ཀླུ་མཁར་བྱམས།
༼ཁ་ཉིན་གུས་པར་<<བོད་ཀྱི་དུས་བབ་>>གསར་ཁང་གི་གསར་འགོད་པ་ལྷ་སྐྱབས་རྒྱལ་ལགས་ཀྱིས་བར་མའི་འོས་བསྡུ་དང་འབྲེལ་བའི་ཡིག་ངག་གཉིས་ཐོག་ནས་དྲི་བ་དྲིས་ལན་ཞིག་བྱས་སོང་བ་དེ་ཉེ་ལམ་དུས་བབ་ཚགས་ཤོག་དང་དྲ་ཚིགས་ཐོག་བཀོད་འདུག འོན་ཀྱང་། དུས་བབ་རྩོམ་སྒྲིག་ཁང་གིས་བཅར་འདྲིའི་ནང་གི་སྐད་ཆ་ཁག་ཅིག་ཚགས་པར་གྱི་ཤོངས་ཚད་ཀྱི་དབང་གིས་འཕྲི་འཐེན་བྱས་འདུག་ན། ངས་སྐད་ཆ་དེ་དག་ཅུང་ཟད་གལ་ཆེན་དུ་མཐོང་ནས་ཁ་བརྡ་ཚང་ལ་སྐད་ཆ་ཁ་ཚང་བོ་བསྐུར་ཡོད།༽
དྲི་བ། ཐེངས་འདིའི་མདོ་སྨད་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་སྐབས། ཁྱེད་རང་འོས་གྲངས་མཐོ་ཤོས་ཨང་གཉིས་པའི་ནང་མ་བསྡད་པར་དགོངས་པ་ཞུས་འདུག དེའི་རྒྱུ་མཚན་དང་རྒྱབ་ལྗོངས་ག་འདྲ་རེད།
ལན། ཀིརྟི་སྒྲོལ་དཀར་ལྷ་མོ་རྩ་དགོངས་ཞུས་པར་བརྟེན། ཚབ་ལ་སྤྱི་འཐུས་ཤིག་ཁ་སྐོང་བྱ་དགོས་དུས་འོས་བསྡུ་སྒྲིག་གཞི་སྔོན་མའི་དགོངས་དོན་བཞིན་བརྒྱ་ཆ་ ༣༣ ལོན་པའི་སྒུག་ཐོ་མདོ་སྨད་ལ་མེད་སོང་བ་རེད། འོན་ཀྱང་། བརྒྱ་ཆ་ལོངས་མི་དགོས་པའི་ཁྲིམས་སྒྲིག་གསར་བ་བཟོས་ཚར་བར་བརྟེན། སྒྲིག་གཞི་གསར་བ་དེའི་ནང་བར་མའི་འོས་བསྡུའི་ཆ་རྐྱེན་མེད་པར་མང་རིམ་རྩེ་བཏོག་གིས་བསྐོ་བཞག་དགོས་པ་འཁོད་འདུག མང་རིམ་རྩེ་བཏོག་གིས་སྤྱི་འཐུས་ལ་བསྐོས་པ་ཡིན་ན། ད་ལྟའི་སྐབས་འདིར་མང་རིམ་རྩེ་བཏོག་གི་སྒུག་ཐོ་དང་པོ་དེ་ང་རེད།
ཡིན་ནའང་། དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་སྒྲིག་དེ་ཚུལ་བཞིན་ལག་བསྟར་མ་ཐུབ་པར་བར་མའི་འོས་བསྡུ་འདི་བྱས་པ་རེད། སོང་ཙང་། ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ང་རང་དབུས་འོས་བསྡུ་ལས་ཁང་ལ་དངོས་སུ་བཅར་ནས། “གལ་སྲིད་ངའི་ཤུགས་རྐྱེན་དབང་གིས་ལྷན་རྒྱས་ཀྱིས་ཁྲིམས་སྒྲིག་ལག་བསྟར་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཚེ། ད་ཡོད་ཀྱི་སྒུག་ཐོའི་ནང་ངས་རྩ་དགོངས་ཞུས་ཆོག་ལ། ངའི་རྗེས་ན་ཡོད་པའི་མི་དེ་ཡར་བསྐོ་རོགས་”ཞེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད།
དེ་ལ་འོས་བསྡུ་ལས་ཁུངས་ནས་ང་ལ་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང། ཁྱེད་རང་བརྒྱ་ཆ་༣༣ལོངས་པའི་སྒུག་ཐོའི་ནང་མེད་སྟབས། བར་མའི་འོས་བསྡུ་དང་འབྲེལ་བ་མི་འདུག་ཅེས་དང་། ཡང་འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་གཏན་འབེབས་གནང་བ་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་དངོས་སུ་མཚན་རྟགས་བཀོད་པ་དེ་ལག་བསྟར་བྱེད་དགོས་པས། ད་ལམ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་ཁྲིམས་སྒྲིག་དགོངས་དོན་ལྟར་ལག་བསྟར་བྱེད་དགོས་པ་ཆགས་ཡོད་སྐོར་འཁོད་འདུག དེ་འདྲ་ཡིན་ན། སྒྲིག་གཞི་རྙིང་པ་དེ་ནུས་མེད་དུ་གྱུར་ཟིན་པ་དང། སྒྲིག་གཞི་གསར་པ་དེ་ལག་བསྟར་བྱེད་དགོས་པ་དེ་གསལ་པོ་ཆགས་འདུག
དེ་ན་འོས་བསྡུའི་སྒྲིག་གཞི་གསར་པ་དེའི་དོན་ཚན་ང་གཅིག་པའི་ནང་གསེས་གཉིས་པའི་ནང། “སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་”ཞེས་ཐག་བཅད་ཡོད་སྟབས། ད་ལྟའི་བར་མའི་འོས་བསྡུ་དེ་ཁྲིམས་སྒྲིག་གི་གཞི་འཛིན་ས་གང་ཡང་མེད་པ་མ་ཟད། གོང་གསལ་བཞིན་“བར་མའི་འོས་བསྡུ་མ་དགོས་པར་”ཞེས་ཁ་གསལ་གྱིས་འཁོད་ཡོད་སྟབས། ད་ལྟ་འགྲོ་བཞིན་པའི་འོས་བསྡུ་དེ་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཞིག་ཏུ་གྱུར་ཡོད། དེ་འདྲ་ཞིག་ཡིན་དུས་ངས་གོ་རིམ་ཤེས་བཞིན་དུ་། རང་ཉིད་ལ་གོ་སྐབས་ཤིག་འདུག་བསམ་ནས་མིག་ལྡན་གཡང་མཆོངས་ཀྱི་དཔེ་ལྟར་འོས་ཁོངས་ནས་བསྡད་ན་འགྲིག་ཐབས་པས་དགོངས་པ་ཞུས་པ་ཡིན།
དྲི་བ། བར་མའི་འོས་བསྡུ་སྔོན་དེར། ཁྱེད་ཀྱིས་ཡིག་ཐོག་ནས་དོགས་འདྲི་དྲུག་དང་། དགོས་འདུན་བཞི་འཁོད་པའི་གསལ་བསྒྲགས་ཤིག་སྤེལ་བ་མ་ཟད། གོང་ནས་བརྗོད་པ་ལྟར། སྐབས་དེར་ཁྱེད་ཀྱིས་མང་རིམ་རྩེ་བཏོག་གི་སྒུག་ཐོའི་ནང་དགོངས་པ་ཞུས་འདུག་མོད། བྱས་ན་དེ་ཚོར་ནུས་པ་གང་ཡང་མ་ཐོན་པ་རེད་དམ།
ལན། ལགས་རེད། གསན་འཇོག་བྱེད་མཁན་མ་བྱུང་བ་རེད། ངའི་གསལ་བསྒྲགས་དེའི་ནང་། ང་ཚོས་ཡིན་ལུགས་ཚུལ་མཐུན་ངང་གང་ཞུས་པ་དེ་དག་གཞུང་གིས་སྣང་མེད་བཏང་ནས་བར་མའི་འོས་བསྡུ་བྱས་པ་ཡིན་ན། ལས་རིམ་དེའི་ནང་ང་རང་དང་། ངའི་རྒྱབ་སྐྱོར་བ་རྣམས་ཀྱིས་འདམས་བྱ་འདེམས་བྱེད་ཆ་ཤས་ལེན་དགོས་མིན་བསམ་བློ་གཏོང་རྒྱུ་ཡིན་པ་གསལ་བོ་བཤད་བཞག་ཡོད། ད་ནི་རིམ་པ་དེ་བར་ཏུ་བསྐྱལ་ཚར་བ་རེད།
ད་ཆ་ང་ལ་མཚོན་ན་དངོས་གཞིའི་འོས་ཁུངས་ནས་ཕྱིར་འཐེན་མི་བྱེད་ཐབས་མེད་རེད། སྐབས་དེར་གྲོས་ཚོགས་ཚོགས་རྒྱུར་ཟླ་བ་གཉིས་ལྷག་ལས་མི་འདུག དེར་བརྟེན་ངས་གསལ་བསྒྲགས་དེའི་ནང་གྲོས་ཚོགས་ནང་། འོས་བསྡུའི་སྒྲིག་གཞི་གསར་བའི་ལག་བསྟར་དུས་ཡུན་སོགས་ཀྱི་ཐད་དོགས་གཅོད་མཐིལ་ཕྱིན་ཞིག་བྱུང་རག་བར་དུ། བར་མའི་འོས་བསྡུ་ཕྱིར་འགྱངས་གཏོང་རྒྱུར་རེ་སྐུལ་ཡང་ཞུས་ཡོད་མོད། གྲོས་ཚོགས་མ་ཚོགས་གོང་ནས་འོས་བསྡུ་མགོ་བཙུགས་གནང་སོང་། དེ་རྗེས་འོས་བསྡུ་ལས་ཁང་གིས་ང་ལ་ཡིག་ཐོག་ནས་ལན་ཞིག་བཏང་འདུག་པ་གོང་གི་དེ་དང་། ཁ་ཉིན་སྐབས་༡༥ བའི་ཚོགས་དུས་ ༧ ཐོག བར་མའི་འོས་བསྡུ་འདི་དང་འབྲེལ་ནས་སྐད་ཆ་རོབ་ཙམ་ཞིག་བསླེབས་པ་ཚང་མ་འབྲེལ་མེད་དོན་གཞན་རང་རེད།
འོས་བསྡུ་ལས་ཁང་གིས་ང་ལ་བཏང་བ་དེའི་ནང་ག་རེ་བྲིས་འདུག་ཟེར་ན་༼ཁྱེད་རང་བརྒྱ་ཆ་༣༣ལོངས་པའི་སྒུག་ཐོ་མ་རེད་༽ ཟེར་བ་དེ་ཙམ་ཞིག་རེད། ངས་ང་བརྒྱ་ཆ་ལོངས་བའི་སྒུག་ཐོ་ཡིན་སྐོར་བཤད་མྱོང་མེད། ངས་ག་རེ་ཞུས་ཡོད་ཟེར་ན། ཁྱེད་ཚོའི་བརྒྱ་ཆ་མི་དགོས་པའི་སྒྲིག་གཞི་བཟོས་ཚར་བ་དང་། གོང་ནས་བཤད་པ་ལྟར། འོས་བསྡུའི་སྒྲིག་གཞི་གསར་པ་དེའི་ནང་བར་མའི་འོས་བསྡུ་མ་དགོས་པ་ཐག་བཅད་ཡོད་སྟབས། སྒྲིག་གཞི་དེ་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་དགོས་པ་བཤད་ཡོད།
དྲི་བ་འདི་དང་ང་ལ་བརྒྱ་ཆ་ལོངས་ཡོད་མེད་ཀྱི་སྐད་ཆ་རྦད་དེ་ཁ་ཁ་རེད། བར་མའི་འོས་བསྡུ་དགོས་མིན་ཐད་མང་ཚོགས་དཀྱིལ་མའི་ནང་གསལ་བོ་ཆགས་ཀྱི་མེད་པ་ཕར་ཞོག། མཐའ་ན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱང་མགོ་འཐོམ་སྟེ། ཚོགས་གཙོ་གཞོན་སར་ནང་མོལ་ཞུ་བར་ཕྱིན་པའི་སྒྲུང་དེ་ཚོ་<<བོད་ཀྱི་དུས་བབ་>>ཐོག་སྔོན་ནས་ཐོན་ཟིན་པ་རེད། སྐབས་དེར་ཁོང་གིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། དེར་བརྟེན་སྤྱི་འཐུས་ལ་ཐོབ་མེད་ནའང་སྒུག་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་༼སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་ཚོགས་གཞོན་ལ་བཀའ་འདྲི་ཞུས་ཡིན་༽དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན། བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་ཅེས་ལན་འདེབས་གནང་འདུག་པ་དེ་རེད།
ཁོ་ཚོས་གསལ་བོ་བཟོ་དགོས་པ་ནི་མང་རིམ་རྩེ་བཏོག་གམ། མང་རིམ་ཀྱི་གྲངས་ཐོ་ལྟར་བསྐོ་བཞག་བྱས་ན་འགྲིག་གི་མི་འདུག་ཟེར་བ་དེར་འགྲེལ་བཤད་རྒྱག་དགོས་པ་དང་། གང་ནས་ཇི་ལྟར་མ་འགྲིག་པའི་ཁྲིམས་སྒྲིག་གི་ཚད་འཛིན་ས་གསལ་བཤད་ཐུབ་དགོས་པ་དེ་རེད། དེ་ལ་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད་རྐང་གཅིག་མེད་ཁར། ཁ་ཉིན་གྲོས་ཚོགས་ནང་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་ཆེ་བའང་གནད་དོན་དེར་ཐུག་དུས་ཁ་གྲགས་མ་དགོས་པར་གཙོ་འདོན་བྱས་སོང་ལ། ཐབས་སྐྱོ་ཤས་ནི་མདོ་སྨད་སྤྱི་འཐུས་ཚོའི་ནང་གི་མི་རེ་གཉིས་ཤིག་གི་འཁྲབ་སྟངས་དེ་རེད། ཁོ་ཚོ་ཁ་ཅིག་གིས་ཀླུ་མཁར་བྱམས་ཁོ་རང་བརྒྱ་ཆ་ལོངས་བའི་སྒུག་ཐོའི་ནང་མེད་རབས་བཤད་ནས། འོས་བསྡུ་ལས་ཁང་གི་སྐད་ཆ་རྙིང་པ་དེ་བསྐྱར་ཟློས་བྱས་པ་དང་། ཐ་ན་འོས་བསྡུའི་འགན་འཛིན་གྱིས་ཀླུ་མཁར་བྱམས་ཀྱི་བསམ་ཚུལ་ཡག་པོ་འདུག་ཞེས་པ་དེ་ཙམ་ཡང་དཔེ་མི་ཟད་པའི་ནོར་འཁྲུལ་ཡིན་སྐོར། མདོར་ན་གནད་དོན་བཞག་སྟེ་གང་ཟག་ལ་དམིགས་ནས་ཉ་ཉོག་ལུང་པ་གང་བཤད་སོང་།
དེར་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་དེ་རང་གི་ཐོག འོས་བསྡུ་ལས་ཁང་གིས་གསལ་བཤད་ཅིག་ཡིག་ཐོག་ནས་སྤེལ་པའི་ནང་། གོང་དུ་སྤྱི་འཐུས་ཁག་ཅིག་ནས་དབུས་འོས་བསྡུ་ལས་ཁང་གི་ལས་དོན་ཐོག་དགོངས་འཆར་གནང་བ་ཁ་ཤས་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞིར་ཐུགས་ཞིབ་གཟབ་ནན་མ་གནང་བའི་ཐོག་ནས་ཡོང་འདུག་པ་སླད་ནས་བཅའ་ཁྲིམས་ཀྱིས་གཙོས་འོས་བསྡུའི་སྒྲིག་གཞིར་ཐུགས་སྣང་དགོས་པའི་འབོད་བསྐུལ་ཡིན་ཞེས། ལན་ཚ་ཐག་ཆོད་ཅིག་བརྒྱབས་འདུག དེ་མ་གཏོགས་བར་མའི་འོས་བསྡུ་དང་འབྲེལ་བའི་གནད་དོན་ངོ་མའི་ཐོག་བབ་དུས། འོས་བསྡུ་ལས་ཁང་དང་གྲོས་ཚོགས་གཉིས་ཀ་ཁ་མཐུན་གྱིས་གཅིག་གིས་གཅིག་གི་ངན་མཚང་འགེབས་རོགས་བྱས་ནས་ཁ་དྲང་མོར་གྲགས་མཁན་ཞིག་བྱུང་མ་སོང་།
