གོ་པལ་པུར་སློབ་ཟུར་བདེ་པོ་འཚོས།
དེ་རིང་ཕྱི་དྲོའི་གནམ་གཤིས་གློ་བུར་དུ་འགྱུར་སོང་། འབྲུག་སྐད་གྲགས་པ་དང་རླུང་དམར་གཡུག་པས་ལམ་ཡང་རབ་རུབ་ཞིག་ལས་མཐོང་དཀའ། ངས་ཆར་གདུགས་ཤིག་ལག་པ་གཡས་པས་བཟུང་ཞིང་ལག་ཁུག་ཅིག་དཔུང་པར་དཔྱངས་ནས་གླ་ སྐྱེལ་རླངས་འཁོར་ལ་འདུག་དགོས་བསམ་ཡང་མི་མང་དྲགས་པས། འཚང་ཁ་ཤིག་ཤིག་གིས་སྤྱི་སྤྱོད་རླངས་འཁོར་དུ་མི་འགྲོ་ག་མེད་བྱུང་། རླངས་འཁོར་ནང་མི་གྲངས་ནི་རྐུབ་སྟེགས་ཀྱི་གྲངས་ལས་བརྒལ་བར་བརྟེན་ཡར་ལངས་ནས་འགྲོ་དགོས་བྱུང་། འཚང་ཁ་ཆེ་དྲགས་པའི་དབང་གིས་སྤྱི་ལེ་ཁ་ཤས་ལས་མེད་པའི་ལམ་ཐག་འདི་ཡང་རིང་སྣང་ཞིག་འཁོར་བྱུང་། དེ་ལྟར་ཆུ་ཚོད་ཕྱེད་ཀ་ཙམ་ནས་ང་རང་ལྷིང་འཇགས་པའི་ནོར་གླིང་འདབས་འབྲེལ་དུ་སླེབས་སོང་།
ང་རང་ནོར་གླིང་ལ་འབྱོར་དུས་མི་ཚང་མས་སྐྱོ་གདུང་དང་བློ་ཕམ་གྱི་གནས་ཚུལ་གསར་བ་ཞིག་གླེང་མོལ་བྱེད་བཞིན་འདུག སྐབས་དེར་གནམ་གཤིས་ཀྱི་རྐྱེན་པས་ང་རང་གྲང་འདར་སིག་སིག་བྱེད་ཀྱི་ཡོད་ན་ཡང་། གནས་ཚུལ་དེ་ཐོས་འཕྲལ་ངའི་ལུས་ཕུང་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར་སོང་། དེ་ནི་ཡིད་ལའང་ཤར་མ་མྱོང་བའི་སྐྱོ་གནས་ཤིག་སྟེ་བདག་གི་མ་ཡུམ་སློབ་གྲྭ་གོ་པལ་པུར་དུ་བྱུང་བའི་གཏམ་ངན་ཞིག་རེད། གནས་ཚུལ་ངན་པ་དེ་ཐོས་པས་ང་རང་ཡུན་རིང་ཙམ་ལ་ཧད་དེ་ལུས། དེ་ནི་རང་ཉིད་བོད་པ་ཞིག་དང་བོད་ཁྱིམ་སློབ་གྲྭ་དེ་ནས་ཐོན་པའི་སློབ་ཟུར་ཞིག. དེ་བས་ཀྱང་བོད་པའི་བུ་མོ་ཞིག་ཡིན་པས་སོ།།
བོད་པའི་སྤྱི་ཚོགས་སམ་ཤེས་རིག་སློབ་གླིང་འདིི་ལྟ་བུ་ཞིག་ནས་གནས་ཚུལ་སྐྱོ་བོ་འདི་འདྲ་ཞིག་བྱུང་བ་ནི་བློ་ཡིད་ལ་མི་ཤོང་བ་ཞིག་རེད། ཕོ་ལོ་སུམ་ཅུར་སོན་པའི་རྒད་པོ་ཞིག་གིས་རང་ལོ་བཅུ་གསུམ་ལས་མ་སོན་པའི་བུ་མོ་མེ་ཏོག་འདྲ་བ་ཞིག་ལ་བཙན་གཡེམ་བྱས་པ་ནི་ངོ་མ་ཡིད་ཆེས་དཀའ་བ་ཞིག་རེད། དེ་ནི་སློབ་མ་གསོ་སྐྱོང་བྱེད་མཁན་གྱི་ལས་བྱེད་ཅིག་སྟེ། གནས་ཚུལ་འདི་ནི་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུའི་ནང་བྱུང་མྱོང་མེད་པའི་དོན་རྐྱེན་ཞིག་ཡིིན། བོད་ཁྱིམ་སློབ་གྲྭའི་སློབ་མ་ཕལ་ཆེ་བའི་ཕ་མ་བོད་ནང་ཡོད་ལ། ཁོང་ཚོས་རང་གི་བུ་བུ་མོ་ནི་རྒྱ་གར་དུ་ཡོད་པའི་རང་གཞུང་དང་སློབ་གྲྭ་ཁག་ལ་ ཡིད་ཆེས་དང་གདེང་འཇོག་བྱས་སློབ་གྲྭར་བཞག་ཡོད་པ་ལས་འདི་ལྟ་བའི་དོན་རྐྱེན་ཞིག་ཡོང་བར་སུ་ཞིག་གི་སེམས་ལ་ཤར་མེད།
