལས་གནང་ཚད་ནོར་བ་ཡིན་པ་ཞིག་གང་དུའང་གསུངས་མེད། ནོར་འཁྲུལ་ཡིན་པ་དེ་ཡིན་པར་གསུང་པ་ལ་ཉེས་པ་ཅི་ཡོད། གཉིས་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱིས་ཐོག་མར་གོང་ས་ལྔ་པ་ཆེམ་པོ་བླ་མར་རྟེན། རྗེས་སུ་བླ་མའི་བཀའ་དགོངས་དང་འགལ་ནས་དམ་ཚིག་ཉམ། དེའི་རྐྱེན་པས་ཤི་རྗེས་བསྟན་འགྲོར་གནོད་པའི་དམ་སྲི་གདུག་པ་ཅན་དུ་གྱུར་སོང་བ་ལས། གོང་ས་ལྔ་པ་དང་སྤྲུལ་སྐུ་གྲགས་རྒྱལ་གཉིས་མ་མཐུན་ནས་རྩོད་རྙོག་བྱུང་བའི་ལོ་རྒྱུས་ཤིག་གང་དུ་ཡང་མེད།
གོང་གསལ་མཆན་འགོད་པ་དེ་དག་ལས་སྤོབས་མཐའ་ཟེར་བའི་བཀའ་མོལ་དེ་དག་ལ་གོ་རྒྱུ་འདུག རྒྱུ་མཚན་བཀོད་འདུག་ལ་ལོ་རྒྱུས་བགྲངས་འདུག་པ་མ་ཚད་ལས་འཆར་ཡང་སྟོན་འདུག ངའི་རེ་བ་ལ་སྤོབས་མཐའ་ལགས་ལ་ཨ་རིའི་བོད་རླུང་གང་རུང་ཞིག་ནས་བདུན་གཅིག་གི་ཞབས་གཡར་གསར་འགོད་པའི་མཚན་གནས་གནང་སྟེ་དོལ་ཚོགས་ཀྱི་གཙོ་བདག་རྣམས་ལ་དྲི་བ་དྲི་ལན་དང་རྒྱབ་ལྗོང་བརྩད་ཞིབ་གནང་བའི་ལས་འགན་དེ་གནང་རོགས་བྱས་ན་བསམ། སྤོབས་མཐའ་ཁྱེད་རང་མ་གཏོགས་མི་གཞན་གྱིས་འཇོན་ཨ་ཡོང་ན་བསམ། སྤོབས་ལགས་གྲ་སྒིགས་ཨ་ཡིན།
ངོ་མ་ཡིན་སྤོབས་མཐའ་ལགས་ཀྱི་མཆན་དེ་ཚོ་ལེགས།