དྲི་བ། དེ་ན་ཁྱེད་ལ་ད་ཐེངས་ཀྱི་བར་མའི་འོས་བསྡུ་འདི་དང་འབྲེལ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་འཕེལ་རིམ་ཐོག ཁྱོན་ཡོངས་ཀྱི་ལྟ་ཚུལ་དང་རེ་འདུན་འདྲ་ཞུ་རྒྱུ་ཡོད་དམ།
ལན། བར་མའི་འོས་བསྡུ་འདི་ཁྲིམས་དང་བཟང་སྤྱོད་གང་ཐད་ནས་ཉན་བཟོ་ལྟ་བཟོ་མེད་པ་ཞིག་རེད་ལ། དེ་སྔོན་ཡང་འདི་འདྲ་བྱུང་ཡོད་ཚོད་འདུག མ་གཞི་ད་ཐེངས་མདོ་སྨད་ཀྱི་སྤྱི་འཐུས་ཤིག་གི་ས་མིག་སྟོང་བ་ཐོན་སྟངས་དེ་རེད། ཀིརྟི་སྒྲོལ་དཀར་ལྷ་མོ་སྒེར་གྱི་བྱ་སྤྱོད་པ་ཙམ་མ་ཡིན་པར། གྲོས་ཚོགས་ནང་ནག་ཉེས་ངོ་འཕྲོད་ཀྱི་མི་ཞིག་འགེབས་སྲུང་བྱུང་ནས་ལོ་གཉིས་མ་ཟིན་ཙམ་ལ་བཞག་པ་དང་། མཐར་མོ་རང་གིས་སྤྱི་འཐུས་ཀྱི་མིང་འཁུར་ནས་ཕྱི་རྒྱལ་ཞིག་ལ་བདེ་ལེགས་ངང་གཡོལ་བྱོལ་དུ་འགྲོ་རགས་བར་ཡ་མེད་བཏང་པ་རེད། དེ་ནི་སྒྲོལ་དཀར་ལྷ་མོ་སྒེར་གྱི་ནག་ཉེས་ཙམ་ཀྱིས་མ་ཚད། རྐུན་རྒྱབ་ཇག་ལངས་ཟེར་བའི་དཔེ་ལྟར་མཉམ་རུབ་ཀྱི་ནག་ཉེས་ཚབས་ཆེན་པོ་བསགས་པ་རེད།
ང་རང་སྒེར་དང་འབྲེལ་ནས་ཞུས་ན། སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཁ་ལག་པ་གཉིས་ཀ་སྡོད་ཚོད་མེད་པའི་མི་འགས། ཐོག་མཐའ་བར་གསུམ་དུ་ངའི་སྐོར་ནས་ཅིག་བཤད་ཀྱིན་འདུག་ལ། ཁོ་ཚོས་གལ་སྲིད་ཀླུ་མཁར་བྱམས་སྤྱི་འཐུས་ལ་ཐོབ་སོང་ན། མདོ་སྨད་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་ཚང་བློས་བཏང་བ་རེད་ཟེར་པ་དང་། ཡང་ཀླུ་མཁར་བྱམས་ནང་བཞིན་རང་བཙན་རྩོད་མཁན་ཞིག་ལ་འོས་བླུག་པ་ཡིན་ན། དེ་མདོ་སྨད་ཚང་གི་རྩ་བའི་ལངས་ཕྱོགས་ལམ་དབུ་མ་དང་འགལ་བ་རེད་ཟེར་བ། ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུས་གྲོས་ཚོགས་ཀྱི་གཞུང་འབྲེལ་སྡིངས་ཆ་ཡན་ཆོད་པོ་བེད་སྤྱད་ནས། ང་ལ་མིང་བཟུང་དོན་བཟུང་གིས་ནག་པོ་བཟོ་ཐབས་བྱས་པ་ཕུད། ཁོས་ད་དུང་ཀླུ་མཁར་བྱམས་སྤྱི་འཐུས་ལ་སླེབ་ཚེ་ང་ཁོ་དང་མཉམ་པོར་སྡིངས་ཆ་གཅིག་ནས་འདུག་ཐབས་ཡོད་པ་མ་རེད་ཟེར་ནས་ཡས་བཤད་རབས་ཀྱང་གོ་ཡ་འདུག
མི་འདི་དང་འདི་ལྟ་བུས་བརྒྱུད་སྐུལ་འོག གྲྭ་སའི་ཁམས་ཚན་རེ་གཉིས་དང་། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་ཟེར་བའི་ནང་གི་འཁྲབ་རྒན་ཚོས། ངའི་སྐོར་ནས་དཀྲོགས་གཏམ་བཟོ་ཐུབ་ན། དེ་ཡང་རང་ཉིད་ལ་ཆབ་སྲིད་ཀྱི་མ་རྩ་ཞིག་འཛུགས་ཐུབ་པའི་འཕྲུལ་སྣང་སྐྱེས་པ་རེད།
ངས་བསམ་ན་ཁ་ཐུག་འདིར་མི་ཞིག་གིས་སོ་སོའི་འོས་ཤོག་གཅིག་པུའི་སྟེང་དུ་”ཀླུ་མཁར་བྱམས”ཟེར་བའི་མིང་འདི་འབྲི་སྐབས། ཧ་ལམ་རང་གི་གཉེན་ཚན་ཞིག་ལ་བསྔོ་ཡིག་འཇོག་པ་ནང་བཞིན་སེམས་ནང་ལྗིད་ཏིག་ཏིག་དང་། ལག་པ་འདར་ལྕིག་ལྕིག་ཡིན་ཤག་བྱས་ཡོད། རྒྱུ་མཚན་མི་ཁ་གཏམ་ངན་གྱི་གནོན་ཤུགས་འདི་ངེད་ཚང་གི་ཤ་ཉེ་རིང་ཚོའི་སྒོ་རྩ་བར་དུ་སྐྱེལ་འདུག འོན་ཀྱང་། ཕྱིའི་ཁོར་ཡུག་དེ་ལྟར་སྤུག་སོབ་དོག་པོ་ཡོད་མིན་ལ་མ་ལྟོས་པར། ད་ཐེངས་ང་རང་ཁྱོན་ཡོངས་ནས་འོས་གྲངས་ཨང་གཉིས་པ་དང་། ཁྱད་པར་དུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལྟེ་གནས་སུ་འབོད་པའི་དྷ་རམ་ས་ལ་གཙོས། ཝཱར་ཎཱ་མཐོ་སློབ། སྤང་ལོར་མཐོ་སློབ། ས་རཱ་མཐོ་སློབ། ད་དུང་བོན་གཞིས་སོགས་ནས་ཨང་དང་པོ་རྐྱང་རེག་འདུག་ན། དེ་ནི་ངའི་ཐོག་མའི་ཚོད་དཔག་ལས་ཡོངས་སུ་བརྒལ་ཡོད་ལ། གནས་ཚུལ་འདིས་ཕྱོགས་ཡོངས་ནས་གསལ་བཤད་ཐུབ་པ་ཞིག་ལ། ད་ཆ་དུས་ཀྱི་འགྲོ་སྟངས་ཅུང་ཤེས་མཁན་ཚོས་ཆབ་སྲིད་བཤད་ས་ནས་དྲང་བདེན་ལ་དད་པ་ལས་བརྒལ་བའི་རིན་ཐང་ཡོད་པ་རྟོགས་པའམ། མ་མཐར་ཡང་ང་ཡག་དྲགས་ནས་ཡིན་རྒྱུ་མ་རེད་དེ། ང་ལ་ཁ་གཏད་གཅོད་མཁན་གྱི་མི་འདི་ཚོས་བཅའ་སྟངས་ལས་སྟངས་སྡུག་དྲགས་ནས་ཁོ་བོ་འོས་གྲངས་མཐོ་ཤས་གྲས་སུ་སླེབས་པ་ཡིན་ཡང་སྲིད།
གང་ལྟར་འཕེལ་རིམ་འདིའི་ཐོག་ནས་ང་ལ་མདོ་སྨད་ཀྱི་མི་རབས་གསར་བའི་མདུན་ལྗོངས་ལ་རེ་བའམ་སྤོབས་པ་ཅུང་ཞིག་སྐྱེས་སུ་བཅུག་སོང་། ཡིན་ནའང་། ད་དུང་ང་ཚོར་ཞན་ཆ་མེད་པ་ག་ནས་ཡིན། དཔེར་ན། བར་མའི་འོས་བསྡུའི་ནང་ལངས་མཁན་གྱི་འོས་མི་ཚོར་མཚོན་ནའང་། རང་ཉིད་ཁྲིམས་འགལ་གྱི་གནས་སྟངས་ཤིག་གི་འོག་འགྲོ་བཞིན་པ་དེ་མ་ཤེས་པ་ཡིན་རྒྱུ་མ་རེད། གཙོ་བོ་སོ་སོའི་མགོ་ལ་མ་བབ་པ་དང་། རང་ཉིད་ལ་འཛུལ་སའི་ཁུངས་ཤིག་འདུག་བསམ་དུས་་གང་དུའང་འཛུལ་རྐྱང་ཡིན་པ་འདི་རྫོབ་པོ་ཞེ་དྲག་རེད། བྱུང་ན་ད་ཐེངས་བར་མའི་འོས་བསྡུ་འདིའི་ནང་འོས་འཕེན་མཁན་དང་། འོས་གཞིར་ལངས་མཁན་ཚང་མ་ཕྱིར་འཐེན་བྱས་ནས། ཐོག་མར་འོས་བསྡུའི་གོ་རིམ་འདི་ཁྲིམས་མཐུན་ལུགས་མཐུན་ཤིག་ཡོང་རྒྱུར་མང་ཚོགས་ཀྱིས་ཤུགས་རྒྱག་ཐུབ་ན་དེ་གལ་ཆེན་པོ་རེད་བསམ་གི མ་གཏོགས་གཞུང་གི་ནོར་འཁྲུལ་གཞུང་རང་གིས་ཡོ་བསང་བྱ་རྒྱུར་བསྒུག་ན་ཡོང་ཡ་མེད་པ་གསལ་བོ་རེད།
འདི་ལྟར་བྱེད་ཐུབ་ན་དེ་ང་ཀླུ་མཁར་བྱམས་སྒེར་དོན་མིན་པ་གང་ཞིག་ལ། ཆོལ་ཁ་བྱེ་བྲག་པ་ཞིག་གི་དཀའ་ངལ་ཡང་མ་རེད། མདོར་ན་གནས་སྟངས་འདི་མུར་ཕྱིན་ཚེ་བཙན་བྱོལ་སྒྲིག་འཛུགས་་དང་སྤྱི་ཚོགས་ཧྲིལ་བོ་འདི་ཁྲིམས་སྒྲིག་དང་བཟང་སྤྱོད་གང་གི་ཐད་ནས་ཀྱང་སྤོ་ལུག་རྒྱུའི་རྟགས་མཚན་རེད་ལ། དེ་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་རེད་བསམ་སོང་། གཞན་ཅང་ཞུ་རྒྱུ་མེད། སླར་ཡང་བཅར་འདྲིའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ།།
་་་་་་་་་་་་་་་་་་ཐོག ཁྱོན་ཡོངས་ཀྱི་ལྟ་ཚུལ་དང་རེ་འདུན་འདྲ་ཞུ་རྒྱུ་ཡོད་དམ།
ལན། བར་མའི་འོས་བསྡུ་འདི་ཁྲིམས་དང་བཟང་སྤྱོད་གང་ཐད་ནས་ཉན་བཟོ་ལྟ་བཟོ་མེད་པ་ཞིག་རེད་ལ། ་་་་་་་་་་་་་་་་་་་་་་་་་་
བར་མའི་འོས་བསྡུའི་ཐད་ནས་འོས་བསྡུ་ལྷན་ཁང་གིས་དངོས་གནས་དྲང་པོ་བྱས་མ་སོང་། ཆེ་ཆུང་ལ་མ་ལྟོས་པར་གནད་ཡོད་དང་དམངས་གཙོ་ཅན་གྱི་བརྒྱུད་རིམ་ནང་དུ་ཡང་འདི་འདྲའི་གཡོ་སྒྱུ་ཞིག་འགྲོ་ས་ཡོད་པ་ནི་ཡ་མཚན་གྱི་གཞི་རེད།
བོའམ། བ་རེད།
སྐད་ཆ་ཁ་ཚང་བོ་བསྐུར་ཡོད།
འདི།
སྐད་ཆ་ཁ་ཚང་བ་བསྐུར་ཡོད།
ལགས།
རྡ་ས་གཙོས་ས་གནས་ཁག་ཅིག་ནས་ཨ་ཚོགས་ཀླུ་མཁར་བྱམས་ལ་འོས་མང་ཤོས་བླུགས་པ་དེ་ཨ་ཚོགས་ལ་རྒྱབ་སྐྱོར་ཙམ་མ་ཡིན་པར། དབང་ཆ་ཡོད་མཁན་ཁག་ཅིག་གིས་ཨ་མདོ་མི་མང་ནང་རང་བཙན་རྩོད་མཁན་མེད། དབུ་མའི་ལམ་ལ་ཤར་བསྐྱོར་ཡིན་ཟེར་བའི་བཀའ་ཁྱབ་བསྒྲགས་དེར། མི་མང་གིས་ཀྱང་རང་བཙན་རྩོད་མཁན་ལ་རྒྱབ་སྐྱོར་ཡོད་པའི་ལན་འདེབས་ཞིག་རེད།
འོས་བསྡུ་འདི་ཁྲིམས་འགལ་ཡིན་པ་མི་མང་ཁྲོད་གསལ་པོ་ཡོད་ལ། ཨ་མདོ་མི་མང་ད་ཐེངས་འོས་འཕེན་མཁན་མང་པོ་ཡོང་ཁག་པོ་རེད། སྔོན་འགྲོའི་སྐབས་ཀྱང་འོས་བླུགས་མཁན་ཧ་ཅང་ཉུང་ཉུང་རེད།
གནད་དོན་འདི་ཧ་ཅང་གི་ཚབས་ཆེན་རེད། ཁྲིམས་འགལ་ཡིན་པ་གང་ཞིག་ལ་གཞུང་རྒྱུ་འབུམ་ཕྲག་མང་བོ་མི་སེར་དཀྱུས་མ་གནོན་བྱེད་དུ་བཀོལ་ཡོད་པས། དངུལ་འབོར་འདིས་རྒྱ་གར་ནང་ཆེད་ལས་མི་སྣ་གསུམ་བསྐྱེད་བསྲིངས་བྱེད་ཐུབ་པ་ནི་གསལ་བོ་རེད། ད་མང་བོ་ལབ་ཡ་མ་རེད། གནད་དོན་་འདི་བོད་རྒྱ་དབྱིན་གསུམ་ནང་གསལ་བོར་བཀོད་ནས་རྡ་རམ་ས་ལར་རོགས་དངུལ་སྤྲད་མཁན་གཞུང་སྒེར་ཀུན་ལ་ཕུལ་ནས་དེང་ཕྱིན་བོད་དོན་ཆེད་སྤྲད་པའི་རོགས་དངུལ་མི་སེར་དཀྱུས་མ་གནོན་བྱེད་དུ་བཀོལ་ཐབས་མེད་པ་ཞིག་བཟོ་རན་འདུག ཚང་མས་བསམ་ཚུལ་གསུང་རོགས།
བློ་ཕམ་སྐྱེ་གཞི་རེད། ད་ཡིན་ན་ཁྲིམས་བསྒྲིག་དེ་ཚོའང་་་་སྟོན་པས་གསུངས་པ་ལྟར་་་་་དེའི་ཚེ་དེ་ཡི་དུས་ན་་་ཞེས་པ་དེ་ཡིན་རྒྱུ་རེད། མ་གཞི་ནས་ཀླུ་མཁར་བྱམས་ཀྱིས་ཆབ་སྲིད་མ་ཤེས་ནས་་་་བླང་རྒན་་་་་ཞེས་ཞུ་བ་དེ་ལས་བྱུང་བ་རེད
ད་ཐེངས་ཀྱི་བར་མའི་འོས་བསྡུ་འདི་ཀླུ་མཁར་ཁོང་གིས་གསུངས་པ་ལྟར་ཁྲིམས་འགལ་ཞིག་ཡིན་པ་མ་ཟད། ལྷ་ལྡེ་གནམ་ལགས་ཀྱིས་གསུངས་པ་ནང་བཞིན་གཞུང་རྒྱུ་འཕྲོ་བརླག་ཏུ་བཏང་བ་ཞིག་ཀྱང་ཅི་ལ་མིན། ད་དུང་ཆེས་སྐྱུག་བྲོ་བ་ཞིག་ལ་གྲོས་ཚོགས་ནང་འདིའི་སྐོར་གླེང་དུས་དྲང་བཞག་གིས་སྐད་ཆ་གཅིག་ཀྱང་གླེང་མཁན་མེད་པ་ནི་ངུ་བྲོ་བ་ཞིག་ལས་མ་འདས། ད་ཅི་བྱ། ཤུ།