ཡིན་ཡང་། དེ་རིང་ནས་བཟུང་བྱིས་པ་རྒྱ་གར་དུ་ཡོད་པའི་བོད་ནང་གི་ཕ་མ་རྣམས་ཀྱི་གཙོས་གཞིས་ལུས་སྤུན་ཟླ་ཚོའི་སེམས་ལ་གྲི་ཡིས་སྣུན་པ་བཞིན་ན་ཟུག་དང་སྐྱོ་སེམས་ཤིག་བཞག་ཡོད། བོད་ནང་ནས་རང་མི་རིགས་ཀྱི་བདེ་སྡུག་སླད་རང་ལུས་མེ་མཆོད་དུ་ཕུལ་དང་འབུལ་བཞིན་པའི་གནས་དུས་འདི་འདྲ་ཞིག་ལ། འདི་ནས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པའི་ཚབ་ལ་གཉའ་གནོན་དང་གནོད་ འཚེ་འདི་ལྟ་བུའི་ངོ་ཚ་ཁྲེལ་གཞུང་མེད་པ་བྱས་པ་ནི་རང་བློས་དཔོག་དཀའ་བ་ཞིག་རེད།
གནད་དོན་འདི་རིགས་ནི་ཡོངས་ཁྱབ་ཅིག་མིན་ཡང་བྱ་ངན་འདི་རིགས་ཚར་གཅོད་རྗེས་འཛིན་ཞིག་མ་བྱས་ཚེ། ཕྱིས་སུ་དོན་དག་འདི་རིགས་འབྱུང་ཉེན་ཧ་ཅང་ཆེ་བས། གཞུང་མང་ཀུན་གྱིས་གནད་དོན་འདི་རིགས་གཏིང་ཕུགས་ཆོད་པ་ཞིག་དགོས་པ་ཡིན། ལྷག་པར་དུ་རྒྱལ་ཁབ་དང་མི་རིགས་སུ་ཞིག་ཡིན་ཡང་བུད་མེད་ནི་དེའི་གཞི་རྩར་འཛིན་དུས། དེ་ལ་ཤེས་ཡོན་དང་བདག་སྐྱོང་། ཐོབ་ཐང་སོགས་ལ་འགན་ལེན་དགོས་པ་ནི་རྒྱལ་ཁབ་དང་མི་རིགས་དེའི་འོས་འགན་རེད། ཡིན་ཡང་ལོ་ན་མ་སོན་པའི་བུ་མོ་འདིའི་ལང་ཚོ་འདི་ལྟར་བཅོམས་པ་ནི་རང་མི་རིགས་ཀྱི་གྱོང་གུད་དང་མཚན་ཤས་རེད།
རང་ཉིད་བུད་མེད་ཅིག་གི་བསམ་བློའི་འཛིན་སྟངས་ནས་བཤད་ན། བུད་མེད་ཀྱི་ལང་ཚོ་ནི་གསེར་དངུལ་ལས་ཀྱང་རིན་ཐང་བྲལ་བ་སྟེ། དེ་གཅེས་སྲུང་བྱ་སླད་རང་གི་ཚེ་སྲོག་ཀྱང་བློས་གཏོང་ཕོད་ན་རང་ལོ་བཅུ་གསུམ་ལས་མ་སོན་པའི་བུ་མོ་ཞིག་ལ་འདི་ལྟར་བཙན་གཡེམ་བྱས་པ་ནི་ཁོ་མོ་བསད་པ་དང་ཅི་ཁྱད། མདོར་ན། ལས་དབང་གཅིག་པའི་རང་རེའི་སྨན་ཆུང་མ་རྣམས་ལ། ཁྱེད་ཀྱི་བདེ་འཇགས་ནི་བོད་མི་རིགས་ཀྱི་བདེ་འཇགས་དང་ཁྱེད་ཀྱི་བླ་སྲོག་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པས། ཁྱེད་ཀྱི་ལང་ཚོ་ནི་གངས་རིའི་གཟི་མདངས་ཏེ་ཁྱེད་ནི་མི་རིགས་འདིའི་ཡོད་ཚད་ཡིན་པས། ཁྱེད་ཀྱི་བདེ་ཐང་སྲུང་སྐྱོབ་ནི་མི་རིགས་འདིའི་བདེ་ཐང་སྲུང་སྐྱོབ་ཡིན་པས་སོ།།