གནམ་ལོ་ཡག་གིས་གསུངས་ལ་རྒྱབ་སྐྱོར་ཡོད། བོད་མིའི་སྤྱི་དངུལ་འབུམ་ཕྲག་མང་པོ་སྟོང་ཟད་དང་བོད་མི་འབུམ་ཕྲག་མང་པོའི་སེམས་ལ་རྨར་ཁ་ཚབ་ཆེན་བཟོས་སོང་། བྱེད་བབ་དེ་ནི་བོད་ཀྱི་ལར་རྒྱ་ཅན་ཉམས་ཆུང་ཀླུ་མཁར་བྱམས་སྒེར་སྡུང་གིས་བྱ་སྤྱོད་ཨ་ན་མ་ན་རེད། མཛད་གཙོ་རྣམས་ཀྱིས་འདི་མོ་རང་བྱས་བྱེད་ཉིད་ཀྱིས་ད་ཟད་ངེད་ཚོའི་ཁ་ཐབས་འདི་ལ་སླེབས་པ་རེད། མང་གཙོ་དང་རང་དབང་། འདྲ་མཉམ་དང་ཐོབ་མཐང་། རྩ་ཁྲིམས་དང་འགན་ཁུར། ཞེས་པའི་ཚིག་ཚོགས་དེ་དག་རྒྱ་དམར་གྱིས་སྤྱོད་བཞིན་པ་ལྟར་བཙན་བྱོལ་བོད་པ་ཚང་ཡང་དེ་དང་ཅིག་མཚུངས་རང་རེད་འདུག་གོ།
ཀླུ་ལ་དུས་ནམ་ཡང་གུས་བཀུར་ཡོད།
ཀླུ་མཁར་བྱམས་ཀྱི་གསལ་བཤད་གནང་བ་ཡག་བྱུང་། ཡིན་ཡང་། ཡི་གེ་འདི་ཙམ་དང་གནས་ཚུལ་འདི་ཙམ་གྱིས་འདང་གི་མི་འདུག རབ་བྱུང་ན་གོ་རིམ་ཡོད་ཚད་བདེན་པ་བདེན་དྲང་གིས་དཔང་མི་ཁག་ཅིག་དང་རྒྱབ་སྐྱོར་བ་ཁག་ཅིག་དང་ལྷན་བརྙན་འཕྲིན་ཞིག་བཟོས་ཤིང་བཀྲམ་ཐུབ་ན། གནས་ཚུལ་ཁ་གསལ་ཆགས་ཤིང་ཧ་ཅང་གི་ཕན་ཐོགས་ཡོད་པ་མ་ཟད། ཡིག་རྨོངས་མང་ཚོགས་ཀྱི་གོ་རྟོགས་སད་པར་ཕན་ཐོགས་ཡོད་ངེས་རེད། དེ་ལྟར་མ་ཡོང་ཡང་། ཀླུ་མཁར་ཉམས་རང་ཉིད་ཀྱིས་རང་ཉིད་བརྙན་འཕྲིན་བླངས་ནས། ཡོས་ཁྲོས་བྷི་དང་ངོ་དེབ། ཁ་བརྡ་སོགས་འགྲེམ་སྤེལ་བྱས་ན་ཧ་ཅང་གི་ལེགས་པོ་ཡོང་ངེས་རེད། དེ་ལྟར་མིན་ན། གསལ་ལ་མ་གསལ་བའི་གསལ་འདི་ནི་མེད་པ་ལས་ཡོད་པ་ཡག་ཀྱང་། འདིས་མི་མང་པོ་ཞིག་ལ་དོགས་པ་དང་རྣམ་རྟོག་བསླང་བ་མ་ཟད། ཡིག་རྨོངས་མང་ཚོགས་དང་། བོད་ཡིག་མི་ཤེས་མཁན། ཡིག་ཀློག་བྱེད་རྒྱུར་མི་དགའ་མཁན་ཚོ་ལ་ཕན་ཐོགས་མེད་པ་མ་ཟད། ཆེད་མངགས་ཀྱིས་སྐྱོན་བརྗོད་བྱེད་མཁན་ཚོ་ལའང་། སྐྱོན་འདོགས་བྱེད་ས་རེག་པས་ཡིན།
རྒྱལ་སྤྱིའི་གནས་ཚུལ་དང་འགྱུར་འགྲོས་ལ་དོ་སྣང་མེད་ཅིང་། སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ཚེ་གང་ལྷག་སྟེ་རང་ཁུལ་གྱི་རྩོད་པ་ཁོ་ན་ལ་མགོ་བོ་འཁོར་ནས་བསྡད་ན་དེ་འདྲ་རེད།
གནམ་ལོ་ཡག་ཟེར་བའི་མི་འདིའི་སྐད་ཆ་ནི་སྐྱུག་བྲོ་བ་ཞིག་རེད།
རྡ་སའི་གཞུང་ལ་དེ་འདའི་སྡང་སེམས་སྐྱེ་དགོས་དོན་ཅི་ཡིན་ནམ།
རྡ་ས་དང་རྡ་སའི་སྦྱིན་བདག་པར་ལ་ཡང་དཀྲུག་ཤིག་བརྒྱག་གིན་འདུག
རྒྱ་ནག་གུང་བྲན་དམར་པོས་ཀྱང་སྐད་ཆ་འདི་འདྲ་བཤད་མྱོང་ཡོད་མ་རེད་བསམ་སོང་།
དངོས་གནས་ཡིན། མི་འདིའི་རིགས་ཀྱིས་ག་དུས་ཡིན་ན་སྒེར་གྱི་འཁོན་སེམས་ཁུར་ནས་ཡོང་གི་འདུག
ལྷ་སྡེ་གནམ་ལོ་ཡག་ནི་དངོས་གནས་སྐྱུག་བྲོ་བ་ཞིག་འདུག
ད་ཡིན་ན་སྙིང་རྗེ་རེད། ཝཱ་ན་མཐོ་སློབ་ཏུ་ཀླུ་མཁར་ལ་འོས་མཐོ་ཤོས་ཐོབ་འདུག་ཅེས་ཁ་ཕོ་སྒྲོག་པ་ནི་སྐད་ཆ་སྟོང་པ་རང་རེད། སྤྱིར་ཝཱ་ནར་ཨ་མདོ་བ་ཉུང་ཤས་ཤིག་ལས་མེད་ལ། ཉུང་ཤས་དེའི་ནང་འོས་འཕེན་མཁན་ནི་དེར་ཡོད་ཨ་མདོ་བ་སྤྱིའི་བརྒྱ་ཆ་ཕྱེད་ཀ་ཡང་མི་འདུག་ཅེས་ངའི་ཝཱ་ནའི་མཐོ་སློབ་ཀྱི་རྒན་ལགས་བློ་བཟང་ཚུལ་ཁྲིམས་ངའི་གྲོགས་ཁོང་གི་གསུང་གིན་འདུག་གོ། །རྡ་སར་ཁོ་པ་མཐོ་པོ་བྱུང་བ་ཟེར་བ་ཡང་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་དཔྱད་དགོས། ང་མདོ་སྟོད་ཡིན་པས་བྱེད་ཐབས་མེད་ཀྱང་གལ་སྲིད་ང་ཨ མདོ་བ་ཡིན་ཀླུ་བྱམས་ཟེར་བ་དང་གནམ་ལོ་ཡག་ཟེར་བ་ནང་དཀྲུགས་ཁོ་ན་ལས་རྒྱ་གུང་ཁྲན་ཚིག་གཅིག་ལབ་མི་ཐུབ་མཁན་འདི་དག་ལ་འོས་བླུགས་མི་སྲིད།
ཕུན་ཚོགས་བཀྲ་ཤིས་ཀྱིས་བཤད་པ་ལྟར་མང་མོས་ལ་ཧ་ལས་དགོས་པ་མེད་ན། ད་ཐེངས་སྔོན་འགྲོའི་འོས་བསྡུའི་ནང་ཨང་དང་པོ་ཐོབ་པའི་ཨ་མདོ་རྫུན་མ། མགོ་ལོག་རྫུན་མ། གསེར་རྟ་རྫུན་དེ་འོས་གྲངས་ཀྱང་བཙན་བྱོལ་ནང་གི་མདོ་སྨད་མི་མང་སྤྱིའི་བརྒྱ་ཆ་ཉི་ཤུ་ཡང་ཟིན་གྱི་མེད་པ་རེད།
ཀླུ་མཁར་དང་གནམ་ལོ་ཡག་གཉིས་ཀྱིས་བོད་ནས་བོད་ཀྱི་རང་བཙན་ཆེད་མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་པ་བཙུགས་ནས་རྒྱ་དམར་དང་གདོང་ཐུག་འཐབ་རྩོད་བྱས་ཡོད། དེ་ཙམ་མ་ཟད་ཅང་ཙེ་མིན་མཚཽ་སྔོན་ཡོང་དུས་རྒྱ་ནག་དབུས་ནས་ཁོང་ཚོ་བཀག་ཉར་དང་འཛིན་བཟུང་བྱས་རེད།དེ་ལྟ་བུའི་མི་འདི་ཚོར་རྡ་སའི་ཨ་མདོ་ཆབ་སྲིད་པ་ཐབས་ཆགས་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་ཁ་འཁྱེར་ནས་མགོ་མནོན་ཐབས་དང་གནོན་ཤུགས་རབ་དང་རིམ་པ་སྤྲད་རེད། མདོ་སྨད་དབུས་ས་གཉིས་ཀྱི་ནང་དུ་སྙན་ཞུ་ཡག་པོ་ཞིག་འབྲི་མི་ཤེས་པའི་གྲྭ་ལོག་ཁ་ཤས་ཀྱིས་སྤེན་ཚེ་སོགས་ཀྱིས་བཀའ་ལ་བསྟེན་ལྟོ་བ་ཅུང་རག་གི་ཡོད་དུས་བསམ་ཤེས་ཅན་ཚོར་ཐང་ཆད་ཡོད་འདུག
འོས་བསྡུ་ལས་ཁང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་ཕྱོགས་ལ་ངོ་རྒོལ་ཡོད།
འོས་བསྡུ་ལས་ཁུང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་ཕྱོགས་ལ་ངོ་རྒོལ་ཡོད། འདི་ནི་སྒེར་གཅོད་རིང་ལུགས་ལས་དམངས་གཙོའི་འགྲོ་སྟངས་ཤིག་གཏན་ནས་མ་རེད། ཁྲིམས་བཟོ་ལྷན་ཚོགས་ནས་ལག་པས་བྲིས། རྐང་པས་བསུབ་ཀྱི་ཡོད་ན། སླད་ཕྱིན་བཅའ་ཁྲིམས་རིན་པོ་ཆེ་ག་འདྲ་ཞིག་ཆགས་རྒྱུ་རེད་དམ།་དྲ་གྲོགས་ཚོ།
ད་རེའི་མདོ་སྨད་བར་མའི་འོས་བསྡུའི་རྩོད་རྙོག་འདི་དང་བསྟུན་ནས་རྡ་སའི་སྦྱིན་བདག་ཚོར་བོད་དོན་ག་རེ་ཡིན་པ་ངོ་འཕྲོད་ཐུབ་པ་བྱུང་ན་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་ཤིག་ཏུ་འགྱུར་སྲིད། རྒྱལ་གཅེས་ཨ་མདོ་བ་ལྷན་རྒྱས་རྒྱལ་ལོ།
ངས་རེ་བ་ལ་མདོ་སྨད་པའི་རྒྱལ་གཅེས་ལྷག་བསམ་ཅན་རྣམས་ལ་རྒྱལ་ཁ་འཐོབ་པའི་རེ་བ་ཡོད་ལ་མདོ་སྨད་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་ཁ་ཆེམས་གཞིར་བཞག་ནས་ལས་དོན་བསྒྲུབ་ཐུབ་པའི་རེ་བ་ཡོད། དུས་དང་རྣམ་པ་ཀུན་དུ་མདོ་སྨད་པའི་རྒྱལ་གཅེས་ལྷག་བསམ་ཅན་རྣམས་རྒྱལ་ནས་རྒྱལ་བཙོང་བ་དང་ལྐོག་ཟ་རུལ་སུངས་ཚོ་སྤྱི་ཚོགས་ནས་ཕམ་པར་ཤོག
མཆན་ཡིག་མང་པོ་ཞིག་བཀླགས་ཡོང་ན། གོ་རྟོགས་རིམ་པས་སད་ཐུབ་ཀྱི་འདུག ཨ་མདོ་དགེ་ཆོས་རྩ་བ་བླ་མ་མི་དགོས་པའི་སྙིང་ཁམས་་འདུག གོང་ས་མཆོག་ལ་རྩ་བའི་བླ་མ་དགག་པའི་དཔུང་ཤུགས་འདུག ཀླུ་མཁར་བྱམས་ལ་ངོ་བསྟོད་གཏོར་བའི་གཤིས་ཀ་འདུག ཨ་མདོ་ནས་འཁྲུངས་པ་དག་ལ་ཡོད་པའི་ཁྱད་ཆོས་རྣམ་གསུམ་མ་རེད་དམ།
ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་དམངས་ལ་ཕན་པའི་ཕྱག་ལས་གནང་གི་ཡོད་མེད་གསལ་པོ་རེད།
{ ཀིརྟི་སྒྲོལ་དཀར་ལྷ་མོ་སྒེར་གྱི་བྱ་སྤྱོད་པ་ཙམ་མ་ཡིན་པར། གྲོས་ཚོགས་ནང་ནག་ཉེས་ངོ་འཕྲོད་ཀྱི་མི་ཞིག་འགེབས་སྲུང་བྱུང་ནས་ལོ་གཉིས་མ་ཟིན་ཙམ་ལ་བཞག་པ་དང་། མཐར་མོ་རང་གིས་སྤྱི་འཐུས་ཀྱི་མིང་འཁུར་ནས་ཕྱི་རྒྱལ་ཞིག་ལ་བདེ་ལེགས་ངང་གཡོལ་བྱོལ་དུ་འགྲོ་རགས་བར་ཡ་མེད་བཏང་པ་རེད། དེ་ནི་སྒྲོལ་དཀར་ལྷ་མོ་སྒེར་གྱི་ནག་ཉེས་ཙམ་ཀྱིས་མ་ཚད། རྐུན་རྒྱབ་ཇག་ལངས་ཟེར་བའི་དཔེ་ལྟར་མཉམ་རུབ་ཀྱི་ནག་ཉེས་ཚབས་ཆེན་པོ་བསགས་པ་རེད།}
དྷ་རམ་ས་ལའི་སྒྲིག་འཛུགས་དེ་བཞིན་བོད་ཀྱི་འཐབ་རྩོད་ཁྲོད་གལ་ཆེ་ཤོས་ཀྱི་ཚོགས་པ་ཡིན་པ་རྩོད་མེད་ཡོངས་གྲགས་ཤིག་རེད་མོད། འདས་པའི་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད་དུ་སེམས་ཤུགས་ཅན་གྱི་བསམ་ཡོད་བོད་རིགས་ལྷག་བསམ་ཅན་མི་ཉུང་བ་ཞིག་ལ་སེམས་ཀྱི་རྨ་ཁ་བཟོས་ཡོད་པ་ཉུང་ཉུང་མིན།
དེ་ནི་གཙོ་བོ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་དེའི་ནང་གི་ལས་བྱེད་པ་དེ་ཚོའི་ལྷག་བསམ་དང་། ཤེས་ཡོན་གྱིས་དབུལ་བའི་སྐྱོན་ཁ་ོན་རེད། གནད་དོན་དེར་དགོངས་ནས་༧གོང་ས་མཆོག་གིས་ལས་བྱེད་པ་ཚོར་ཤེས་ཡོན་ལས་ལྷག་བསམ་གལ་ཆེ་བའི་བཀའ་སློབ་སྔ་རྗེས་རིམ་པ་མང་པོ་ཕེབས་ཡོད་ཀྱང་རི་བོང་རྡོ་རྫུས་ལྟར་གནས་ཡོད། དེ་ལས་ལྡོག་ཏེ། ལས་བྱེད་མཐོ་གྲས་ཕལ་མོ་ཆེའི་རྐང་པ་ཡ་གཅིག་ཨ་རི་སོགས་ཕྱི་རྒྱལ་རྒྱལ་ཁབ་ཏུ་སྤོས་ཟིན་ནས་བོད་རིགས་ཉམ་ཆུང་ཚོར་ཞིང་བྲན་ལམ་ལུགས་ཀྱི་གནས་སྟངས་དགོས་མདོག་མདོག་གི་རྣམ་པ་མཐོང་རྒྱུ་འདུག
ཀླུ་མཁར་བྱམས་ཀྱི་གནད་དོན་དེ་ཡང་དེ་ལས་མ་འདས།
ལྷག་པར་དུ། ཉེན་ཚབས་ཆེ་ཤོས་ཤིག་ལ་ལས་བྱེད་པ་དེ་ཚོས་ཡི་གེ་ཅི་ཞིག་སྤེལ་བ་དང་། ལས་དོན་གང་ཞིག་བརྩམས་པའི་མཇུག་འབྲས་རྟོགས་མི་ནུས་པ་དེ་བློ་ཕམ་གྱི་གནས་ཁོ་ན་རེད།
སྔར་༧གོང་ས་མཆོག་གིས་དོལ་རྒྱལ་སྐོར་གྱི་བཀའ་སློབ་ཕེབས་རྗེས་སྐབས་དེའི་འཕྲོད་བསྟེན་ལྷན་ཁང་ནས་སྤེལ་བའི་གསལ་བསྒྲགས་ཤིག་ཏུ་དོལ་རྒྱལ་མཚམས་འཇོག་མ་བྱས་ན་ལས་གནས་ནས་རྩ་དགོངས་ཞུ་དགོས་ཟེར་བ་སོགས་༧གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་འགལ་བའི་ཡི་གེ་ཚབས་ཆེན་དེ་འདྲ་སྤེལ་ཡོད།
དེ་རིང་། ང་ཚོའི་སྤྱི་ཚོགས་ནང་སྐབས་འཚོལ་བ་ལ་ལས་ཡི་གེ་དེ་དག་ངོ་དེབ་སོགས་སུ་བཀོད་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་པའི་སྒང་རེད། དེའི་ཁོངས་སུ་སྤྲུལ་སྐུ་དབང་ཆེན་ཟེར་བ་སོགས་ཡོད།
དེ་དག་ནི་བཙན་བྱོལ་སྒྲིག་འཛུགས་དེའི་ལས་བྱེད་པ་སྒེར་གྱི་ལྷག་བསམ་དང་། ཤེས་འཇོན་གྱིས་དབུལ་བའི་སྐྱོན་གནད་འབའ་ཞིག་རེད་དོ།
དམངས་གཙོ་ཟེར་བ་འདི་དབང་འཛིན་པ་ཁ་ཤས་ཀྱི་འཇུག་ལྡེའུ་ལྟ་བུ་ཡིན་སུ་ཕམ་སུ་རྒྱལ་ཡིན།
ལྷ་སྡེ་གནམ་ལོ་ཡག་གི་མཆན་༥་པ་ལ་རྒྱབ་སྐྱོར་ཡོད། བཙན་བྱོལ་སྤྱི་ཚོགས་བཟང་རུ་འགྲོ་རྒྱུའི་ཚབ་ཏུ་ངན་རུ་འགྲོ་གི་འདུག
ས་སྒོ་བསམ་གཏན་སྒྲོལ་མས་བཤད་པ་ཚང་མ་ནོར་བ་རེད་མིན་འདུག་ལ་འགྲིག་པ་ཡང་རེད་མི་འདུག འོན་ཀྱང་སྐབས་དོན་གླེང་གཞི་ནི་མདོ་སྨད་ཀྱི་བར་མའི་འོས་བསྡུའི་སྐོར་རེད། དེ་ཡང་བྱ་དངོས་སམ་ཆོས་གང་ཞིག་གི་རྟགས་དོན་བརྩལ་དགོས་ཚེ་ངེས་པར་དུ་རྒྱུ་དང་རྐྱེན་ལ་རྩོད་སྒྲུབ་བྱེད་དགོས་པ་ནི་གནས་ལུགས་ཀྱིས་གཏན་ལ་ཕབ་ཟིན་པས། བར་མའི་འོས་བསྡུ་དེའི་བྱུང་རྐྱེན་ཀིརྟི་སྒྲོལ་དཀར་ལྷ་མོས་སྤྱི་འཐུས་ལས་ཐོག་ནས་རྩ་དགོངས་ཞུས་པ་དེར་ཐུག་ཡོད། དེ་ཡང་མོ་རང་རྩ་དགོངས་ཞུ་དགོས་པའི་ཐད་སྤྱི་ཚོགས་སྟེང་ཡོངས་གྲགས་སུ་ལྐོག་བཟའ་རུལ་སུངས་ཀྱི་གནད་དོན་ཡིན་སྐོར་བརྗོད་བཞིན་ཡོད། ངའི་བསམ་ཚུལ་ལ་དེ་དངོས་འབྲེལ་ཡིན་ན་ནམ་རྒྱུན་ནས་བོད་གཞུང་རྩ་བའི་རྩེ་མོར་འཁྱེར་མཁན་དྲ་གྲོགས་ས་སྒོ་ལགས་ནས་ཉེས་ཅན་པར་ཐ་ཚིག་སྒྲོག་པའི་བསམ་ཚུལ་ཆ་ཚང་བ་ཞིག་བྲིས་ཐུབ་ན་འབྱུང་འགྱུར་བཙན་བྱོལ་སྤྱི་ཚོགས་ནང་ལྐོག་བཟའ་རུང་སུངས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོང་ངེས་རེད་ལ། ཡང་གནས་ཚུལ་དེ་བདེན་པ་མིན་ཚེ་དེ་དེ་བཞིན་གྱི་བསམ་ཚུལ་ཞིག་སྤེལ་ནས་བོད་མི་དམངས་ཀྱི་སྤྱི་འཐུས་ཤིག་ལ་མ་ཉེས་ཁག་གཡོག་བྱས་པའི་གནས་ཚུལ་ཞིག་གཙང་མ་བཟོ་ཐོབ་རྒྱུ་གོར་མི་ཆགས་པས་ད་ནི་ཁ་བརྡ་ལ་རོལ་མྱོང་གནང་མཁན་ཚང་མས་སྐུ་ཞབས་སམ་མཁྱེན་ལྡན་མ་ས་སྒོ་བསམ་གཏན་སྒྲོལ་མ་ལགས་ཀྱི་ཕོད་པ་གསུམ་གྱི་འགུལ་བསྐྱོད་ལ་གཟིགས་རོགས།།
བོད་མི་རྒྱུས་ཤིག་གིས་སྤྱི་འཐུས་ཞིག་པ་མཐོང་ན་དགའ་ཞེན་བྱ་ས་དང་། མཐོང་ན་གུས་ཞབས་བྱེད་ས་རེད། དེ་ནས་འགོ་གཙོ་རྣམས་རྒྱུས་གང་འཚམས་ཤེས་དུས་འདི་དག་སྤྲེལ་ལད་མཁན་དང་། དྲང་བདེན་དང་། མི་རིགས་ལ་ལྷག་བསམ་གཏན་ནས་མེད་མཁན། སྐབས་ཚོལ་ཤ་སྟག་དང་། ཁྲམ་པ་ལ་བརྩི་དགོས་ཆགས། ཕྱོགས་བསྡུས་བྱས་ཏེ་གཅིག་གིས་གཅིག་ལ་ཁ་བཏད་རྐྱང་བརྐྱག་སྟེ་བསྡད་ཡོད། མི་རིགས་ལ་ཕན་པའི་ཕྱག་ལས་གནང་རྒྱུ་མེད་པ་ཡིན་ནམ།
འོས་བསྡུ་ལས་ཁུང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་ཕྱོགས་ལ་ངོ་རྒོལ་ཡོད། འདི་ནི་སྒེར་གཅོད་རིང་ལུགས་ལས་དམངས་གཙོའི་འགྲོ་སྟངས་ཤིག་གཏན་ནས་མ་རེད། ཁྲིམས་བཟོ་ལྷན་ཚོགས་ནས་ལག་པས་བྲིས། རྐང་པས་བསུབ་ཀྱི་ཡོད་ན། སླད་ཕྱིན་བཅའ་ཁྲིམས་རིན་པོ་ཆེ་ག་འདྲ་ཞིག་ཆགས་རྒྱུ་རེད་དམ།་དྲ་གྲོགས་ཚོ།
ད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འགའི་བྱེད་སྟངས་ལ་ལྟོས་ནས་སྒྲིག་འཛུགས་ལ་ཡིད་ཆེས་ཆུང་དུ་ཆུང་དུ་འགྲོ་བཞིན་འདུག
ཤུ
ཚང་མ་ཕེབས་ནས་དགོངས་ཚུལ་ལྷུག་པོ་གནང་བར་བཀའ་དྲིན་ཆེ། གནད་དོན་འདི་མི་སྒེར་ཞིག་ལས་ཆེ་ཆེར་བརྒལ་ནས་གནད་འགག་གསུམ་ལ་ཐུག་ཡོད། རེ་རེ་བཞིན་གཤམ་གསལ།
༡ དམངས་གཙོ་རྒྱལ་ཁབ་དང་གཅིག་སྡུད་རྒྱལ་ཁབ་སུ་ཡིན་ནའང་། དུས་ཚོད་གཏན་འཁེལ་གནང་མེད་པའི་ཁྲིམས་གཞིར་སྲིད་འཛིན་ནམ་སྲིད་བློན་གང་རུང་གིས་ས་རྟགས་བསྐྱོན་རྗེས་ཁྲིམས་སུ་ཆགས་པ་རེད་ལ། ས་རྟགས་བསྐྱོན་པའི་ཉིན་མོ་ནས་འདས་མ་ད་གསུམ་གྱི་ཚད་གཞིར་གྱུར་ཡོད་པ་རེད་ཅེས་ཐེ་ཝན་གྱི་ཁྲིམས་ལུགས་རིག་པའི་སློབ་དཔོན་ཆེན་མོ་ཞིག་གིས་ཕྲན་ལ་བཀའ་ལན་གནང་སོང་། དེ་བས། སྤྱི་འཐུས་འོས་གཞིར་བརྒྱ་ཆ་མི་དགོས་པའི་ཁྲིམས་གཞིར་སྐུ་ངོ་བློ་སེང་གིས་ས་རྟགས་བསྐྱོན་ནས་ལོ་གཉིས་ལྷག་འགྲོ་བཞིན་པས། ཁྲིམས་འགལ་ཡིན་པ་ར་འཕྲོད་ཡོད།
༢ སྤྱི་ཟུར་སྒྲོལ་དཀར་ལྷ་མོས་ལྐོག་ཟ་རུལ་སུངས་གནད་དོན་ཐེར་འདོན་བྱས་ཡོད་བཞིན་དུ་སྤྱི་འཐུས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་ལ་བསྐྱོད། དེ་ནས་ཕྱིར་མ་ལོག་པར་དགོངས་པ་ཞུས་ཡོད་པས། སྤྱི་འཐུས་ཚོགས་གཙོ་ཚུད་པའི་སྤྱི་འཐུས་རྒྱུན་ལས་ཐུན་མོང་གི་ནག་ཉེས་གྱུར་ཡོད།
༣ དབུས་འོས་བསྡུ་ལྷན་ཁང་རང་དབང་ལྡན་པའི་ལས་ཁུངས་ཤིག་ཡིན་བཞིན་དུ་ཐེ་གཏོགས་བྱུང་བར་བརྟེན་ནས་ད་རེས་ཀྱི་བར་མའི་འོས་བསྡུ་འདི་བྱུང་བ་རེད། དཔེར་ན། འོས་བསྡུ་འགན་འཛིན་ལགས་ཀྱིས་སྔར་གསུངས་དོན། མདོ་སྨད་དབུས་ས་གཉིས་དང་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་སོགས་ལ་གྲོས་མཐུན་བྱུང་བ་ཡིན་ན། དངུལ་འབོར་འདི་འདྲ་ཞིག་བཏང་ནས་འོས་བསྡུ་བྱེད་མ་དགོས་པ་གནང་ཆོག་ཅེས་ཁ་གསལ་བོའི་ལམ་ནས་ཐེ་གཏོགས་ཡོང་བཞིན་པ་གསལ་སྟོན་གནང་ཡོད།
ད་ཚང་མས་མུ་མཐུད་དུ་བགྲོ་གླེང་གནང་རོགས།
བོད་དུ་བོད་མི་ལྷག་བསམ་ཅན་མང་པོ་ཞིག་གིས། མི་རིགས་ཀྱི་དོན་དུ་རང་སྲོག་ཀྱང་བློས་གཏོང་ཕོད་ཀྱི་ཡོད། དྷ་སར་སྤྱི་འཐུས་ཁག་ཅིག་གིས་མི་རིགས་ལ་ཁྱད་གསོད་དང་། དྲང་བདེན་མཁན་ལ་མགོ་སྐོར་གཏོང་གང་ཐུབ། དྲང་བདེན་ཅན་རྣམས་ལ་བརྡེག་ར་དང་། དེ་རྣམས་ལ་ཉེས་པ་གཡོགས་གང་ཐུབ་བྱེད། ད་དུང་རྒྱལ་ཁབ་ག་གེ་མོའི་གསང་ལས་པ་ཡིན་ཚུལ་གླེང་། ང་ཚོའི་དྷ་ས་ཚོགས་པར་དྲང་བདེན་མི་དགོས་པ་ཅི་ཡིན་ནམ། སྤྱི་འཐུས་ཚོགས་གཙོ་ལགས།
གནམ་ལོ་ཡག་གི་དོན་ཚན་གསུམ་ལ་རྒྱབ་སྐྱོར་ཡོད། འགན་ཁུར་དང་ཁྲིམས་ལུགས་གཞིར་རྩ་འཛིན་པའི་ཐོག་ནས་གསལ་བཤད་ར་འཕྲོད་པ་ཞིག་བྱས་པར་ཡག་པོ་འདུག ངོ་མ་བཤད་ན་ད་རེས་འདི་ནི་འོས་བསྡུ་དང་ཚོགས་གཙོ་སོགས་ངན་པ་ལག་སྤྲེལ་བྱེད་དེ་རྒྱལ་གཅེས་དཔའ་བོ་ཞིག་དམར་གསོད་བྱེད་འདོད་དེ་རེད། བྱེད་སྟངས་འཁྲབ་སྟངས་འདིའི་འོག་ནས་མི་སྣ་མང་བོ་ཡི་ཆད་དང་ཞེ་མེར་ལངས་ཡོད།
ད་དུང་གཅིག་ལྷག་འདུག འདི་ནི་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་ཟེར་མཁན་ཚོར་ཕུལ་བའི་དཔྱད་གཞི་ཡིན། སྤྱི་འཐུས་ཚོགས་སྤེན་པ་ཚེ་རིང་ལགས་ཀྱིས་ཁ་སྔོན་གྲོས་ཚོགས་ཚོགས་ཁང་དབུ་འབྱེད་ལ་རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་སྐབས། གྲོས་ཚོགས་ནང་སྤྱི་དོན་ལས་ཆོལ་ཁའི་རྩོད་རྙོག་མེད་ཅེས་ཞུས་ཚུལ་ཁོ་རང་གིས་སྤྱི་འཐུས་ཡོངས་ལ་ལབ་པ་ལྟར་རེད། འོན་ཀྱང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ལ་མདོ་སྟོད་ནང་སྤྱི་འཐུས་ཡོད་བཞིན་དུ་ཨ་མདོ་མགོ་མི་ཚོས་པ་སྐོར་ཞིག་བསྐུལ་ནས་ཨ་མདོའི་ནང་གསེར་རྟ་ནས་ཡིན་པ་ཞིག་སྤྱི་འཐུས་ནང་ཡོང་བར་འབད་ཀྱིན་པ་ནི་ཆོལ་ཁའི་བར་གྱི་རྙོག་དྲ་མཐུད་གནས་ཡིན་པའི་བདེན་དཔང་གསར་བ་ཞིག་ཡིན་པས། དེ་བས། སྤྱི་འཐུས་ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་དབུ་བསྐོར་བཏང་བ་ནི་གསལ་བོ་དག་པོ་ཆགས་ཟིན་པ་རེད། ད་ཁྱེད་རང་ཚོ་དད་པ་ཅན་ཚོའི་དབུ་བསྐོར་དོན་རྐྱེན་འདི་རང་ཡན་དུ་གཏོང་མིན་དད་པ་དངོས་སུ་ཡོད་མེད་ཀྱི་གནད་དོན་ཞིག་ཡིན་པ་མ་བརྗེད་པ་གནང་རོགས། འདི་ནི་མཚན་སྨད་ཞུས་སོང་ཟེར་བ་ལྟ་བུ་ཞིག་མ་ཡིན་པར་ཐད་ཀར་མགོ་བསྐོར་གཏོང་བཞིན་པས། ཉིན་ཞིག་མི་བཙོང་བའི་ངེས་པ་མེད་པའང་གསལ་བོ་རེད་འདོད། དེ་ཙམ་ཡིན།
དྲ་ཐོག་ལ་ཅིག་བཙལ་བའི་དབུས་བོད་མིའི་སྒྲིག་འཛུགས་དྲ་བ་ནས་འདི་རྙེད་བྱུང་།
འདི་ལ་འགྱུར་བ་སོང་བ་རེད་ཟེར་ན་ད་དུང་དྲ་ཐོག་ཏུ་བཞག་འདུག འགྱུར་བ་སོང་མེད་པ་རེད་ཟེར་ན་ཁྱོད་ཚོས་མང་པོ་ཞིག་བཤད་ཀྱི་འདུག་་་གང་ལྟར་་་་
http://bod.asia/about-cta/%E0%BD%96%E0%BD%85%E0%BD%A0%E0%BC%8B%E0%BD%81%E0%BE%B2%E0%BD%B2%E0%BD%98%E0%BD%A6%E0%BC%8D/7/
དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར།
༡ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས།
༢ དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ།
གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་ནང་ཚུན་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་འགྱངས་བྱེད་འཐུས་དང༌། སྤྱི་འཐུས་ལྷན་ཚོགས་འཚོགས་བཞིན་པ་ཡིན་ན་དེ་ཐོག་དང༌། དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་བཀའ་འཁྲོལ་ཞུ་དགོས་ཤིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་ངེས་པར་ཟིན་པ་དགོས།
ལག་ལེན་དང་འགལ་ན་སངས་རྒྱས་ཀྱི་བཀའ་བསྒྲགས་ཀྱང་། གང་ཡང་ཕན་ཐུབ་ཀྱི་མེད། ཁྲམ་པ་དང་གཡོ་སྒྱུ་ཅན་གྱི་གོམས་གཤིབ་ངན་པ་རེད།