མི་འགྲོ་ག་མེད་བྱུང་། མི་འགྲོ་ཀ་མེད། མི་འགྲོ་ཁག་མེད།
གནས་ཚུལ་གསར་བ། གནས་ཚུལ་གསར་པ།
རྒྱུ་མཚན་ནི།
གསར་པ། གསར་བ། གསར་ཤོས། གསུམ་པོ་སོ་སོར་ངེས་པས་སོ།།
བཙན་གཡེམ་བྱུང་བ་ཙམ་ལ་ཧང་མི་སངས་ཀྱང་། བུ་མོ་ལོ་ཆུང་ལོ་བརྒྱད་དང་། བུ་མོ་ལོ་གཞོན་ལོ་བཅུ་གསུམ་ཟེར་དུས། བཙན་གཡེམ་པ་བོད་རིགས་འདིའི་རིགས་སྨྱོན་པའི་སྨན་ཁང་ནང་ལ་བཅུག་ནས་བཞག་དགོས་པ་རྐྱང་རྐྱང་རེད་སྙམ་མོ།། །།
གསར་པ། གསར་བ།
གསརད་པ། གསར་བ།
རྒྱུ་མཚན་ནི། བོད་སྐད་ཀྱི་གཤིས་ཀ་ཡིན་པའི་ཕྱིར། ཡང་འཇུག་དོར། སྒྲ་མཐུན་དྲོངས།
ཁྱད་ཆོས། ཁྱད་དུ་འཕགས་པ། ཁྱད་དུ་འཕགས་ཤོས།
ཡག་པོ། ཡག་པ། ཡག་ཤོས།
ཞིམ་པོ། ཞིམ་པ། ཞིམ་ཤོས།
གསར་པ། གསར་བ། གསར་ཤོས།
རྙིང་པ། རྙིང་བ། རྙིང་ཤོས།
ཆེན་པོ། ཆེ་བ། ཆེ་ཤོས།
ཆུང་ཆུང་། ཆུང་བ། ཆུང་ཤོས།
གསར་པ། གསར་བ། གསར་ཤོས།
བཙལ་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་འདི་འདྲའི་གནས་ཚུལ་ཐབས་སྡུག་ཅིག་བྱུང་བ་ནི་དངོས་གནས་ཡ་ང་བའི་དོན་དག་ཅིག་རེད། མ་གཞི་སློབ་གྲྭའི་འཛིན་སྐྱོང་ངོས་ནས་དོ་དམ་ཚགས་ཚུད་པོ་མ་བྱུང་བས་ལན་པ་རེད། སློབ་གྲྭའི་དབུ་འཛིན་དང་དགེ་ལས་ཡོངས་རྫོགས་ལ་ཞིབ་བཤེར་ནན་ཏན་བྱེད་དགོས་ཀྱི་འདུག ང་ལ་ད་དུང་སེམས་ཁྲལ་གཞན་ཞིག་ཡོད་པ་ནི། གནས་ཚུལ་འདིའི་རིགས་ཕྱི་ལ་མངོན་གསལ་ཆགས་མ་ཐུབ་པར་སྦས་བསྐུངས་དང་འགེབ་བསྲུངས་ནས་བཞག་ཡོད་པ་མང་བོ་ཞིག་ཨེ་ཡོད་དམ་སྙམ་པ་འདི་ཡིན། ཏན་ཏན་འདིའི་རིགས་ལ་ཞིབ་འཇུག་གཏིང་ཐག་ཆོད་པོ་ཞིག་བྱེད་རྒྱུ་གཞུང་མང་གཉིས་ཀའི་འགན་རེད། མི་མང་གི་ངོས་ནས་ཀྱང་མ་གོ་མ་ཚོར་མདོག་མདོག་བྱས་ནས་མི་འཇོག་པར་ཚོར་བ་ཡོད་པ་དང་འགན་ཡོད་པའི་ཐོག་ནས་ཞུ་གཏུག་བྱེད་དགོས་ཀྱི་འདུག བོད་མི་རིགས་ཀྱི་ཞབས་འདྲེན་དུ་གྱུར་བའི་ངན་སྤྱོད་ཀྱི་རིགས་རྣམས་ངེས་པར་དུ་ཐེར་འདོན་གཙང་ཐག་ཆོད་པ་བྱས་ན་བཟང་། འདིའི་རིགས་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་དང་མི་སྒེར་གྱི་མི་ཚེ་འཕྲོ་བརླག་ཏུ་གཏོང་བས་ངན་པ་རྒྱ་ཡན་དུ་མི་གཏོང་བ་ཅིས་ཀྱང་གལ།