ད་གསལ་བོ་ཞེ་དྲག་རེད། བཙན་བྱོལ་བོད་མི་སྤྱི་དང་ཡང་སྒོས་མདོ་སྨད་བཙན་བྱོལ་མི་མང་གིས་དེང་ཕྱིན་སྤེན་པ་ཚེ་རིང་སོགས་གོང་ས་མཆོག་ལ་དབུ་བསྐོར་གཏོང་མཁན་དག་ལ་གོ་སྐབས་སྤྲད་ཀྱི་མ་རེད་བསམ་གྱི་འདུག གཅིག་བྱས་ན་དོན་རྐྱེན་འདིས་ཕན་ཆེན་པོ་ཐོགས་ས་རེད།
བགྲོ་གླེང་ཡག་གི ཁྲིམས་ཀྱི་ངོ་བཤུས་འདིར་འཁོད་པ་ནི་དེ་བས་ཀྱང་ཁུངས་བཙན་པོ་རེད། ད་ལག་ལེན་ནང་འདེབས་རྒྱུ་སྟེ། གཙོ་བོ་ངན་པ་རྒྱ་ཡན་དུ་མི་གཏོང་བར་ཐབས་ལམ་གང་དག་ཡོད་མེང་ཐད་བགྲོ་གླེང་གནང་རོགས།
དྲང་བདེན་གྱིས་མཆན་འགོད་རྒྱུ་གལ་ཆེ།
མ་མཐར་ཡང་ང་ཡག་དྲགས་ནས་ཡིན་རྒྱུ་མ་རེད་དེ། ང་ལ་ཁ་གཏད་གཅོད་མཁན་གྱི་མི་འདི་ཚོས་བཅའ་སྟངས་ལས་སྟངས་སྡུག་དྲགས་ནས་ཁོ་བོ་འོས་གྲངས་མཐོ་ཤས་གྲས་སུ་སླེབས་པ་ཡིན་ཡང་སྲིད།
ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུས་གྲོས་ཚོགས་ཀྱི་གཞུང་འབྲེལ་སྡིངས་ཆ་ཡན་ཆོད་པོ་བེད་སྤྱད་ནས། ང་ལ་མིང་བཟུང་དོན་བཟུང་གིས་ནག་པོ་བཟོ་ཐབས་བྱས་པ་ཕུད། ཁོས་ད་དུང་ཀླུ་མཁར་བྱམས་སྤྱི་འཐུས་ལ་སླེབ་ཚེ་ང་ཁོ་དང་མཉམ་པོར་སྡིངས་ཆ་གཅིག་ནས་འདུག་ཐབས་ཡོད་པ་མ་རེད་ཟེར་ནས་ཡས་བཤད་རབས་ཀྱང་གོ་ཡ་འདུག
ས་སྒོ་བསམ་གཏན་སྒྲོལ་མ་ཟེར་བའི་མི་འདིའི་སྐད་ཆ་ནི་སྐྱུག་བྲོ་བ་ཞིག་རེད།
རྡ་སའི་གཞུང་ལ་དེ་འདའི་སྡང་སེམས་སྐྱེ་དགོས་དོན་ཅི་ཡིན་ནམ།
རྡ་ས་དང་རྡ་སའི་སྦྱིན་བདག་པར་ལ་ཡང་དཀྲུག་ཤིག་བརྒྱག་གིན་འདུག
རྒྱ་ནག་གུང་བྲན་དམར་པོས་ཀྱང་སྐད་ཆ་འདི་འདྲ་བཤད་མྱོང་ཡོད་མ་རེད་བསམ་སོང་།
དངོས་གནས་ཡིན། མི་འདིའི་རིགས་ཀྱིས་ག་དུས་ཡིན་ན་སྒེར་གྱི་འཁོན་སེམས་ཁུར་ནས་ཡོང་གི་འདུག
ས་སྒོ་བསམ་གཏན་སྒྲོལ་མ་ནི་དངོས་གནས་སྐྱུག་བྲོ་བ་ཞིག་འདུག
དོན་ལ་མོ་ནི་ཕོ་ལོག་མོ་ལོག་ཅིག་རེད་དོ། ཧ་ཧ་ཧ་་་་་་་་་་་་
ད་ཆ་བཙན་བྱོལ་ཆབ་སྲིད་ཀྱི་གྲགས་གཏམ་མམ། ཆེན་པོ་ག་གེ་མོའི་འབོད་ཚིག་ཏུ་བསྒྲགས་པའི་ཁྲིམས་ཀྱི་དབང་བསྒྱུར་ཞེས་པ་དེ་ལག་ལེན་ཐོག་ཇི་ལྟར་འཁྱོལ་གྱིན་ཡོད་མིན་ལ་དཔྱད་པ་ནན་ཏུར་བྱེད་པའི་དུས་སྐབས་ཤིག་ཡིན། དེ་ལྟར་ཁ་ཞེ་མི་མཚུངས་པའི་ཟློས་གར་རིམ་པར་འཁྲབ་ཚེ་དེས་༧གོང་ས་མཆོག་གིས་གསར་དུ་གཏོད་པའི་དམངས་གཙོའི་ལམ་ལུགས་དེར་རྨ་འབྱིན་བྱེད་བཞིན་ཡོད་པས། སྡུག་ཉེས་ན་དེའི་ནང་གུང་ཁྲན་གྱི་ས་འོག་དར་ཐག་འཐེན་མཁན་ཆེད་མཁས་དེ་འདྲ་ཡོད་མི་སྲིད་པ་མིན་ན་ད་ནི་དུས་ཀྱིས་གཅོང་སྒྲས་ཡོད་ཚད་གཉིད་ལས་སད་དགོས་པའི་ཞེས་འབོད་ཀིན་གདའ།།
ད་རེས་སྤྱི་འཐུས་སྐོར་དེ་ཀླུ་བྱམས་ལ་རྒྱུ་མཚན་ཡང་དག་པ་ཡོད་པ་མངོན་གསལ་ཡིན་མོད། འོས་བསྡུ་འགན་འཛིན་རྒྱབ་ཕྱོགས་སུ་སུ་ཞིག་ལང་ཡོད་པ་མ་ཤེས་ཀྱང་ཁུང་འཁྱོལ་ལ་མ་འཁྱོལ་བའི་འཇམ་ཆོས་ཀྱིའགྲེལ་བཤད་དེ་དག་ལས་རྩ་ཁྲིམས་དེ་གང་ཟག་ལ་བརྟེན་ནས་ལག་བསྟར་བྱས་པ་གོར་མ་ཆག གནས་ཚུལ་དེ་འདྲའི་རིགས་ང་ཚོའི་སྒྲིག་འཛུགས་ནང་ཉུང་ཉུང་མིན་པར་རྒྱུན་འཇམ་གྱི་ནད་ངན་ཤིག་ཡིན་སྟབས། ད་ཐེངས་ཀླུ་བྱམས་ཀྱིས་དཔྱིས་ཕྱིན་པའི་ཕུ་འདེད་བཏང་མ་ཐུབ་ཀྱང་སླད་དོན་དེ་རིགས་ལ་ཟོན་ཕྲན་བུ་ཡོང་རེ་མཆིས་སྟབས་མུ་མཐུད་ཀླུ་བྱམས་ལགས་སུ་རྒྱབ་སྐྱོར་ཡོད་དོ།
ངས་སྔོན་མ་ནས་བཤད་ཟིན་པ་ཅིག་ནི། ཀླུ་མཁར་འོས་མིར་བཞུགས་ན་ཡང་། རྙོག་ཁྲ། འོས་མིར་མ་བཞུགས་ན་ཡང་། རྙོག་ཁྲ། འོས་ཐོབ་ན་ཡང་། རྙོག་ཁྲ། ཤོར་ན་ཡང་རྙོག་ཁྲ་རེད་ཞེས་ཞུས་ཡོད། གང་ཡིན་ཟེར་ན། མི་འདིས་བོད་རང་བཙན་ལན་མདོག་དང་། ༸གོང་ས་མཆོག་ལ་ཁ་བཏང་ཙང་བྱས་པ་རེད།
སྐུ་ཞབས་ཀླུ་མཁར་བྱམས་རྙོག་དྲ་ཚ་བོ་ཡིན་མིན་དང་། ཁོང་མི་དཀར་ནག་གང་ཞིག་ཡིན་མིན་དེ་གནད་འགག་གཙོ་བོ་མ་རེད། གལ་ཆེ་ཤོས་དེ། ལོ་ངོ་གཉིས་གྱི་ཡར་སྔོན་ནས་བཞག་ཟིན་པའི་ཁྲིམས་གཞི་ལག་བསྟར་མ་བྱས་པ་འདི་གནད་འགག་གཙོ་བོ་རེད། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན་བཅའ་ཁྲིམས་དང་རྩ་ཁྲིམས་ལ་ལྟོས་མི་དགོས་པར་ཆབ་སྲིད་སྐྱོང་སྟངས་གཞན་ཞིག་ཡོད་ན་དེ་ནི་དོན་དངོས་སུ་དམར་བོ་གཅིག་སྡུད་ལམ་ལུགས་ཀྱི་བྱེད་སྟངས་དང་གཅིག་པ་ཆགས་སོང་བ་རེད།
སྐུ་ཕྱོགས་ཀརྡོ་འདི་ཆོས་པ་ཞིག་ནས་སྲིད་དོན་པ་ཞིག་ལ་འགྱུར་བཞིན་འདུག ཁྲིམས་འགལ་བྱེད་མཁན་ལ་ཡ་བྱེད་འདུན་མི་འདུག གོང་ས་མཆོག་ལ་དབུ་བསྐོར་གཏོང་མཁན་ཡ་བྱེད་འདུན་མི་འདུག སྲིད་དོན་འཐབ་རྩོད་ལ་ཞེ་བོ་ཞིག་མོས་པ་སྟོན་བཞིན་འདུག གདན་ས་ཁག་གི་༼དགེ་འདུན་པ༽ཚོའི་མཚནབསྒྱུར་ནས་༼སྲིད་འདུན་པ༽འོས་ས་མ་རེད་པས། ཅིག་གསུངས་དཱ།
བཀུར་འོས་གནམ་ལོ་ཡག་གི་མཆན་༣༢པར་ལན། གསེར་རྟ་མདོ་སྟོད་སྨད་གང་གི་ཁོངས་སུ་གཏོགས་མིན་རྩོད་རྙོག་དུ་གྱུར་ནས་འདས་པའི་དུས་ཡུན་གང་མཚམས་ཕྱིན་ཡོད་པ་ཁྱོད་ཀྱིས་ཀྱང་མཁྱེན་གསལ་ཡིན་ལ། དེ་མིན་གསེར་རྟ་རྫོང་ནས་མདོ་སྨད་སྤྱི་འཐུས་ལ་སྔར་ལངས་མྱོང་མཁན་ཡོད་པའང་ཁྱོད་ལ་ཆ་རྒྱུས་ཡོད་གཤིས། ད་ལྟ་གསེར་རྟ་རྫོང་ལ་མདོ་སྟོད་སྤྱི་འཐུས་ཡོད་བཞིན་དུ་གསེར་རྟ་ནས་ཡིན་པ་ཞིག་མདོ་སྨད་སྤྱི་འཐུས་ནང་ཡོང་ན་མི་འོས་ཚུལ་དང་། མགོ་མི་ཚོས་པ་འགས་སྐུལ་འདེད་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་པ་འདི་གནས་ལུགས་ཅན་གྱི་སྐད་ཆ་ཞིག་མ་རེད། དེར་མ་ཟད་སྐད་ཆ་འདིའི་རིགས་ནི་ཆོལ་ཁ་ཕན་ཚུན་དབྱེན་དཀྲུག་གི་འཆལ་གཏམ་ཁོ་ན་ཡིན་པས་གཅིག་ཏུ་སྤངས་བྱའོ།། གསེར་རྟ་མདོ་སྟོད་སྨད་གང་གི་ཁོངས་སུ་གཏོགས་མིན་ནི་འདས་པོའི་ལོ་རྒྱུས་ཀྱིས་ཐག་གཅོད་དགོས་པ་ཞིག་ལས་གཞན་སུ་ལའང་འདིར་སྐད་ཆ་བཤད་པའི་དབང་ཚད་མེད་པ་མཁྱེན་དགོས། དེ་མིན། གསེར་རྟ་རྒྱ་ནག་གིས་ཆ་བགོས་ལྟར་ད་ལྟའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ཡིན་པའི་རྒྱུ་མཚན་གྱིས་མདོ་སྟོད་ཀྱི་ཁོངས་སུ་འཇོག་ན་ནི། ནང་ཆེན་དང་སྐྱེ་དགུ་གཉིས་ཀྱང་ད་ལྟའི་ཨ་མདོ་མཚོ་སྔོན་གྱི་ཁོངས་སུ་གཏོགས་པས་ཨ་མདོ་ཡིན་ཟེར་དགོས་པ་གཉིས་རྒྱུ་མཚན་གཅིག་ཡིན།
ས་ལའི་སྦྲམ་གྱི་མཚན་འོག་ཏུ་འཛུལ་ནས་ཕེབས་མཁན་ལའང་དགའ་བསུ་ཞུ་འོས་མོད། གལ་སྲིད་ཁྱེད་་རང་དགེ་སློང་ཞིག་ཡིན་ན། ཉིད་ཀྱི་བཅའ་སྟངས་ལས་སྟངས་འདི་འདུལ་བའི་གཞུང་ལ་འཚམས་མིན་ཐད་རང་ཉིད་ནས་བརྟག་དཔྱད་གནང་རོགས།
༡ གསེར་རྟ་མུ་མཐུད་དུ་ཁག་གཉིས་སུ་རྒྱུན་བསྐྱངས་ན་ཆོལ་ཁའི་འགལ་བ་སེལ་བ་རེད་དམ་ཇེ་ཆེར་བཏང་བ་རེད། ཆོལ་ཁ་འགལ་བ་བཟོ་མཁན་འདི་ལྟར་ཁག་གཉིས་སུ་བགོ་མཁན་ཚོ་རེད་དམ། ང་ལྟ་བུའི་དེ་ལྟར་མ་གནང་རོགས་ཞུ་མཁན་དག་རེད།
༢ མདོ་སྨད་སྤྱི་འཐུས་ནང་ཀླུ་མཁར་བྱམས་ཤོང་གི་མེད་དུས། ཡུལ་ཤུལ་ནས་གཅིག་མདོ་སྨད་སྤྱི་འཐུས་ནང་ཤོང་སྲིད་དམ། གལ་སྲིད་ཤོང་གི་བསམ་ན། དབུ་མའི་ལམ་གྱི་བསྟན་དོན་དངོས་ནི་རང་སྐྱོང་ལྗོངས་གཅིག རང་སྐྱོང་ཁུལ་བཅུ་དང་རང་སྐྱོང་རྫོང་གཉིས་ཡིན་པས། དབྱེ་བགོས་དེ་ལྟར་དུ་སྤྱི་འཐུས་གདམ་ག་བྱེད་མ་ཆོག་ཅིག་འདུག་གམ། དེ་ནི་དབུ་མའི་ལམ་ལ་རྒྱབ་བསྐྱོར་ག་ཚད་ཡོད་མེད་ཀྱི་ཚད་ཤིང་ཞིག་མ་རེད་དམ།
གསེར་རྟ་མདོ་སྨད་ཁོངས་སུ་ཡིན་ཚུལ་གླེང་སྙོག་ཐོག་མར་སློངས་མཁན་མདོ་སྨད་པ་གཡོན་ཐོན་པ་ཁག་ཅིག་གིས་བྱས་པ་རེད། བོད་ཀྱི་ལོ་རྒྱུས་སྤྱིར་དང་། ལྷག་པར་དུ་ཆོལ་ཁ་གསུམ་གྱི་མིང་དང་ས་མཚམས་བྱུང་ཚུལ་སྐོར་གྱི་ལོ་རྒྱུས་ནི་ས་སྐྱ་བ་ལས་ཁུངས་བཙན་པའི་བོད་ཀྱི་ཡིག་རིགས་ཞིག་མེད། དེས་ན་མདོ་སྟོད་སྨད་བར་གྱི་ས་མཚམས་ངོ་མ་དེ་ནི་རྨར་ཆུ་ཁུག་པ་ཞེས་པའི་ས་ཆ་དེ་ཡིན་པ་ལས་གསེར་རྟ་ལ་གླེང་སྙོག་འདི་ཡོང་དོན་མེད། གལ་སྲིད་མདོ་སྟོད་སྨད་བར་གྱི་ས་མཚམས་དེ་ངེས་འཛིན་དགོས་པའི་དུས་ཞིག་ཡོང་གི་ཡོད་ན། རྨར་ཆུ་ཁུག་པ་ཞེས་པའི་ས་གནས་དེ་ངེས་འཛིན་གསལ་པོ་བྱེད་ནས་དེའི་རྗེས་རི་ལ་རི་རྒྱུད་དང་ས་ཆའི་བབ་ལ་ལྟོས་ནས་མདོ་སྟོད་སྨད་བར་གྱི་ས་མཚམས་དེ་མགོ་ལོག་རེད་དང་གསེར་རྟ་རེད། ཡང་ན་དེ་མིན་ས་གསན་གང་ཞིག་ཡིན་མིན་ཁམས་དང་ཨ་མདོའི་ལོ་རྒྱུས་རྩོད་མཁན་སུ་གཅིག་གིས་གུ་ཡང་གཏོང་གི་མ་རེད། ཁམས་པ་དང་ཨ་མདོ་བ་དག་དང་ལྷག་པར་དུ་ཨ་མདོ་བ་གཡོལ་སྒྱུར་མཁན་དེ་ཚོས་དོན་གནད་འདི་མ་བརྗེད་པ་གནང་རྒྱུ་གལ་ཆེ།
རོང་བཙན་ལགས། རྨ་ཆུའི་ཁུགས་པ་དང་པོ་དེ་དེང་སང་གི་རྨ་ཆུ་རྫོང་ཟེར་ནས་བཏགས་ཡོད་པའི་ས་ཆ་དེ་ལ་ཡོད་རེད།
ཨ་མདོ་དང་ཁམས་པ་གང་ཡིན་སྐད་དང་ཆས་གོས་མའི་གཤིས་ཀ་བཅས་ལའང་ལྟོས་ཤིག།
སྤོབས་མཐའ་ལགས། རྨ་ཆུ་ཁུགས་པ་དང་པོ་དང་གཉིས་པ་དེ་བཞིན་གསུམ་པ་བཅས་བཤད་སྲོལ་འདུག། མདོ་ཁམས་གཉིས་ཀྱི་ས་མཚམས་ཀྱི་ས་ཚིགས་ཏུ་རྨ་ཆུ་ཁུགས་པ་ཞེས་པ་དེ་སོག་རྒྱལ་གྱིས་འགྲོ་མགོན་ཆོས་འཕགས་སྐབས་སུ་ཆོལ་ཁ་གསུམ་དང་དེ་དག་གི་ཡར་མཐའ་དང་མར་མཐའི་ས་མཚམས་ཆ་བགོས་སྐབས་སུ་བྱུང་བའི་མིང་དུ་གྲགས་པ་རེད། ཆོལ་ཁའི་བར་གྱི་ས་མཚམས་གཞི་འཛིན་ས་དེ་ཉིད་ལས་མེད། དེར་ན་གསེར་རྟ་མདོ་ཁམས་གཉིས་ཀྱི་ས་མཚམས་སུ་དམར་མཛིན་དགོས་དོན་མེད་ལ། སྐད་དང་ཆས་གོས་སོགས་ཀྱིས་མདོ་ཁམས་གཉིས་ཀྱི་བར་མཚམས་འཛིན་མི་ཐུབ། དེང་སྐབས་ངེད་ཚོར་ཡུལ་མེད། རང་དབང་མེད། རྒྱལ་འབང་མེད། རྒྱལ་ཁྲིམས་སོགས་མེད་པའི་དུས་འདི་ལ་ཆོལ་ཁ་དང་ཆོས་ལུགས་བར་གྱི་ཞེན་ཆགས་ཀྱི་སྐབས་འཚོལ་བའི་ཟློས་གར་ལ་རྫོགས་རྒྱུ་ཡོད་ནི་མ་རེད། འོན་ཀྱང་ལོ་རྒྱུས་ཀྱི་དགོས་འཚམས་བྱུང་ན་དེ་དག་གིས་ག་ཚོད་ཁྲབ་ན་ཡང་གནས་ལུགས་ཀྱི་གཞི་རྩ་ལས་རྒྱབ་འགལ་མི་ཐུབ་པའི་རྣམ་བཞག་དེ་ཤེས་དགོས་སོ།།
བཀུར་འོས་གནམ་ལོ་ཡག་ལ་ལན། ད་སྔ་ཚུན་ཆད་དུ་ཁྱོད་ཀྱི་བསམ་ཚུལ་མང་བོ་ཞིག་ལ་ཁོ་བོས་དགའ་མགུ་ཡི་རངས་དང་མོས་མཐུན་གཙང་མ་ཞུ་བཞིན་ཡོད། རྒྱུ་མཚན་ཡང་། ཁྱོད་ཀྱིས་གནས་ལུགས་དང་མཐུན་པའི་སྐད་ཆ་མང་དག་ཅིག་བཤད་ཡོད་པས་ཡིན། ཡིན་ཡང་། དོན་དག་རེ་ཟུང་གི་ཐད་ནས་ཁྱོད་དང་བསམ་ཚུལ་མི་མཐུན་པ་དང་། ལྟ་ཚུལ་ཐ་དད་དུ་འགྱུར་བའང་ཡོང་སྲིད། འདི་ནི་མང་གཙོའི་ལག་ལེན་ཁྲོད་ནས་དུས་རྒྱུན་བྱུང་དང་འབྱུང་མུས་སུ་ཡོད་པའི་སྣང་ཚུལ་རང་འགའ་བ་ཞིག་ཡིན། དེ་མིན་རང་དབང་གི་བགྲོ་གླེང་བྱེད་པ་དང་། གྲོས་ཁ་བསྡུར་བ་སོགས་ཀྱི་སྔ་གཞུག་གང་ལའང་བསམ་ཚུལ་མི་འདྲ་བ་དང་ལྟ་བ་མི་འདྲ་བ་ཡོང་ཆོག་པ་ཞིག་དང་། ཡོང་འོས་པ་ཞིག་ཡིན་པའི་གནས་བབས་ལ་ཕྱིར་དྲན་ཐོག གུ་ཡངས་བཟོད་སྒོམ་གྱི་ལྟ་ཚུལ་འཛིན་རྒྱུ་ཅིས་ཀྱང་གལ་ཆེ་ཞེས་ཐོག་མར་གསལ་འདེབས་ཙམ་བྱེད་འདོད་བྱུང་། གསེར་རྟའི་རྩོད་རྙོག་འདིས་མཚོན་པས་རྙོག་དྲ་མང་བོ་ཞིག་གིས་བོད་མིའི་ཆིག་སྒྲིལ་དང་མཉམ་རུབ་ཀྱི་ལས་ལ་གནོད་ཀྱི་ཡོད་པའང་ཧ་ཅང་མངོན་གསལ་རེད། ཐབས་ལམ་གང་ཞིག་སྤྱད་ན་ཞི་འགྲིག་ཡོང་ཐུབ་མིན་དང་། གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་ལ་བསམ་བློ་ཞིབ་འདང་རྒྱག་པ་དང་། འཁུར་མཉམ་ལེན་བྱེད་རྒྱུ་ནི་ང་ཚོ་རང་གཞན་ཚང་མའི་ལྡོག་དུ་མེད་པའི་འགན་འཁྲི་ཡིན། ཡིན་ཡང་། རྩོད་རྙོག་འདི་ཡོད་ཚད་ཕར་ཕྱོགས་ཀྱི་མི་ག་གེ་མོ་ཞིག་གི་སྟེང་ལ་འགེལ་རྐྱང་བྱས་ཏེ་སོ་སོ་ནི་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་བ་ཡིན་པའི་འདུ་ཤེས་ཀྱི་འཁྱེར་སྟངས་ཤིག་ཀྱང་ང་ཚོ་བོད་མི་ཚོར་རྒྱུན་འབྱམས་སུ་གྱུར་ཡོད། འདི་ནི་དོན་གྱིས་སྡུག་ཐུག་པའི་བྱ་བར་མཛུབ་ཐུར།། ཞེས་པའི་དཔེ་ལས་མ་འདས།
ཡང་གཅིག་བཤད་ན། སྐད་ཆ་གང་ཞིག་བཤད་ན་སྤྱི་ཚོགས་ལ་ཕན་པ་དང་། གང་ཞིག་བཤད་ན་སྤྱི་ཚོགས་ལ་གནོད་པར་འགྱུར་མིན་ལའང་བསམ་བློ་ནན་མོ་གཏོང་དགོས། ཡར་ནང་ཚང་གིས་ཅིག་ཅིག་མང་བོ་ཞིག་བྱས་ཡོད་རབས་དང་། མར་ནང་ཚང་གིས་ཀྱང་ཉིག་ཉིག་ལོང་བ་གང་བྱས་ཡོད་རབས་ཀྱི་དགོས་མེད་ཕྲ་མ་དབྱེན་སྦྱོར་གྱི་འཆལ་གཏམ་མང་བོ་སྲང་ལམ་ནས་བཏུས་ཏེ་ཁྲོམ་བསྒྲགས་བྱེད་པ་འདི་ཡང་བོད་རང་ལ་ཤ་ཚ་མཁན་ཞིག་གིས་བཅའ་སྟངས་ལས་སྟངས་ཡིན་མིན་ལ་ཞིབ་ཏུ་སོམས།
བཅའ་ཁྲིམས་རིན་པོ་ཆེ་རྡོག་རོལ་གྱི་དོན་རྐྱེན་འདི་དང་མཉམ་དུ་ཁམས་དང་ཨ་མདོའི་ས་མཚམས་རྩོད་པའང་བྱུང་ཡོད་པས། གོང་ས་མཆོག་ལ་དབུ་བསྐོར་མི་གཏོང་པ་དང་བོད་པ་ནང་ཁུལ་ལ་ཆིག་སྒྲིལ་དགོས་ན། སྤྱི་འཐུས་ཚོགས་གཙོས་ཀ་ཀོར་མེད་པའི་ལམ་ནས་དགོངས་པ་ཞུ་བའི་དུས་ལ་སླེབས་ཟིན།
བདེན་པ་རེད།
ཀླུ་མཁར་དང་གནམ་ལོ་ཡག་གཉིས་ཀྱིས་བོད་ནས་བོད་ཀྱི་རང་བཙན་ཆེད་མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་པ་བཙུགས་ནས་རྒྱ་དམར་དང་གདོང་ཐུག་འཐབ་རྩོད་བྱས་ཡོད། དེ་ཙམ་མ་ཟད་ཅང་ཙེ་མིན་མཚཽ་སྔོན་ཡོང་དུས་རྒྱ་ནག་དབུས་ནས་ཁོང་ཚོ་བཀག་ཉར་དང་འཛིན་བཟུང་བྱས་རེད།དེ་ལྟ་བུའི་མི་འདི་ཚོར་རྡ་སའི་ཨ་མདོ་ཆབ་སྲིད་པ་ཐབས་ཆགས་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་ཁ་འཁྱེར་ནས་མགོ་མནོན་ཐབས་དང་གནོན་ཤུགས་རབ་དང་རིམ་པ་སྤྲད་རེད། མདོ་སྨད་དབུས་ས་གཉིས་ཀྱི་ནང་དུ་སྙན་ཞུ་ཡག་པོ་ཞིག་འབྲི་མི་ཤེས་པའི་གྲྭ་ལོག་ཁ་ཤས་ཀྱིས་སྤེན་ཚེ་སོགས་ཀྱིས་བཀའ་ལ་བསྟེན་ལྟོ་བ་ཅུང་རག་གི་ཡོད་དུས་བསམ་ཤེས་ཅན་ཚོར་ཐང་ཆད་ཡོད་འདུག
ད་དུང་ཡང་སྐུ་དྲག་གི་ལམ་ལུགས་མ་ཡལ་བར་མི་སེར་དཀྱུས་མའི་མགོ་གནོན་གང་ཐུབ་བྱེད་ཀྱི་འདུག ང་རང་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།
ཚང་མ་ཕེབས་ནས་མུ་མཐུད་དུ་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
ང་ཚོས་བགྲོ་གླེང་བྱེད་ཀྱིན་པ་འདི་དག་སྤྱི་ཚོགས་ཤིག་དམངས་གཙོ་དང་ཆིག་སྒྲིལ་ལ་བསྐྱོད་པར་ཕན་པའི་སླད་རེད། དཔེར་ན། ཁྲིམས་ཀྱི་དབང་བསྒྱུར་ལ་ཁ་གཡར་བའི་གང་ཟག་གི་དབང་བསྒྱུར་ཡོངས་བསྒྲགས་བྱས་པ་དང་གཅིག ཆོལ་ཁའི་རྩོད་རྙོག་ལག་ཆར་བཟུང་བའི་རང་ཉིད་ཀྱི་དབང་ཆ་སྲ་བརྟན་གཏོང་ཐབས་ཀྱི་ངོ་ཁེབས་བཤུས་པ་དང་གཉིས། རྒྱལ་བ་རིན་པོ་ཆེ་ལ་མགོ་བསྐོར་གཏོང་བཞིན་པའི་དངོས་དོན་དང་གསུམ་བཅས་རེད།
འདི་དག་ལས་དང་པོ་ནི་གང་ཟག་གི་དབང་བསྒྱུར་མུ་མཐུད་གནས་པར་གནོད་པ་ལས་ཕན་པ་མེད་པ་དང་། གཉིས་པ་ནི་བོད་མིའི་ཆིག་སྒྲིལ་གཏོར་བར་གེགས་སུ་འགྱུར་ངེས་དང་། གསུམ་ནི་རྒྱལ་བ་རིན་པོ་ཆེ་ཡི་ཚེ་མཇུག་གི་བདེ་འཇགས་ལའང་འབྲེལ བ་དམ་པོ་ཡོད། གལ་སྲིད་མཚན་སྨད་ཞུ་མཁན་བྱུང་ཡོད་ན། ཉུང་མཐར་དེ་དག་གིས་ཁོང་ལ་གནོད་པ་གཏོང་ཐུབ་ཀྱི་མ་རེད། དེ་ལས་ལྡོག་ནས་ཁོང་ངོ་བསྟོད་རྒྱག་ཞོར་རྫུན་བཤད་མཁན་བྱུང་ཚེ། དེ་ནི་ཉེན་ཁ་ངོ་མ་དེ་ཆགས་ཡོད།
ད་ཚང་མར་ངོ་མ་འཕྲོད་ས་འདུག་གམ།
༼གཉིས་པ་ནི་བགྲོ་གླེང་འདི་བརྒྱུད་ནས་རང་ཉིད་ཀྱི་དབང་ཆ་སྲ་བརྟན་སླད་བོད་མིའི་ཆིག་སྒྲིལ་གཏོར་འདུན་ལ་གེགས་སུ་འགྱུར་ངེས་དང་། ༽ཡང་། ༼དེ་ལས་ལྡོག་ནས་ཁོང་ལ་ངོ་བསྟོད་རྒྱག་ཞོར་༽ཞེས་བཅའ་རོགས།
ཀླུ་བྱམས་ཀྱིས་འོས་ཤོག་མ་ཐོབ་པའི་སྡུག་ནད་དེ་དྲྭ་ཐོག་ལ་གཏོན་འདུག འོས་སྡུ་ཁྲིམས་འགལ་ཡིན་ན་ཁྲིམས་ཁང་ལ་མ་སོང་པར་དྲྭ་ཐོག་ལ་འུར་རྒྱག་དོན་ཅི་ཡིན་ནམ། བྱེད་སྟངས་འདི་ནི་སྤྱི་ཚོགས་ནང་གི་མི་འུར་འདྲོག་ཅན་རྣམས་ལ་འུར་རྒྱག་སའི་ལྡིང་ཆ་ཞིག་སྐྲུན་ནས། སྤྱི་ཚོགས་ཆུང་ཆུང་འདི་ཞོ་ལྟར་ཆག་པ་ཁྲག་ལྟར་དཀྲུག་ཐབས་ཤིག་ལས་གཞན་ཅི་ཡང་མིན། ཀླུ་བྱམས་དང་གནམ་ལོ་ཡག་འདི་ཚོ་སྔོན་མ་བོད་ལ་འཆི་ཕོད་ཚོགས་པ་བཙུགས་ནས་རྒྱལ་གཅེས་པའི་མིང་ཁྱེར། ཕྱིས་སུ་བཙན་བྱོལ་ལ་འབྱོར་ནས་གོང་ས་མཆོག་དང་སྒྲིག་འཛུགས་ལ་རྒོལ་བའི་རྒྱལ་རྒོལ་བར་གྱུར་སོང་བ་རེད། བློ་རྩ་གཏན་པོ་མེད་པའི་མི་འདི་རིགས་ལ་གདེང་འཇོག
བྱེད་འོས་པ་གང་ཡང་མཐོང་མ་སོང་ལ། ལྷག་བསམ་ཅན་གྱི་བྱེད་སྟངས་ཡང་འདི་འདྲ་མ་རེད། ད་དུང་གནམ་ལོ་ཡག་གིས་བཙན་བྱོལ་སྒྲིག་འཛུགས་ལ་རོག་དངུལ་བཅོད་ཐབས་བྱེད་དགོས་པ་རེད་ཟེར། ཁྱོད་ཚོས་བསམ་བློ་ཐོང་དང་བཙན་བྱོལ་སྒྲིག་འཛུགས་ལ་རོག་དངུལ་བཅོད་ཐུབ་སོང་ན་སུ་ལ་ཕན་གྱི་རེད། སུ་ལ་གནོད་ཀྱི་རེད། རྩ་ཚང་ཡོད་པའི་མི་ཞིག་ཡིན་ན་ལམ་སེང་ཤེས་ཐུབ་པ་ཞིག་རེད།
་་་་་་ ཀླུ་བྱམས་ཀྱིས་འོས་ཤོག་མ་ཐོབ་པའི་སྡུག་ནད་དེ་དྲྭ་ཐོག་ལ་གཏོན་འདུག འོས་སྡུ་ཁྲིམས་འགལ་ཡིན་ན་ཁྲིམས་ཁང་ལ་མ་སོང་པར་དྲྭ་ཐོག་ལ་འུར་རྒྱག་དོན་ཅི་ཡིན་ནམ། བྱེད་སྟངས་འདི་ནི་སྤྱི་ཚོགས་ནང་གི་མི་འུར་འདྲོག་ཅན་རྣམས་ལ་འུར་རྒྱག་སའི་ལྡིང་ཆ་ཞིག་སྐྲུན་ནས། སྤྱི་ཚོགས་ཆུང་ཆུང་འདི་ཞོ་ལྟར་ཆག་པ་ཁྲག་ལྟར་དཀྲུག་ཐབས་ཤིག་ལས་གཞན་ཅི་ཡང་མིན། ་་་་་་་
ཀླུ་མཁར་འབྱམས་ཀྱིས་ཀྱང་། དྷ་སར་རང་ཤི་མ་བསྐྱོན་པའི་རེ་བ་ཡོད། ཧཧཧ།
ལུང་རྟོགས་ལགས་ཕེབས་པར་དགའ་བསུ་ཡོད། དྲི་བ་གཉིས་ཡོད།
༡ ཁྱོད་རང་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་ཟེར་མཁན་ཞིག་གིས་སྤྱི་འཐུས་ཚོགས་གཙོས་རྒྱལ་བ་རིན་པོ་ཆེར་ཆོལ་ཁའི་རྙོག་དྲ་གྲོས་ཚོགས་ནང་ཛ་དྲག་ཡིན་བཞིན་དུ་རྩ་ནས་མེད་ཅེས་མགོ་བསྐོར་གཏོང་བཞིན་པ་ངོ་འཕྲོད་ནའང་ཁ་གྲགས་མི་ཐུབ་དོན་ཅི།
༢ སྤྱི་དངུལ་འབུམ་ཕྲག་མང་བོ་ཚོགས་གཙོ་སྤེན་ཚེ་སོགས་ཀྱིས་སྒེར་འཁོན་གཞིར་བྱས་ཀླུ་མཁར་བྱམས་སྒེར་བ་ཞིག་གནོན་བྱེད་དུ་བཀོལ་བཞིན་པ་ནི་དབང་ཆའི་རུལ་སུངས་དང་གང་ཟག་གི་དབང་བསྒྱུར་ཡིན་པ་གསལ་བོར་ཤེས་བཞིན་དུ་ད་དུང་དེ་དོན་སྦྱིན་བདག་ཚང་མར་བརྗོད་མི་ཆོག་ཟེར་དོན་ཅི།
ངས་ནམ་རྒྱུན་ཀརྡོ་འདི་ཉུང་མཐར་དགེ་སློང་ཞིག་རེད་བསམ་ཡོད། སྟབས་མ་ལེགས་པར་ཁོང་གི་སེམས་རྒྱུད་དུ་གཞན་ཕན་ཏིལ་འབྲུ་ཙམ་ཕར་ཞོག ད་དུང་ཚེ་སྲོག་ལ་མ་མཐའི་བརྩི་འཇོག་ཙམ་ཡང་མེད་པར་འཆི་བ་ནི་གད་མོ་དགོད་ཡུལ་ཞིག་ལ་བརྩིས་འདུག དེ་བས། ལྷན་རྒྱས་དྲི་བ་གཉིས་ཡོད།