# 4 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
May 15th, 2014 at 1:05 PM
ཁྱད་ཆོས། ཁྱད་དུ་འཕགས་པ། ཁྱད་དུ་འཕགས་ཤོས།
ཡག་པོ། ཡག་པ། ཡག་ཤོས།
ཞིམ་པོ། ཞིམ་པ། ཞིམ་ཤོས།
གསར་པ། གསར་བ། གསར་ཤོས།
རྙིང་པ། རྙིང་བ། རྙིང་ཤོས།
ཆེན་པོ། ཆེ་བ། ཆེ་ཤོས།
ཆུང་ཆུང་། ཆུང་བ། ཆུང་ཤོས།
ཟེར།
རྒྱུ་མཚན་གཞན་མེད་ན་གོ་རྒྱུ་ཅི་ཡང་མི་འདུག
གནས་ཚུལ་དེ་ཐོས་སྐབས་ སྔོན་མ་ང་རང་རྒྱ་གར་ལ་ཡོད་དུས་གནས་ཚུལ་དེ་འདྲ་པོ་ཞིག་བྱུང་བ་དྲན་བྱུང་ དེ་ནི་གངས་་སྐྱེད་ཀྱི་མ་བྱན་ཞིག་གིས་བོུ་ཆུང་ཆུང་ཞིག་ལ་བཙན་གཡེམ་བྱས་རྗེས་བསད་པ་རེད་ཟེར་ནས་མི་ཞིག་རྒྱ་གར་ཉེན་རྟོག་པར་྄རྩིས་སྤྲད་ནས་ ཀ་ཅ་རི་ཞེས་པར་བཙོན་དུ་བཅུག་ མི་དེས་དངོས་གནས་བྱས་ཡོད་དམ་ཞེས་མི་མང་པོར་དྲིས་པ་ཡིན་པས་ གངས་སྐྱིད་ལས་བྱེད་པ་མང་ཆེ་བས་ དེ་ཡིན་ད་ཡིན་ ཁོའི་ནང་ནས་བོུ་དེའི་གོས་ལོག་དོན་པ་རེད་ དེ་ལས་ལྷག་པའི་དཔང་རྟག་ག་རེ་དགོས་སམ་ གསར་འབྱོར་དེ་ཚོས་དངོས་གནས་བྱེད་ཀྱི་རེད་ཟེར་ དེ་རྗེས་མི་དེས་མཁས་ལེན་མ་བྱས་པར་རྟེན་ བེུད་ཚོགས་པས་བེུད་བཅུ་གྲངས་རྩམ་བཙོན་ཁང་དུ་ཕྱིན་ནས་མི་དེར་ཉེས་རྡུང་ཚ་ནན་གཏང་ རྒྱ་གར་བས་ཀྱང་འདྲི་ཚད་བྱེད་སྐབས་ཁས་ལེན་མ་བྱས་བར་ཉེས་དུང་དྲག་པོ་གཏང་ ཉིན་ཞིག་ད་ཁོས་ཁས་ལེན་པ་རེད་ཟེར་ ཁྱེད་ཚོས་གསུང་དང་ དང་པོ་ བོུ་དེའི་རོ་ས་ཆ་གཞན་ནས་རྙིད་ནས་ལམ་སངས་ཁོའི་ནང་ལ་དཔང་རྟག་ཚོལ་བར་འགྲོ་དགོས་དོན་གང་ཡིན་ གཉིས་པ་ རྒྱ་གར་གྱི་གློག་སྙན་མང་པོའི་ནང་ཡོད་པ་བཞིན་མིའི་མདོངས་ལ་གློག་ཆུ་ཤོ་མཁན་ང་ཚོའི་སྤྱི་ཚོགས་ནང་ཁ་ཤས་བྱུང་ཡོད་ གསུམ་པ་ ཁོས་ཁས་མ་ལེན་བར་ཚ་འདྲི་བྱས་པ་དེ་དང་
བཞི་པ་ མི་དེར་ཁྲིམས་བཙོད་པ་གླ་བའི་ཐོབ་ཐང་མ་སྤྲད་པ་གང་ཡིན་ ད་རེས་ཀྱི་གནས་ཚུལ་དེ་ལ་ཡང་བོད་གཞུང་དང བེུད་ཚོགས་པ་ ཁྲིམས་ཞེབ་ཁང་ འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ནས་ སློབ་སྤྱིའི་སྐད་ཆ་ནང་བཞེན་མགན་མི་འཁུར་བའི་སྐད་ཆ་མ་བཤད་པའི་རེ་བ་ཡོད་་་་
༼ འགེབ་བསྲུང་བྱས་ནས་བཞག་ཡོད་པ༽ བཅོས
གནས་ཚུལ་དེ་དང་འདྲ་བོ་ཞིག་དེ་སྔ་སྭ་ར་སློབ་གྲྭར་བྱུང་བ་རེད། དེའི་སྐོར་མཐོང་ཐོས་བྱུང་མཁན་འདྲ་ཡོད་ཚེ་བགྲོ་གླེང་དང་རྩད་གཅོད་བྱེད་དགོས་ཀྱི་འདུག བརྡར་ཤ་གཅོད་དགོས་ཀྱི་འདུག སྤྱི་ཚོགས་ཆ་ཚང་བ་ཞིག་བསྐྲུན་རྒྱུར་ཚང་མས་ནུས་པ་སྤུངས་དགོས་ཀྱི་འདུག
ཕོ་ལོ་སུམ་ཅུས་མོ་ལོ་༡༣ལ་བཙན་གཡེམ་བཏང་བའི་བྱ་སྤྱོད་དང་ཀུན་སློང་འཁྱེར་སྟངས་ནས་ཁྲིམས་འགལ་ཞིག་ཆགས་པ་རེད་མ་གཏོགས་པའི་དེ་འདྲའི་ལུས་པོ་འདར་སིག་སིག་དང་སེམས་སྐྱོ་ལྷང་ལྷང་གི་སྐྱོ་གཏམ་བཤད་དགོས་དོན་ཨེ་ཡོད་ནམ། འགྲོ་བ་མི་ཞིག་ཡིན་པ་ན་འདོད་ཆགས་དང་ཞེ་སྡང། གཏི་མུག ངར་རྒྱལ། ཕྲ་དོགས་ཀྱི་ཉེས་པ་སེལ་བ་ཞིག་མེད་དུས་འཛམ་གླིང་གི་འགྲོ་བའི་རིགས་ནང་སྤྱོད་ཚུལ་འདྲ་མིན་དང་ཀུན་སློང་འདྲ་མིན་ཡོང་བ་ནི་ཆོས་ཉིིད་ལོས་ཡིན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་རེད་ཟེར་ནས་གནས་ཚུལ་དེ་རིགས་རྩ་བ་ནས་ཡོང་མི་ཆོག་པ་ལྟ་བུ་བྱེད་ཀྱི་འདུག བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་ནང་གི་བོད་མི་ཡང་མི་གཅིག་པ་རེད་མ་གཏོགས་དམིགས་བསལ་གང་ཡང་མ་རེད། དེ་སྔ་བོད་རང་བཙན་སྐབས་ལ་བོུ་ལོ༡༢ ནས་མནའ་མར་བཏང་སྲོལ་ཡོད་པདང་ལོ་༡༥ ཕྲུ་གུའི་ཨ་མ་ཡང་ཆགས་འགྲོ་ཡི་ཡོད། དེང་སང་ནུབ་ཕྱོགས་རྒྱལ་ཁབ་ནང་ལའང་བུ་བོུ་ལོ༡༢ ཎས་དགའ་རོགས་འགྲིག་ཏེ་ལུས་འབྲེལ་བྱེད་པ་ནི་སྤྱིར་བཏང་གི་གནས་་ཚུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག བྱས་ཙང་མ་བྱན་དེས་བཙན་གཡེམ་བྱས་ཡོད་ན་རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་ཐག་གཅོད་བྱ་མདོག་ཁ་པོ་རེད། ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་དེ་འདྲ་གཅིག་ཐོན་ན་འུད་འགྲོག་ཆེ་རུ་གཏོང་བ་དང་ལྷག་པར་དུ་བདེན་རྫུན་དབྱེ་འབྱེད་མ་བྱས་པར་རི་བོང་ཅལ་འགྲོག་གི་དཔེ་ལྟར་བྱེད་རྒྱུར་དགའ་བ་ཞིག་རེད།
རྒྱ་གར་ཁོང་རང་ཚོ་ཡང་བཙན་གཡེམ་ཀྱི་དཀའ་ངལ་འོག་ནས་མགོ་བཀྱགས་རྒྱུ་མེད་པར་བསྡད་ཡོད།