༡ ཀརྡོ་འདི་གདན་ས་ཁག་གི་བསྡུས་གཟུགས་སམ། གདན་ས་ཁག་གི་གྲྭ་བ་ཚང་མ་ཀརྡོ་ལྟ་བུ་རྐྱང་རེད་དམ་མ་རེད།
༢ སངས་རྒྱས་ཆོས་ལུགས་སྦྱངས་ན་དོན་དངོས་སུ་བརྣབས་སེམས་དང་གནོད་སེམས། ཞེ་སྡང་སོགས་ག་ཚད་ཅིག་འགོག་ཐུབ་བམ།
དྲི་བ་དང་པོ་དེ་སྔར་ནས་ངའི་ལྟ་ཚུལ་བཤད་ཟིན་པ་ཡིན། ཡང་འདྲི་བསྐྱར་འདྲི་བྱེད་དགོས་དོན་ཅི་ཡིན་ནམ། ངས་འདི་ནས་ཡང་བསྐྱར་ཐེང་གཅིག་བཤད། དེ་ནས་བཤད་མཚམས་བཞག་གི་ཡིན། ཚོགས་གཙོ་སྤེན་ཚེས་གྲོས་ཚོགས་ནང་ཀླུ་བྱམས་ལ་རྒྱབ་སྐྱོར་མེད་པའི་སྒེར་གྱི་ལྟ་ཚུལ་ཞིག་བཤད་པ་རེད། དེའི་རྐྱེན་པས་ཀླུ་བྱམས་ཀྱི་རྒྱབ་སྐྱོར་བ་འགའ་རེས་ཚོགས་གཙོ་ལ་ཆོལ་ཁའི་ཕྱོགས་རིས་ཀྱི་ཞྭ་མོ་ནག་པོ་བཀོན་ཐབས་བྱས་པ་རེད། གཉིས་ནས་སྤྱི་དངུལ་འབུམ་ཕྲག་མང་པོ་དེ་མདོ་སྨད་སྤྱི་འཐུས་ཀྱི་འོས་བསྡུས་ཆེད་དུ་བཏང་བ་ལས་ཀླུ་བྱམས་གནོད་བྱེད་དུ་བཀོལ་བ་ཞིག་མཐོང་ཐོས་མེད་ལ། ཚོགས་གཙོ་སྤེན་ཚེ་ལ་དེ་འདྲའི་དབང་ཆ་ཞིག་ཡོད་པ་ཡང་མི་ཤེས།
ཨ་རོགས་ལུང་རྟོགས་མངོན་སུམ་ལ་བསྙོན་ཐུབ་ཀྱི་མ་རེད་བསམ། ད་འགྲེལ་བཤད་གསལ་བོ་ཞིག་གནང་རོགས།
༼བཙན་བྱོལ་བོད་མིའི་བཅའ་ཁྲིམས༽ཀྱིས་ཁྱེད་རང་ལ་ལན་ཕུལ་བ་གཤམ་གསལ།
དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར།
༡ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས།
༢ དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ།
གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་ནང་ཚུན་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་འགྱངས་བྱེད་འཐུས་དང༌། སྤྱི་འཐུས་ལྷན་ཚོགས་འཚོགས་བཞིན་པ་ཡིན་ན་དེ་ཐོག་དང༌། དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་བཀའ་འཁྲོལ་ཞུ་དགོས་ཤིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་ངེས་པར་ཟིན་པ་དགོས།
གལ་ཏེ་ཀླུ་བྱམས་སྒུག་ཐོ་ནང་ལ་ཡོད་བཞིན་དུ་སྤྱི་འཐུས་ནང་ལ་བཏང་མེད་པ་བདེན་ན། འདུ་ནི་འོས་སྡུ་ལས་ཁུང་གི་འགན་ཡིན་པ་ལས་སྤྱི་འཐུས་ཚོགས་གཙོ་ལ་འགན་མེད། འོན་ཀྱང་འོས་སྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་གིས། ཀླུ་བྱམས་ལ་དགོས་ངེས་ཀྱི་འོས་ཤོག་ཐོབ་མེད་པ་བཤད་སོང་བས་འདི་རྫུན་གཏམ་ཡིན་པའི་ཁུང་སྐྱེལ་རྒྱུ་ཨེ་ཡོད།
ཡང་ཁྲིམས་རྨོངས་པ་ཞིག་སླེབས་འདུག ལུང་རྟོགས་འདི་ཨ་མདོའི་སྐུ་ངོ་ཞིག་ཡིན་ཤག་རེད། འདིར་དགོས་ངེས་འོས་ཤོག་ཡོད་མེད་ས་རིས་ཐང་གསལ་ཡིན་པ་གཞིར་བྱས་་ལོ་གཉིས་ཀྱི་ཡར་སྔོན་ནས་སྲིད་སྐྱོང་གི་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་ཆགས་པའི་ཁྲིམས་གཞི་དེ་ལག་བསྟར་གནང་མ་གནང་རྩོད་ཀྱི་ཡོད་པ་རེད། ད་ག་རེ་དགོས་ཀྱི་འདུག་གམ།
གོང་དུ་སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་ཟིན་པའི་ཁྲིམས་གཞི་ལ་གཟིགས་དང་། ཁྲིམས་གཞི་དེ་ལག་བསྟར་གནང་མ་གནང་རྩོད་གཞིར་གྱུར་འདུག དེ་མཁྱེན་སོང་ངམ།
ལུང་རྟོགས་ལགས། ཁྲིམས་ཟེར་བ་འདི་ཡིན་དང་མིན་ཞེས་པའི་མཐའ་གཉིས་ནས་གཅོད་བྱེད་ཅིག་ཡིན་པས། ཚོགས་གཙོས་དབང་ཆ་བེད་སྤྱོད་ཀྱིས་དབུས་འོས་བསྡུ་ལྷན་ཁང་རང་དབང་ཅན་གྱི་སྡེ་ཚན་ནས་སྤྱི་འཐུས་ཚོགས་གཙོར་དགོངས་བསྐོར་ཞུ་དགོས་པའི་གཞན་དབང་ཅན་དུ་གྱུར་བའི་ནག་ཉེས་སུས་ཀྱང་འགེབས་ཐབས་ཡོད་པ་མ་རེད། ལམ་ནོར་ལྡོག་ཤེས་གནང་ཤེས་མིན་ནི་མཐའ་མའི་འབབ་སར་གྱུར་ཡོད་པས། ད་དུང་ཚོགས་གཙོའི་སྐྱོན་མཚང་འགེབས་བསམ་གྱི་འདུག་གམ།
ལུངས་རྟོགས་ལགས་ཀྱིས་བསམ་ཚུལ་བརྗོད་པར་དགའ་བསུ་ཡོད། ད་འོ་ན་ལོ་སྔོན་མར་སྤྱི་འཐུས་ཚོགས་གཙོ་ཕྱོགས་བསྐྱོད་སྐབས་བྱང་ཨ་རིའི་ཁུལ་དུ་མང་ཚོགས་ལ་གཏམ་བཤད་བྱེད་སར་གཉིད་ཁུག་པའི་གནས་ཚུལ་ཡོངས་གྲགས་ཙམ་མ་ཟད། དེ་འབྲེལ་གྱི་འདྲ་པར་ཡན་ཆད་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་རུང། དེའི་སྐོར་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་ར་བཟི་བ་དང་བསྡུར་ན་གླེང་ཕྱོགས་དེ་ཙམ་ཡོད་བཟོ་མིན་འདུག་པས་དེའི་ཁྱད་པར་གང་ཡིན་ནམ། ངས་བལྟས་ན་སྤྱི་འཐུས་ཚོགས་གཙོའི་ཞབས་སྟེགས་དེར་ར་བཟི་ན་མ་གཏོགས་བསྡད་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་ས་རེད། དེ་ངེས་པར་དུ་གནས་ཆུང་ལ་ལུང་བསྟན་ཞིག་ཞུས་ན་ལེགས་པ་འདུག་པས་དེར་ལུང་རྟོགས་ལགས་ནས་ཕལ་ཆེར་གཅིག་བྱེད་ཐུབ་ས་རེད་བསམ་བསམ་ཞིག་འདུག
ཡང་བསྐྱར་གཅིག་བཤད་འདོད་པ་ནི་ལུངས་རྟོགས་ལགས་ནས་ཀླུ་བྱམས་ཀྱི་གནད་དོན་དེ་ཁྲིམས་ཁང་ལ་འགྲོ་དགོས་པའི་སྐོར་དེ་རེད། འདྲི་བ་ཞིག་ལ་ཁྲིམས་ཁང་ལ་ཕྱིན་ན་གནད་དོན་ཡོད་ཚད་ཐག་གཅོད་ཡོང་ཐུབ་བམ། དེ་ལྟར་ན་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་གྱོད་གཞི་དེ་བོད་གཞུང་དང་རྒྱ་གར་གཞུང་གི་ཁྲིམས་ཁང་ནས་ཐག་གཅོད་བྱེད་ཐུབ་ཡོད་མེད་དང་། ཡོད་ན་དེ་གནས་སྟངས་གང་འདྲར་སླེབས་ཡོད་པ། མེད་ན་ཁྱོད་རང་ལ་འཁོར་གསུམ་འཁོར་ཡོད་པས་དེའི་ཐད་ནས་བསམ་ཚུལ་ཞིག་གསུངས་རོགས། བྱུང་ན་གླེང་ཕྱོགས་དེས་བོད་པའི་སྤྱི་ཚོགས་ཧྲིལ་པོར་ནག་ནོག་བཟོ་བཞིན་འདུག་པས་ཁྱེད་རང་ངོ་མས་སྐུ་ངོ་ཟླ་བ་ཚེ་རིང་ལ་སྒེར་གྱི་བཅར་འདྲི་ཞིག་བྱས་ཏེ་བརྒྱུད་ལམ་ཁག་ཏུ་འགོད་ཐུབ་ན་དགེ་ཚན་ཆེ་བར་སྙམ།
ལུང་རྟོགས་ལགས། སྐུ་ཞབས་ཀླུ་མཁར་བྱམས་མིང་རིམ་རྩེ་བཏོག་གི་སྒུག་ཐོའི་ས་མིག་དང་བོ་ཡིན་བཞིན་དུ་བར་མའི་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་དངོས་འབྲེལ་རེད། བརྒྱ་ཆ་༣༣ལོངས་དགོས་པའི་སྒུག་ཐོའི་བང་རིམ་དེར་ལོ་ངོ་གཉིས་ཀྱི་སྔོན་ནས་འགྱུར་བ་བཏང་ཚར་བ་རེད། འགྱུར་བ་ག་རེ་བཏང་ཡོད་རེད་ཟེར་ན། བརྒྱ་ཆ་༣༣མ་ལོངས་ཀྱང་བར་མའི་འོས་བསྡུ་བྱེད་མི་དགོས་པར་མིང་རིམ་རྩེ་བཏོག་བྱས་ནས་སྤྱི་འཐུས་ལ་བསྐོ་བཞག་བྱས་ཆོག་པའི་སྒྲིག་གཞི་བཟོས་ཚར་རེད། སྒྲིག་གཞི་འདི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་བཟོས་ཤིང་ཁྲིམས་ལ་གཏན་འབེབས་བྱས་ནས་ལོ་གཉིས་ལྷག་འགྲོ་ཚར་རེད། ཀླུ་བྱམས་ལགས་བརྒྱ་ཆ་༣༣ལོངས་པའི་སྒུག་ཐོ་ནང་ཡོད་མེད་ཀྱི་སྐད་ཆ་དེ་ཁ་གཡོར་ས་ཙམ་རེད། མི་མང་མགོ་སྐོར་གཏོང་བྱེད་ཀྱི་བསླུ་བྲིད་ཅིག་རེད།
སྤྱི་འཐུས་ཚོགས་གཙོས་འོས་སྡུ་ལས་ཁུང་ལ་དབང་བསྒྱུར་བྱས་པ་རེད་ཟེར་བ་ནི་གླེང་གཞི་མེད་སར་གླེང་ཕྱོགས་བཟོས་པ་ཞིག་ལས་ཁུང་ལུང་རྒྱུ་མཚན་གང་ཡང་མི་འདུག མི་ལ་ཉེས་པ་བཙན་འགེལ་བྱས་ན་དེ་ཡང་ཁྲིམས་འགལ་མིན་ནམ། བཙན་བྱོལ་གཞུང་ནི་དམངས་གཙོའི་གཞུང་ཞིག་ཡིན་པས་ཚོགས་གཙོ་ལ་དེ་འདྲའི་དབང་ཚད་ཅིག་མེད་པ་ཕྱུག་རྫི་མིན་ན་ཤེས་ཀྱི་རེད།
# 62 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
May 20th, 2014 at 2:58 AM
ངས་ནམ་རྒྱུན་ཀརྡོ་འདི་ཉུང་མཐར་དགེ་སློང་ཞིག་རེད་བསམ་ཡོད། སྟབས་མ་ལེགས་པར་ཁོང་གི་སེམས་རྒྱུད་དུ་གཞན་ཕན་ཏིལ་འབྲུ་ཙམ་ཕར་ཞོག ད་དུང་ཚེ་སྲོག་ལ་མ་མཐའི་བརྩི་འཇོག་ཙམ་ཡང་མེད་པར་འཆི་བ་ནི་གད་མོ་དགོད་ཡུལ་ཞིག་ལ་བརྩིས་འདུག དེ་བས། ལྷན་རྒྱས་དྲི་བ་གཉིས་ཡོད།
༡ ཀརྡོ་འདི་གདན་ས་ཁག་གི་བསྡུས་གཟུགས་སམ། གདན་ས་ཁག་གི་གྲྭ་བ་ཚང་མ་ཀརྡོ་ལྟ་བུ་རྐྱང་རེད་དམ་མ་རེད།
༢ སངས་རྒྱས་ཆོས་ལུགས་སྦྱངས་ན་དོན་དངོས་སུ་བརྣབས་སེམས་དང་གནོད་སེམས། ཞེ་སྡང་སོགས་ག་ཚད་ཅིག་འགོག་ཐུབ་བམ། ་་་་་་་་་་་་་་་་་་ ཟེར། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།། །།
དབྱིན་མིང་ཅན་ལགས། སྤྱི་འཐུས་ཚོགས་གཙོས་གཏམ་བཤད་གནང་བཞིན་དུ་གཉིད་ཁུག་སོང་བ་རེད་ཟེར་ན་མི་བསམ་ཡོད་བཞག་ནས་ལོ་གསུམ་བྱིས་པའི་རྣ་ལ་ཡང་འགྲོ་གི་མ་རེད། གཉིས་ནས་ཟླ་བ་ཚེ་རིང་གིས་བྱས་ཉེས་བསགས་བཞག་པ་ཡོད་རྒྱུ་རེད་དེ་བྱས་རྗེས་བཞག་བཞག་པ་ཡང་མང་པོ་ཡོད་པ་རེད། ང་རང་གཉིས་ལྟ་བུ་ཞིག་གིས་མི་འདིའི་ལག་པ་ཡ་གཅིག་ལ་ཡང་དོ་ལེ་མ་རེད་དོ།
ལུང་རྟོགས་ལགས། ཀླུ་མཁར་བྱམས་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་མིན་དང་། ཁོ་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་རག་མིན་དེ་འགག་ཅིག་མ་རེད། མང་གཙོའི་འགྲོ་སྟངས་ལྟར་ན་རྒྱལ་ཕམ་གང་ཡིན་ཡང་ཡོང་ཆོག་པ་ཞིག་རེད། འོན་ཀྱང་། ཁྲིམས་དང་སྒྲིག་གཞི་བརྩིས་མེད་རྡོག་རོལ་གཏོང་ཕོད་པའི་བྱ་སྤྱོད་འདི་ཆེས་འཇིགས་རུང་བའི་བྱེད་སྟངས་ཤིག་རེད། ང་ཚོས་དུས་རྒྱུན་རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་བརྩིས་མེད་བཏང་སོང་ཟེར་ནས་སྐད་གསེང་མཐོན་པོས་སྒྲོག་རྐྱང་བྱེད་ཀྱི་ཡོད་པ་རེད། སོ་སོ་རང་ཉིད་ལའང་འདི་ཐད་ལག་ལེན་གྱི་དྲི་མ་ཙམ་ཡང་མེད་ན་ངོ་གནོང་དགོས་པའི་གནས་སྟངས་ཤིག་མ་རེད་དམ།