ཐབས་སྐྱོ་བ་ལ། བསྡད་ཀྱིན་བསྡད་ཀྱིན་ང་ཚོའི་མི་རིགས་འདི་དངོས་གནས་མགོ་ཇེ་འཐོམས་ནས་ཇེ་འཐོམས་ལ་འགྲོ་བཞིན་པའི་བཟོ་འདྲ་ཞིག་མཐོང་སོང་། མང་གཙོ་དང་རང་དབང་ནི་མི་དམངས་མང་ཚོགས་ཀྱི་ལག་ནང་དུ་བཞག་སྟེ་བཀོལ་སྤྱོད་བྱེད་ཆོག་ཆོག་ཏུ་ཡོད་མོད། ད་དུང་དེ་ཟ་རྒྱུ་ཞིག་ཡིན་ནམ་འཐུང་རྒྱུ་ཞིག་ཡིན། ཡང་ན་ལྡག་རྒྱུ་ཞིག་ཡིན་མིན་ལ་མགོ་ཅུང་ཟད་ཀྱང་མ་ཚོས་པར་བསྡད་འདུག མང་གཙོ་དང་རང་དབང་གི་དགོས་དོན་ནི་སྤྱི་ཚོགས་ཤིག་གི་ཚད་མཐོ་བའི་དགོས་མཁོ་བསྐོང་རྒྱུ་དེ་ཡིན། དེ་ཡང་མདོར་དེད་ན་སྤྱི་ཚོགས་ལ་བརྡབ་གསིག་གཏོང་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་གི་སྐྱོན་ཆ་ཐེར་འདོན་བྱས་ཏེ་ཡང་དག་པའི་སྤྱི་ཚོགས་གསར་བ་ཞིག་འཛུགས་བསྐྲུན་བྱེད་རྒྱུ་དེ་ཡིན། དེས་ན་དོན་དམ་པས་ང་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་རང་དབང་དང་མང་གཙོ་བེད་སྤྱོད་གང་འདྲ་ཞིག་བཏང་ཡོད་མེད་ལ་ཚང་མས་ཞིབ་འདངས་ཤིག་རྒྱོབས་དང་། ད་རེས་ཀྱི་ཡ་ང་བའི་གནས་ཚུལ་འདི་དང་འདི་ལྟ་བུའི་སྤྱོད་ངན་གྱི་རིགས་ནི་རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་རྩ་མེད་དུ་གཏོང་དགོས་ཤིང་། ཕྱིས་ཀྱང་འབྱུང་མི་ཐུབ་པའི་ཁྲིམས་དང་སྒྲིག་གཞི་གཏན་འབབས་བྱེད་དགོས་ཀྱི་ རིགས་ཡིན། འོན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་འདི་འདྲའི་ཐལ་སྤྱོད་ཀྱི་རིགས་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡང་ད་དུང་གྲག་འགུལ་ཅི་ཡང་མེད་པར་ལྷིང་འཇགས་དང་ཁུ་སིམ་མེར་སྡོད་པ་ནི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་འགན་མ་འཁུར་བ་དང་། དྲང་བདེན་དང་གནས་ལུགས་རྡོག་བརྫིས་བཏང་བ་ལས་གཞན་ཅི་ཡང་མིན། དེར་མ་ཟད། སྤྱི་ཚོགས་ཤིག་གི་ཆག་འཇིག་ལ་འགན་འཁྲི་དང་ལེན་མི་བྱེད་པའི་ཡ་ང་སྙིང་རྗེ་བྲལ་བའི་གཏུམ་དྲག་གི་གཤིས་སྤྱོད་ཅིག་ཕྱིར་མངོན་པ་ཙམ་ཡིན།
# 7 དགེ་འདུན་རྒྱ་མཚོ།་ལགས་ཀྱིས་མཆན་བཏབ་པ།:
May 15th, 2014 at 2:17 PM
# 4 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
May 15th, 2014 at 1:05 PM
ཁྱད་ཆོས། ཁྱད་དུ་འཕགས་པ། ཁྱད་དུ་འཕགས་ཤོས།
ཡག་པོ། ཡག་པ། ཡག་ཤོས།
ཞིམ་པོ། ཞིམ་པ། ཞིམ་ཤོས།
གསར་པ། གསར་བ། གསར་ཤོས།
རྙིང་པ། རྙིང་བ། རྙིང་ཤོས།
ཆེན་པོ། ཆེ་བ། ཆེ་ཤོས།
ཆུང་ཆུང་། ཆུང་བ། ཆུང་ཤོས།
ཟེར།
རྒྱུ་མཚན་གཞན་མེད་ན་གོ་རྒྱུ་ཅི་ཡང་མི་འདུག ་་་་་་་ཟེར། ཧ།།ཧཧཧཧཧཧཧཧཧཧ།།
མིང་། ཁྱད་ཆོས། ཁྱད་ཆོས།
གསར་པ། གསར་བ། གསར་ཤོས།
གསར་པ། གསར་བ། གསར་ཤོས།
གསར་པ།༽ དེབ་འདི་ གསར་པ་ རེད།
གསར་བ།༽ དེབ་ འདི་ལས་ དེབ་དེ་ གསར་བ་ རེད།
གསར་ཤོས།༽ དེབ་ འདི་ གསར་ཤོས་ རེད།
ད་ཐེངས་ཀྱི་གནས་ཚུལ་འདི་སྟོད་པ་རྒད་པོ་ཞིག་གིས་བྱས་པ་ཡིན་པ་དང་། བོད་ཁྱིམ་འདི་སྟོད་པའི་ཁྱིམ་ཡིན་ཙང་་་འགེབས་ཐབས་དང་་་ཁ་སྒྱུར་ཐབས་བྱེད་ཀྱ་ིཡོད་པ་རེད། འགའ་ཞིག་གིས་་གོ་པལ་པུར་ལ་་་མི་དེ་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་ནོར་བ་རེད་ཟེར་བ་དང་་་་་་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ནོར་བ་རེད་ཅེས་བཤད་མཁན་ཡོང་གི་ཡོད་འདུག ལྐོག་ཟ་རུལ་སུངས། ལུས་སེམས་མནར་གཅོད་དང་། ལྐོག་གསོད། བཙན་གཡེམ་དང་་་གཞི་མེད་ཉེས་འཛུགས་ཀྱི་ཕྱིར་འབུད། ལུང་ཚན་གྱི་དབྱེ་འབྱེད། རྒྱུགས་འབྲས་དང་གོ་སྐབས་བརྗེ་བསྒྱུར་སོགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ཉམས་ཞིབ་བྱ་རན་འདུག ཕྱོགས་ཡོངས་ནས་བགྲོ་གླེང་བྱ་རན་འདུག བོད་པའི་བུ་མོ་ཚོས་ཡར་ལངས་བྱ་རན་འདུག དུས་རབས་འདིར་ཆེས་སྟོབས་ཤུགས་ཆེ་ཤོས་དེ་མང་ཚོགས་དང་གསར་ལམ་གཉིས་ཡིན་མ་བརྗེད་རོགས། བོད་ཀྱི་བུད་མེད་ཚོ་་་སློབ་ཕྲུག་བུད་མེད་ཚོ། ཡར་ལ་ལོངས་ཤོག
་ཁྱེད་ཚོའི་འབོད་ཚིག་ནི་་་་་་་་་ངས་བཟོད་བསྲན་བྱ་ཐབས་བྲལ་སོང་་་་་་་་་་་ང་ཡང་ཚེ་སྲོག་ཅིག་ཡིན་་་་་་་་་་་་་ང་ཡང་འགྲོ་བ་མི་ཞིག་ཡིན། ་་་ཞེས་པ་དེའོ།
ཀརྡོ་ལགས། མཆན་གང་ཞིག་འདེབས་ན་ཁྱོད་ལ་འདམ་ཀའི་རང་དབང་ཡོད་མོད། འོན་ཀྱང་རྩོམ་པ་པོ་འདིའི་རྩོམ་དང་འབྲེལ་བའི་མཆན་རེ་རྒྱག་རྒྱུ་ཅིས་ཀྱང་གལ་ཆེ་བར་སྙམ། དེ་མིན་ཁྱོད་ཀྱིས་མཆན་མང་བོ་ཞིག་བཏབ་ཡོད་ཀྱང་མང་ཆེ་བ་སྙིང་བོས་དབེན་ནོ།།