འོ་་་ད་འདིར་རྙོག་གྲ་བཤད་སྡད་ཀྱང་དགོས་པ་གང་ཡང་འགྲུབ་རྒྱུ་མེད་པ་རེད། ང་ཚོ་དམངས་གཙོ་དང་ཁྲིམས་ཀྱིས་སྐྱོང་བའི་ལུང་པ་ལ་ཡོད་པས། དངོས་གནས་ཁྲིམས་འགལ་གྱི་ལས་ཀ་ཞིག་བྱས་ཡོད་ན་དོ་བདག་ཁྲིམས་ཁང་ལ་སྐྱོལ་ཤོག་དང་ཨ་མའི་བུ་ཡིན། དེ་དུས་ངས་ལག་པ་གཉིས་ཀྱིས་ཐལ་མོ་བརྡབ་ནས་དགའ་བསུ་ཞུ་ངེས་ཡིན། དེ་མིན་དྲྭ་ཐོག་ལ་འདྲ་མིན་བཤད་ནས་སྤྱི་ཚོགས་དཀྲུག་ན་དགེ་མཚན་གང་ཡང་མི་འདུག
# 1 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
May 16th, 2014 at 1:08 AM
་་་་་་་་་་་་་་་་་་ཐོག ཁྱོན་ཡོངས་ཀྱི་ལྟ་ཚུལ་དང་རེ་འདུན་འདྲ་ཞུ་རྒྱུ་ཡོད་དམ།
ལན། བར་མའི་འོས་བསྡུ་འདི་ཁྲིམས་དང་བཟང་སྤྱོད་གང་ཐད་ནས་ཉན་བཟོ་ལྟ་བཟོ་མེད་པ་ཞིག་རེད་ལ། ་་་་་་་་་་་་་་་་་་་་་་་་་་
འདི་ཡང་ངས་བློ་ཤུ་བོར་གནས་ཁུལ་བྱས་ནས། བཤུ་ནས་འབེབས་མཁན་ཡང་ང་རེད་དོ།། །།ལྷ་སྡེ་ལགས།
རང་བཙན་ཁ་ལ་འཁྱེར་མཁན་དང་། ༸གོང་ས་མཆོག་ལ་ཁ་བཏང་ནས། བཞུགས་སྒར་དྷ་སར་མི་ཚེ་བསྐྱལ་འདོད་ཚང་མ། ངས་ནི་སྨྱོན་པ་མིན་ནམ་སྙམ་བཞིན་ཡོད་པས་་་་་་་་་ ཁྱེད་རྣམས་ཀྱིས་ཀྱང་སོམས་ཤིག་གུ
བཙལ་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡང་དག་པའི་མང་གཙོའི་ལམ་ཁར་བསྐྱོད་རྒྱུ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ངོ་མ་དེ་ཡིན། མི་མང་དམངས་ཚོགས་ཀྱི་ངོས་ནས་ཀྱང་༧གོང་ས་མཆོག་གི་ཐུགས་རེ་བཞིན་ཡང་དག་པའི་མང་གཙོ་དང་། ཚད་མཐོ་བོའི་མང་གཙོའི་ལག་ལེན་ལ་འབད་འབུངས་ཆེར་བསྐྱེད་བྱེད་རྒྱུ་ལས། སྤྱི་དོན་ཁ་ལ་འཁྱེར་མཁན་གྱི་ཆབ་སྲིད་འཁྲབ་སྟོན་པ་རེ་འགའི་གཡོ་འོག་ཏུ་ཚུད་དེ་བྱས་ཉེས་འགེབ་སྲུང་དང་ཁྲིམས་དང་སྒྲིག་གཞི་ལ་ཅི་མི་སྙམ་པར་རྡོག་རོལ་གཏོང་རྐྱང་བྱེད་པ་འདི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབས་པ་ཕར་ཞོག དེ་ལས་ལྡོག་སྟེ་རྒྱུ་འབྲས་གོ་ལྡོག་གི་ལས་ངན་བསགས་པ་རེད།
གོང་དུ་ཁོ་བོའི་མཆན་༧༣ནང་། ༼གནད་འགག༽ བཅོས།
གོང་ས་མཆོག་གི་དགོངས་གཞི་ལག་ཆར་བཟུང་ནས། ཁོང་གིས་ཁོང་གིས་དཀའ་བ་བརྒྱ་ཕྲག་གིས་སྒྲུབ་ཅིང་མི་དམངས་གིས་བརྒྱ་ནང་ནས་བཅུ་དང་། བཅུ་ནང་ནས་གཅིག་གསལ་ནས་གདམ་པའི་དམངས་གཙོའི་གཞུང་གི་དབུ་ཁྲིད་ཚོར་གཞི་མེད་སྐྱོན་འཛུག་བྱས་ན་དེ་ཡང་རྒྱུ་འབྲས་གོ་ལྡོག་གི་ལས་ངན་བསགས་པ་མིན་ནམ།
ང་ཚོས་བརྒྱ་ཡི་ནང་ནས་གསའ་ཞིང་བརྒྱད་ཀྱི་ནང་ནས་བདམས་པ་ཡིན་ཕྱིན། དེ་ལ་ནོར་འཁྲུལ་དང་བྱས་ཉེས་ཅི་ཡང་མེད་པར་སངས་རྒྱས་གཉིས་པ་ལྟ་བུ་ཞིག་ཏུ་སེམས་ཀྱིན་ཡོད་པ་ནི། གཅིག་ནས་མང་གཙོའི་གོ་རྟོགས་ཞན་པ་དང་། གཉིས་ནས་རྙིང་ཞེན་དང་རྨོངས་དད་ཆེ་བའི་རྟགས་མཚན་ངོ་མ་ཞིག་ཡིན། ཕྱིའི་མང་གཙོའི་རྒྱལ་ཁབ་ཁག་ནང་མི་གྲངས་དུང་ཕྱུར་མང་བོས་འོས་འདེམས་ཀྱི་ལམ་ནས་སྲིད་འཛིན་དང་སྲིད་བློན་བསྐོ་བཞག་བྱེད་ཀྱི་ཡོད་ལ། གང་ཞིག་བསྐོས་ཟིན་པ་དེས་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གིས་ཆབ་སྲིད་འཛིན་སྐྱོང་གནང་དགོས། གལ་ཏེ་ཁྲིམས་དང་སྒྲིག་གཞི་ལ་འགལ་བའི་བྱས་ཉེས་ཅུང་ཙམ་བསགས་ན་དབུ་འཛིན་གྱི་ལས་གནས་ནས་ཐད་ཀར་ཕྱིར་འབུད་གཏོང་བའི་མི་མང་གི་དབང་ཚད་བེད་སྤྱོད་མི་གཏོང་བའི་ངེས་པའང་མེད། ད་སྔ་དེ་འདྲ་གནས་ཕྱུང་བཏང་ཟིན་པའི་དཔེ་མཚོན་ཡང་མང་དུ་བྱུང་ཡོད། ཡིན་ཡང་། ཁོ་ཚོས་འདི་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་འདྲེན་གྱི་ལས་ཤིག་ཏུ་ནམ་ཡང་བསམས་མྱོང་མེད་ལ། དེ་ལས་ལྡོག་སྟེ་ཡང་དག་པའི་མང་གཙོའི་གཟི་བརྗིད་ཅིག་ཏུ་སེམས་བཞིན་ཡོད།
ཚང་མར་བཀའ་དྲིན་ཆེ།
ད་ཧ་ཅང་གི་གསལ་བོ་ཆགས་འདུག ཐ་ན་ལུང་རྟོགས་ལགས་ཀྱིས་ཀྱང་སྐུ་ངོ་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ཀྱི་སྡིངས་ཆ་ཡན་ཆད་བེད་སྤྱོད་ཀྱིས་ཀླུ་མཁར་བྱམས་ནག་པོ་བཟོ་ཨེ་ཐུབ་ལ་འབད་པ་གསལ་འདོན་གནང་འདུག་པ་དང་གཅིག འོས་བསྡུའི་འགན་འཛིན་གྱིས་བར་མའི་འོས་བསྡུ་གྲོས་ཚོགས་རྒྱུན་ལས་ལ་དགོངས་བསྐོར་ཞུས་ཞེས་གང་ཟག་གི་ཐེ་ཇུས་གསལ་འདོན་གནང་བ་དང་གཉིས། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ཆབ་སྲིད་འགན་འཛིན་གྱིས་ཁྲིམས་བཟོ་ལྷན་ཁང་ནས་ཕུལ་བའི་ཁྲིམས་གཞིར་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་ཆགས་པ་རྡོག་རོལ་བཏང་བ་དང་གསུམ། སྒྲོལ་དཀར་ལྷ་མོའི་ལྐོག་ཟའི་དོན་རྐྱེན་ཤེས་བཞིན་དུ་བཀབ་ནས་ཁོ་མོ་སྤྱི་འཐུས་མིང་ཐོག་ནས་ཕྱི་རྒྱལ་ལ་བསྐྱོད་དུ་བཅུག་པའི་དབང་ཆའི་རུལ་སུངས་དང་བཞི། གྲོས་ཚོགས་ནང་གསེར་རྟ་མུ་མཐུད་ནས་ཁག་གཉིས་སུ་བཟོ་བཞིན་པའི་ཆོལ་ཁའི་རྙོག་དྲ་ཡོད་བཞིན་དུ་རྒྱལ་བ་རིན་པོ་ཆེར་མགོ་བསྐོར་བཏང་བའི་ནག་ཉེས་དང་ལྔའི་ཆ་ནས་བལྟ་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱལ་བ་རིན་པོ་ཆེ་ནས་བཙན་བྱོལ་ནང་གསོལ་རས་གནང་བའི་མི་ལོ༦༠ལྷག་ལ་གོམ་པ་རིམ་བགྲོད་ཀྱིས་ལག་ལེན་གནང་བཞིན་པའི་ཁྲིམས་ཀྱི་དབང་བསྒྱུར་ལ་རྡོག་རོལ་དང་དམངས་གཙོའི་ལམ་ལུགས་ཉམས་དམས་བཏང་ཡོད་པས། སྐུ་ངོ་མཆོག་གིས་བཟང་སྤྱོད་ཀྱི་ལམ་ནས་དགོངས་པ་ཞུ་བའི་ལམ་ཁ་ལས་ལྷག་མེད་པ་གསལ་བོ་རེད།
དེ་མིན་ལུང་རྟོགས་ལགས་ཀྱི་དགོངས་ཚུལ་ལྟར་དོན་རྐྱེན་འདི་ཁྲིམས་ལ་གཏུག་དགོས་ཚེ། ནུབ་ཕྱོགས་ཀྱི་ཁྲིམས་ཁང་ག་གེ་མོ་ཞིག་ལ་གཏུག་འོས། དེ་ལྟར་སྐུ་ངོ་ཕྱི་ལོགས་སུ་ཕེབས་ཉིན་ཁྲིམས་ཁར་ཞུགས་དགོས་ངེས་ཡིན། དེ་མ་གཏོགས་རྒྱ་གར་ཁྲིམས་ཁང་ལྐོག་ཟ་རུལ་སུངས་ཀྱི་བསྟི་གནས་ཤིག་ཡིན་པས། རུལ་སུངས་ལ་བྱང་ཆ་ཡོད་མཁན་དག་ལ་ཁྲིམས་ལྟར་ཐག་གཅོད་བྱེད་མི་ཐུབ།
ཚང་མས་ཚོགས་གཙོས་ལམ་ཁ་གང་གདམ་འོས་མིན་ཐད་བསམ་ཚུལ་གསུང་རོགས།
ལུངས་རྟོགས་ལགས་ཀྱི་གཏད་བཟོ་ངོ་མ་ཞིག་ནི་ཁ་རི་ཁ་ཐུག་རེད་འདུག གང་ཡིན་ཟེར་ན་ཁོང་གིས་༧གོང་ས་མཆོག་གིས་དགོངས་གཞི་ལས། བརྒྱའི་ནང་ནས་བཅུ་དང་། བཅུའི་ནང་ནས་གཅིག་བདམས་པ་དེ་གལ་ཆེ་བ་བརྩི་ཡི་ཡོད་སྟབས་སྤྱི་འཐུས་ཚོགས་གཙོའི་ཆེད་དུ་༧གོང་ས་མཆོག་གི་དགོངས་གཞི་ཡང་རྡོག་རོལ་གཏོང་དགོས་པའི་སྐུལ་མ་གཏོང་གིན་འདུག ད་དུང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཡོད་ནའང་བྱས་རྗེས་ཆེ་བ་ཡོད་ལུགས་བརྗོད་ཀྱིན་འདུག་ན། ཕལ་ཆེར་ཆེན་པོ་ཚོས་མི་བསད་ཀྱང་དེའི་བྱས་རྗེས་དྲངས་ནས་ནག་འདེད་བྱ་མི་རུང་བ་མངོན་མེད་དུ་བརྗོད་ཀྱིན་པ་དེའི་དམིགས་བྱ་གཙོ་བོ་སྤྱི་ཚོགས་ཧྲིལ་བོ་ཕུང་ལ་སྦྱོར་རྒྱུ་དེ་རེད། དྲ་གྲོགས་ཚོས་མུ་མཐུད་ཁོང་དང་བགྲོ་གླེང་གནང་ཚེ་མང་བོ་མང་བོ་ཞིག་འདོན་རེ་ཆེ།
ལུངས་རྟོགས་ཟེར་བའི་མི་འདིའི་སྐད་ཆ་ནི་སྐྱུག་བྲོ་བ་ཞིག་རེད།
ཀླུ་མཁར་བྱམས་ལ་དེ་འདའི་སྡང་སེམས་སྐྱེ་དགོས་དོན་ཅི་ཡིན་ནམ།
རྒྱ་ནག་གུང་བྲན་དམར་པོས་ཀྱང་སྐད་ཆ་འདི་འདྲ་བཤད་མྱོང་ཡོད་མ་རེད་བསམ་སོང་།
་་་་་་་ ནག་ཉེས་དང་ལྔའི་ཆ་ནས་བལྟ་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱལ་བ་རིན་པོ་ཆེ་ནས་བཙན་བྱོལ་ནང་གསོལ་རས་གནང་བའི་མི་ལོ༦༠ལྷག་ལ་གོམ་པ་རིམ་བགྲོད་ཀྱིས་ལག་ལེན་གནང་བཞིན་པའི་ཁྲིམས་ཀྱི་དབང་བསྒྱུར་ལ་རྡོག་རོལ་དང་དམངས་གཙོའི་ལམ་ལུགས་ཉམས་དམས་བཏང་ཡོད་པས། སྐུ་ངོ་མཆོག་གིས་བཟང་སྤྱོད་ཀྱི་ལམ་ནས་དགོངས་པ་ཞུ་བའི་ལམ་ཁ་ལས་ལྷག་མེད་པ་གསལ་བོ་རེད། ་་་་་་་་
དེ་རེད་ད། ཕྱིའི་དམངས་གཙོའི་རྒྱལ་ཁབ་ཚོས་རང་ཉིད་ཀྱི་དབུ་ཁྲིད་རང་ཉིད་ཀྱིས་གདམས། དབུ་ཁྲིད་དེས་ཁྲིམས་འགལ་གྱི་ལས་ཀ་བྱས་ན་ཁྲིམས་ཁང་ལ་བཏུག་ནས་ཁྲིམས་ལུགས་གཞིར་བཟུང་གིས་ཐག་གཅོད་བྱེད་པ་རེད་ལ། དེ་ནི་དམངས་གཙོའི་གཟི་བརྗིད་ཀྱང་རེད། འོན་ཀྱང་ང་ཚོས་ནི་དབུ་ཁྲིད་ཀྱིས་ཁྲིམས་འགལ་བྱས་སོང་ཞེས་ཁྲིིམས་ཁང་ལ་མ་སོང་བར་དྲ་ཐོག་ལ་ཡོང་ནས། མིང་རྫུན་འོག་ནས་གཞི་རྩ་མེད་པའི་གཏམ་འཆལ་བཤད་ནས་སྤྱི་ཚོགས་དཀྲུག་ཐབས་བྱེད་བཞིན་པ་འདི་ནམ་ཡང་དམངས གཙོའི་གཟི་བརྗིད་ཅིག་ལ་འགྲོ་མི་སྲིད་ལ། དམངས་གཙོའི་གོ་རྟོག་ཡོད་པའི་བྱེད་སྟངས་དེ་བས་ཀྱང་མིན་ནོ།
ལུང་རྟོགས་ལགས། འོ་ན། ཁྲིམས་ཁང་གང་ཡག་པོ་འདུག་གམ།
དབུས་བོད་མིའི་ཁྲིམས་ཞིབ་ཁང་། ཧཧཧ ཡང་དེ་སྤན་པ་ཚེ་རིང་གི་དབང་འོག་ན་ཡོད་རྒྱུ་རེད།
མདོ་སྨད་ནང་ཤེས་ཡོན་ཅན་ཚོས་སྤེན་པ་ཚེ་རིང་ཁྲིམས་ཐོག་ཏུ་བསྐྱལ་ནས་ཐེངས་རྗེས་མའི་འོས་བསྡུའི་ནང་མ་སླེབས་པ་བྱེད་དགོས། དེ་ནས་རྙོག་དྲ་མང་པོ་ཞིག་ཐག་ཆོད་ཐུབ་ཀྱི་རེད།