དངོས་གནས་བཤད་ན་འཛིན་སྐྱོང་གི་ནོར་འཁྲུལ་ཞིག་ཀྱང་རེད་བསམ་ཡོད། གང་ལ་ཟེར་ན་གྷོ་པ་པུར་སློབ་གྲྭའི་འཛིན་སྐྱོང་འགན་ཁུར་དང་དོ་དམ་པ་དག་གིས་རྒྱུན་དུ་འགྲིག་ལམ་དང་། བསླབ་བྱ་སློབ་གསོ་ཡག་པོ་བརྒྱག་གི་མེད་པའི་མཚོན་རྟགས་ཅིག་རེད་སྙམ། མི་ལ་འདི་འདྲའི་དོན་རྐྱེན་དང་འཕྲད་ཚེ་དོན་དང་དང་འགན་གཙོ་རྣམས་ཀྱིས་ཉེན་སྐྱོན་ཐ་དག་དག་ཕོ་གསར་དེ་ཁོ་ནའི་སྟེང་དུ་གཡུགས་པ་དང་། སློབ་གྲྭའི་འབྲེལ་ཡོད་མི་དཔོན་དག་གིས་གཡོལ་ཐབས་ཀྱིས་སྐད་ཆ་ཁོ་ན་བཤད་པ་མ་ཟད་དོན་དག་གི་སྐྱེས་སྨན་དང་ཕྲུ་གུ་ལ་ཡང་ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་ཐོས་བྱུང་། དངོས་གནས་བློ་ཕམ་པོ་བྱུང་། གྷོ་པ་པུར་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ཟེར་བ་དེ་ཁ་བདེ་བོ་དང་མགོ་ཡང་བདེ་ཐག་ཆོད་འདུག
སློབ་གྲྭའི་སྒྲིག་འཛུགས་འགན་འཛིན་དང་། སྒྲིག་འཛུགས་དོ་དམ་པ། སྒྲིག་འཛུགས་ལྟ་ཞིབ་པ་ཚང་མས་ལས་དོན་ག་རེ་གཉེར་གྱི་ཡོད་པ་རེད་དམ། ཁོ་ཚོ་ལ་འགན་མེད་པ་ག་རེ་ཡིན་ནམ།
སྐབས་འདིར་སྐད་ཆ་འདི་འདྲི་འདོད་བྱུང་།
ཐོས་པ་དགའ་ལགས་ཀྱི་མཆན་བཀླག་ནས་དགའ་རྒྱུའི་ཚབས་ལ་སེམས་སྐྱོ་ལྷང་ལྷང་དང་ལུས་པོ་རང་དབང་མེད་པར་འདར་སིག་སིག་ངང་དེ་འདྲའི་བསམ་བློའི་འཁྱེར་ཕྱོགས་ངན་པ་ཡོད་རེད་བསམ་པ་མ་བྱུང་ རེད་རེད་དངོས་གནས་ཁྱེད་རང་གི་གཉེན་ཉེ་དགའ་གྲོགས་སྤུན་མཆེད་ལ་ཐབས་རྡུག་གནས་ཚུལ་དེ་བྱུང་མེད་དུས་ཆོས་ཉིད་ལོས་ཡིན་ཟེར་བ་ཧ་ཅང་ལས་སླ་པོ་ཡོད་རེད་ ཡང་བཙན་འབྱོལ་སྤྱི་ཚོགས་ནང་ཡོང་མ་ཆོག་པ་རེད་ཟེར་གྱི་མེད་ལ་ང་ཚོར་གཞན་དང་མི་འདྲ་བའི་དམིགས་གསལ་ཁྱད་མཆོད་ཡོད་ཡང་ཟེར་གྱི་མེད་བཀའ་མོལ་དེ་འདྲ་གནང་ན་མི་ངན་དང་ལས་ངན་བྱེད་མཁན་ཚོར་སེམས་ཤུགས་སྤར་གྱི་མེད་འགྲོ་བསམ་པའི་དོག་པ་བྱུང་ རྒན་ལགས་སྔོན་མ་བོད་ནང་བུ་མོ་ལོ་༡༢ ནས་གནའ་མར་འགྲོ་བ་དང་དེང་སང་ནུབ་ཕྱོགས་སུ་བུ་མོ་ལོ་༡༥ དགའ་རོག་འགྲིག་པ་གཉིས་དང་ད་ལྟ་བུ་མོ་ལོ་༡༣ དེར་བཙན་གཡེམ་བྱས་པ་གནས་ཚུལ་ཕྱོགས་ཡོང་ནས་ཐ་དད་རེད་ རྒྱུ་མཚན་དང་གནས་རེ་རེ་བྱས་ནས་དགོས་ན་རྗེས་སུ་ཞུ་མཆོག་ མཐའ་དོན་རྒན་ལགས་རྒྱ་གར་ནང་གི་ལེགས་ཆ་རྣམས་ལ་གཟིགས་དང་བཙན་གཡེམ་གྱི་མགོ་བཀྱགས་རྒྱུ་མེད་པ་དང་ལྐོག་ཟ་རུལ་ཟུང་གི་སྐུབ་རུལ་ནས་བསྡད་ཡོད་པ་དེ་ཚོར་མ་ཟིག་རོགས་གནད་ཞུ་རྒྱུ་ཡིན་
རང་བྱུང་ལགས།
ངས་ང་རང་གི་ནོར་སྐྱོན་ལ་བརྟག་ཞིབ་རྒྱུན་དུ་བྱེད་བགྱིན་ཡོད། ད་དུང་ཡང་ནན་གཟབ་ཏུ་གཏོང་ཆོག་ལགས།